གནས་ཚུལ་ཕྱོགས་སྒྲིག་པ། བོན་རྒྱ་བསྟན་འཛིན་རབ་རྒྱས།
ད་ལྟ་རང་གནས་ཚུལ་འབྱོར་དོན་ལྟར་ན། དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ལྔ་པའི་སྟེང། རེབ་གོང་ནས་སློབ་མས་ཡར་ལངས་ལས་འགུལ་སྤེལ་ཏེ། ཁྲོམ་སྐོར་དང་ཞི་བའི་སྐད་འབོད་བྱས་འདུག་ལ། སློབ་མའི་ལས་འགུལ་འདིར། རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་ལྔ་དྲུག་ཅིག་མཉམ་འཛོམས་ཀྱིས། ༸གོང་ས་སྐྱབས་མགོན་མཆོག་གི་ཞབས་བརྟན་གསོལ་འདེབས་ ”གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།” ཅེས་པ་དབྱངས་འདོན་དང་། དེ་བཞིན་ “མི་རིགས་འདྲ་མཉམ་བྱ་དགོས།” “བོད་ལ་རང་དབང་དགོས། ” “རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས”ཞེས་སྐད་འབོད་བྱེད་བཞིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ལྟེ་གནས་དང་རེབ་གོང་༼ཐུན་རིན་རྫོང་༽རྫོང་གི་སྲིད་འཛིན་ལྟེ་གནས་ཡིན་པའི་རོང་བོ་རྒྱལ་ཐང་གི་ལམ་གཞུང་གང་སར་སྐོར་བསྐྱོད་ཀྱིས་སྐད་འབོད་ཁྲོམ་སྐོར་བྱས་ནས། ད་ཆ་རོང་པོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་དུ་མཉམ་འཛོམས་ཀྱིས་དེ་གར་སྐད་འབོད་དང་རྒྱལ་བའི་ཞབས་བརྟན་དབྱངས་འདོན་བྱས་ནས་བསྡད་འདུག་ལ། ཐག་ཉེ་རིང་གི་མི་མང་འཛོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག ད་ནངས་སྐད་འབོད་སྐབས་ལམ་གཞུང་ཡོངས་སློབ་མས་ཁེངས་ནས་རླངས་འཁོར་འགྲུལ་བཞུད་སོགས་མཚམས་འཇོག་དགོས་པའི་ཚོད་ཆགས་ཡོད་འདུག ད་ལྟ་ས་གནས་ནས་བཏང་འབྱོར་གནས་ཚུལ་ལྟར་ན། དེ་རིང་གི་སློབ་མའི་ལས་འགུལ་འདིའི་ནང་། ཁུལ་དང་རྫོང་གི་སྲིད་འཛིན་ལྟེ་གནས་འདབས་འབྲེལ་དུ་ཡོད་པའི་སློབ་གྲྭ་ཚང་མ་མཉམ་ཞུགས་ཀྱིས་ད་ལྟ་སློབ་ཕྲུག་སྟོང་ཕྲག་ལྔ་དྲུག་ཙམ་འདུ་འཛོམས་བྱུང་ཡོད་འདུག
ལམ་མདོ་ཁག་དང་སྲིད་གཞུང་ལས་ཁུངས་ཁག་གི་སྒོ་འགྲམ་བཅས་ན་དྲག་ཆས་ཉེན་རྟོག་པ་སོགས་ཡོད་པ་ལས། སློབ་མའི་ལས་འགུལ་འདིར་ཐད་ཀར་དམ་དྲག་སོགས་ཀྱི་གནས་ཚུལ་དང་གདོང་ཐུག་གནས་ཚུལ་རིགས་བྱུང་ཡོད་མི་འདུག ད་ལྟ་མང་ཚོགས་མང་པོ་མཉམ་འཛོམས་བྱུང་བཞིན་པའི་སྒང་ཡིན་འདུག་པ་བཅས་ད་ནངས་གནས་ཚུལ་གང་འབྱོར་ཕྱོགས་བསྡོམས་ཞུས་པ་ཙམ་ཡིན།
གོང་གསལ་སློབ་གྲྭ་ཁག་ནི། རྨ་ལྷོ་ཁུལ་རིམ་པའི་སློབ་གྲྭ་དང་རེབ་གོང་རྫོང་རིམ་པའི་སློབ་གྲྭ་གཉིས་ཀའི་ངོ་བོ་ལྡན་པ་ཞིག་ཆགས་ཡོད་སྟབས། སློབ་མའི་ལས་འགུལ་འདིའི་ནང་། རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞི་སྟེ། ཐུན་རིན་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། ཧི་ནན་སོག་རྫོང་བཅས་རྫོང་ཁག་བཞི་ནས་ཡོང་སྟེ།་རེབ་གོང་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་སྣ་འདུས་ཀྱི་རྣམ་པ་ཞིག་ཆགས་ཡོད། རྗེས་འབྲེལ་གནས་ཚུལ་ཁག་༼ཁ་བརྡ་དྲ་དེབ༽་ནང་དུས་མཚམས་སུ་ཁ་སྣོན་ཞུ་འཆར་ནས་རིམ་རྟོགས་ཡོང་བ་ཞུ་རྒྱུ་བཅས།
ངོ་མ་འདས་བསོན་ཡངས་ལ་ཡིད་རངས་དང་། བྱ་བ་ལམ་འགྲོ །དེ་བཞིན་གདུངས་སེམས་མཉས་བསྐྱེད་དང་ཐུགས་བཞེད་བཞིན་འགྲུབ་པར་སྨོན་ལམ་ཙམ་ལས་དེ་མིན་གང་ཡང་ཐུབ་མི་ཀྱི་འདུག་དགོངས་སེལ་སེམས་གཏིང་ནས་ཞུ་ངེས་ཡིན་གཞིས་ལུས་སྤུན་ཟླ་ཚོར། ཁྱོད་ཚོས་མངོན་འདོད་བཞིན་༧གོང་ས་ཡིད་བཞིན་ནོར་བུ་བོད་དུ་གདན་ཞུས་ཐུབས་པར་ཤོག །བོད་རྒྱལ་གྱུར་གཅིག །
འོ་དེ་རེད་དེ་བདེན་ཀི་ཧོ་ཡ
དེ་མ་ཐག་པར་དང་་གནས་ཚུལ་བསྡུ་རུབ་བྱས་པ་ཐུགས་རྗེ་ཆེ། ཡིན་ནའང། མི་ཞུ་ཐབས་མེད་ཅིག་ལ་རྣམ་པ་གཉིས་ཀྱིས་གནས་ཚུལ་འབྲི་དུས་ཉ་ཉོག་མང་དྲགས་ནས་བརྡ་མ་འཕྲོད་པ་འདྲ་བའི་དཀའ་ངལ་ཡོང་གི་ཡོད་ས་རེད། ཀློག་མཁན་མང་པོས་ངེད་ལ་ཁ་པར་ཡོང་གི་འདུག ཉ་ཉོག་མེད་ལ་ལྷོད་ཤར་སེ་གནད་དོན་ཆད་ལྷག་མེད་པ་ཞིག་འབྲི་དགོས་ཚོད་གདའ་ལ། གནས་ཚུལ་ཁྱོན་ཡོངས་ལ་བཤིབ་བསྡུར་བྱས་རྗེས་བཀོད་ཐུབ་ན་དེ་བས་ཀྱང་ཡག་པོ་ཡོད་ས་རེད། ཕྱིའི་གསར་ལམ་ཁག་ཏུ་སོང་ཚར་རྗེས་བཙན་བྱོལ་ནང་གི་བོད་ཡིག་གི་གསར་ལམ་ཁག་ཏུ་བྲེལ་འཚུབ་བྱེད་དགོས་དོན་མི་འདུག་པ་བཅས་བསམ་ཚུལ་ཙམ་དུ་བྲེལ་སྟབས་ཀྱིས།།
དུས་ཐོག་གི་ཆར་པ་ཞེས་པ་ལྟར་གནས་ཚུལ་དྲོད་མ་ཡལ་བར་མཁོ་སྤྲོད་གནང་བར་ཐུགས་རྫེ་ཆེ། མུ་མཐུད་སྤེལ་རོགས།
གནས་ཚུལ་ལེགས་པོར་བྲིས་ནས་འདུག
གསར་འགོད་ཆེད་ལས་པ་མིན་པས་འཐུས།
ང་ཚོ་འདི་ལྟར་རང་ས་ནས་འགུལ་དགོས་པ་རེད།
ཐུགས་རྗེ་ཆེ།
ཡིན་ནའང་ང་ཚོས་ཕྱི་ལོག་ནས་འདི་འདྲ་བལྟ་མོ་བལྟས་ནས་སྡོད་དགོས་རེད་པས།
ལས་འགུལ་རླབས་ཆེན་པོ་དེ་འདྲ་སྤེལ་རྒྱུ་འཆར་གཞི་ཞིག་བཀའ་སྤྱི་ལ་མེད་དོན་ཅི་ཡིན་ན།
གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལའང་མེད་པ་ཅི་ཡིན་ན།
ཞལ་འདེབས་རག་ཡའི་གོ་སྐབས་ཤིག་མེད་སོང་བ་ཨེ་ཡིན།
ཤར་ཁུག་འདིས་ཕྲག་དོག་གི་སྐད་ཆ་ལས་ནམ་ཡང་བཤད་ཤེས་ཀྱི་མ་རེད། སློབ་ཕྲུག་ཚོས་ཁྲག་མདོག་གི་དར་དམར་དེ་བཅད་གཏུབ་གཉིས་ཀྱིས་མེད་པར་བཟོས་འདུག་ཀྱང་ཤར་ཁུག་དང་ཟླ་རྐུན་གཉིས་ཀྱི་སྣང་བ་ལ་མ་སོང་བ་འདྲ།
རྡོར་དབང་དང་བསྟན་རབ་གཉིས་ལགས།གནས་ཚུལ་དུས་ལྟར་བཏང་བ་ཤིན་ཏུ་དགའ་ཡོད།
ཁ་ཤས་ཀྱིས་ཕྲག་དོགས་ཀྱིས་ཚིག་སྦྱོར་བདེ་མིན་བཤད་ཁུལ་འདུག་མོད།ཁོ་རང་སྐད་མ་བཏང་བས་དགའ་མི་འདུག་པས་སྣང་མེད་དུ་གཡུགས་ཞོགས།གང་ལྟར་རེབ་གོང་རིག་འབྱུང་གི་དཔའ་རྒོད་ཚོས་ནམ་ཡང་མི་རིགས་ཀྱི་ལ་རྒྱའི་དར་ཆ་དགུང་ལ་འཕྱར་ཡོད།བཙན་བྱོལ་གྱི་སློབ་ཕྲུག་ཚོས་ལྟད་མོ་བལྟ་ཡ་མ་གཏོགས་ཅི་ཡང་ནུས་ཀྱི་མི་འདུག ཡིན་དང་ཡིན་འགོ་བཀའ་སྤྱི་ནས་བཟུང་ཚིག་སྐམ་དང་ཁ་སྟོང་གི་དུས་བསྐྱལ་བ་ཐག་གིས་ཆོད།
ལག་གཉིས་ཐལ་མོ་སྦྱར་ནས། པུས་མོ་ས་ལ་བཙུགས་ཏེ། བཙན་བྱོལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་། མི་དམངས་བཅས་ལ་རེ་སྐུལ། ད་ང་ཚོ་འདི་ལྟར་བལྟས་ནས་བསྡད་ན། འགྲིག་ས་རེད་པས། ངེས་པ་ཅན་དུ་བསམ་བློ་བཏང་རོགས། གལ་སྲིད་ཁྱེད་རང་ཚོའི་དངོས་གནས། རྒྱ་ནག་ལ་ཁ་གཏད་བཅག་འདོད་མེད་ན། ཁ་གསལ་པོ་གསུང་རོགས། ང་ཚོ་ལ་མགོ་བསྐོར་མ་བཏང་རོགས། མར་མེ་ཁྲོམ་སྐོར་རེ་དང་། མཆོད་འབུལ་བྱེད་པ། གསར་འགོད་གསལ་བསྒྲགས་དེ་དག་གི་ནུས་པ་ཅི་ཡོད་ང་ཚོའི་ཤེས་ཚོད་རེད། ད་ང་ཚོ་ཚང་མ་བོད་ལ་ལོག་འགྲོ། བོད་ནང་གི་སྤུན་ཟླ་ཚོ་དང་ལག་གདང་གཅིག་ཏུ་སྦྲེལ་ནས། རང་དབང་རྩོད་ལེན་བྱེད། བོད་རྒྱལ་ལོ། བོད་རང་བཙན།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།།
རྣམ་པ་གཉིས་ལ་གནས་ཚུལ་ཞིབ་ཅིང་ཕྲ་བ་པར་དང་བཅས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་མགོ་སྔ་འགྲིག་པོས་ངང་ནས་ཕྱོགས་བསྒྲིག་བྱས་འདུག་པ་ལ་རྗེས་སུ་ཡི་རེངས་བྱེད་གི་ཡོད། བདག་གིས་བསམ་ན་གནས་ཚུལ་མཁོ་བསྒྲུབས་དང་ཕྱོགས་བསྒྲུགས་སོགས་བྱེད་པར་དཀར་ངལ་མང་པོ་འཕྲད་ཡོད་ཟེར། བདག་རེབ་གོང་བ་ཞིག་ཡིན་པས་ཆ་ནས་ཁྱོད་གཉིས་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་ཐུབ་མ་སོང་པའི་སྙིང་ཐག་པ་ནས་དགོངས་དག་ཞུ།
སྒང་འདི་ན་ཡང་ཕྲག་དོག་གི་ཚིག་ཉོག་གཅིག་འཕངས་འདུག་པས། འདི་དག་ལ་ཁ་ཡ་མ་བྱེད་པར་མི་མཐུད་དུ་གནས་ཚུལ་སྤེལ་ཐུབ་པའི་རེ་བ་ཡོད། ཁྱོད་གཉིས་ཀྱི་ཕྱོགས་བསྒྲིགས་བྱས་པ་འདི་འདྲ་ཞིག་ད་བར་སུ་གཅིག་གིས་ཀྱང་འཇོན་མེད་པའི་གཞན་ཀྱིས་ཕྲག་དོག་ཅི་ཞིག་བྱས་ཀྱང་ཁྱོད་གཉིས་ལ་རྒྱབ་སྐྱོར་གཙང་མ་ཡོད།
མ་ཟད་ཕ་ཡུལ་མི་མང་གི་ཚབ་བྱས་དེ་ཁྱོད་གཉིས་ཀྱིས་ཉིན་འདི་དག་གི་རིང་ལ་སྐབས་ལས་རྒྱབ་པ་དེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། གནས་ཚུལ་མགྱོགས་ལ་ཁོངས་བཙན་པོ། གསལ་ཞིང་ནང་དོན་ལྡན་པ་སྤེལ་འདུག་པས་ཐུགས་རྗེ་ཆེ་ཞུ།
གནས་ཚུལ་སྤེལ་བ་ཡག་པོ་འདུག་བཀའ་དྲིན་ཞུ་་་་གནས་ཚུལ་ཛ་དྲག་སྐབས་ཚང་མ་འགྲིག་བསྡད་ནི་ཟིག་སུ་ཡིན་ན་ཡོང་དཀའ་་་་ཤར་འདི་མི་བསམ་བློ་གཏོང་ཤེས་མཁན་ཟིག་ཡིན་པའི་ཚོར་བ་ཡོད་དང་་་་ད་ཡིན་ན་ཅི་ཟེར་བཞིན་པ་རེད་་་ཁྱེད་ལ་ཁ་པར་ན་ག་རེ་འདི་ལ་བཤད་དགོས་དོན་འདུག་གམ་་་་་་ཕྲག་དོག་མ་བྱེད་་གསར་འགྱུར་དུས་ཐོག་ལ་རག་རྒྱུ་གལ་ཆེ་བ་ལས་མིང་ཙམ་ལ་རེ་བ་མ་བྱེད་་
་་་་ནོར་བཅོས་་་་་ཤར་ཕྱོགས་ཁུག་རྟ་་་་ཁྱེད་ལ་ཁ་པར་བཏང་ན་འདི་ལ་བཤད་དགོས་པ་འདུག་པེ་་་་
དྲ་གྲོགས་ཚོ་གཟུགས་འདྲ་མིན་དུ་སྤྲུལ་ནས་སུ་ཡིན་མི་ཤེས་མོད། ངས་ཨ་ཁུ་རྡོར་དབང་དང་བསྟན་རབ་གཉིས་ལ་ཕྲག་དོག་བྱེད་དགོས་པའི་རྒྱུ་མཚན་ཅི་གང་ཡོད་པ་མ་རེད། ཁྱེད་རྣམ་པས་གང་གསུངས་ན་ཁྱད་པར་མི་འདུག ངས་ཁུངས་ལུང་ཡོད་པ་བཤད་ཀྱི་ཡོད། ཉམས་མྱོང་ཡོད་པས་ཡིན། སྔ་མོར་གྲྭ་འཇམ་དབྱངས་དཔལ་ལྡན་གྱིས་རང་སྲེག་བཏང་བའི་ཉིན་མོ་དེར་གྲོངས་ཟིན་པ་སྤྱི་འཐུས་ལྷན་ཚོགས་སུ་ཞུས་རྗེས། གྲོས་ཚོགས་ནང་ཚོགས་གཙོ་མཆོག་གིས་གསལ་བསྒྲགས་བྱས་པ་དེ་རྗེས་སུ་གྲོངས་མེད་སྟབས་དེ་ནས་ངར་ཉམས་མྱོང་ཐོབ་སོང།
དེ་བཞིན། ཁ་སང་རྟ་མགྲིན་འཚོའི་སྐད་འབོད་གསལ་བོ་མེད་པ་བདེན་པ་རེད། དེ་ཐོས་མཁན་གཅིག་ཀྱང་བྱུང་མི་འདུག་ཅེས་ཉེ་འཁྲིས་ཀྱི་མི་དང་ནང་མི་རང་གི་ས་ནས་ཐོས། དེ་བཞིན་སྐལ་བཟང་སྦྱིན་པའི་ཞལ་ཆེམས་ཀྱང་དེ་ག་རང་རེད། གལ་ཆེ་ཤོས་དེ་ཚོའི་ཐོག་ཁ་མ་མཚུངས་སྐབས་བཤིབ་བསྡུར་ཞུ་རྒྱུ་ངས་བསམ་ཚུལ་བཏོན་པ་ཙམ་ཡིན། །
ངོ་དེབ་སོགས་ཀྱི་མཚོན་རྟགས་ལ་ཞི་རྒོལབ་འི་པར་རིགས་བཞག་ནས་གདུང་སེམས་མཉམ་སྐྱེད་དང་ཁྱབ་བསྒྲགས་ལ་གཞོགས་འདེགས་ཞུ་འོས།
ལྔ་བཞིའི་གཞོན་ནུའི་ཁྲོམ་སྐོར་ཟིལ་ཤུགས་ཅན། དྲུག་བཞིའི་སློབ་ཆེན་རྔམ་སྟོན་ཡ་ང་བ།
བཅུ་གཅིག་དགུ་བའི་སློབ་མའི་ཞི་རྒོལ་ཆེ། གཅིག་ལས་གཅིག་ལ་བདེན་སྟོབས་གཟི་བརྗིད་ཆེ།
ཞི་རྒོལ་རླབས་ཕྲེང་འདི་ལྟར་འཕྱུར་བར་ཤོག བདེན་པའི་འཐབ་རྩོད་རྣམ་པར་རྒྱལ་བར་ཤོག
རང་དབང་དམངས་གཙོ་ཀུན་ལ་ཐོབ་པར་ཤོག།
ཤར་ཁུག་ལགས། མི་འདི་ཚོས་གྲས་ལ་གསལ་བཤད་བཟོ་ཚོད་ཡོད་ནི་མ་རེད། དེ་ལས་ལེན་མེད་པ་དེའི་ལེན་གྱི་གོ་ཆོད་པ་བྱས་ནས་བཞག་ན་ཡག་ཤོས་རེད། ག་དུས་བར་དུ་གསལ་བཤད་བཟོ་དགོས་སམ་གཡུག་ཤོག །
ལེགས་སྦྱར་ལྷའི་སྐད་དུ། རྩོད་པའི་བསྐལ་པར་ཚོགས་ལ་ནུས་པ་ཡོད།། ཅེས་སོ།
ཤར་ཁུག་གིས་བཤད་པ་ལའང་བདེན་ཁ་འདུག་སྙམ། གསར་འགྱུར་གང་ཡིན་ཀྱང་དོན་དངོས་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་གལ། ཚིག་སྔ་གཞུག་མཚུངས་པ་ཞིག གང་ལྟར་ཁོང་རྣམ་པ་གཉིས་ལ་སེམས་གཏིང་ནས་བཀའ་དྲིན་ལོས་ཞུ།
ཤར་ཁུག་ལགས་ཀྱི་གསུངས་པ་བདེན་པ་རེད་ཨོ་སེམས་པ་མི་ཀི་ཡ་ཨ་་་་་་་་
ཤར་ཁུག་ལགས་ཀྱི་གསུངས་པ་བདེན་པ་རེད་ཨོ་སེམས་པ་མི་ཀི་ཡ་ཨ་་་་་་་་
ཤར་ཕྱོགས་ཁུག་རྟའི་ཁ་སྐད་ཆ་ལ་བདེན་ཁ ཡོད་ཀྱང་། རང་རང་གང་ཞིག་སྐྱིད་པོ་བྱས་བསྡད་དེ་མི་ཚོས་སྐབས་ལས་རྒྱག་གི་ཡོད་དེ་ལ་སྐད་ཆ་འདྲ་མི་འདྲ་བཤད་དེ་དྲ་རྒྱའི་ནང་དུ་ཟུར་ཟའི་ཚད་དུ་བཀོད་ན་ཡག་པོ་འདུག་བསམ་གི་མེད། རྒྱུ་མཚན་ནི་གལ་སྲིད་ཁྱོད་ལ་འདྲིའི་ཉ་ཉོག་མེད་པ་དང་བརྡ་འཕྲོད་པ། ཕྱོགས་ཡོངས་ལ་དཔྱིབ་བསྡུར་བྱས་དེ་གནས་ཚུལ་མཁོ་འདོན་བྱེད་ཐུབ་གི་ཡོད་ན་ཁྱོད་ཀྱང་རེབ་གོང་བ་ཞིག་ཡིན་པས་ཁོང་གཉིས་ལ་ཀྱིས་སྐབས་ལས་རྒྱག་གི་ཡོད་པ་ལ་བལྟས་ནས་མ་བསྡད་པར་དྭངས་བླངས་གི་ཐོག་ནས་ཁོང་གཉིས་གནས་ཚུལ་དང་བསམ་ཚུལ་བརྗེ་རེས་བྱས་ན་འགྲིག་གི་ཡོད་རེད། ཡིན་ཡང་དེ་མ་བྱས་པར་དྲ་ཐོག་དུ་སླེབས་དེ་ཁོང་གཉིས་ཉིན་མཚན་གཉི་ཀ་རང་གི་ལས་ཀ་དག་བསྐྱུར་དེ་ཞལ་ལག་ཡང་ཁ་ལ་མ་ཡོངས་བར་རེབ་གོང་བ་སྤྱིའི་ཚབ་བས་དེ་ལས་ཀ་བྱས་པ་ལ་དགའ་བསུ་མི་བྱེད་པར་ཟུར་ཟའི་ཚིག་འཕངས་ན་ཡག་པ་མེད་པར་འདོད།
བདག་ཡིན་ན་ཁ་སང་སྔོན་མ་མེ་བསྲེགས་བཏང་བ་ཐོས་པ་དང་བོད་ལ་འབྲེལ་བྱེད་དང་བྱེད་མུས་ཡིན།
རང་སྲེག་མཚམས་འཇོག་དགོས་པའི་རེ་འབོད།
༄༅། །འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་དང་། ལྷག་པར་དུ་གཞིས་བཞུགས་བོད་གངས་ཅན་པ་ཡོངས་ཀྱི་སྙན་ལམ་དུ། གསོལ་བ།
ཐུགས་རྗེ་གཟིགས། ཐུགས་རྗེ་གཟིགས། རང་ལུས་མེར་སྲེག་མཚམས་འཇོག་གནང་རོགས། རང་ལུས་མེར་སྲེག་མཚམས་འཇོག་གནང་རོགས། རང་ལུས་མེར་སྲེག་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱ་རིགས་ཤེས་ལྡན་པས་བོད་མིའི་རང་སྲེག་སྐོར་གླེང་སློང་།
རང་གི་དམིགས་འདུན་མངོན་འགྱུར་ཆེད། རང་ལུས་རང་གིས་སྲེག་པ་ལ་ཅི་མི་སྙམ་པའི་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གུས་པས་བཏུད་དེ། འདིར་དྲ་ལམ་གྱི་གླེང་མོལ་ཞིག་འགོད་འདོད་བྱུང་།
དེ་རིང་དྲ་ལམ་དུ་རྒྱལ་ནང་གི་གྲོགས་པོ་འགའ་དང་མཉམ་དུ། བོད་ནང་གི་བོད་མི་ཚོ་དང་། ས་ཁུལ་གཞན་དུ་བྱུང་བའི་ཁྲིམས་མཐུན་ཁེ་དབང་སྲུང་འཛིན་གནང་ཐབས་ལ་བརྩོན་མཁན་དཔའ་རྒོད་ཚོས་རང་ལུས་རང་བསྲེགས་ཀྱིས། རྒྱ་དམར་དབང་འཛིན་ལས་ཁུངས་ཀྱིས་གང་བྱུང་དུ་དྲག་གནོན་བྱེད་པ་དང་གནོད་འཚེ་གཏོང་བར་འགོག་རྒོལ་བྱེད་བཞིན་པ་འདི་ཇི་ལྟར་བྱས་ན་ད་གཟོད་མཚམས་འཇོག་ཐུབ་ཀྱི་ཡོད་མེད་སྐོར་ལ་གླེང་མོལ་བྱུང་། ཁ་ཅིག་ན་རེ། ང་ཚོས་འབོད་སྐུལ་འཕྲིན་ཡིག་ཅིག་བྲིས་ཏེ། བོད་མི་ཚོས་རང་གི་ལུས་དང་ཚེ་སྲོག་ལ་གནོད་པ་མ་བྱེད་ཅེས་རེ་སྐུལ་བྱས་ན་གང་འདྲ་འདུག་ཟེར། གཞན་ཞིག་གིས། རང་སྲེག་བྱེད་པ་འདི་ཧ་ཅང་ཐལ་ཆ་ཆེ་བའི་བྱ་སྤྱོད་ཅིག་རེད། དེ་ལ་བདེན་ཁ་སྟེར་མི་རུང་ཟེར། ཡང་ཁ་ཅིག་གིས་རང་སྲེག་གི་བྱ་སྤྱོད་ལ་ཁ་རྡུང་གཏང་དགོས་འདུག་ཟེར། དེ་དག་ལ་ངས་དྲི་བ་འགའ་ཕར་དྲིས་པ་ཡིན།
དྲི་བ་དང་བོ།
ད་ལྟའི་ཆར། མང་ཚོགས་ཀྱིས་རང་ལུས་རང་གིས་སྲེག་པའི་ཧ་ཅང་ཛ་དྲག་གི་ཐབས་ལམ་འདི་འདྲ་ལ་བརྟེན་ནས། རྒྱ་དམར་གྱི་གདུག་རྩུབ་ཆེ་བའི་དབང་བསྒྱུར་ལ་འགོག་རྒོལ་བྱེད་བཞིན་པ་འདི་མཚམས་བཞག་ན་འདོད་མཁན་གཙོ་བོ་དེ་སུ་ཡིན་ནམ། རང་སྲེག་འགོག་རྒོལ་ལ་ཞུགས་ཟིན་པའི་དཔའ་རྟུལ་ཚོས། ཁོང་ཚོ་ལ། ད་དེ་འདྲ་མ་གནང་རོགས། མཚམས་འཇོག་རོགས་གནང་ཟེར་མཁན་ཞིག་བྱུང་བསམ་གྱི་ཡོད་དམ། ཡང་ན། ཁོང་ཚོས་དེ་ལྟར་རང་ལུས་རང་སྲེག་གནང་དགོས་པའི་དམིགས་འདུན་རྒྱུ་མཚན་དང་། ཐུགས་རེ་ཅི་ཡོད་ཐམས་ཅད་ལ་གསལ་བར་བསྒྲགས་ཏེ། མ་གོ་མ་ཐོས་མེད་པ་ཞིག་ཡོང་བ་དང་། དེ་ལ་བརྟེན་ནས་གནད་དོན་འདིའི་ཐོག་སྐྱེ་བོ་ཀུན་གྱི་དོ་སྣང་ཆེན་པོ་འདྲེན་ཐུབ་པ་ཞིག་ཡོང་བའི་ཐུགས་རེ་གནང་གི་ཡོད་དམ།
ངས་བལྟས་ན། ང་ཚོ་ཚང་མས་རང་ནུས་གང་ལྕོགས་ཀྱིས། རང་གིས་བསྒྲུབ་འོས་པའི་ལས་དོན་ཆེད་དུ་གཉེར་ནས་བསྒྲུབ་དགོས་པར་འདོད། དེ་ནི། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ། དཔའ་མཛངས་རྟུལ་ཕོད་དང་ལྡན་པའི་ངང་ནས་གཞན་ལ་ཕན་པའི་ལས་དོན་འབའ་ཞིག་དོན་དུ་གཉེར་བའི་རང་དབང་འཐབ་རྩོད་པ་འདི་དག་གིས། འགྲོ་བ་ཡོངས་ལ་བཅངས་པའི་བྱམས་བརྩེ་དང་བརྩི་བཀུར་ངོ་ཤེས་པའི་ཐོག་ནས་རང་རང་གི་སེམས་གཏིང་དུ་ཉར་རྒྱུ་དང་། ཁོང་རྣམ་པས་འབད་པ་དང་རྩོལ་བ་ཆེན་པོས་དོན་དུ་གཉེར་བའི་དམིགས་འདུན་མངོན་དུ་འགྱུར་ཆེད། ང་ཚོ་རང་ངོས་ནས་བསྒྲུབ་འོས་པའི་བྱ་བ་རྣམས་བསྒྲུབས་པ་ཡིན་ན། ད་གཟོད་ང་ཚོས་ཁོང་ཅག་གི་བྱམས་བརྩེ་དང་བརྩི་བཀུར་ལ་ཡང་དག་པའི་ངོས་འཛིན་རིན་ཐང་ཕུལ་བ་ཙམ་མ་ཟད། ཁོང་ཅག་གི་ཐུགས་རེའང་དེས་འགྲུབ་ཐུབ་པ་ཡིན་པར་འདོད།།
དྲི་བ་གཉིས་པ། རང་སྲེག་གིས་གནོད་ཡུལ་ནི། རང་གཞན་གཉིས་ལས་སྐྱེ་བོ་གཞན་ལ་གནོད་པ་དང་འཚེ་བ་དེ་འདྲ་མ་ཡིན་པར། རང་གིས་རང་ལ་གནོད་པའམ་འཚེ་བར་བྱེད་པ་དང་། རང་སྲེག་གི་དམིགས་ཡུལ་ནི། རང་གི་ཁེ་ཕན་དོན་དུ་གཉེར་བ་མ་ཡིན་པར། སྤྱི་ཚོགས་ཀྱི་ཆེད་དུ་རེད། སྤྱི་ཚོགས་འདི་བཟང་ཕྱོགས་སུ་ཁྲིད་ཆེད། རང་གི་རྩ་ཆེ་བའི་ཚེ་སྲོག་བློས་གཏོང་གི་ཡོད་པ་རེད། འདི་ནི་ཅི་འདྲའི་ཁྱད་དུ་འཕགས་ཤིང་དྲི་མ་མེད་པའི་བསམ་བློ་ཞིག། འདི་ནི་ཅི་འདྲའི་ཚད་འཇལ་དུ་མེད་པའི་སྙིང་སྟོབས་ཤིག། སྤྱི་ཚོགས་འདི་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་ཆེད། ཁོང་ཚོས་འདི་ལྟར་ཡ་ང་བའི་དཔའ་ཉམས་དང་བཅས་རང་རང་གི་གཅེས་པའི་ལུས་སྲོག་ཕངས་མེད་དུ་བློས་གཏོང་བའི་ངང་ཚུལ་མཐོང་དུས། ང་ཚོས་ཁོང་རྣམ་པར་ཡི་རང་གུས་འདུད་ཞུ་རྒྱུ་ལས་གཞན་མེད། ཡང་ཅིག་བཤད་ན། ཁོང་རྣམ་པའི་ཁྱད་དུ་འཕགས་ཤིང་དྲི་མས་མ་གོས་པའི་སྤྱོད་པ་ཡང་དག་པར་བླངས་པ་ལ། ད་དུང་སྐྱོན་ཡོན་གྱི་རྣམ་པ་གང་རུང་དུ་འཇོག་པའི་འོས་བབ་དང་ཐོབ་ཐང་ག་རེ་ཡོད་དམ། གལ་ཏེ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ། སྤྱི་ཚོགས་དྲང་བདེན་ཆེད་རང་སྲོག་བློས་གཏོང་བ་ལ་ཅི་མི་སྙམ་པའི་དཔའ་བོ་དཔའ་མོ་ཁོང་འདྲ་བ་དག་མེད་པ་ཡིན་ན། མིའི་རིགས་ཀྱི་དཔལ་ཡོན་དགེ་མཚན་ཐ་དག་ད་ལྟའི་བར་རྒྱུན་མ་ཆད་པར་གནས་ཐུབ་རྒྱུ་ཁག་པོ་ཡིན།
དྲི་བ་གསུམ་པ། ཁོང་རྣམ་པས་འདི་ལྟར་ཡ་ང་བའི་དཔའ་ཉམས་དང་བཅས། མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོས་འགོག་རྒོལ་དྲག་པོ་མ་བྱས་ཀ་མེད་བཟོ་མཁན་དེ་སུ་རེད། གལ་ཏེ་ད་དུང་བཟོད་པ་ཅུང་བསྒོམས་ན། དཀའ་སྡུག་ལས་གྲོལ་བའམ་ཐར་ཐུབ་པའི་གོ་སྐབས་ཤིག་ཡོད་པ་ཡིན་ན། འདི་འདྲའི་ཡ་ང་བའི་དཔའ་ཉམས་དང་བཅས་ཏེ་སྲོག་བློས་བཏང་ནས་འགོག་རྒོལ་བྱེད་དགོས་པའི་རྒྱུ་མཚན་དང་། དེ་ལྟར་བྱེད་འདོད་མཁན་སུ་ཡོད་དམ།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་དུས་སྐབས་ནམ་ཞིག་ལའང་། དེང་སང་བོད་ནང་དུ་བྱུང་བའི་རང་སྲེག་བྱེད་མཁན་འདི་འདྲ་མང་བོ་ཞིག་དུས་ད་ལྟའི་བར་དུ་བྱུང་མྱོང་མེད་པ་འདིས། ད་ལྟའི་རྒྱ་དམར་གུང་བྲན་གྱི་སྲིད་དབང་འདི། གདུག་རྩུབ་ཆེ་བའི་ཚད་ཅི་ཙམ་ལ་བསླེབས་ཡོད་མེད་གསལ་བོར་བསྟན་ཡོད། ཇི་ཙམ་མནན་ན་དེ་ཙམ་འཕར་བ་ནི། ཤེས་ཡོན་པའི་སྡེ་ལ་གཏོགས་པ་ཚང་མས་ཤེས་པའི་ནུས་ཤུགས་རིག་པའི་རྩ་འགྲོས་ཡིན།
གོང་གསལ་དྲི་བ་དག་གི་རྗེས། ངས་ཁོང་ཚོར། གལ་ཏེ་རང་སྲེག་འགོག་རྒོལ་བྱེད་མཚམས་འཇོག་ཏུ་འཇུག་འདོད་ན། དེ་ཡང་ཧ་ཅང་དཀའ་མོ་ཞིག་མིན། གཙོ་བོ་གནད་དོན་གྱི་འབྱུང་རྐྱེན་རྩད་ཆོད་དགོས་པ་ཡིན། ཁ་དཔེར། ནད་ལ་ཕན་པའི་སྨན། ཞེས་པ་ལྟར། སྡུག་བསྔལ་དང་ཕུང་ཀྲོལ་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ནི། རྒྱ་དམར་གུང་བྲན་ཏང་འདི་ཡིན། ལོ་རྒྱུས་སུ་བྱུང་མ་མྱོང་བའི་མ་རུངས་ལོག་པའི་དམ་སྲི་འབྱུང་བོ་ཇག་པ་ཁྲམ་པའི་ཁྱུ་ཚོགས་ཀྱིས་དབང་བསྒྱུར་བའི་གུང་བྲན་གྱི་སྲིད་དབང་འདི་མེད་པ་མ་བཟོས་ན། དཀའ་ངལ་དང་སྡུག་བསྔལ་གྱི་རྒྱུན་ཆད་མི་སྲིད། དེས་ན། ང་ཚོ་ཚང་མས་དཔུང་བ་མཉམ་གཤིབ་ཀྱིས། གུང་བྲན་གྱི་སྲིད་དབང་འདི་མགོ་རྟིང་སློག་པར་ཤུགས་རྒྱག་དགོས།
ད་ནས་ཡར་རྩིས་པའི་མི་ལོ་ཉི་ཤུའི་གོང་ལ། ངང་སྤུའི་གསར་བརྗེ་མགོ་བརྩམས་ཏེ། སྐུ་ཞབས་ཧར་ཝར་མི་དམངས་ཀྱིས་ཐད་ཀར་བདམས་པའི་སྲིད་འཛིན་དུ་གྱུར་ནས་ལོ་བཅུ་གསུམ་སོང་ཞིང་། ད་ཆ་དམ་པ་ཁོང་མི་ཡུལ་དང་གཏན་དུ་གྱེས།
ཡུ་རོབ་ཤར་ཕྱོགས་ཀྱི་ཡུལ་གྲུ་ཀུན་ཏུ། དམར་ཤོག་སྲིད་དབང་ཐམས་ཅད་ཀྱི་ཤུལ་ལ་ཕྱགས་མ་བརྒྱབ་ནས་ལོ་རྒྱུས་ཀྱི་གད་སྙིགས་སུ་དོར།
གདུག་རྩུབ་དང་། གུང་བྲན་ཏང་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་གྱུར་ནས་རིང་ཙམ་འགོར། འོན་ཀྱང་། མཱ་ལེ་དམར་ཤོག་གིས་ད་དུང་ཡང་རྒྱ་ནག་ལ་དབང་བསྒྱུར་བཞིན་པ་ནི། ང་ཚོ་ཚང་མའི་ངོ་ཚ་དང་མཚང་དུ་ཆེ།
གུང་བྲན་ཏང་གིས་དབང་བསྒྱུར་བཞིན་པ་འདི། ང་ལ་མཚོན་ན་བརྙས་བཅོས་ཚོད་མེད་ཅིག་བྱས་པ་དང་ཁྱད་མེད། གནའ་མིའི་ཁ་དཔེར། དམ་པ་ཅི་ཙམ་རྒུད་ནའང་། །བཟང་བོའི་རང་བཞིན་ག་ལ་འདོར། །ཅེས་པ་ལྟར། རང་དབང་དང་དམངས་གཙོ་ནི་གལ་ཆེན་ཡིན་མོད་ཀྱང་། ང་ལ་མཚོན་ན། མིའི་ཆེ་མཐོང་ནི་དེ་བས་ཀྱང་གལ་ཆེན་དུ་མཐོང་གི་ཡོད། གལ་ཏེ་མི་ལ་རང་གི་ཆེ་མཐོང་མེད་པ་ཡིན་ན། དེ་ནི་མི་ཚད་ལྡན་ཞིག་ཏུ་བརྩི་མི་ཐུབ། ང་རང་གི་མི་ཚེ་འདི་འཇིགས་ཞུམ་ཆགས་སྡང་མེད་པ་དང་། ཆེ་མཐོང་ཡོད་པའི་མི་ཚེ་ཞིག་ཡིན་ཞེས་སྤོབས་པ་དང་བཅས་བརྗོད་ཐུབ། རྒྱུ་མཚན་འདི་དག་ལ་བརྟེན་ནས། ངས་གུང་བྲན་ཏང་ལ་ངོ་རྒོལ་བྱེད་དགོས་པར་གྱུར་བ་དང་། ངས་བལྟས་ན། རང་སྲེག་ངོ་རྒོལ་གྱི་ལས་ལ་ཞུགས་པའི་དཔའ་བོ་དཔའ་མོ་ཚོས། འདི་ལྟར་བློས་གཏོང་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ནང་གི་གཅིག་ནི། རང་གི་ཆེ་མཐོང་དང་། བོད་མི་རིགས་ཀྱི་ཆེ་མཐོང་སྲུང་སྐྱོབ་གནང་ཆེད་ཡིན་པ་སྨོས་ཅི་དགོས།
རྒྱུ་མཚན་འདི་འདྲའི་དབང་གིས། ངས་ཁོང་རྣམ་པའི་བླ་མེད་མཛད་སྤྱོད་ལ་གོང་བཀུར་གྱིས་བསྔགས་པ་བརྗོད་པར་འདོད་པ་དང་། རང་གི་དམིགས་འདུན་འགྲུབ་ཆེད། རང་ལུས་སྲེག་པ་ལ་ཅི་མི་སྙམ་པའི་དཔའ་བོ་དཔའ་བོ་རྣམས་ལ། སྙིང་ནས་གུས་འདུད་ཞུ་བཞིན་པ་བཅས། ཐཱང་པོ་ཆའོ་ནས། ཕྱི་ལོ་༢༠༡༢ ཟླ་ ༡༡ ཚེས་ ༩། རེས་གཟའ་པ་སངས་ལ་བྲིས། དྲ་གྲོགས་འཇིགས་མེད་འོད་ལྡན་གྱིས་རྒྱ་ནག་ཡི་གེའི་མ་ཕྱི་འདི་གར་བསྐུར་འབྱོར་བོད་ཡིག་ཏུ་འགྱུར་བའི་རེ་སྐུལ་དང་དུ་བླངས་ཏེ། བོད་རྒྱ་སྐད་གཉིས་སྨྲ་བའི་ལོ་ཙཱ་བའི་གྲལ་མཐར་གནས་པ། སྤྲང་མིང་གདུགས་དཀར་ཚེ་རིང་དུ་འབོད་པས། བྱང་ཨ་རིའི་མཚོ་གླིང་མཱ་ཝེ་ནས་དོན་འགྱུར་གཙོར་བཟུང་གིས་དེ་མ་ཐག་བོད་དུ་འགྱུར་བ། དཔའ་བོ་དཔའ་མོ་རྣམ་པའི་ཐུགས་འདུན་འགྲུབ་པའི་རྒྱུར་གྱུར་ཅིག །