ཕྱི་ལོ་༢༠༡༤ ཟླ་༤ ཚེས་༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་༢།༣༠ ཙམ་ལ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ། རང་ལོ་༡༩ ཡིན་པ་ཁོང་གིས་མགོ་ལ་བོད་ཀྱི་རྒྱལ་དར་བྲིས་མ་ཞིག་དཀྲིས་ཤིང་ལག་ཏུ་གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ནས་རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ཏེ་རྒྱ་གཞུང་གིས་བོད་ཐོག་བཟུང་བའི་གཏིང་གནག་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་གོམ་བགྲོད་བྱས་འདུག་ཅིང་། སྐར་མ་ཁ་ཤས་ལས་མ་འགོར་བར་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་ཉེན་རྟོག་དམག་མི་རྣམས་ཐོན་ཏེ་ཁོང་བཙན་ཁྲིད་བྱས་ཡོད་ལ། དེའི་རྗེས་ཀྱི་ཁོང་གི་གནས་ཚུལ་དང་། སྐད་འབོད་ཀྱི་ནང་དོན་སོགས་ད་བར་ཤེས་རྟོགས་མ་བྱུང་།
ཁོང་ནི་བོད་མདོ་སྨད་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཕ་ངག་ཆུང་དང་མ་སྒྲོལ་མ་ཆོས་ཁོ་གཉིས་ཀྱི་བུ་ཆུང་བ་ཡིན་པ་དང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་དེང་སྐབས་རྔ་བ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭའི་འཛིན་གྲྭ་དགུ་བ་ཡིན་འདུག ཁོང་ལ་མ་གཅིག་གི་སྤུན་རྒན་པ་གྲྭ་པ་གཉིས་ཡོད་པའི་གཅིག་དེང་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་ཡོད་ལ། གཅིག་རྔ་བ་ཀིརྟི་དགོན་པའི་ནང་དུ་ཡོད་འདུག
དེང་སྐབས་ཀྱི་རྔ་བ་ནི་སྔར་བཞིན་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་བརྒྱ་ཕྲག་མང་པོས་གོམ་པ་གང་གི་རྒྱབ་ལོགས་ན་དྲག་གནོན་བྱེད་ཆོག་ཆོག་གི་གྲ་སྒྲིག་བྱས་ནས་ཡོད་པའི་དམ་དྲག་གི་འོག་ལ་ཡོད་ཅིང་། ནམ་རྒྱུན་ཞི་བའི་མི་མང་ལ་མེ་མདའ་ཁ་གཏད་ནས་ཡོད་པའི་ཉེན་རྟོག་དམག་དཔུང་གི་སྐོར་སྲུང་དང་། བརྙན་ལེན་འཕྲུལ་ཆས་ཧ་ཅང་མང་པོས་ག་ས་གང་དུ་ཁེབ་པར་བྱས་པའི་གནས་སྟངས་ཧ་ཅང་སྡུག་པོ་ཞིག་གི་འོག་ལ་ཡོད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༤ ཟླ་༤ ཚེས་༢༦ ལ།
དཔའ་བོ་ལགས་དཔའ་ཁེར་རྒྱུག། བློ་བཟང་བསྟན་པ་ལགས། ཁྱོད་ལ་ཕྱིར་ཐུག་ཞིག་ཡོད་འགྲོ་བསམ་པར་དགའ་བ་ཙམ་ལས། ངས་ཁྱེད་ཀྱི་ལུས་སྟེང་ལ་འབབ་རྒྱུའི་བཙོན་ལས་དང་། སེམས་ཐོག་ལ་འཇོག་རྒྱུའི་མནར་གཅོད་བསམ་ན། ཉིན་གཅིག་གི་སྔ་ཕྱི་བརྩད་ནས་ཁྱོད་ཅིག་སྐྱོབས་ན་འདོད། ངའི་ནུས་བ་ནི་ཆོལ་གསུམ་གྱི་ནུས་བ་ཡིན་པས། ཕམ་ཁ་ལས་རྒྱལ་ཁ་ཞིག་མགྱོགས་པོར་མ་ཤར་ན། ཁྱོས་རང་ལུས་ལ་བདག་པོ་ཡག་པོ་རྒྱོབ་རོགས་ཞུ། ངའི་མགོའི་ཞྭ་ཕུད་ནས་ས་ལ་བཞག་ཡོད། བུ་དཔའ་བོ། ངའི་བླ་མ་དང་གྲྭ་བའི་སྡེ།
དཔའ་མཛངས་ལྡན་པའི་ཕོ་རྒོད་བློ་བཟང་བསྟན་པ་ལགས་ཀྱི་སྐུ་ཚེའི་ཞབས་པད་བརྟན་ཅིང་ཐུགས་ཀྱིས་བཞེད་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་ཤོག དཔའ་བོ་ཟེར་ན་འདི་འདྲ་ལ་ཟེར་དགོས་རེད། བསྟོད་བསྔགས་གྱི་མེ་ཏོག་གི་ཆར་བ་ནམ་ཡང་འབབ་པར་ངེས་སོ།།
ཨ་ཁུ་ལོ་ལོ་གཉིས་ཀ ད་བསྟོད་ཁུལ་བྱེད་ཞོར་སྤུན་ཟླ་ཚོ་སྔོན་ལ་ཅིག་འདེད་ཀི་མ་འདུག
ཡང་ཚར་སོང་བ་རེད་རྗེས་སུ་བདེ་ཐང་ངང་རང་དབང་ཐོབ་པར་ཤོག།
རང་དབང་ཞིག་རྩོད་ན་འཇམ་ཐང་ངེ་བསྡད་ན་ནམ་ཡང་ཐོབ་རྒྱུ་མ་རེད། ཞི་བའི་གོམ་བགྲོད་དང་ཟས་བཅད་ངོ་རྒོད་སོགས་ངེས་པར་དུ་བྱེད་དགོས་པ་ལགས། ངས་དུས་ནམ་ཡང་རང་བསྲེགས་གཏོང་མཁན་ཚོར་ཡི་རང་བྱེད་ཀྱིན་མེད། གང་ཡིན་ཅེས་ན་རང་དབང་རྩོད་པ་ལ་རང་ཉིད་འཚོ་བར་བྱས་ཏེ་རྩོད་རྒྱུ་དེ་གལ་ཆེན་རེད། གཞན་གྱིས་བསད་ན་དེར་ཐབས་ཤེས་གཞན་གང་ཡང་ཡོད་པ་མ་རེད། གང་ལྟར་ང་ཚོ་ཚང་མ་ནམ་ཞིག་ཤི་དགོས་པ་རེད།།
གྲ་ཕྲུག་དེས་ངོ་རྒོལ་བྱེད་སྟངས་དེ་ངོ་མ་འདྲ་སེ་བྱུང་ལ་ཁྱེད་ལ་རྗེས་སུ་ཡིད་རངས་ཞུ་ཡག་མ་ཚད་གདུང་སེམས་མཉམ་སྐྱེད་ངང་སེམས་པ་ཁྱེད་ཀྱི་འགྲམ་དུ་ཡོད། དེ་མིན་མེར་སྲེག་གཏང་ཡག་དེ་ནི་རྩ་བ་ནས་མི་ཡོང་བའི་སྨོན་ལམ་རྒྱབ་བཞིན་ཡོད།
ཀརྨ་རྡོ་རྗེ།
༢༠༡༤/༠༤/༢༧ ཉིན་འདོན་སྤེལ་བྱས། ལས་འགུལ་འདི་གཉིས་སྨན་དབུ་མའི་ལམ་གྱི་གྲོས་མོལ་བར་ཆད་བྱེད་སྲིད་པ་རེད། བྱུང་ན་གནས་ཚུལ་འདི་རིགས་མ་ལྷག་ན་ཡག་ག་ཡོད་རེད། འོནད་ཀྱང་། རང་ལུས་མེར་སྲེག་མ་བཏང་བར་ལས་འགུལ་འདི་ལྟ་བུ་བྱས་ནས་བཙོལ་ལ་། འགྲོ་ན་སྤྱི་དོན་ལ་ཕན་ཐོགས་ཆེན་པོ་འོངས་ངེས་རེད།
དུས་བབ་ནས།