༼བོད་ཀྱི་དུས་བབ་དྲ་ངོས་ནས་འདིར་འདྲེན་བཀོད་ཞུས།༽
དེ་རིང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་ཁམས་རྟའུ་བྱང་ཆུབ་ཆོས་གླིང་དགོན་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཁམས་རྟའུ་བྲོ་ཆོ་གྲོང་ཚོའི་རང་ལོ་ ༣༥ ཡིན་པ་ཕ་ཇོ་ནའི་དང་མ་ཀོས་ལན་གཉིས་ཀྱི་བུ་མོ། རྟའུ་བྱང་ཆུབ་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་མི་མང་གིས་སྨྱུང་གནས་ཚོགས་ཏེ་གྲོལ་ལ་ཉེ་བ་དང་བསྟུན། ཐོག་མར་སྣུམ་མཆོད་པ་དང་དེ་ནས་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ལ་མེ་བསྒྲོན་པའི་ས་ཆ་དེར་ཕྱིན་ཏེ་སྐུ་ལུས་ལ་མེ་བསྒྲོན་ཏེ་མི་མང་གི་ཁྲོད་དུ། “བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས” ཞེས་པ་སོགས་ཀྱི་ཞི་རྒོལ་སྐད་འབོད་གནང་ཡོད་འདུག
མེ་འབར་ཤུགས་ཆེ་དྲགས་ནས་བཙུན་མ་དཔལ་ལྡན་ཆོས་མཚོ་འདས་གྲོངས་སུ་གྱུར་པ་དང་། ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་སྐུ་ཕུང་ཕྱིར་སློག་དགོས་ཞེས་དགོན་པར་བཙན་ཤེད་བྱས་ཡོད་ཀྱང་། ས་གནས་མི་མང་ཚོས་སྐུ་ཕུང་རྟའུ་ཉ་མཚོ་དགོན་པའི་ནང་གདན་འདྲེན་ཞུས་འདུག ད་ལྟའི་སྐབས་རྟའུ་རྫོང་ཐོག་ཏུ་ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་མི་མང་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ད་དུང་ཕྱོགས་མཐའི་དགེ་འདུན་པ་དང་བཙུན་མ། མི་མང་བཅས་ནས་ཉ་མཚོ་དགོན་གྱི་ཉེ་འགྲམ་དུ་འཛོམས་བཞིན་ཡོད་འདུག
བཙུན་མ་ཁོང་གི་རྒྱལ་ཞེན་སྙིང་སྟོབས་ལ་གུས་བཀུར་དང་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ་ཀི་ཡོད། སྐད་ཆ་འདི་རིགས་ཀྱིས་ཕན་དུ་མེད་ནའང་སེམས་པ་ཀློང་ཀློང་ངེར་རྒྱལ་གཅེས་པ་ཁྱེད་ཀྱི་སྙིང་སྟོབས་ཀྱིས་ང་ཚོའི་གཉིད་གུང་གི་སྤོབས་སེམས་ཆེ་རུ་བསྐྱེད་སོང་། ཕ་ཡུལ་གྱི་གནས་སྟངས་སྡུག་པོ་དྲན་དུ་བཅུག་སོང་།
མིག་ཆུ་སྟོང་གིས་དཔའ་མོ་ཁྱེད་ལ་མྱ་ངན་གུས་འདུད་ཞུ།
རྒྱལ་གཅེས་ཀྱི་དཔའ་མོ་ལགས། ཁྱེད་རང་དེ་འདྲའི་བློ་ཐག་ཆོད་ལ་རིགས་ཞེན་ཟབ། བོད་མི་རིགས་འདིའི་མ་འོང་བདེ་སྐྱིད་ཀྱི་ཆེད་དང་། ཆོས་རིག་སྲུང་སྐྱོབས་ཀྱི་ཆེད། གཞིས་བྱས་མཉམ་འཛོམ་གྱི་ཆེད། ཁྱེད་འདི་ལྟར་ཕེབས་སོང་། ཁྱེད་འདི་ལྟར་ཕེབས་པ་དེ་ཇི་འདྲའི་གཟི་བརྗིད་ཆེ་ཞིང་རླབ་ཆེན་ཞིག་རེད་ཨང་། དེར་རྟེན་ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞེས་ལེན་གྲངས་སྟོང་གི་བར་དུ་བཅོས་མིན་སྙིང་ནས་ཞུ། ངེས་དོན་གྱི་རྒྱལ་གཅེས་མི་རིགས་འདིའི་བདག་པོ་གཞིས་བཞུགས་དཔའ་མོ་དང་དཔའ་མོ་ཁྱེད་དག་ཡིན་པ་ལས། བྱེས་སོང་གི་མི་ལ་བློ་མ་གཏད། བྱེས་འབྱོར་བའི་རྒྱལ་གཅེས་སུ་བསྙད་ལ་ཤེས་ཡོན་ཅན་དུ་འབོད་པའི་མི་བུ་དག་ནི། བློ་རྒྱ་ཁབ་མིག་ལས་དོག་ལ་ཀོ་ལོང་གཙང་བཙན་བས་ཆེ། ཕྱི་ལ་ཙི་ཙི་ཡི་སོ་ཙམ་སྟོན་རྒྱུ་མེད་ཀྱང་ནང་ལ་སྟག་གི་མཆེ་བ་ཙམ་རེ་སུ་ལའང་ཡོད་པས། རྟག་པར་ཕུ་ནུ་ནང་འཛིང་གི་དུས་འདའ་བཞིན་པས་ཁྱེད་ཚོ་ཐུགས་མ་ཕམ་ཞུ་བ་ཡིན། མདོར་ན་ཁྱེད་རྣམ་བདེ་བར་ཕེབས་རོགས། གཞིས་བཞུགས་གངས་ཅན་པ་ལ་སེམས་འཁྲེང་ཡང་བྱེས་འབྱོར་མི་བུ་དག་ལ་རེ་མ་ཆེ་བར། ཁྱེད་རྣམ་བདེ་བར་རང་རང་གི་ལམ་ལ་ཕེབས་རོགས།
བོད་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བོད་མི་རིགས་བདེན་པའི་འཐབ་རྩོབ་ཏུ་གཅིག་རྗེས་གཉིས་མཐུད་དེ་ཚེ་སྲོག་འཕང་མེད་ཀྱིས། མེ་ལྷར་སྒྲོན་བཞིན་པ་དག་སྐྱོ་བའི་མཆི་མ་དང་སྡུག་གི་མུན་པའི་ལྷན་དུ་ངས་ནམ་ཡང་སྨོན་ཚིག་ནས་སྨོན་ཚིག་དེ་བཞིན་བྱེད་རྒྱུ་ཡིན།
ཁམས་རྟའུ་ཡུལ་གྱི་མི་རྣམས་ནམ་རྒྱུན་གཤིས་ཀ་འཇམ་ཞིང་འགྲོགས་བདེ་བ། འུར་མི་ཚ་ཞིང་ཡིད་རྟོན་རུང་བ་ཤ་སྟག་ཡིན་པ་མ་ཟད། ལྔ་དགུ་ལོར་བཅིངས་འགྲོལ་དམག་ཁམས་ཕྱོགས་སུ་བཙན་འཛུལ་བྱེད་དུས་ཕོ་ཟད་མོར་ཐུག་གིས་རྒོལ་ལན་བསློགས་ཡོད། ད་རེས་ཡང་ལས་སླ་པོ་མི་འདུག་ཐག་ཆོད་རེད། བཙུན་མ་དཔལ་ལྡན་ཆོས་མཚོ་སྐུ་གྲོངས་པར་བཅོས་མིན་སྙིང་ཐག་པ་ནས་མྱ་ངན་གུས་འདུད་ཞུ་བ་དང་ཆབས་ཅིག ཁྱོད་ཉིད་སླར་ཡང་བོད་ཁ་བ་གངས་ཅན་དུ་འཁྲུངས་ཏེ། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག་གུ
ཀྱི་ཧུད། ང་ཡི་ཤ་ཁྲག་ཅིག་པའི་སྤུན་ཟླ་ལགས་དུས་རབས་ཞིག་གི་ཉམ་ཉེས་ཁྱེད་ཀྱི་སྐུ་ལུས་ཡོངས་རྫོགས་ཐོར་ཡང་ཁྱེད་རྣམས་པའི་གཏོང་ཕོད་དང་རླབས་ཆེན་ཕུགས་བསམ་དེ་དག་ང་ཚོས་ཇི་སྲིད་སྐལ་་བའི་བར་དུ་བཀའ་དྲིན་དང་བཀའ་དྲིན་ཞུས་ངེས་ ང་ཚོས་མཆོད་མེ་གྲངས་མེད་ཀྱི་འོད་སྣང་གཅིག་ཏུ་བསྒྲོན་ནས་བསྔོན་སྨོན་ཁྲི་ཁྲག་གི་སྨོན་བསམ་ཅིག་ཏུ་གྱེར་ནས་སྐྱབས་འཇུག་དང་མྱ་ངན་ཞུ་བཞིན་ཡོད་ལ་གསོན་དུ་གནས་པ་རྣམས་ཀྱི་ང་བའི་ལུས་ཀྱི་ན་ཚ་། སེམས་ཀྱི་སྡུག་བསྡལ་བདེན་པའི་འོས་ལངས་ཐམས་ཅད་བསམ་པའི་དོན་རྣམས་ཡིད་ལ་རེ་བ་ལྟར་འགྲུབ་པར་གྱུར་
ཁམས་རྟའུ་བྱང་ཆུབ་ཆོས་གླིང་དགོན་པའི་བྱང་ཆུབ་སེམས་མ་དཔལ་ལྡན་ཆོས་ཚོ་ལ་སྒོ་གསུམ་གུས་པ་ཆེན་པོའི་གུས་འདུད་དང་། ཁྱེད་ཀྱི་སྙིང་སྟོབས་ནི། ངེད་བོད་མི་རིགས་ཀྱི་གཟི་བརྗིད་རེད་ལ། བྱང་ཆུབ་སེམས་མ་ཁྱེད་ཀྱི་རྒྱན་རེད། གང་ལྟ་ཡང་སྔ་ཕྱི་ཅུང་མ་གཏོགས་འཆི་དགོས་པ་ནི་ཐམས་ཅད་ཀྱི་ཆོས་ཉིད་རེད། འོན་ཀྱང་འཆི་གོ་ཆོད་མཁན་ནི་ཁྱེད་དང་ཁྱེད་འདྲ་བའི་གཞན་དོན་ཆེད་དུ་རང་སྲོག་ཞུམ་མེད་སྒྲོན་མེར་སྦར་ནས་ཆེས་དབང་མེད་དུ་སྡུག་རྩུབ་ཀྱི་མུན་པར་བཅུག་པའི་བོད་རིགས་འཛམ་གླིང་སྐྱེ་བོ་ཀུན་ལ་གསལ་བོར་བྱེད་མཁན་རྣམས་རེད། བོད་ལ་རང་དབང་ཐོབ་པ་ཤོག། རྒྱའི་མི་རིགས་ལའང་བདེ་སྐྱིད་ཡོངས་བ་ཤོག གུང་ཁྲན་ཏང་མགོ་གཏིང་ལོག་པར་ཤོག
ཡིད་གདུང་དྲག་པོས་མནར་ཏེ་རྒྱལ་གཅེས་དཔའ་མོ་ཁོང་ལ་ལྷག་བསམ་དག་པའི་མྱ་ངན་ཞུ།
རྒྱལ་གཅེས་དཔའ་མོ་བཙུན་མ་མཆོག་ལ་གུས་འདུད་ཞུ། ཁྱེད་ཅག་ནི་བོད་ཀྱི་ལོས་རྒྱུས་ཐོག་དུས་ནམ་ཡང་མཉམ་པ་མེད་པའི་གཟི་འོད་ཀྱིས་འཚེར་བའི་སྒྲོན་མེ་ཡིན།
ད་ནི་མཉམ་འབྲེལ་རྒྱལ་ཚོགས་དང་ད་ལྟ་ཚོགས་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་སྒོ་དྲུང་ནས་མེར་སྲེག་གི་ལས་འགུལ་སྤེལ་དགོས་འདུག དེ་མིན་སྙན་ཞུ་འབུལ་བ་དང་སྐད་འབོད་བྱས་པ་ཙམ་གྱིས་ཕན་ཅི་ཡང་ཐོགས་མི་སྲིད་ལ་རྒྱལ་སྤྱིས་དོ་སྣང་ཡང་དེ་ཙམ་བྱེད་མི་སྲིད། བྱེས་ཀྱི་བུད་རྒོད་ཚོ། ཡོད་ན་ད་ལོངས་ཤོག
བོད་ནང་གི་བོད་མི་ཚོས་སྙིང་སྟོབས་དང་ལྷག་བསམ་གྱི་ལས་འགུལ་ཅི་དགོས་སྤེལ་སོང་། ད་ནི་བྱེས་སྡོད་པ་ཚོ་ཡིན་དྰ། དུས་དྲན་དང་འཁྲབ་སྟོན་ལྟ་བུའི་སྐད་འབོད་ཙམ་གྱིས་ཅི་ཡང་ཕན་གི་མ་རེད། ད་ལྟ་སྐབས་སུ་བབ་ཡོད་པ་ནི། སྟོབས་ཆེན་གྱི་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་གྱི་སྒོ་དྲུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་དྲུང་བཅས་ནས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་དགོས། ཁ་ཞེ་གཉིས་མེད་ཡིན་ན། ད་ནི་སྐབས་སུ་བབ་ནས་འདུག་པས། བུ་རྒོད་ཚོ། མ་འདུག་མ་མོར་སྒྲུབ་རོགས། རྒྱལ་སྤྱིའི་མི་མང་གིས་ཐོས་རྒྱུ་ཡོད་པ་ཞིག་དང་། མཉམ་འབྲེལ་རྒྱལ་ཚོགས་འདུག་བདེ་མེད་པ་ཞིག་གནང་རོགས།
ཆོས་འགྲུབ་ལགས། ད་ནི་བྱེས་སྡོད་པ་ཚོས་བོད་སྤྱི་དོན་མི་བསམ་པར་ནང་དཀྲུག་བྱེད་རབས་དངབྱེས་སྡོད་པ་ཚོར་་ཡིད་རྟོན་མེད་རབས་བཤད་ནས་འདུག་པ་ལས་རང་ཉིད་ཐོག་མར་གདོང་ལ་ལངས་རོགས། མཉམ་འབྲེལ་རྒྱལ་ཚོགས་དང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་སྒོ་དྲུང་ནས་རང་ལུས་མེར་སྲེག་གིས་བོད་སྤྱི་ལ་ཕྱག་རྗེས་ཤིག་འཇོག་རོགས། གལ་སྲིད་ཕྱི་ལོགས་སུ་མ་ཐར་ན་རྒྱ་གར་གྱི་རྒྱལ་ཚོགས་ཡན་ལག་སྒོ་དྲུང་དུ་ཡིན་རུང་འགྲིག སྐུ་ཉིད་བཤེགས་རྗེས་ང་ཚོས་སྐུ་ཉིད་ལ་རྡོ་རིང་བཞེངས་ཏེ་དུས་ནམ་ཡང་བོད་ཀྱི་ལོ་རྒྱུས་ཐོག་འོད་དུ་འཚེར་བའི་ཡིག་གེར་འདེབས་ངེས་ཡིན། ཨ་མའི་བུ། སྐབས་སུ་བབ་ནས་འདུག་པས། མ་འདུག་ལ་མོར་ཐོན་ཤོག ང་ཚོ་དུས་ནམ་ཡང་ཁྱེད་ཀྱི་རྒྱབ་དཔུང་དུ་ཧྲིག་གེར་བགྲེང་ངེས་ཡིན།
བདེ་བ་ཅན་དུ་སྐྱེ་བར་ཤོག སྐྱེས་ནས་འགྲོ་དོན་མཐར་ཕྱིན་ཤོག
༡དཔལ་རྒྱལ་བའི་བསྟན་དང་རང་དབང་གི་སླད་དུ།།
གནས་དགའ་༢ལྡན་བྱང་ཆུབ་ཆོས་གླིང་གི་ཞིང་ནས།།
༣ཆོས་བཟོད་པ་ཐོབ་པའི་བྱང་སེམས་ཀྱི་སྤྱོད་པས།།
༤མཚོ་གངས་ཅན་མ་མར་མཆོད་པ་འདི་རྨད་བྱུང་།།
ཞེས་པའི་གཤིས་ཚིག་གིས་བསྔགས་འོས་བསྔགས་ཤིང་དམ་པ་གང་དག་གི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་
འབྱོན་པའི་མྱུར་བྱོན་གསོལ་འདེབས་སྙིང་ནས་ཡང་ཡང་བྱེད་པས་ཁྱེད་རྣམས་ཇི་སྲིད་བར་མི་ནུབ་པར་གྱུར་
ཅིག་ཅེས་བསྔོ་སྨོན་གྲངས་མེད་དང་བཅས་གུས་ཕུལ།
རྒྱལ་གཅེས་པ་བཙུན་མ་དཔལ་ལྡན་ཆོས་མཚོས་གཙོས་། ་སྙིང་སྟོབས་ཀྱིས་སྐུ་ལུས་བོད་མིའི་རང་དབང་ཆེད་ཕུལ་བ་རྣམས་ལ་སྙིང་དབུས་ནས་གུས་བདུད་དང་། ད་ལྟ་བཞུགས་བཞིན་པའི་རྒྱལ་གཅེས་གཞིས་བཞུགས་ཡོངས་ལ་ཞུ་རྒྱུར། དཀྲུག་ཤིང་གོང་བུ་ཆོས་གྲུབ་མིང་ཅན་ལ་ཡིད་སྟོན་མི་རུང་གང་ལགས་ཞེ་ན། བྱེས་བཞུགས་༧གོང་ས་མཆོག་གི་དབུས་བོད་མི་རྣམས་ནས་ཁྱེད་རྣམས་ཀྱི་ལྷག་མསམ་ལ་རྒྱབ་སྐྱོར་གནང་བ་ཙམ་དུ་མ་ཟད། བོད་མིའི་རང་དབང་ཆེད་འབད་བརྩོན་གནང་དང་གནང་མུས་ངང་བཞུགས་བཞིན་མཆིས་ན། གཞིས་བྱེས་དཀྲུག་མཁན་རྒྱ་དམར་གུང་ཁྲན་གྱི་མགྲིན་ཚབ་ཆོས་གྲུབ་ཀྱིས་གཡོ་ཚིག་འོག། གཞིས་བཞུགས་རང་རིགས་རྣམས་ནམ་ཡང་མ་ཚུད་པ་གནང་རོགས།།
ལྷག་མསམ། ལྷག་བསམ་ལ་བཅོས།།
ཁ་བརྡ་དྲ་བའི་རྩོམ་སྒྲིག་དང་གསར་འགྱུར་འཁོད་གཏོང་བ་ཚོར་ཞུ་རྒྱུ་ཞིག་ལ་རྟའུ་ཉ་མཚོ་དགོན་པ་ཞེས་འབྲི་བཞིན་འདུག་ཀྱང་། རྟའུ་ཉི་མཚོ་དགོན་པ་ཞེས་འབྲི་དགོས་སྙམ་པས་རྣམ་པ་ཚོས་ཞིབ་འཇུག་ཅིག་གནང་རོགས་ཞུ་ཞེས་ཞུ་བཞིན་ཡོད་པས་དགོངས་བཞེས་ཡོང་བ་མཁྱེན།
ལས་འགུལ་དགའ་བསུ་ཡོད་ཀྱང་། ཡང་ན་དྲག་པོའི་སྒོ་ནས་དགྲ་བོའི་ལུས་དང་མཚོན་ཆ་བསྲེག་དགོས་རེད། ཡང་ཞི་བའི་སྒོ་ནས་དགྲ་བོའི་གདུག་རྩུབ་དང་ངན་འཆར་ཞི་བར་བྱེད་དགོས་ལ་པ་ལས། ཐབས་ལམ་གསུམ་པ་ཞིག་ངས་ནི་མཐོང་བགྱིད་མི་འདུག་ལགས། ངས་ཚིག་འདི་ལོག་འགྲེལ་མ་གནོངས་རོགས། ཐུགས་རྗེས་གཟིགས།
དཔའ་མོ་ཁྱོད་རྣམ་པར་རྒྱལ་བར་གྱུར་ཅིག
ཐུགས་དོན་འགྲུབ་པར་གྱུར་ཅིག
ཕྱི་མ་སྤྱན་རས་གཟིགས་ཀྱི་འཁོར་དུ་སྐྱེ་བར་གྱུར་ཅིག
ཤུལ་ལུས་ཉེ་འབྲེལ་རྣམས་མྱ་ངན་གྱི་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག
༡༩༤༩ ནས་ ༡༩༡༡ བར་གྱི་ལོ་ངོ་ ༦༢ ཡུན་གྱི་ཀླ་ཀློ་གདུག་རྩུབ་ཅན་འགོ་མའོ་ཙེ་ཏུང་ནས་ད་ལྟའི་ཧྰུ་ཅིན་ཐའོའི་བར་གྱིས་གྲངས་ཉུང་མི་རིགས་ལ་གཉའ་གནོན་བཤུ་ཤོག་བཏང་མ་ཚར་བསྡདཔ་ནི། རྒྱ་ནག་དམར་གཞུང་ངོ་ཚ་བའི་གནས་སུ་མི་མཐོང་ངམ། རྒྱ་ཆེ་རིགས་ཚོ།
བོད་མི་རིགས་ཡོངས་ཀྱི་ཆེད་དུ་རང་སྲོག་གཏོང་ཕོད་པའི་དཔའ་མོ་ཁྱེད་ལ་སེམས་གཏིང་ནས་གུས་བཏུད་ཞུ། ཁྱེད་ནི་བོད་མི་ཡོངས་ཀྱི་དགའ་ཞེན་དང་གུས་པར་དཔའ་མོ་ཞིག་ཡིན་པས། མགྱོགས་མྱུར་རྟའུའི་ཁུལ་དུ་དལ་འབྱོར་རྟེན་བཟང་ཞིག་ཐོབ་པར་ཤོག
རྒྱ་ནག་གིས་བོད་ནང་གི་གདུག་རྩུབ་གཉའ་གནོན་དང༌། ངོ་ཚ་ཁྲེལ་གཞུང་མེད་པའི་དམ་དྲག་གི་བྱ་སྤྱོད་འདི་རིགས་མཚམས་འཇོག་མ་བྱས་ཚེ། ལས་འགུལ་འདི་རིགས་ནམ་ཡང་མཚམས་མི་སྲིད།
དེ་ནི་དམར་པོའི ་ གཙོ་འཛིན་མའོ་ཡིས། གང་དུ་གཉའ་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་པའི་སྡོམ་ཚིག་ནས་གསལ་བཤད་ཐུབ།
བོད་མི་རིགས་ཡོངས་ཀྱི་ཆེད་དུ་རང་སྲོག་གཏོང་ཕོད་པའི་དཔའ་མོ་ཁྱེད་ལ་སེམས་གཏིང་ནས་གུས་བཏུད་ཞུ། ཁྱེད་ནི་བོད་མི་ཡོངས་ཀྱི་དགའ་ཞེན་དང་གུས་པར་དཔའ་མོ་ཞིག་ཡིན་པས། མགྱོགས་མྱུར་རྟའུའི་ཁུལ་དུ་དལ་འབྱོར་རྟེན་བཟང་ཞིག་ཐོབ་པར་ཤོག
རྒྱ་ནག་གིས་བོད་ནང་གི་གདུག་རྩུབ་གཉའ་གནོན་དང༌། ངོ་ཚ་ཁྲེལ་གཞུང་མེད་པའི་དམ་དྲག་གི་བྱ་སྤྱོད་འདི་རིགས་མཚམས་འཇོག་མ་བྱས་ཚེ། ལས་འགུལ་འདི་རིགས་ནམ་ཡང་མཚམས་ཆོད་མི་སྲིད།
དེ་ནི་དམར་པོའི ་ གཙོ་འཛིན་མའོ་ཡིས། གང་དུ་གཉའ་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་པའི་སྡོམ་ཚིག་ནས་གསལ་བཤད་ཐུབ།