ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་བོད་ནང་གི་ཉིན་གུང་རྒྱབ་ཀྱི་དུས་ཚོད་དང་པོ་ཡོལ་ཙམ་ལ་བོད་ཨ་མདོ་རྔ་པ་རྫོང་བྱ་སྐོར་མའི་ཉི་ཚེ་ཚང་གི་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་དབང་མོ། རང་ལོ་༢༠ ཡས་མས་ཤིག་དང་། ཕ་མིང་ལ་ཉི་ཚེ་ཡིན་པ་ཁོང་མོས་རྔ་པ་རྫོང་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙམ་ཡོད་པའི་བཙུན་དགོན་གྱི་ཞོལ་གྱི་བསུ་མདོའི་ཟམ་ཁ་ནས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་དབང་དགོས་ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་འདུག་ལ། ཁོང་མོ་དུས་ཡུན་སྐར་མ་བདུན་བརྒྱད་ཅིག་གི་རིང་གོམ་བགྲོད་བྱས་ནས་སོང་ཡོད་པ་དང་། ས་གནས་སུ་ཉེན་རྟོག་པ་སོགས་དུས་ལྟར་འབྱོར་མེད་སྟབས་ཁོང་མོའི་ཕུང་པོ་མ་མའི་བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་ཡར་ཁྱེར་ཡོད་འདུག གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། ཁོང་མོ་དུས་ཐོག་དེ་རང་ལ་གྲོངས་ཡོད་ཀྱང་། ཕུང་པོ་རྒྱ་གཞུང་ལ་སྤྲོད་ཀྱི་མིན་ཟེར་ནས་བཙུན་མ་ཚོས་སྲུང་བྱ་བྱས་ཡོད་ཀྱང་རྒྱ་གཞུང་ལ་བརྩིས་སྤྲོད་དགོས་པ་ལས་གལ་སྲིད་མ་སྤྲད་ན། དོ་དགོང་མཚན་རང་ལ་ས་འོག་ཏུ་སྦས་དགོས་ཚུལ་བརྗོད་ཀྱིན་ཡོད་འདུག་པས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ། གནས་ཚུལ་དེ་བྱུང་ནས་ཅུང་མ་འགོར་བར་དམག་མི་དང་ཉེན་རྟོག་པ་སོགས་འབྱོར་ནས་མ་མའི་བཙུན་དགོན་དང་ས་གནས་ཀྱི་གྲོང་སྡེ་ཁག་ཡོངས་རྫོགས་བཀག་སྡོམ་ནན་མོ་བྱས་ཡོད་འདུག
མ་མའི་བཙུན་དགོན་གྱི་མིང་ཡོངས་ལ་མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་ཡིན་ཞིང་། རྔ་པ་རྫོང་མཁར་གྱི་ནུབ་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ་གསུམ་ལྷག་གི་ས་ན་ཡོད་འདུག གྲུབ་མཐའ་དགེ་ལུགས། སྔོན་ཕ་མཐའི་རི་ཁྲོད་ཤུལ་དུ་སྐལ་བ་བཟང་པོ་སོགས་ཀྱིས་བསྐྱངས། རྔ་པ་རྫོང་ཁོངས་ཀྱི་བཙུན་དགོན་ཆེ་ཤོས་ཡིན་པ་དང་། དེང་སྐབས་བཙུན་དགོན་དེར་བཙུན་མ་ ༣༥༠ ལྷག་ཡོད་འདུག
དེ་མིན་ཕྱི་ཚེས་ ༡༥ རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ནོར་བུ་དགྲ་འདུལ་ལགས་རྔ་པ་ནས་ས་གནས་གཞན་ཞིག་ལ་ཁྱེར་ཡོད་ཀྱང་གང་དུ་ཁྱེར་ཡོད་མེད་དང་ཁོང་གི་ཤི་གསོན་གྱི་གནས་ཚུལ་ག་འདྲ་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ་པས་ཧ་ཅང་བློ་འཚབ་སྐྱེ་གཞིར་གྱུར་ཡོད།
ཕྱི་ཚེས་ ༡༦ ཉིན་སླར་ཡང་རྔ་པ་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མས་སྒོ་བརྒྱབས་ནས་ནས་གདུང་སེམས་མཉམ་བསྐྱེད་བྱས་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༧ ལ།
༼གོང་གསལ་གྱི་འདྲ་པར་འདི་མ་མའི་བཙུན་དགོན་གྱི་འདྲ་པར་ཡིན་པས་དགོངས་འཇགས་འཚལ།༽
རྒྱ་ནག་གི་གདུག་རྩུབ་འོག་དུ་རང་རེའི་གཅེས་ཕྲུག་རྣམས་ཀྱི་ཚེ་སྲོག་ཉིན་རེ་བཞིན་འཕྲོ་བརླག་ཏུ་འགྲོ་བཞིན་པ་འདི་དག་ང་ཚོས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ། མིའི་རིགས་ཀྱི་ཚེ་སྲོག་ལ་ལྟ་སྐྱོང་བྱེད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལགས། ཁྱེད་གང་དུ་ཡོད་དམ།
རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །
བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་གི་མི་ཚེ་འབུལ་དགོས་ཀྱང་། རང་སྲོག་འབུལ་མི་དགོས་པའི་དགོངས་བཞེས་གནོངས་རོགས་བཅས་འབོད་བསྐུལ་ཞུ་རྒྱུ་ལས་མ་འདས་སོ། །
གཉའ་གནོན་དང་བཙན་འཕྲོག་དམར་གསོད་དང་འཇིག་བསྐུལ་འདིས་ངའི་ཕུ་ནུ་མིང་སྲང་ཚོའི་རིན་ཐང་བྲལ་བའི་ཚེ་སྲོག་འཕྲོག་སོང་། ང་ཚོས་འདི་ལྟར་ལྟན་མོར་ལྟོས་ནས་འདུག་རྒྱུ་ཡིན་ནམ། ང་ཚོས་འདི་ལྟར་ཉན་རྣ་བྱེད་ནས་འདུག་རྒྱུ་ཡིན་ནམ ། གྲོགས་པོ་རྣམས་པ་ཇི་ལྟར་བྱས་ན་གྲུབ་འབྲས་ཐོན་པའི་བྱ་བ་ཞིག་སྒྲུབ་དགོས་ང་ཚོས །
རྔ་ཡུལ་ནས་མེ་ལྕེ་གཅིག་འཕྲོར་གཅིག་ཏུ་མཆེད་དུས་དྲ་ཐོག་གི་མཆན་བུ་ཚོས་ཤུགས་རིང་རེ་འཐེན་བཞིན་མྱ་ངན་རེ་ཞུ་ཀི་འདུག སྨོན་ལམ་རེའང་རྒྱག་གི་འདུག སེམས་ཤུགས་ཡོད་མདོག་གིས་ག་བྱོས་འདི་བཅོས་ཀྱི་ལམ་སྟོན་རེའང་གནང་གི་འདུག གང་ལྟར་ཚང་མ་སྐྱིད་ཉལ་བྱས་ནས་འུར་རྒྱག་རྒྱུ་ཧ་ཅང་དགའ། དེ་བཞིན་དུ་ཁ་མ་འཁོར་གྱི་སློབ་སྟོན་པ་རྣམས་ལའང་དེ་ཙམ་དགའ་མཉེས་མི་འདུག་པ་ཞིག་ཏུ་གྱུར་སོང་། ཡིན་ནའང་། ད་རེའི་བཀའ་སྤྱི་གཉིས་ཀྱིས་དབུ་འཁྲིད་པའི་ལས་འགུལ་གསར་བ་འདིས་ཉམ་ཆུང་ཆུང་གི་མི་དམངས་བྱིངས་ལ་དོ་སྣང་དང་རེ་བ་གསར་བ་ཞིག་འབུས་མགོ་བརྩམས་ལ་བཀའ་ཡིག་རྒྱུད་བསྒྲོགས་ཁོ་ན་མ་ཡིན་པར་དམངས་ཚོགས་ཀྱི་མགོ་ནས་ལས་འགུལ་གྱི་སྣེ་དྲངས་པ་ཐོག་མ་ལྟ་བུ་ཆགས་ཡོད་དུས་རང་བཞིན་གྱིས་ད་རེའི་འགྲིག་འདུག་བསམ་པ་ཞིག་དྲན་བྱུང་།
ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། སྙིང་རྗེ་ཚེ་འདས་རྣམས། གྲོགས་པོ་ཚོ་སྙིང་ཁོང་གི་ཚིག་ཁ་ཤས་དབང་མེད་ཤོར་སོང་།
དགོན་པ་གང་ཡིན་ཀྱང་དང་ཐོག་མར་འདེབས་མཁན་གྱི་དམིགས་ཡུལ་ནི་ལུང་རྟོགས་ཀྱི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་དང་། ཡང་ན་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་ཉག་གཅིག་རེད་བསམ། དེས་ན་བོད་བརྒྱུད་ནང་བསྟན་ལ་ཤ་ཚ་ཡོད་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་ཕྱིན། ཆོས་དང་ཆབ་སྲིད་ཀྱི་དབྱེ་མཚམས་ལེགས་པར་ཕྱེས་ཏེ་ཆོས་ཕྱོགས་ཀྱི་འགན་མ་ཁུར་པར་འཇིག་རྟེན་གྱི་གྲགས་པ་ཙམ་གྱི་རྗེས་སུ་འབྲིང་ན་བསྟན་བདག་ཤཱཀྱ་ཐུབ་པ་ཐུགས་ཕམ་མི་གནང་ངམ།
གཞན་ཡང་རང་སྲོག་གཅོད་པ་པོའི་ཀུན་སློང་དང་དམིགས་ཡུལ་ཇི་ལྟར་ཡིན་ཀྱང་བཅས་ལྡན་དགེ་སློང་ཞིག་གི་ངོས་ནས་བཤད་ན། རང་སྲོག་བཅད་ན་འདུལ་བའི་བཅས་ཁྲིམས་ལ་འགལ་བ་དང་། སྲོག་ལ་བབས་ཀྱང་དམ་ཚིག་སྲུང་དགོས་པར། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་རབ་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་སོགས་མཐའ་ཡས་པ་གསུངས་ཡོད། དེས་ན་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་རྣམས་ཀྱིས་ངེས་པར་དུ་རྒྱ་ཆེ་ས་ནས་དགོངས་པ་བཞེས་ཏེ་སངས་རྒྱས་ཉག་གཅིག་ཞལ་རས་ལ་བལྟ་བ་ལས་དེང་དུས་ཆབ་སྲིད་པའི་རྩེད་ཆས་སུ་མི་ཤོར་བྱེད་དགོས།
དེས་ན་དགོན་པ་ཁག་ཆབ་སྲིད་ཀྱི་གར་སྟེགས་དང། དགེ་འདུན་གྱི་སྡེ་རྣམས་ཆབ་སྲིད་ཀྱི་ལག་ཆ་ལྟ་བུར་གྱུར་ན། དགོན་པ་དང་དགེ་འདུན་གྱི་སྡེའི་མཚན་ཉིད་ཚང་གི་ཡོད་དམ། སངས་རྒྱས་བསྟན་པ་དམ་ཆོས་འདུལ་བ་ལ་རག་ལུས་པ་དང་། དམ་ཆོས་འདུལ་བ་དགེ་འདུན་གྱི་སྡེ་ལ་རག་ལུས་རྒྱལ་བ་བཀའ་ལུང་མིན་ནམ།
དྲང་གཏམ་ཡིན་པས་འགའ་རེར་ཕོག་ན་དགོངས་དག་ཞུ།
སྟོན་མཇུག་གི་སེམས་ཚོར།
གཅེས་པའི་ལུས་དང་ཁྲག་མདོག་གི་ན་བཟའ་དེ་དག
དུད་སྤྲིན་ནག་པོ་ཞིག་གིས་དབྱིངས་སུ་བཏེགས་པ་དེ
རང་ཉིད་དང་མི་ཡུལ་གྱི་སེམས་པ་འདིར་ཅི་འདྲིའི་མཚུངས་ཨང
མྱ་ངན་ནི་སྡོང་ལོ་རླུང་གིས་གཏོར་བ་དང་འདྲ་ན
སྟོན་མཇུག་གི་དུས་ཚིགས་རིང་མོ་འདིའང
རང་ཉིད་དང་མི་ཡུལ་གྱི་འཚོ་བ་འདིར་ཅི་འདྲིའི་མཚུངས་ཨང
༼མཁས་དབང་དག་མིག་ཆུ་ཡིས་འདས་སོང
དཔའ་རྒོད་དག་རེ་སྒུག་གིས་འདས་སོང་༽བས་ན
ངས་རིགས་མཐུན་ཚོས་ཡང་སྙིང་ཅི་ཞིག་བཙལ་ནས་གང་དུ་འགྲོ་ཨང
*རང་ལུས་མེ་ལྷར་ཕུལ་བའི་རྒྱལ་གཅེས་པ་དག་རེ་རེ་བཞིན་རྔམ་བརྗིད་ཀྱིས་མཆོངས་སྐྱོད་བྱེད་བཞིན་པར་ཡི་རང་གི་སེམས་མཚོན་གདུང་དབྱངས་དང་ད་ལྟ་ནས་དེ་ལྟར་མ་གནང་ན་སྙམ་པའི་སེམས་ཚོར་དུ།
ཉིན་རེ་བཞིན་དཔའ་རྒོད་ཚོས་སྐུ་སྲོག་བློས་བཏང་བའི་གནས་ཚུལ་ཐོས་དུས་ཁྱོད་རྣམས་ཀྱི་སྙིང་སྟོབས་ལ་ཡིད་སྨོན་སྐྱེ་བ་དང་། ཡང་ཉིན་རེ་བཞིན་བོད་མི་མང་པོའི་སྐུ་སྲོག་དེ་ལྟར་མེད་པ་ཆགས་པར་སེམས་སྡུག་སྐྱེ་བཞིན་འདུག ང་ཚོ་བཙན་བྱོལ་དུ་བཞུགས་པ་རྣམས་ནས་ཁོང་ཚོའི་སྙིང་སྟོབས་དེ་འཛམ་གླིང་ལ་དྲིལ་བསྒྲགས་ཤུགས་ཆེ་གནང་མ་ཐུབ་ན་ཁོང་ཚོས་སྐུ་སྲོག་བློས་བཏང་བ་དེ་ནུས་པ་མེད་པ་འདྲ་བོ་ཆགས་ཡོད།
རང་ལུས་རིན་ཆེན་མེ་ལ་སྒྲོན་ནས་ས་ཡ་དྲུག་གི་བདེན་དོན་གླེང་། ཞི་བའི་བདེན་ཚིག་ངག་ནས་གླེང་བཞིན་གཅེས་བའི་ཚེ་སྲོག་དཔའ་བོར་བཤམས། དམར་གཞུང་དྲག་པའི་གོ་མཚོན་འོག་ནས་མགོ་ནག་བོད་མིའི་བདེ་སྡུག་བརྗོད། ཞུམ་པ་མེད་པའི་མི་རིགས་ཤིག་གིས་གངས་རིའི་གཟི་བརྗེད་མཁའ་ལ་བསྒྲེངས།
རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་དང་། གཞིས་བྱེས་བོད་མི་ཀུན་གྱི་འདོད་པ་ནི་བོད་རང་དབང་རང་བཙན་བསྐྱར་གསོ་དང་། གོང་ས་མཆོག་བོད་ནང་གདན་ཞུ་ཡིན་ངེས་པ་ལས། བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་མེར་མཆོད་འབུལ་གྱིན་པ་འདི། ཆོས་དད་རང་དབང་དགོས་པ་དང་། རྔ་བ་རུ་དམ་དྲག་ཆུང་དུ་གཏོང་དགོས་པ་སོགས་ཀྱི་སྐད་ཆ་ཆུང་ཆུང་དེ་ཚོ་གཏན་ནས་མ་རེད།
ཀློག་མཁན་རྣམ་པ། བཙན་དགོན་འདིས་༢༠༠༨ལོར་ཡང་དབའ་རྟགས་བཞག་ཡོད། ༢༠༠༨ལོར་མཚོན་ན་བཙུན་དགོན་འདིའི་བཙུན་་མ་བརྒྱ་ལྷག་དང་རྔ་བ་སྒོ་མང་གི་༢༠༠་ཡས་མས་ཤིག་གིས་
རྔ་བ་རྫོང་ཐོག་ནས་ཁྲོམ་སྐོར་བྱེད་མཁན་འདི་གཉིས་་མ་གཏོགས་ད་བར་བྱུང་མེད།འོན་ཀྱང་རྡ་ས་ནས་
ཀི་ཏིས་བྱས་པ་རྐྱང་རྐྱང་བཤད་པས་དོན་ངོ་མ་ཤེས་མེད། དོན་དངོས་ལ་ཀི་རྟིའི་གྲྭ་བ་༢༠ལྷག་གིས་
རྫོང་ཐོག་ནས་དངོས་སུ་ཁྲོམ་སྐོར་བྱས་པ་མ་་བྱུང་ཡང་རྗེས་མ་ཡོང་བའི་རེ་བ་ཧ་ཅང་ཆེ།
བོད་པ་ཚང་་་་་་་་འདས་པའི་ལོ་རྒྱུས་ཀྱི་བྱུང་རབས་ཁྲོད་བུད་མེད་ཞིག་རང་ལུས་མེ་རུ་སྒྲོན་པ་ཕལ་ཆེར་དང་པོ་ཆགས་ཡོད་་་་་་་་འདིས་དམིགས་ཡུལ་དང་དགོས་འདུན་རེ་བསྙེག་ཡོད་དོ་ཅོག་བོད་མི་ས་ཡ་དྲུག་གི་བཙན་གནོན་གྱིས་མུན་པ་ཉེ་བར་ཞི་བ་དང་བདེ་སྐྱིད་ཀྱི་འོད་སྣང་རང་མུན་འཆར་བའི་ཆེད་རང་སྲོག་གི་འཛམ་གླིང་མི་མང་ལ་བདེན་པའི་དན་རྟགས་བྱས་པ་ལས་་་་་་མི་བྱེ་བྲག་པ་ཞིག་གི་སྐུ་བསོད་དར་བ་དང་གྲོང་བརྡལ་ཆུང་ཆུང་ཞིག་གི་སྐད་གྲགས་ཆེད་མིན་པ་མནོ་བསམ་བྱོས་དང་ལོས་ཤེས་་་དེ་མཚུངས་གདུང་སེམས་མཉམ་བསྐྱེད་བྱེད་མ་ཐུབ་རུང་ཁག་འཁྲི་གཡས་འདོགས་གཡོན་འདོགས་བྱེད་པ་དེས་དངོས་གནས་གཞིས་བཞུགས་བོད་མི་སེམས་ཤུགས་ཆགས་པའི་རྒྱུ་རུ་འགྲོ་མི་སྲིད་པ་མིན་གལ་སྲིད་དེ་ལྟར་བྱུང་ན་ཁྱོད་གཅིག་བུ་མིན་པར་འུ་ཚང་ལ་དཔའ་བོ་ལག་ལྡུམ་ལྟ་བུ་བྱས་ཡོད་པ་མི་མཐོང་ངམ་་་་་་དེས་ན་ནད་གཞི་ལྕི་མོ་འདི་སོ་སོའི་ངོས་ནས་སྨན་སྦྱོར་བྱས་ན་ལ་མོར་དྲག་རྐྱེན་ངེས་པར་འོང་སྲིད།
བོད་མིའི་རང་དབང་ཆེད་སྐུ་སྲོག་དོར་བར་སྙིང་དབུས་ནས་རྒྱབ་སྐྱོར་དང། ཚེ་རབ་ཀུན་དུ་དལ་འབྱོར་མི་ལུས་ཐོབ་པའི་བསྔོ་སྨོན་སྐྱབས་འཇུག་ཞུ་བཞིན་མཆིས།། །།