༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
དེ་རིང་ཕྱི་དྲོ་བསང་ཆུ་རྫོང་བསང་ཁོག་ཞང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག
འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་། གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་གི་མག་པ་རང་ལོ་ ༢༡ ཡིན་པའི་ཚེ་འཕཊ་སྐྱབས་ལགས་ཀྱིས། བསང་ཁོག་ཞང་ཀུང་ཧྲེ་རྙིང་པའི་རླངས་འཁོར་འབབ་ཚིགས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག སྐུ་གྲོངས་རྗེས་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་གསེར་ཁྲི་སྡེ་བའི་ནང་གདན་ཞུ་གནང་འདུག
རང་ལུས་མེར་བསྲེཊ་གནང་མཁན་ཚེ་འཕགས་སྐྱབས་ལགས་ནི། རུ་མིང་སྡེ་བའི་ཀླུ་མོ་བྱམས་ཀྱི་བུ་ཡིན་པ་དང་། རྗེས་སུ་གསེར་ཁྲི་སྡེ་བའི་མགོན་པོ་སྐྱབས་ཚང་དུ་མག་པར་ཕྱིན་ཡོད་ལ། ཁོང་གི་བཟའ་ཟླའི་མིང་ལ་རྡོ་རྗེ་སྒྲོལ་མ་འབོད་ཀྱི་ཡོད་འདུག
གཞན་ཡང་། ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་བརྗོད་པ་ལྟར་ན། དེ་རིང་ཁམས་འབྲི་རུ་རྫོང་དུའང་བོད་མི་གཉིས་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དཀོན་ཅོག་གསུམ་་་་་
དཔའ་བོ་ཁོང་རྣམས་ལ་ཡིད་དུང་བཞིན་དུ་རྗེས་དྲན་ཞུ། ཛ་དྲག་གི་གནས་སྟངས།
བསལ་ཡུལ་ལས་འདས་པའི་གནས་ཚུལ།
དཀོན་མཆོག་གསུམ་པོས་མཁྱེན། དེ་རིང་ཉིན་མོའི་ནང་བོད་ལ་རྒྱལ་གཅེས་དཔའ་བོ་བཞི་ཡིས་རང་ལུས་མཆོད་འབུལ་གྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་པོས་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཐོན་འདུག དཔའ་བོ་གཉིས་ནི་མདོ་ཁམས་རྒྱ་སྟོན་ལྡིང་དགུའི་རྒྱ་ཤོག་བན་དཀར་། ད་ལྟ་བོད་རང་སྐྱོང་ལྗོང་འབྲི་རུ་རྫོང་ཁོངས་སུ་སྟོགས་པའི་ས་ཁུལ་ཞིག་རེད། ནག་རོག་གྲོང་ཚོ་ཚམ་པ་སྡེ་བ་ནས་རེད་འདུག གཅིག་གིང་མིང་ལ་ཐུ་སྟོབས་རང་ལོ་བཞི་བཅུ་ཡན་མན་དང། གཞན་དེ་ད་དུང་ཁ་གསལ་མིན་འདུག ཁོང་གཉིས་ལས་གཅིག་གྲོང་ཡོད་སྐད་འདུག ད་སྐབས་བན་དཀར་ས་ཁུལ་ལ་དམ་དྲག་ཆེ་བས་ཁ་པར་སོགས་གཏོང་ཐབས་མེད་པས་འབྲེལ་བྱེད་ཐབས་ཁག་པོ་ཡོད་འདུག ད་དུང་བོད་ཕྱི་ནང་གཉིས་ནས་གནས་ཚུལ་དེ་ཁ་གསལ་རེག་ཐབས་བྱེད་པའི་སྒང་རེད་འདུག འོན་ཀྱང་མི་དེ་གཉིས་ཀྱི་རང་མི་སྲེགས་བཏང་པ་ཁུངས་ལྡན་རེད་འདུག གཞན་ཡང་མདོ་སྨད་ཨ་མཆོག་སྐེད་རྡོ་ནས་དཔའ་བོ་ལྷ་མོ་ཚེ་བརྟེན་ལགས་དང། བླ་བྲང་བསང་ཁོག་ནས་དབའ་བོ་ཚོ་དབང་སྐྱབས་གཉིས་ཀྱིས་རང་ལུང་མེ་མཆོད་ཀྱི་ངོ་རྒོལ་འོག་གཉིས་ཆ་སྐུ་གྲོང་ཡོད་བདུག་པའི་གནས་ཚུལ་མདོར་བསྡུས་ཙམ་ཞུས་སོ།
https://www.facebook.com/#!/TIBNEWS
རྒྱ་ནག་དམར་པོའི་གཞུང་གིས་ད་དུང་ཡང་བོད་མིའི་དྲང་བདེན་གི་མངོན་འདོད་ལ་ངོས་ལེན་མི་བྱེད་པའི་ཐོག་བཙན་གནོན་གི་བྱ་སྤྱོད་དང་གཡོ་སྒྱུ་གི་སྲིད་ཇུས་མི་སྤྱོད་དང་འགལ་བའི་ཁྲིམས་ལུགས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ན་ཉི་མ་གཅིག་འཛམ་གླིང་ཡོངས་གི་དྲང་བདེན་ལ་དགའ་བའི་མི་མང་ཡོངས་དུས་གཅིག་ཏུ་མཉམ་ཏུ་འཛོམས་ནས་རྒྱ་ནག་གཞུང་བཙིར་གསོད་གཏོང་རྒྱུ་ཉག་གཅིག་རེད།
གནས་ཆེན་པོ་ཕ་ཡུལ་གངས་ཅན་ན། །
མི་གསོན་པོ་མེ་ལ་བསྲེགས་པའི་ཚུལ། །
དེ་མཐོང་བའི་མོད་ལ་དཔའ་ངར་དྲན། །
དཔའ་བསམས་ཤིང་བསམས་ན་ཡིད་སེམས་སྐྱོ། །
གྱང་པེ་སྡེ་ཡེ་ཀ། ཁོན་པེ་སྡེ་ཡེ་ཀ། སྡེ་སེ་ཀ་མེ་དྲེ། གབ་བྷེ་ན་ཧས་སྡེ་ཡས་ཀ། སྒྲ་འདི་འདྲ་ཞིག་གོ་སོང་། འགྲིག་མེད་པ་ཡོད་བཞག་ཡིན། གང་ལྟར། བོད་སྐད་ལ་འདི་འདྲ་ཞིག་ཞུ་བ་མིན་འགྲོ།
སྲོག་ཡང་སྤྲོད་དགོས། ཁྲག་ཡང་སྤྲོད་དགོས། རྒྱལ་ཁབ་ཀྱི་ཕ་ས། ནམ་ཡང་མི་སྤྲད།
ཕ་ས་སྨུག་པོ་མི་སྤྲད་པའི་དམ་བཅའ་འདི་ཡོད་ན། ད་ལང་ཚད་རེད་ཡ། རྒྱ་ཕྱོགས་ཀྱི་རྒྱ་རྒྱ་ཡུལ་དུ་བརྫངས། བོད་ཕྱོགས་ཀྱི་རྒྱ་ཡོད་ན་བོད་ཕྱོགས་དུ་ལངས་ནས། རྒྱ་བོད་རྒྱལ་མགོ་ཁ་ཁ་སོ་སོར་བྱེ་བའི་ལས་མགོ་རྩོམ་རན་མི་འདུག་གམ། ཨ་སྒྲིག་འཛུགས་ཚང་།
ང་ཚོ་ག་རེ་བྱེད་ན་དགའ་འམ། བཙན་བྱོལ་བོད་མི་ཚོ་ཐབས་ཤེས་འདྲ་འདུག་གམ།
ས་ཐོབ་སེམས་དཔའ་སེམས་མའི་ཚོགས་རྣམས་དག་པའི་ཞིང་མཆོག་གང་དུ་ཉལ། བོད་ཁམས་སྐྱོང་བའི་དམ་ཅན་རྒྱ་མཚོ་འཇིགས་པ་གང་ལ་སྐྲག་སྟེ་བྲོས། ཇ་སྐྱེམས་འོ་མའི་བཅུད་ཀྱིས་གསོས་པའི་ལྷ་ཀླུ་གཞི་བདག་བཟི་སོང་ངམ། ཕྲེང་བཞིན་སྒྲིག་པའི་ཚེ་སྲོག་དམར་པོའི་གོད་ཆག་སྐྱོབས་པའི་དུས་ལ་བབ། འདི་ལྟར་ཉིན་རེའི་གསར་འགྱུར་ཁྲོད་ཀྱི་ཚེ་སྲོག་དམར་པོའི་མཆོད་མེ་རེས། སྙིང་ཆུང་དམར་པོའི་སེམས་ཀྱི་སྒོ་ལ་མདུང་དང་གྲི་ཡིས་བསྣུན་པ་བཞིན། མི་བཟོད་ཚ་ཟུག་དྲག་པོའི་མེ་ལྕེས་ལུས་ཀྱི་ཕུང་ཁམས་དུད་པས་སྦྲེལ། མགོ་རུས་སྐམ་པོ་ཐལ་བའི་ཀློང་ནས་ཤི་གསོན་བྱེ་མར་ཟག་ལ་ཉེ།
ཨ་ཚ་ཚ་ གུས་འདུད་ཞུ།