གནས་ཚུལ་མཁོ་འདོན་པ། བསོད་ནམས།
དེ་རིང་ཕྱི་ཟླ་ ༡༡ པའི་ཚེས་ ༡༥ ཉིན་ཕ་མིང་ལ་རྟ་མགྲིན་རྒྱལ་དང་མ་མིང་ལ་སྒྲོལ་དཀར་མཚོ་ཞུ་བ་གཉིས་ཀྱི་བུ་ལོ་ན་ ༡༨ ཟིན་པ་མཁའ་འབུམ་རྒྱལ་གྱིས་བོད་ནང་གི་ཆུ་ཚོད་ ༡༡ ཡས་མས་སུ། རེབ་གོང་རྒྱལ་བོ་ཀླུ་ཆུའི་ཀླུ་ཆུ་ཐང་ནས་རོང་བོར་ཡོང་སའི་ལམ་ཁ་ཁོང་གསེང་མདོ་ཟེར་བའི་ས་ཆ་ནས་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་ནས་འདས་གྲོངས་ཕྱིན་འདུག
དཔའ་བོ་ཁོང་ནི་རེབ་གོང་རྒྱལ་བོ་ཀླུ་ཆུའི་ཆུ་ཇ་སྡེ་བ་ནས་ཡིན་པ་དང་། ཁོང་ལ་ཁྱོན་མིང་སྲིང་དྲུག་ཡོད་ལ། ཆེ་བའི་མིང་ལ་བསོད་ནམས་ལྷུན་གྲུབ་དང་། འབྲིང་བའི་མིང་ལ་ཀླུ་མོ་འཚོ། ཆུང་བའི་མིང་ལ་གུ་རུ་སྐྱིད་ཟེར། དཔའ་བོ་ཁོང་ནི་གུ་རུ་སྐྱིད་ཀྱི་གོང་མ་རེད། འདས་གྲོངས་རྗེས་ཁོང་གི་སྐུ་ཕུང་རེབ་གོང་ཚ་རྒྱལ་དགོན་པར་འཁྱེར་ཡོད་འདུག་ལ། དེར་དགེ་འདུན་པ་གཙོས་སྐྱ་སེར་བརྒྱ་ཕྲག་མང་པོས་སྐུ་ཕུང་ཞུགས་འབུལ་ཞུ་བཞིན་ཡོད་འདུག སྐད་འབོད་བྱས་སོགས་གནས་ཚུལ་ཞིབ་ཚགས་འབྲེལ་བ་བྱེད་བཞིན་ཡོད།
དཔའ་བོ་དཔའ་མོ་རྒྱལ་འགྱུར་ཅིག། དལ་འབྱོར་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཡོད། ཨོཾ་མ་ཎི་པདྨེ་ཧཱོུཾ།
དཔའ་བོ་ཁྱོད་ཀྱི་ཚེ་སྲོག་བོད་མི་རིགས་ཆེད་བཏང་བར་གུས་འདུད་ཡོད། ཚེ་སྲོག་བཏང་བ་དོན་ལྡན་དུ་འགྱུར་བའི་སྨོན་ལམ། རེ་བ། ཡིད་ཆེས་བཅས་ཡོད།
དྲིན་ཆེན་ཚོར་མཚམས་འཇོག་པའི་དུས་ལ་བབ་འདུག རྡ་སའི་རི་སྒང་གི་ཆབ་སྲིད་པ་ཚོར་སེམས་ཚོར་འདྲ་མེད་པ་འདྲ། དཔའ་བོ་ཁོང་ལ་སྙིང་ནས་འདུད།
ངས་ངོ་མ་ཡིན། ད་ནི་བོད་དབང་དང་བཙན་གང་ཡང་མ་ཐོབ་ཀྱང་འདི་ལྟ་བུ་ཡིད་སྐྱོ་དགོས་པའི་གནས་ཚུལ་མ་ཡོང་བ་ཤོག་ཅིག་ངས་སྨོན་ལམ་འདེབས་ངེས་ཡིན། རིགས་མཐུན་དྲ་གྲོགས་ཡངས་ལ་དེ་རིང་ངས་འབོད་བསྐུལ་ཞིག་ཞུ་རྒྱུར། སྤྱི་ལོ་༢༠༠༩ལོ་ནས་ད་བར་དུ་གཞིས་བྱེས་གཉིང་ཀྱིས་ནང་ནང་དུ་རང་ལུས་མེར་བསྲེགས་བཏང་མཁན་གྲོང་འབོར་༨༠ཐམས་པར་ཟིན་ལ་ཉེར་ཡོད། ཡིན་ཡང་བློས་བཏང་ལ་དཔག་ན་རྒྱལ་སྤྱིའི་ནང་དུ་དྲི་བསྒྲགས་འདོད་བློ་ཁེངས་པར་ཞིག་མི་ཡོང་བས་རྒྱུ་མཚན་གང་ཡིན་ང་ཚོས་ངེས་པར་དུ་ཞིབ་འཇུག་མཐུལ་ཕྱིན་པར་ཞིག་གནང་དགོས་པ་ལས་སྐད་འབོད་དང་། གཏམ་བཤད། སྔོན་སྨོན་གཅིག་པུའི་ཆོག་པར་དུས་ནམ་ཡང་འཛིན་མི་རུང་བ་སེམས། ལྷག་པར་དུ་སྐད་ཡིག་འདྲ་མིན་མཁྱེན་མཁན་ཚོས་རང་འགན་རང་ཁུར་ཐོགས་ནས་སྤྱིར་སྤྱོད་དྲ་ལམ་ནམ་ཡང་ན་་facebook.དང་twitter.ཁེའུ་ཁུས་དྲ་བ་བེད་བསྐྱོད་གནང་མཁན་ཚོས་ཨ་རི་གཙོས་པས་སྟོབས་ཆེན་རྒྱལ་ཁབ་དག་གིས་དབུ་ཁྲིད་དང་གྲོས་ཚོགས་འཐུས་མི་སོགས་དང་། དེ་བཞིན་རོ་ཏྲལ་གསར་ཁང་དང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། སྦིས་སིས་གསར་ཁང་ལ་སོགས་གྲགས་ཅན་གསར་འགྱུར་བརྒྱུད་ལམ་དེ་དག་གིས་དྲ་ལམ་དང་། ངོ་དེབ་ནང་མཆན་གང་མང་སྤེལ་དགོས། མདོ་ན་ཁོང་ཚོར་བློ་བདེ་བག་ཕེལ་ངང་དུ་འཇོག་མི་རུང་། ལྷག་པར་དུ་མཁྱེན་སྤྱན་དང་ལྷག་བསམ་ལྡན་པའི་གཞིས་བཞུགས་སྤུན་ཟླ་ཚོས་ངོས་ནས་ཡང་ཁྱོད་ཚོས་སྤྱན་སྔར་གནས་ཚུལ་ངན་པ་འདི་ལྟ་བུར་བྱུང་སྐབས་ལམ་སེང་པེ་ཅིང་དུ་ཡོད་པས་རྒྱལ་སྤྱིའི་གསར་འགོད་པ་དག་ལ་འགྲེལ་ལམ་བཟོ་ཐབས་གནང་དགོས། རྒྱ་ནག་གིས་རྒྱ་ས་པེ་ཅིང་དུ་མེད་པའི་འཛམ་བུ་གླིང་གིས་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་གང་ཡང་མེད་པས་ངེས་པར་དུ་ཐབས་ཤེས་གནང་དགོས། འདི་ནི་ཆེས་གལ་གནད་ཆེན་པོ་ཆགས་ཡོད། རྒྱུ་མཚན་གང་ལགས་ཞེ་ན། རང་ལུས་མེར་བསྲེགས་ལྟ་བུའི་གནས་ཚུལ་དེ་ཚོ་ཐད་ཀར་ཁོང་ཚོར་གནང་ཐུབ་པ་ཡིན་ན་བོད་ནས་རྒྱལ་གར་དང་དེ་ནས་ཕྱིར་ཕྱོགས་བརྒྱུད་ལམ་དག་ལ་འབྲེལ་བ་བཟོ་ནས་ཨ་བསྐོར་ཡང་བསྐོར་མང་པོ་མི་དགོས་མ་ཟད། གོང་གསར་རྒྱལ་སྤྱིའི་གསར་ཁང་དག་གིས་ཡིད་ཆེས་བཟོ་བར་ཁྱད་པར་ཆེན་པོ་ཡོད་འདུག །གཞན་ཡང་བཙན་བྱོལ་ནང་དུ་ཡོད་པའི་བླ་ཆེན་རྣམ་པར་ཡིན་ན་ཡང་ཆོས་པ་རྣམ་དག་གིས་མཛད་སྤྱོད་མི་གནང་བར་རིགས་ཀྱིས་ཁྲེལ་བས་ལས་འགན་ལ་ཐུགས་བསམ་བཞེས་ཏེ། གོང་གསར་བཞིན་དྲི་བསྒྲགས་ཀྱིས་ཕྱོགས་སུ་ཐུགས་བསྐུར་བཞེས་གནང་ཚེ་ཆོས་དང་མི་མཐུན་པ་ཅིའི་ཕྱིར་ཡིན་ནམ། གལ་སྲིད་ཆོས་དང་མི་མཐུན་པ་ཡིན་ཚེ་༧གོང་ས་ཡིད་བཞིན་ནོར་བུའི་དུས་རྟག་ཏུ་ཆོས་དང་འགལ་བས་ཕྱག་ལས་གནང་གྱི་ཡོད་པར་ཁྱོད་ཚོས་དོན་གྱི་ཁས་བླངས་པ་མ་ཡིན་པས་དེ་ནི་ནམ་རྒྱུན་རྒྱ་གཞུང་གིས་༧གོང་ས་མཆོག་ལ་ཆོས་འབག་གྱོན་པའི་ཆབས་སྲི་པ་ཞེས་ངས་སྨས་ཞུས་དང་གཅིག་མཚུངས་མིན་པར་དབང་ཆེན་རྒྱ་བྱིན་ཡིན་ཡང་སྒྲུབ་མི་ནུས་སོ། བླ་མ་ག་གེ་མོ་དང་། དེ་ཚོས་ཞབས་ཞུ་བ་ག་གེ་མོ་ནས་ངས་དང་ང་ཚོས་རིན་པོ་ཆེ་ནི་ཆོས་ཕྱོགས་ཁོ་ན་མ་གཏོགས་ཆབས་སྲིད་གནང་གི་ཡོད་པ་མ་རེད་བཅས་ངོ་སོ་དང་བཅས་ཏེ་བཤད་པ་ཐོས་ཚེ་སེམས་གཏིང་ནས་ཁྲེལ་དགོད་ཤོར་གྱི་འདུག །དེ་བཞིན་གཞུང་ཞབས་ཟུར་པ་དང་། སྐུ་ཚབས་ཟུར་པ་ཚོ་ཡིན་ནང་ང་ཚོས་ལས་དུས་རྫོགས་ཟིན་པ་ཡིན། ད་ནི་རྡ་སར་བསྒྲིག་འཛུགས་ནས་ག་རེ་བྱས་ན་བྱས་བསམ་པར་མ་གནང་རོགས། མདོར་བསྡུས་ནས་བཤད་ན་བོད་མིའི་མི་རེ་ངོ་རེ་ནས་སྤྱིར་སེམས་མ་བོར་རོགས། །
དཔའ་བོ་དཔའ་མོ་ཚོའི་བསམ་དོན་མྱུར་དུ་འགྲུབ་པར་ཤོག
སྲིད་སྐྱོང་ལགས།
སྔོན་མ་སྲིད་སྐྱོང་འགྲན་རྩོད་ཆེན་མོར་ཞལ་བདེ་ལ་བྱེད་ཕོད་པ་ཞིག་རེད།
ཟམ་གདོང་བླ་མས་འགན་འཁུར་སྐབས་ཕྱི་ལོ་༢༠༠༨ལོར་ཕྱི་ལ་ཁྱབ་བསྒྲགས་བྱེད་ལུགས་ལ་ཞན་ཆ་ཡོད་ལུགས་བཤད་སོང། ད་ཆ་ཁྱེད་རང་ལ་ཆབ་སྲིད་ཀྱི་སྐུ་དབང་ལྡན་ཡོད་པས་ག་རེ་གནང་སོང་བ་རེད། བོད་ནང་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་སྐབས་ཁྱེད་རང་་་་་་་་་་ད་ཆ་རི་ཁྲོད་ཀྱི་སྒོམ་ཆེན་ཆགས་པ་རེད་པས།
དེ་ནི་སྲིད་སྐྱོང་མཆོག་ལ་ཟུར་ཟ་བྱས་པ་མིན། ཁོ་བོ་བོད་མིའི་གདུང་ཞེན་ཆེ་བས་ཚིག་འགའ་ཐལ་སོང། དགོངས་དག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཨ་ཁ་ཁ ད་ཅི་བྱེད ཉིན་རེར་གསར་འགྱུར་འདི་འདྲའི་ངུ་མི་ཐུབ་བ་རྐྱང་རྐྱང་་་་་་་
ང་ཕོད་ལས་ཀ་ཤོར་བར། །
མཆན་བུ་བརྒྱད་ཅུ་ཟིན་འདུག །
འབུམ་རྒྱལ་བོད་དོན་འདས་པར། །
མིག་ཟུར་ལྟ་མཁན་དཀོན་སོང་། །
ངོ་མ་ད་བོད་པ་ཕལ་ཆེར་མེ་རུ་སྲེག་འགྲོ་ས་མ་རེད་པས་མེར་སྲེག་བཏང་མང་སའི་ཡུལ་དེ་དག་
སྤྱིར་ཏང་མིའི་བསམ་ཚུལ་དང་མཐོང་ཚུལ་ཇི་ལྟ་བུ་ཞིག་ཡོད་ན།ས་ཕྱོགས་དེ་དག་ཀྱང་སྔོན་མ་
ལས་རྣམ་པ་འགྱུར་སོང་ཡོད་ཀྱི་རེད།ངོ་མ་ཞེད་སྣང་བསྐྱེད་དགོས་པ་རང་རེད།ངས་འདི་ནས་
མཚམས་འཇོག་རོགས་ལབ་ན་ནི་མཚམས་འཇོག་རྒྱུ་ཕར་ཚད་ཚུར་ཚད་ཡང་རྒྱ་མའི་དྲ་འབུ་
འདྲ་ཆགས་སྲིད་པ་ལས་ཕན་འབྲས་གང་ཡང་ཡོད་པ་མ་རེད་ད་ང་རང་ཡང་མེ་ལ་བསྲེག་ན་
དགའ་ས་རེད་མ་གཏོགས་གཞན་ཉིན་ལྟར་གསོན་སྲེག་འདི་རིག་ན་མི་འདོད་ཀི།
བཙན་བྱོལ་ལུང་པ་ནས་མེ་སྲེག་གཏོང་དགོས་བ་མ་རེད། རེབ་སྐྱིད་མཚོ། ཨ་མའི་བུ་མོར་འཇོན་ཐང་ཡོད་ན། རང་དབང་ལུང་པ་ནས་ག་རེ་ལས་ལས་དང་ག་རེ་བཤད་བཤད་རེད།
རྒྱ་ནག་ཚང་གི་ཁ་གཙེ་དགོས་ན། རྣ་གཙེ་དགོས། སེམས་གཙེ་དགོས་ན། ག་རེ་བྱས་བྱས་རེད།
བོད་པ་ཚང་གི་ཆོས་སྤེལ་དགོས་ན། རིག་གནས་སྲུང་དགོས་ན། རང་བཙན་རྩོད་དགོས་ན། ག་རེ་འཇོན་འཇོན་རེད།
བོད་ནང་གི་མེ་སྲེག་འདི་ང་ཚོ་ལ་སེམས་ཤུགས་འཕེལ་སྤྱད་ཅིག་ལས་གཅོག་སྤྱད་མ་རེད། ཨེ་གོ་ཐལ།
མེ་སྲོག་གཏོང་མཁན་དང་དེ་ལ་ཤ་ཚ་མཁན་གཉིས་ཀས་འདི་འདྲའི་སྡུག་བསྔལ་ཞིག་མི་འདོད་ན་ཡང་། ང་ཚོའི་མགོ་ཐོག་ལ་བཙན་གྱིས་བཞག་པའི་རྒྱ་འདྲེ་ཚང་གི་བཙན་དབང་རེད། དེ་ལས་མ་ཐར་ན་འདི་ལས་མི་ཐར་བས། རང་རྒྱལ་གཞན་ཕམ་གྱི་ལས་ལ་འབོད། དེ་མིན་ཅང་ལ་འགྲོ་ས་དང་ཁ་ཡོལ་ས་མེད་པ་རེད། ཤེས་སོང་ངམ།
འཛམ་གླིང་ལོ་རྒྱུས་སྟེང་བདེན་པ་དང་རང་དབང་། ཐོབ་ཐང་གི་ཆེད་དུ་ལུས་སྲོག་བློས་གཏོང་གི་སྐུ་གཤེགས་དཔའ་བོ་དང་དཔའ་མོ་ལོ་ན་ཆུང་ཆུང་འདི་འདྲ་མཐོང་དཀོན་པོ་རེད། ཕ་མས་ཀྱང་མ་བསླབས། དགེ་རྒན་གྱིས་ཀྱང་མ་བསླབས་པར་བདེན་དོན་དང་ཐོབ་ཐང་གི་ཆེད་དུ་སྐུ་གཤེགས་པ་ཁོང་རྣམ་པའི་གཟི་བརྗིད་ནི་ནམ་ཡང་ཡལ་མི་སྲིད། ཆོད་སེམས་དང་དམ་ཚིག །དད་པ་འགྱུར་མེད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མ་ནི་ཕྲེང་སྐོར་གཅིག་གསོག་ཐུབ་ན་ཡང་འགྲིག་གོ །
མཆན་བུ་བརྒྱད་པ་དེ་གནད་འགག་ཅིག་རེད། ཉོག་གཏམ་ལ་དགའ་བ་ཚོ།
ལེགས་བཤད་ལགས་མཚམས་འཇོག་མི་འཇོག་རྒྱ་མིར་ཐུག་རྒྱ་ལ་དྲི་ཞེས་པའི་སྐྱར་ཟློས་དེའིརྒྱུ་
མཚན་ཇི་འདྲ་ཞིག་ཡིན་མིན་དང་ཁག་ཡོད་ལག་ཡོད་ཀྱི་ཕན་འབྲས་ཇི་ལྟར་ཡིན་མིན་ངས་སྔ་
ས་ནས་བཤད་ཚར་བ་ཡིན།འདིར་སྐྱོར་དོན་མེད་ཡིན་ཡང་ལྷག་བསམ་གྱི་བསླབ་བྱ་འདྲ་
ཡིན་ན་ཁྱོད་རང་གིས་བཤད་པ་བཞིན་རང་དབང་ལུང་ལ་གང་བཤད་བཤད་ཡིན་གྱི་རེད།
ལེགས་བཤད་ལགས་མཚམས་འཇོག་མི་འཇོག་རྒྱ་མིར་ཐུག་རྒྱ་ལ་དྲི་ཞེས་པའི་སྐྱར་ཟློས་དེའིརྒྱུ་
མཚན་ཇི་འདྲ་ཞིག་ཡིན་མིན་དང་ཁག་ཡོད་ལག་ཡོད་ཀྱི་ཕན་འབྲས་ཇི་ལྟར་ཡིན་མིན་ངས་སྔ་
ས་ནས་བཤད་ཚར་བ་ཡིན།འདིར་སྐྱོར་དོན་མེད་ཡིན་ཡང་ལྷག་བསམ་གྱི་བསླབ་བྱ་འདྲ་
ཡིན་ན་ཁྱོད་རང་གིས་བཤད་པ་བཞིན་རང་དབང་ལུང་ལ་གང་བཤད་བཤད་ཡིན་གྱི་རེད་
ལ་བདེན་དོན་བརྩིས་ནའང་མི་ཆོག་མེད།