ཤར་ཕྱོགས་ཁུག་རྟ།
ཉེ་སྔོན་སྤྱི་ཚོགས་དང་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེན་བྱུང་བའི་གནད་དོན་ཞིག་ནི། ཨ་རིའི་དོན་ཁང་གིས་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་སྒྲིག་བཤམས་ཞུ་ཕྱོགས་སྐོར་ཡིན་པ་ལྟར། དེའི་ཐད་སྲིད་སྐྱོང་ནས་གྲོས་ཚོགས་ནང་ལན་གསལ་ཐེབས་མེད་ཁར། ཞེ་ས་མ་ཞུས་ན་དོན་གཅོད་སྤྱན་བསལ་དབུ་དཀར་ཚང་སྐལ་རྡོར་ནས་གྱ་ཚོམ་གྱིས་བྱས་པ་ཡིན་སྐོར་གསུང་དགོས་ཐུག་ཡོད།
སྐུ་པར་སྒྲིག་བཤམས་ཀྱི་རྣམ་འགྱུར་འདི་ནི་གནད་དོན་ཆུང་ཙག་ཅིག་གཏན་ནས་མིན་སྟེ། འདིས་ནི་གལ་སྲིད་བོད་མི་ཕྱེད་ཀ་དག་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་དབང་ལུང་ཁྱབ་བསྒྱུར་བྱས་པ་ཡིན་ན། མ་འོངས་པར་བོད་ཀྱི་གནས་སྟངས་གང་དུ་འགྱུར་མིན་ཐད་སེམས་འཚབ་ཡོང་གཞིའི་རྟགས་མཚན་གསལ་བོ་བསྟན་པ་དེ་རེད། སེམས་འཚབ་འདི་བོད་ཕྱི་ནང་གི་ཡིད་ཆེས་དང་ཕན་ཚུན་བློ་གཏོད་རེས་ཀྱི་འབྲེལ་བར་འགལ་རྐྱེན་ཡོང་གཞི་ཞིག་ཏུ་འགྱུར་སྲིད་ནའང། དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་གི་དགོས་མཁོ་གལ་ཆེན་ཞིག་ཆགས་ངེས།
དེ་ནི་གཞན་གང་ཡང་མིན་ཏེ། བོད་ནང་གི་བོད་མི་ཚོར་ཕྱི་རྒྱལ་དུ་བོད་དང་བོད་ཀྱི་ཁྱད་ནོར་སོགས་ལ་རྒྱུས་མངའ་ཕྲན་བུ་ཙམ་ཡང་མེད་མཁན་བོད་མི་ཕྱེད་ཀ་ཁ་ཅིག་གིས་བོད་ཀྱི་བླ་བཙོང་གི་ཡོད་གནས་ར་སྤྲོད་བྱེད་ངེས་པ་དེ་རེད། ཕུགས་རྒྱང་རིང་བོའི་འགལ་རྐྱེན་དེ་ལ་དགོངས་ནས་གྲོས་ཚོགས་ནང་དུའང་གླེང་སློང་ཤུགས་ཆེན་གནང་བ་རེད། དེ་དང་འབྲེལ་ནས་ཉེ་བའི་ལོ་གཉིས་གསུམ་རིང་བོད་ནས་བཙན་བྱོལ་དུ་ཕེབས་མཁན་རྦད་དེ་རྩ་བརླག་ཏུ་འགྲོ་བའི་གནད་དོན་ཀྱང་མཉམ་དུ་གླེང་ཡོད།
འོན་ཀྱང་ཐབས་སྐྱོ་བོ་ཞིག་ནི། གྲོས་ཚོགས་ནང་གི་འཐུས་མི་སུ་དང་སུས་གནད་དོན་འདི་དང་དམ་སྲི་དོལ་རྒྱལ་རྗེས་འབྲངས་པའི་སྐོར་ཚིག་གཅིག་མ་གསུངས་པ་དེ་རེད། ཁོང་ཚོ་ནི་སུ་དང་སུ་རེད། ཁོང་ཚོས་ཅིའི་ཕྱིར་ཚིག་གཅིག་མ་གསུངས་པ་རེད།
དེ་རིང་དོན་གཅོད་སྐལ་རྡོར་གྱིས་གླེང་སློང་དེ་དག་ལ་བརྟེན་ནས་སྲིད་སྐྱོང་གི་པར་དེའི་ཚབ་༸གོང་ས་ཆེན་པོའི་སྐུ་པར་བཀལ་འདུག་པ་མ་ཟད། ཡབ་གཞིས་ཨ་མ་རྗེ་བཙུན་པདྨ་གཏན་ཞལ་ལྷན་རྒྱས་མཉམ་སྐུ་པར་བཏབས་ཏེ་དྲ་ཐོག་ཏུའང་བཞག་འདུག དོན་དངོས་སུ་མི་འདི་དག་གིས་རྩེད་མོ་ག་རེ་རྩེད་ཀྱི་ཡོད་པ་རེད་དམ།
༢༠༡༤། ༡༠། ༡༢། ཉིན།། གཟའ་ཉི་མའི་ཉིན།།
ཤར་ཁུག་ཁྱོད་ཀྱིས་ད་སྔ་ཡང་ཆོ་མེད་སྐད་ཆ་རྐྱང་རྐྱང་གིས་དུས་འདས་པ་རེད། ད་དུང་ཡང་ཡར་རྒྱས་སྣེ་གཅིག་མེད་པར་སྲིད་སྐྱོང་ལ་གཞི་མེད་བསྙོན་འཛུགས་ཁོ་ན་བཤད་བསྡད་ན་ཕན་པ་མེད་ཆོ་མེད་སྐད་ཆ་མ་ཤོད་རོགས་སྐུ་མཁྱེན་ལབ་ཡོད་ད། ད་མགོ་ན་ཡོང་གི་འདུག
འགྱུར་བ་ཞིག་མིན་ན། དགེ་དབང་ཞིག་ཡིན་སྲིད། ག་རེ་ཡིན་མིན་ཞུ་ཚོད་ཐུག་མ་སོང་། པར་དེ་གཉིས་ལ་ཡང་ལྟ་ཞིག་བྱེད་ཀི་ཡིན།
དེ་མགོ་ན་བའི་སྐད་ཆ་ཞིག་མ་རེད། གནད་དོན་འདི་རྣམ་དཔྱོད་ཅན་ཤར་ཁུག་མ་གཏོགས་སུ་གང་གིས་ཀྱང་གླེང་མ་ཐུབ་པའི་དོན་གནད་ཅིག་རེད། བློ་བཟང་སེང་གེxxxསྐུ་མདུན་གྱི་སྐུ་པར་གྱི་ཚབ་ཏུ་ཁོ་རང་གི་པར་བཞག་དགོས་པའི་གོ་རྒྱུ་བཏང་པ་ན། xxདེ་ཚོས་ལགས་སོ་་་དེ་དེ་བཞིན་ནོ་ཞེས་ཞུས་པའི་གནས་ཚུལ་དེ་རེད་་་ངོ་ཚ་རྒྱུ་ཨེ་འདུག་ལྟོས་དང་་་་
རྒྱ་གར་གྱི་གཞུང་ཚབ་ཁང་ཀུན་ལ་སྲིད་འཛིན་དང་སྲིད་བློན་གྱི་སྐུ་པར་ལྷན་དུ་གན་དྷིའི་སྐུ་པར་བཀལ་ཡོད་པ་ལྟར། སྲིད་སྐྱོང་གི་འདྲ་པར་གོང་དུ། ༸གོང་ས་མཆོག་གི༸སྐུ་པར་ཞིག་ཁ་བཏགས་དང་བཅས་ངེས་པར་དུ་བསྒྲོན་དགོས་སྙམ་ལགས།
རྣམ་དཔྱོད་ཅན་ཁུག་རྟ་ཨེ། ཁོའི་རྣམ་དཔྱོད་རྐུབ་ནང་གཏད་མེད་ན་དར་དམར་མགོ་ལ་འཁུར་ནས་སེངྒེའི་རྐུབ་བསྔོགས་ཨེ་ཐུབ་ཀྱིས་མི་ཚེ་ཅིའི་ཕྱིར་བསྐྱལ་བསྡད་པ་རེད།
རྣམ་དཔྱོད་ཅན་ཀྱིས་གནད་འགག་ཞིག་གསུངས་འདུག
དོན་དང་སྲིད་གཉིས་ཧམ་པ་ཆེ་དྲགས་མི་འདུག་གས།
བློ་སེང་xxxxདངོས་གནས་ཧམ་པ་ཚ་དྲག་རེད་བསམ། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཡོད་དུས་སུ་རང་ཉིད་བོད་སྤྱི་འབངས་ཡོངས་ཀྱི་མངའ་བདག་ཡིན་མདོག་བྱེད་གི་ཡོད་རེད། མི་འདི་དག་གིས་༧་གོང་ས་མཆོག་འཚོ་བཞུགས་གི་སྐབས་སུ་འདི་འདྲིའི་ངོ་ཚ་མེད་པའི་ལས་ཀ་བྱེད་ཐུབ་པས། རྗེས་མ་གོང་ས་མཆོག་སྐུ་མ་བཞུགས་པའི་ཉིན་དེ་ལ། འདི་ཚོའི་ག་རེ་ཡིན་ཡང་ལས་སྲིད་ཀྱི་རེད་བསམ།xxxxx ཡིན་ཡང་། བློ་སེང་ལ་གསལ་ཁ་ཞིག་བྱེད་རྒྱུ་ཡོད་པ་ནི་འདི་ལྟ་སྟེ། བོད་མི་ས་ཡ་དྲུག་གི་ཁོག་གི་སྙིང་དང་ཐོད་ཀྱི་མིག་ནི་༧གོང་ས་མཆོག་ཡིན་པ་ལས་བློ་སེང་ཁོང་མིན་པས་ན། བློ་སེང་ཁོང་གི་རང་ཉིད་ཀྱི་པར་བོད་གཞུང་གི་ཁོངས་སུ་གཏོགས་པའི་དོན་གཅོད་ནང་དུ་བཤམས་པའི་ཐོབ་ཐང་ཡོད་པ་མ་རེད། བློ་སེང་ལ་སྲིད་སྐྱོང་ཞེས་མིང་གི་འབོད་སྟངས་ཅུང་ཙམ་མ་གཅིག་པ་ལས། དོན་དངོས་ཐོག་ཁོང་དང་བཀའ་ཟུར་སྔོན་མ་དག་གི་དབང་དང་འགན་གཅིག་པ་xxxxxxསྙམ། ད་དུང་བློ་སེང་ཁོང་བཀའ་ཁྲི་ལངས་པ་ནས་ད་བར་ཏུ་ཡང་རང་ཉིད་ཀྱི་དེང་ཐོག་མཁས་ལེན་དམ་བཅའ་འམ་ཡང་ན། ཐ་སྙད་ཆེན་པོ་བེད་སྤྱོད་བྱས་ཏེ་རྫིག་རྫིག་བྱས་པའི་དོན་སྣ་གཅིག་ཀྱང་དོན་ཐོག་ལ་སོང་མེད་པས་ན། ཁྱོད་ལ་ཁྱོད་རང་གི་པར་དོན་གཅོད་ནང་འམ་རང་ཐང་ཀའི་ནང་ལ་འཇོག་པའི་ཐོབ་ཐང་དང་ལག་རྗེས་ཅི་ཡང་མེད་པའི་སོ།
ཤར་ཕྱོགས་ཁུག་རྟས་སྲིད་དོན་ཐད་རང་ནུས་ཀྱི་དཔྱད་ཞིབ་མ་བྱས་བསམ་པ་མེད།ཐེངས་འདིར་ཡང་འདི་འདྲའི་བསམ་ཚུལ་དང་དོགས་སློང་བྱས་པ་ཡག་པོར་མཐོང་སོང་། ཚང་མས་དཔྱད་བསྡུར་བྱས་ན་ཁེ་ལས་ཅུང་མི་འདུག་སྙམ།
གོང་གི་གནས་ཚུལ་འདི་དངོས་ནས་རེད། དགའ་མི་དགའ་ཡི་སྐད་ཆ་མ་རེད།
འདི་ལྟར་བོད་མི་ནང་ཁུལ་གྱི་གནད་འགག་ཁག་ཅིག་ལ་ཞིབ་འཇུག་ནན་མོ་གཏོང་མཁན་ནི་ཤར་ཁུག་དང་ཀླུ་མཁར་བྱམས་མ་གཏོགས་ཧ་ཅང་དཀོན་པོ་རེད། བོད་པའི་ནང་ཁུལ་ལ་སྐྱོན་བརྗོད་དང་གཙང་བཟོ་བྱེད་དགོས་པ་དེ་དངོས་གནས་གནད་འགག་ཅིག་རེད་བསམ་གི མི་ཁ་ཤས་ཀྱིས་ཤར་ཁུག་གིས་བྲིས་པར་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་གང་ཟག་སྒེར་ལ་གཞི་མེད་བསྙོན་འཛུགས་བྱས་པ་དེ་ནི་ཡ་མཚར་དགོས་པ་ཞིག་སྟེ་ཨ་རིའི་དོན་གཅོད་ཁང་དུ༸གོང་ས་མཆོག་གི་སྐུ་པར་ལས་སྲིད་སྐྱོང་གི་པར་བཀལ་ན་འོས་བར་འདོད་མཁན་ཞིག་ཏུ་མཐོང་། སྤྱིར་སྲིད་སྐྱོང་ལས ༸གོང་ས་མཆོག་གི་སྐུ་པར་རིན་པོ་ཆེ་དོན་གཅོད་དུ་བཀལ་ན་ཀུན་གྱིས་བལྟས་ཀྱང་མཐོང་སྣང་དོད་ལ་གཟི་བྱིན་ཡང་ཆེ་བ་ཞིག་མ་ཡིན་ནམ།
ཤར་ཁུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། བོད་མི་ཕྱེད་ཀ་དང་ན་ཟུག་ཅི་ཡང་མེད་པའི་ར་མ་ལུག་འདི་ཚོས་༧ གོང་ས་མཆོག་གི་སྐུ་པར་མར་ཕབས་ནས་དོན་ཅི་ཞིག་བྱེད་འདོད་རེད།
སྤྲེལ་ལད་ངོ་དགའ་འཁྲབ་སྟོན་ལ་དགའ་བའི་མི་རིགས་ལ་མཇུག་འབྲས་དེ་ལས་གཞན་ཅི་ཞིག་ཡོད།
རྒྱལ་བ་རིན་པོ་ཆེས་བོད་གངས་ཅན་པའི་ཆོས་སྲིད་ཀྱི་དབང་ཆའི་འགན་ཁུར་ཡོངས་རྫོགས་བློ་བཟང་སེངྒེ་ལ་གཏད་ཚར་བ་རེད། རིང་ནས་སྙིང་དུ་འཆང་བའི་དོན་འབྲས་ཡིན་གསུངས་ནས་དམངས་གཙོའི་དབུ་ཁྲིད་ཅིག་གདམས་པ་རེད། དེས་ན་སྲིད་སྐྱོང་གི་སྐུ་དཔར་བཤད་པ་བཤམས་འོས་པ་རེད། དཔེར་ན་ཨ་མི་རི་ཀར་དོན་གཅོད་ཁང་དུ་ཨོ་བྷ་མའི་དཔར་བཤམས་པ་ལས་ཡེ་ཤུའི་དབུ་ཁྲིད་པའི་དཔར་བཤད་མེད་པས་བོད་མི་ཚོས་རྩོད་པ་མེད་པར་རྩོད་པ་རྒྱག་ན་རང་སྡུག་རེད། དཀྲུག་ཤིང་དང་ནང་རལ་རེད། རྨོངས་པ་ཕལ་ཆེར་གཟུགས་བརྙེན་འབྲི་ཤིང་སྒོམ། །དངོས་སུ་བཞུགས་ལ་རིམ་འགྲོ་རྒྱུ་བ་མེད།།གནས་ལུགས་སྒོམ་ཟེར་བླ་མའི་ཐུགས་མི་ཤེས།།གསུངས་པ་དེ་མིན་ནམ།
བཙན་བྱོལ་དུ་ཡོད་པའི་བོད་མི་མང་ཆེ་བ་བོད་མི་ཕྱེད་ཀ་ཨེ་རེད།
བོད་ཀྱི་ཡི་གེ་བ་ཡིན་པར་རློམ་པའི་མི་རྣམས་ཀྱིས་དོན་གནད་ཆུང་ཙག་རིགས་གནད་དོན་ཆེན་པོར་བསྒྱུར་ཐབས་དང་། དེ་བཞིན་སྒེར་འཁོན་ཞེ་གནད་ལ་བརྟེན་ནས་༧གོང་ས་མཆོག་དང་དེ་བཞིན་བླ་ཆེན་མི་ཆེན་རྣམས་བེད་སྤྱོད་ལོགས་པར་གཏོང་སྟེ་སྤྱི་ཚོགས་ཁ་འཐོར་དང་རྙོག་དྲ་ཡོང་ཐབས་བྱེད་ཀྱི་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། སྤྱིར་༧གོང་ས་མཆོག་གི་སྐུར་པར་བཤམ་མིན་ཐད་དེ་ཙམ་གལ་ཆེན་ཞིག་མིན། གཙོ་བོ་ལས་དོན་འཐུས་ཤོར་མེད་པར་རྒྱལ་བའི་དཀའ་དགོངས་བཞིན་བསྒྲུབས་རྒྱུ་དེ་རེད། ཉེ་བའི་ལོ་སྔོན་ནས་༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་བོད་མི་དམངས་ཀྱིས་འདེམས་པའི་སྲིད་སྐྱོང་ལ་ཕུལ་ཚར་དུས་དོན་དངོས་བྱས་ན་སྲིད་སྐྱོང་གི་སྐུ་པར་བཞག་ན་དོན་མཐུན་ལྟ་བུ་ཞིག་རེད། གལ་ཏེ་དོན་གཅོད་ཁང་ཆོས་ལུགས་དང་དེ་བཞིན་དགའ་ལྡན་ཕོ་བྲང་གི་ལས་དོན་གཅིག་པུ་ཙམ་ཡིན་ན་༧གོང་ས་མཆོག་གི་སྐུ་པར་བཤམ་ལོས་དགོས། འདི་ནི་སྐུ་པར་བཤམ་དང་མ་བཤམ་ལ་དེ་ཙམ་གལ་ཆེན་ཞིག་མེད། སྤྱི་འཐུས་གྲོས་ཚོགས་ནང་དུ་བོད་ཀྱི་གནས་སྟངས་དང་དེ་བཞིན་ཆབ་སྲིད་ཀྱི་ལས་དོན་གལ་ཆེན་རིགས་གླེང་རྒྱུ་ཟུར་དུ་བཞག་ནས་གོང་ས་མཆོག་གི་སྐུ་པར་བཤམ་མིན་ཐད་རྩོད་པ་རྒྱབ་ནས་དུས་ཚོད་བཏང་ཡོད། ད་དུང་ཤར་ཕྱོགས་ཁུག་རྟས་རྒྱ་ནག་གི་སྐར་ལྔའི་དར་དམར་གནམ་ལ་ཕྱར་ནས་དྲན་མི་ཕོད་པའི་བྱ་སྤྱོད་འདི་རིགས་ཀྱིས་བོད་ཕྱི་ནང་གཉིས་བར་འགལ་རྐྱེན་དང་སེམས་ཤུགས་ལ་དོ་ཕོག་མེད་ན་ལས་ཁུངས་གཅིག་ནང་༧གོང་ས་མཆོག་གི་སྐུ་པར་བཤམ་མིན་དང་ཆེ་ཆུང་སོགས་ཀྱིས་དོན་གནད་ཚབ་ཆེན་ཞིག་མིན་པར་གསལ་པོ་རེད། ད་དུང་བོད་མི་ཕྱེད་ཀ་ཞེས་བཤད་འདུག དེས་ན་ཕྱིར་ལོག་ཏུ་ཡོད་པའི་བཙན་བྱོལ་བོད་མི་མང་ཆེ་བ་བོད་མི་ཕྱེད་ཀ་བརྩི་དགོས་པ་ཨེ་རེད། སྐད་ཆ་འདི་རིགས་ཀྱིས་བོད་ཕྱི་ནང་དང་དེ་བཞིན་བོད་ཀྱི་ཆིག་སྒྲིལ་ལ་གནོད་པའི་སྐད་ཆ་རྫོབ་ཆེན་ཞིག་ཡིན་ལ། བསམ་བློ་རྣལ་དུ་ཕབ་ནས་སྐད་ཆ་ཤོད། སྐད་ཆ་འདི་རིགས་ནི་རྒྱ་དམར་ལ་དགོས་པའི་སྐད་ཆ་དེ་རེད།
གྲོས་ཚོགས་ནང་གི་འཐུས་མི་སུ་དང་སུས་གནད་དོན་འདི་དང་དམ་སྲི་དོལ་རྒྱལ་རྗེས་འབྲངས་པའི་སྐོར་ཚིག་གཅིག་མ་གསུངས་པ་དེ་རེད། ཁོང་ཚོ་ནི་སུ་དང་སུ་རེད། ཁོང་ཚོས་ཅིའི་ཕྱིར་ཚིག་གཅིག་མ་གསུངས་པ་རེད།
ཤར་ཁུག་གི་ཡག་པོ་གསུངས་འདུག བློ་སེང་འདི་བོད་པའི་ཆོས་དང་རིག་གཞུང་གང་ཡང་མ་ཤེས་མཁན་གཅིག་རེད། ༧ གོང་ས་མཆོག་ཆོས་ཕྱོགས་བཤད་ན། བོད་པའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་འཇིག་རྟེན་ཐོག་ནས་བཤད་ན། གཉན་ཕྲངས་ཅན་གྱི་དུས་ཚོད་འདིར་ཁོང་ལས་བཀའ་དྲིན་ཆེ་བ་སུ་ཡོད། དེ་འདྲའི་སྐུ་དཔར་དང་ཁ་སང་ཁ་ཉིན་སྲིད་སྐྱོང་འཁོད་པ་རང་བཙན་ལག་དེབ་ཀྱང་ཁུངས་བསྐྱོལ་བ་འབུལ་མ་ཐུབ་པའི་དཔར་འདི་གཉིས་མཉམ་དུ་བཞག་པ་དེ་ཡང་ནོར་འཕྲུལ་རེད།
ང་པད་མ་ལགས་ཀྱིས་གསུང་ལ་རྒྱབ་སྐྱོར་ཡོད། སྲིད་རྐྱང་པ་ཡིན་པའི་གཞུང་དེའི་སྲིད་འཛིན་ལས་བླ་མ་གཞན་གྱི་སྐུ་པར་འགེལ་མི་རུང་། གལ་ཏེ་བླ་མའི་ངོ་བོའི་ཐོག་ནས་འགེལ་དགོས་ན། འོ་ན། རྒྱལ་བ་རིན་པོ་ཆེ། ༧རྒྱལ་དབང་ཀརྨ་པ། ས་སྐྱ་གོང་མ་རིན་པོ་ཆེ། སྟག་ལུང་བརྩེ་སྤྲུལ་རིན་པོ་ཆེ། དགེ་ལྡན་ཁྲི་པ། བོན་གྱི་དབུ་འཛིན་སྨན་རི་ཁྲི་འཛིན་མཆོག་གི་སྐུ་པར་ཡང་བཀལ་འོས། ཁོང་རྣམས་ཡང་གངས་ལྗོངས་ཀྱི་བསྟན་པའི་བདག་པོ་འདྲ་འདྲ་ཡིན་པ་ལས། ཅིའི་ཕྱིར་རྒྱལ་བ་རིན་པོ་ཆེ་གཅིག་པུ་འགེལ་དགོས་སམ།
སྲིད་སྐྱོང་གི་འདྲ་པར་གོང་དུ། ༸གོང་ས་མཆོག་གི༸སྐུ་པར་ཞིག་ཁ་བཏགས་དང་བཅས་ངེས་པར་དུ་བསྒྲོན་དགོས་སྙམ་ལགས།
ཤར་ཕྱོགས་ཁུག་རྟར་དད་པ་རྡོ་རྗེ་ཡིན། དད་པ་རྡོ་རྗེ་ང་ཡི་རང་དབང་རེད།
པདྨ་ལགས་་་་བསམ་བློ་ཡག་པོ་ཞིག་ཐོངས་དང་་་་རྗེ་བཙུན་པདྨ་ཕེབས་སྐབས་གོང་ས་མཆོག་གི་པར་བཤམས་་་་མེད་ན་བློ་བཟང་སེང་གེའི་པར་བཤམས་དགོས་དོན་ཅི་རེད་་་སྤྱིར་བཏང་སྲིད་སྐྱོང་གི་པར་བཤམས་ན་མ་འགྲིག་པ་མི་འདུག་་་འོན་ཀྱང་པར་དེ་འདི་ལྟར་བརྗེ་བསྒྱུར་བྱས་ནས་ཅི་ཞིག་བྱེད་ཀྱིན་ཡོད་པ་རེད་་་ཅིའི་ཕྱིར་བརྗེ་དགོས་པ་རེད་་་་ལས་ཀ་འདི་ལྟར་བྱས་ན་ཡག་པོ་མཐོང་གི་ཡོད་དམ་་་་རྗེ་བཙུན་པདྨ་ཕེབས་སྐབས་༸གོང་ས་མཆོག་གི་པར་དང་མེད་ན་སྲིད་སྐྱོང་གི་པར་བཤམས་དགོས་དོན་ཡོད་པ་མ་རེད་་་་་སྲིད་སྐྱོང་གི་པར་བཤམས་ན་རྗེ་བཙུན་པདྨས་བཤམས་མི་ཆོག་ཅེས་དགག་གི་མ་རེད་་་་འདི་དག་འུ་ཚང་གི་ལས་ཀ་བྱེད་སྟངས་ཀྱི་ཟུར་ཞིག་རེད་་་་་འདི་ལ་བསམ་བློ་གཏོང་ས་མང་པོ་འདུག་་་་
གནད་དོན་འདིའི་ཐད་སྐབས་ ༡༥ གྲོས་ཚོགས་ཚོགས་དུས་༨ ཉིན་བཅུ་པའི་བརྙན་འཕྲིན་ཁ་བརྡར་བཀོད་པའི་གྲོས་ཚོགས་རྭ་བའི་རྣམ་པ་ནི་དད་གཙོ་སྨྲ་བ་རིང་ལུགས་པ་ཚོས་རྨོངས་དད་འཐབ་རྩོད་བྱེད་པའི་ལམ་ལུགས་འོག། བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་མུག་ཤི་ཐེབས་གྲབས་ཀྱི་ཀྱོག་མཚམས་འདིར། ལོ་རྒྱུས་རང་བཞིན་ལྡན་པའི་ཆབ་སྲིད་བགྲེས་ཡོལ་ལ་ཕེབས་ཏེས། སྲིད་འགན་ཡོངས་རྫོགས་དམངས་གཙོ་རང་བཞིན་ལྡན་པའི་ལམ་ལུགས་ལག་བསྟར་འོག། མི་དམངས་ཀྱི་གདམས་ཐོན་བྱུང་བའི་སྲིད་སྐྱོང་སེངྒེ་ཚང་འདི་བོད་མི་རིགས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་དབུ་འཁྲིད་ཞིག་ཆགས་ཡོད་ཀྱང་། གྲོས་ཚོགས་ཀྱི་གཡས་ཐལ་གཡོོན་ཐལ་ཅན་གྱི་ཤོག་ཁག་དང་། གྲོས་ཚོགས་དཀྱིལ་འཁོར་རྭ་བ་ནས་བྱང་ཨ་རི་དོན་གཅོད་ལ་མ་བརྐོས་པའི་ནད་རྙིང་རྩོད་མཁན་ཤོག་ཁག་ཁྱུ་གཅིག་གིས་སྐུ་དཔར་ལ་ཁག་འདོགས་ཀྱི་ལག་ཆ་བརྒྱུད། བོད་མི་རིགས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་དབུ་འཁྲིད་ཀྱི་ཆེ་མཐོང་དང་གུས་བརྩི་ཡོངས་སུ་དོར་ནས་ངོ་རྒོལ་བྱེད་སྟངས་འདི། ཁོ་པ་ཚོས་བོད་མི་དམངས་དང་དམངས་གཙོའི་ལམ་ལུགས་ལ་བརྩི་མཐོང་དང་གདེང་འཇོག་ཇི་ཙམ་ཡོད་མེད་དང་རྗེས་ཕྱོགས་སྲིད་ཇུས་ཇི་ལྟར་འཛིན་གྱི་ཡོད་མེད་གསལ་པོར་རྟོགས་ཐུབ། སྐབས་འཕྲལ་དེར་གླེང་བསློང་གང་ཙམ་བྱས་ཡོད། འོན་ཀྱང་སྐབས་དེར་ཁུག་རྟ་ཁོ་མགོ་ག་པར་བརྒྱུད་བསྡད་པ་ཡིན་ནམ་མཐོང་མཐོང་རིག་རིག་མ་བྱུང་། དེ་རིང་ཁོས་གློ་བུར་ཐོལ་རྒྱག་བོད་མི་རིགས་ཀྱི་ལོ་རྒྱུས་རང་བཞིན་དང་ཚབ་མཚོན་རང་བཞིན་ལྡན་པའི་དབུ་འཁྲིད་ལ་བོད་མི་ཕྱེད་ཀ་ཡིན་ཚུལ་དང་། ཐད་བརྐོས་དོན་གཅོད་དབུ་དཀར་ཚང་སྤྱན་གསལ་ཡིན་ཚུལ་གྱིས་གངས་སྐྱིད་ཀྱི་དཀྱིལ་འཁོར་ལས་གནས་དབྱུངས་བཏང་བས་ཁོའི་ནད་གཞི་དྲག་སྐྱེད་མེད་མཁར་ནད་ལོག་བརྒྱབ་མེད་ན་ཅི་རེད། འོ་ན་སྲིད་སྐྱོང་དང་བཙན་བྱོལ་ནས་ཚར་ལོང་བྱུང་བ་རྣམས་བོད་མི་ཕྱེད་ཀ་ཡིན་ན་ཁོ་པ་རྒྱ་མི་ཕྱེད་ཀ་མིན་པའི་རྒྱུ་མཚན་ཡང་དག་ཞིག་བཤད་རྒྱུ་ཨེ་ཡོད། མིན་ན་དར་དམར་འཁྱེར་ནས་བཙན་བྱོལ་ལ་ཐོ་ཆོམས་རྒྱག་དོན་ཅི་རེད།
འཛམ་གླིང་ཐོག་རྒྱལ་ཁབ་གང་ཡིན་ཡང་གྲོས་ཚོགས་ཁང་དང་གཞུང་ལས་སོགས་ཀྱི་ནང་དུ་ལས་ཐོག་སྲིད་འཛིན་ག་རེ་ཡིན་ན་དེའི་སྐུ་དཔར་སྒྲིག་བཤམས་བྱེད་དགོས་པ་ལས། སྲིད་ཟུར་སྐུ་དཔར་བཤམས་སྲོལ་མེད། ཤར་ཁུག་སོགས་དྲ་འབུ་ལོང་བ་འདི་ཚོའི་དེ་དག་ག་ལ་མཐོང་ཐུབ། གོང་ས་མཆོག་གི་ཡིག་ངག་གཉིས་ཐོག་ནས་སྲིད་དབང་ཡོངས་རྫོག་མི་མང་གི་འོས་འདེམས་བྱས་པ་དེ་ལ་སྤྲོད་ཀྱི་ཡིན་གསུང་ཡོད། མི་མང་ནས་འདེམས་ཐོན་བློ་བཟང་སེང་གེ་བྱས་པ་རེད། གོང་ས་མཆོག་ནས་སྲིད་དབང་ཡོངས་སུ་བློ་བཟང་སེང་གེ་ལ་གནང་ནས་སྲིད་སྐྱོང་གི་གོ་མིང་གནང་བ་རེད། དུས་དེ་ནས་བཟུང་དགེ་ལྡན་ཕོ་བྲང་སྒོ་རྒྱབ་ནས་བོད་ཀྱི་རྒྱལ་པོ་རིང་ལུགས་འམ་དགེ་ལྡན་པའི་སྲིད་དབང་དགེར་འཛིན་ཡོངས་སུ་མཇུག་རྫུམ་པ་རེད། དེ་ཡིན་དུས་གཞུང་གི་ལས་ཁུང་ནང་གོང་ས་མཆོག་གི་སྐུ་དཔར་བཤམས་ལོས་དགོས་གཙོ་བོ་སྲིད་སྐྱོང་གི་སྐུ་དཔར་བཤམས་དགོས་པ་དེ་རྩོད་མེད་རེད། སྐུ་དགེར་ལས་ཤག་ནང་ཡིན་ན་གོང་ས་མཆོག་གི་སྐུ་དཔར་ལོས་མཤམས།
ཤར་ཁུག་གཙོས་དྲ་འབུ་འགའ་ཆོས་དང་ཆབ་སྲིད་གང་གི་ཐད་ནས་རྨོང་པའི་དཀྲུག་ཤིང་མཁན་དེ་དག་དགྲ་དང་རང་ཕྱོགས་གང་ཡང་མེད་པ་ཁྱི་སྨྱོན་གྱི་ཁ་བཞིན་ཀུན་ལ་སོ་འདེབས་ཀྱི་འདུག། ཁ་ནས་གོང་ས་མཆོག་གོང་ས་མཆོག་ཟེར་ནས། དོན་དངོས་ཐོག་གོང་ས་མཆོག་གི་བཀའ་ལ་ཡོངས་སུ་རྒྱབ་འགལ་ཁོ་ན་བྱེད་ཀྱི་འདུག་་་ཧ་ཧོ་ད་ཁྱེད་ཚོ་ཡིན་ན།
ཕེ་་བློ་སེང་་་བོད་མིའི་ཚབ་མཚོན་ཨེ་་་་བོད་མི་ས་དྲུག་ལ་མཐོང་ཆུང་དེ་འདྲ་མ་བྱེད་ལོ།
མི་ལ་བརྟེན་ཚུགས་མེད་ན་ས་ཆ་ག་བ་སོང་ཡང་དོན་དག་ཡག་པོ་ཞིག་མི་འགྲུབ་ཁོ་ཐག་རེད། བོད་ལ་བསྡད་དུས་བོད་ས་མ་ཟིན་རྒྱ་གར་ལ་ཡོང། བཙན་བྱོལ་གཞུང་ལ་སྐྱབ་བཅོལ་ཞུས་ནས་གཞུང་ཞབས་
ཡིན་མདོག་བྱས། བྱ་བྱེད་མང་བས་གཞུང་ཞབས་ནང་ནས་ཕྱིར་ཕུད་གཏོང། མཐའ་མ་རྒྱ་དམར་གཞུང་ལ་སྤྲེལ་ལད་འཁྲབས་ནས་སྐར་ལྔའི་དར་དམར་མགོ་ལ་ཕྱར་ཅིང་མདུན་ལམ་རྩལ། སྤྱང་པོ་ལ་སྤྲེལ་ལད་འཁྲབས་པའི་དོན་ཕན་སྣེ་གཅིག་མ་བྱུང་བར་མཐའ་མ་བློ་ཕམ་ཡིད་ཐང་ཆད་ནས་བཙན་བྱོལ་ནང་ལ་ཕྱིར་ལོག་བྱ་དགོས་བྱུང་བ་རེད། དེ་ནས་གཞུང་དམངས་གཉིས་ནང་ཁོ་ལ་ཡིད་སྟོན་བྱེད་མཁན་མ་རག་
པར་ད་སྐབ་ཁྱི་སྨྱོན་བཞིན་ཆགས་ནས་ཀུན་དུ་སོ་འདེབས་ཀྱི་འདུག་་ཧཧཧ
བོད་མིའི་ཚབ་མཚོན་རང་བཞིན་ལྡན་མེད་ན་བཙན་བྱོལ་བརྒྱ་ཆ་མང་བས་འདེམས་པ་རེད་ལ་གཞིས་ལུས་རྟོགས་སད་པས་བསྟོད་གླུ་བགྱེར་བ་མ་ཟད་ཁོང་གི་སྐུ་དཔར་བཤམས་པ་དང་ཐང་ག་བཟོ་སྟངས་དེས་ཅི་ཞིག་མཚོན་པ་རེད། མ་གཞི་མི་འདི་ཚོས་ཁ་གདངས་ཚད་དོན་གྱི་བདག་པོ་གཞིས་ལུས་ཟེར་ཞོར་དོན་དུ་རང་ཁེ་ལས་བརྒལ་སོང་ན་ཅི་ཟེར་འདི་ཟེར་མེད་ལ། བོད་མི་མང་ཆེ་བས་གུས་བརྩི་ཞུ་ཡི་ཡོད་ན་མཐོང་ཆུང་ཇི་ལྟར་འགྱུར་རམ།
བཙན་བྱོལ་བ་ནི་སྒྲིག་འཛུགས་ཚོགས་པ་ཞིག་གི་ངོ་བོ་ན་ཡོད་དུས། སྐུ་ཚབ་དོན་གཅོད་ཁང་ཞིག་ཡོད་མེད་དང་ཡོད་ཆོག་མིན་དེ་ཡང་ཐེ་ཚོམས་སོ། གང་ལྟར། ༧རྒྱལ་བ་མཆོག་གི་སྐུ་པར་དང་སྲིད་སྐྱོང་གི་པར་གཉིས་རིམ་པ་གོང་འོག་དུ་ཡོད་དགོས་བ་འདྲ།
ཆོས་བླ་ཡིན་མིན་གྱི་རྒྱུ་མཚན་ཤིག་བཀོད་ནས་སྐད་ཆ་ཞིག་བཤད་འདུག། བསམ་བློ་དེ་འདྲ་བྱས་ནས་གཏོང་མི་ཉན། སྐབས་འདིར་སྲིད་སྐྱོང་བ་འམ་བོད་བསྟན་པ་ཆབ་སྲིད་ཀྱི་སྲིད་འགན་ཁུར་མ་ཁུར་ལས་གནད་དོན་ཐག་གི་གཅོད་རྒྱུ་ལས། ཕུག་མའི་ནང་ལ་རྩྭ་ལོབ་བསྲེས་ན་ཡག་པོ་མ་རེད།
རྒྱལ་ཁབ་དམངས་གཙོ་དང་དམར་ཕྱོགས་པ་སུ་ཞིག་ཡིན་ན་ཡང་། སྲིད་སྐྱོང་པ་ཚོ་གོ་རིམ་བཞིན་དུ་བཤམ་སྲོལ་ཡོད། བོད་ལ་དེ་ལྟར་མེད་པར། གཅིག་ཐོན་ན་གཅིག་དེ་བཅོམ་དགོས་བ་ནི་ཆོས་འཇིག་རྟེན་དང་ལས་རྒྱུ་འབྲས་གང་ལ་ཡང་མི་རུང་ངོ།
ད་སྲིད་སྐྱོང་གི་རང་མདོག་ངོ་མ་དེ་ཕྱི་ལ་མངོན་འདུག།
སྲིད་སྐྱོང་གི་སྐུ་པར་བཤམས་ན་འགྲིག་འདུག་མོད། ༧གོང་ས་མཆོག་གི་སྐུ་པར་ཞིག་ངེས་པར་དུ་བཤམས་དགོས་རེད། གལ་ཏེ་ཆབ་སྲིད་པ་ཚོར་༧གོང་ས་མཆོག་ལ་དད་པ་མེད་པའི་དབང་དུ་བཏང་ཡང་། ༧གོང་ས་མཆོག་གི་སྐུ་པར་ཞིག་བཤམས་ན་ཁྱོད་ཀྱི་ཆབ་སྲིད་ཀྱི་བྱ་བར་ལམ་སློང་འོང་རྒྱུ་དགོས་པ་ཡོད་པ་མཁྱེན་པར་མཛོད།།
ཤར་ཁུག་ལགས་རང་མིང་དང་། ལྟ་བ། ལངས་ཕྱོགས་བཅས་ཁ་གསལ་པོས་རྒྱབ་མདུན་མེད་པར་དངོས་སུ་འདོན་བཞིན་ཡོད་པ་ལ་རྒྱབ་སྐྱོར་ཡོད། སྲིད་འཇུས་ཡར་རྒྱས་ལ་སྨན་པའི་ཁ་གཏད་ཕྱོགས་སུ་ལངས་བཞིན་ཡོད་པ་ལ་གུས་བསྐུར་ཡོད།
མཆན་14 བ་པདྨ་ལགས་ཀྱིས་༼རྒྱལ་བ་རིན་པོ་ཆེས་བོད་གངས་ཅན་པའི་ཆོས་སྲིད་ཀྱི་དབང་ཆའི་འགན་ཁུར་ཡོངས་རྫོགས་བློ་བཟང་སེངྒེ་ལ་གཏད་ཚར་བ་རེད།༽ཅེས་གསུངས་པ་ཏག་ཏག་བསྡད་ཡོད་པ་མ་རེད། ཡོངས་བསྒྲགས་བྱས་མིན་ཞིག་ལས་སྲིད་སྐྱོང་གི་མཚན་གནས་དང་པོ་ཐོབ་མཁན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རེད། དེ་གང་རེད་ཟེར་ན། ༧གོང་ས་མཆོག་གིས་ཕྱེད་རྒས་ཡོལ་ནས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་རྣམས་པར་ཆ་བགོས་གནང་ཡོད། དེའང་༧བཅའ་ཁྲིམས་སུ་གསལ་བའི་མགོན་པོ་མཆོག་གི་འགན་དབང་རྣམས་མང་གཙོའི་ཀ་བ་གསུམ་གྱི་འགན་འཛིན་རྣམས་ལ་ཆ་བགོས་ཀྱིས་བཅའ་ཁྲིམས་འགྱུར་བ་བཏང་ཡོད་པ་རེད། དེ་བཏང་ནས་བཅའ་ཁྲིམས་ལ་ས་ཡིག་གནང་མཁན་དང་པོ་ཟམ་གདོང་རིན་པོ་ཆེ་མཆོག་རེད།
མདོར་ན་༧གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་དང་བྱེད་འགྱུར་གྱི་འགོ་ཁྲིད་རྣམས་ལ་གསོལ་སྩལ་གནང་སྟེ་མི་མང་གི་དབང་ཚད་ཐད་ཀར་ནུས་ལྡན་དུ་གྱུར་བའི་གཞུང་ཞིག་གམ་སྒྲིག་འཛུགས་ཤིག་གི་ཆེད་དུ་འགྱུར་བ་བཏང་ཡོད་པ་ལས་བློ་བཟང་སེང་གེ་མི་གཅིག་ལ་ཡོངས་སུ་གཏད་བཞག་པ་གང་ཡང་མ་རེད། འདི་ཡིད་མ་ཆེས་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལྗགས་ཀློག་གནང་དང་ཧ་གོ་ངེས་རེད།
དེའི་རྐྱེན་གྱིས་༧གོང་ས་མཆོག་གི་ང་ཚོའི་མང་གཙོའི་ལམ་ལུགས་ཀྱི་སྲོལ་འབྱེད་མཁན་དང་མང་གཙོར་སྣེ་ཁྲིད་མཁན་ཡིན་པས་དོན་གཅོད་ཁང་ཁག་ལྟ་ཅི་སྨྲོས། དབུས་ཀྱི་ལྷན་ཁང་ཡོད་ཚད་དུ་༧གོང་ས་མཆོག་གི་སྐུ་པར་བཤམས་དགོས་ཀྱི་ཡོད་པ་རེད། འདི་ཡང་བཅའ་ཁྲིམས་ཀྱི་དགོངས་དོན་རེད། བཅའ་ཁྲིམས་སྔོན་གླེང་དུ་༧གོང་ས་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཚན་སྨྲོས་ཞུས་ཡོད་པ་རེད། གནད་འདི་དག་ནི་ང་ཚོས་ངེས་པར་དུ་ཤེས་ནས་གླེང་བ་ལས་འུར་གཏམ་བཤད་པས་ཤར་ཕྱོགས་ཁུག་རྟ་དོང་ནང་དུ་བརྡབས་འཇོག་པ་དང་། བློ་བཟང་སེང་གེ་ལགས་ནམ་མཁར་འཕུར་འཇོག་པ་གང་ཡང་ཡོད་པ་མ་རེད་དོ།
རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་རང་དབང་རང་བཙན་སླར་གསོ་བྱེད་ཐུབ་ན་ད་གཟོད་ང་ཚོས་ཁོང་གི་སྐུ་པར་ལས་ཁུངས་སུ་བཤམ་ངེས་ཡིན། ཁོམ་གི་པར་རིས་ཤོག་དངུལ་ལ་དཔར་ངེས་ཡིན། དེ་མ་ཐུབ་ན་པར་རིས་ག་ས་གང་ལ་བཤམ་རུང་ཕན་ཐོགས་གང་ཡོད་མི་ཤེས།
ངོ་མ་མི་རེ་ཟུང་གིས་མ་བརྟག་མ་དཔྱད་པའི་འཆལ་གཏམ་ཁོ་ན་སྨྲ་བ་སྟེ། རྒྱལ་ཁབ་གཞན་གྱི་ལས་ཁུངས་གང་ན་ཡང་བླ་ཆེན་དག་གི་སྐུ་པར་བཤམས་ཡོད་མཁན་མེད་ཟེར་གྱི་འདུག དེ་བདེན་པ་རེད་དེ། ཡིན་ན་ཡང ༸གོང་ས་མཆོག་ལ་བློ་སེང་གི་གོང་དུ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཞུ་བ་ལས་ཆོས་ཀྱི་དབུ་ཁྲིད་ཞུ་གི་མེད། དེའི་ཕྱིར་རང་རེའི་བོད་ཀྱི་བླ་ཆེན་གཞན་དག་ལས་མགོན་པོ་གང་གིས་སྲིད་ཀྱི་ཐུགས་འགན་ཡང་ལོ་མང་པོར་བཞེས་མྱོང་བ་འདི་མ་དྲན་པ་ཅི་ཡིན་ནམ། ལར་ནས་རེ་འགས་རྒྱལ་ཁབ་གཞན་དག་གི་ལས་ཁུངས་སུ་སྲིད་འཛིན་ལས་ཐོག་གི་པར་འགེལ་གྱིན་འདུག་ཟེར་ྲམོད། འོན་ཀྱང་རྒྱ་གར་གྱི་ལས་ཁུངས་དག་ན་སྲིད་འཛིན་ལས་ཐོག་གི་པར་མཐོང་རྒྱུ་མེད་པར་གནྡེ་རྗེ་སོགས་ཆབ་སྲིད་ཐོག་ལ་བྱས་རྗེས་ཅན་གྱི་སྲིད་དོན་པ་དག་གི་པར་ཁོ་ན་བཀལ་འདུག་པ་འདི་ཅི་རེད་དམ། སྤྱིར་ཨ་རིའི་དོན་གྱི་བྱས་ལས་འདི་ལ་ཆུང་ས་ནས་ལྟོས་ན་ཆུང་བ་ཞིག་དང་། ཆེ་ས་ནས་ལྟོས་ན་རྫབ་ཆེན་གྱི་ལས་ཀ་བློ་ཡུལ་ལ་མི་ཤོང་བ་ཞིག་རེད། ད་དུང་བློ་སེང་གི་ཁས་ལེན་བོད་རྒྱ་འབྲེལ་མོལ་་་ཧ་ཧ་ཧ་་་་་
ཡ། ཡ། གོང་ས་མཆོག་གི་སྐུ་པར་བཞག་ན་འགྲིགས། སྐྱོན་མིན་འདུག ངས་ཁ་ས་གོང་ས་མཆོག་ལ་བརྩོད་པ་མང་པོ་བརྒྱབ། དང་ནུབ་རྨི་ལམ་ལ་ཁོང་བྱོན་ནས། ཞལ་རས་འཛུམ་མོལ་མོལ་ཐོག བོད་ཕྲུག་ཁྲི་འགའ་ཤས་ལ་ཟས་གོས་སྦྱིན་པ་རྨིས་སོང་། ངས་ཁྲིས་ཀྱི་མི་ལ་ཁོང་ག་རེ་གནང་གི་ཡོད་དམ་ཟེར་དུས། བུད་མེད་དེས། དེང་སང་བླ་མ་ཚང་མ་དངུལ་ཁང་ནང་ལ་དངུལ་བཅོལ་ས་ཡོད་སྟབས། སྦྱིན་པ་གཏོང་མཁན་ཉུང་བས། རྡ་སའི་ཕྲུ་གུ་རྣམས་ལ་སྦྱིན་བདག་མི་ཐོབ བྱས་ཙང་རྒྱལ་བ་རིན་པོ་ཆེ་གཅིག་པུས་བོད་ཕྲུག་ཚོ་ལ་རོགས་མགོན་མཛད་ཟེར། ཁོང་གིས་ཞལ་རས་འཛུམ་མོལ་མོལ་ཐོག ཕྲུ་གུ་རྣམས་ལ་ཟས་གོས་སྦྱིན་ཞོར་ཞལ་ནས། “སངས་རྒྱས་ཀྱིས་བྱིན་རླབས་ཀྱི་མཐུས། བདག་གི་སྐྱེ་བ་ཁྲི་ཕྲག་ལ་ཕྲུ་གུ་དེ་དག་གི་སྦྱིན་བདག་བྱེད་པར་ཤོག བདག་གི་ལོངས་སྤྱོད་ཚང་མ་ཕྲུ་གུ་དེ་དག་ལ་དབང་བར་ཤོག་”གསུང་ཞོར་སྦྱིན་པ་གནང་བ་རྨིས་སོང་། ཡ་མཚན། ཁོང་ལ་འདི་འདྲའི་དད་པ་ཡོད་མཁན་གྱི་མི་ཞིག་མིན། རྒྱུན་པར་དཀའ་ངལ་འཕྲད་ན། ཀརྨ་པ་མཁྱེན་ནོ་ཞེས་རང་དབང་མེད་པར་ཁ་ནས་ཤོར་འགྲོ་མཁན་ཞིག་ལ་རྨི་ལམ་འདི་འདྲས།
རྒྱལ་བ་མཁྱེན་པའི་བདག་པོ། གངས་ཅན་བོད་མིའི་དྲིན་པོ། གང་གི་ཐུགས་བརྩེའི་ཉི་འོད། ས་གཞི་ཡོངས་ལ་ཁྱབ་སོང་།་
སྟོན་པ་ཤཀྱ་ཐུབ་ལས། བཀའ་དྲིན་ལྡབ་ཀྱིས་ཆེ་བའི། ངེད་ཚོའི་བླ་མ་ཁོང་ནི། གངས་ཅན་བོད་མིའི་མིག་གཅིག
ཆེན་པོ་ཨ་རིས་མི་ཐུབ། ཆུང་ཆུང་བལ་པོས་མ་བསམ། འཛམ་གླིང་བདེ་བའི་གཞི་རྩ། ཁོང་གི་ཞལ་ལས་བྱོན་སོང་།
རྒྱལ་བ་རིན་པོ་ཆེ་བཞུགས་མེད་ན། རྒྱ་གར་གཞུང་གིས་བློ་སེང་རྒྱ་གར་ནས་དང་པོ་ཕྱིང་ཕུད་བཏང་ངེས་རེད། ་བློ་སེང་རྒྱ་ནག་ལ་ཐེངས་ཁ་ཤས་ཕྱིན་ནས་འབྲེལ་བ་བཟང་ངན་གང་རུང་ཡོད་པ་ཤེས་ནས། ་རྒྱ་གར་གཞུང་གིས་དྭོགས་པ་ཅན་གྱི་མི་ལ་ངོས་བཟུང་ཡོད། དེ་ནས་རིམ་བཞིན་བོད་པ་ཚོར་ད་ལྟ་ནང་བཞིན་རྒྱ་གར་ནང་ཟ་མཆོག་མཆོག འགྲོ་མཆོག་མཆོག ཆབ་སྲིད་བཤད་མཆོག་མཆོག གསར་འབྱོར་བོད་ནས་སླེབས་མཆོག་མཆོག་དེ་འདྲ་ཡོང་གི་མེད་པ་ཐག་ཆོད་རེད། ད་ལྟ་ཆ་ཚང་ཡོད་པ་འདི་༧ གོང་ས་མཆོག་གི་ཐུགས་རྗེ་ཉག་གཅིག་ཡིན་པ་དྲ་འབུ་ཚོས་ཤེས་དགོས།
ཧཧཧཧཧ་སྨྱོ་ལབ་བྱེད་མ་འོང་རྒྱ་གར་གཞུང་ཁང་དུ་གྷན་དྷེའི་དཔར་བཤམས་འདུག་ཟེར། དེ་ཡིན་དང་ཡིན་རྒྱ་གར་རང་བཙན་ལེན་མཁན་གྷན་དྷེ་རེད་བ། རྒྱ་གར་དངུལ་ལོ་ལ་གྷེན་དྷེ་དཔར་ཡོད། རྒྱལ་བས་རང་བཙན་ལོན་ཤོག་དང་དེ་དུས་བོད་ཀྱི་དངུལ་ལོ་ཐོག་རྒྱལ་བ་བཀོད་ཆོགས། ཨ་མི་རི་ཀ་ལ་མཚོན་ན་་་རྗུར་ཇི་སྦུ་ཤི་་་སྲིད་འགན་ཡོལ་ནས་་་ཨོ་བྷ་མ་་ལས་ཐོག་རེད། ཨ་རིས་གཞུང་ལས་ཁང་དུ་ཨོ་བྷ་མའི་དཔར་འགེལ་མི་ཆོག་སྦུ་ཤི་བཤམས་ཟེར་མཁན་མེད། དཔར་གཙོ་བོ་ཨོ་བྷ་མ་བཤམས་ཡོད། ཁ་ཤས་ཞིག་གི་བོད་ཀྱི་སྲིད་དབང་མང་གཙོའི་ཀ་བ་གསུམ་ལ་བགོ་བཤའ་རྒྱབ་ཡོད་ཟེར། དེ་ཡིན་ན་སྲིད་འཛིན་ཡོད་མ་རེད་བས་ད། སྲིད་འཛིན་ཡོད་ན་ཀ་བ་གསུམ་གྱི་ཡན་སྤྱི་ཁྱབ་སྲིད་འཛིན་རེད་བ། ཟམ་གདོང་གི་གཅིག་ཅིག་བྱས་བཞག་ཡོད་རེད་ཟེར། ག་རེ་བྱས་བཞག་ཡོད་རེད་གོང་ས་མཆོག་གི་དུས་ཀྱི་འགྱུར་འགྲོས་ལ་བཏུན་ནས། དགེ་ལྡན་པའི་སྲིད་དབང་སྒེར་འཛིན་མཇུག་སྡོམ་བྱ་རྒྱུས་ཐད་ཟམ་དགོན་བླ་མ་བློ་མ་མཐུན་ནས་ཁོང་ཁྲོ་ཆེ་པོའི་བཀའ་བློན་ལས་གནས་ནས་ཐེང་གཉིས་དགོང་པ་བ་ཞུས་རེད། ད་དུང་བློ་སེང་གི་ཁས་ལེན་བོད་རྒྱ་འབྲེལ་མོལ་ཧཧཧཧ་་ལབ་འདུག། གོང་ས་མཆོག་གི་བོད་ཀྱི་བདེན་མཐའ་གསལ་ལ་ཉེ་ཟེར་ནས་ཐེང་བཅུ་དྲང་ལབ་ཚར་རེད། དེས་མ་ཚད་གོང་ས་མཆོག་གི་དབུ་མའི་ལམ་འདི་བོད་ཀྱི་བདེན་མཐའ་གསལ་ཡ་དང་བོད་རྒྱལ་འབྲེལ་མོལ་གྱི་ཐབས་ལམ་ཡག་ཤུས་ཡིན་གསུང་འཛམ་བུ་གླིང་ལ་སྒྲག་པ་རེད། བདེན་མཐའ་གསལ་ཡ་ཕར་ཞོག་བོད་རྒྱ་འབྲེལ་བ་གོང་ས་མཆོག་གི་དུས་སུ་ཆད་སོང་བ་རེད། ཧཧཧ་ ད་ཁྱེད་ཚོ་སྨྱོ་བཤད་ཁོ་ན་ལས་དངོས་ཡོད་དོན་ལ་ལོང་བ་ལོང་ནག་རེད།
དྲང་པོ་བཤད་ན་༧རྒྱལ་བ་རིན་པོ་ཆེས་དུས་ནས་དུས་སུ་ང་མེད་ལྟ་བུ་བགྱིས་ཤོག་ཞེས་མང་མང་གསུངས་ཚར་བ་རེད་ལ་སྲིད་འགན་བགྲེས་ཡོལ་ལ་ཕེབས་དགོས་དོན་ཡང་། བོད་མི་རིགས་འདི་རང་རྐང་སྟེང་ཡིན་ཅིག་ལངས་ཐུབ་དགོས་པ་འདི་གལ་ཆེན་དོན་ཆེན་ལ་དགོངས་བཞེས་གནང་ཡོད་རྒྱུ་རེད་འདོད། འོན་ཀྱང་མི་འདི་རིགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མ་བཞུགས་ཉིན་དེ་ནས་ཐམས་ཅད་མཇུག་སྒྲིལ་དགོས་པ་འདྲ་ཞིག་བཤད་ཀྱིན་འདུག་ལ། ཡང་ཅིག་མིན་ན་མགོན་མེད་སྐྱབས་མེད་དུ་འགྲོ་བར་དྭོགས་ནས་ཐམས་ཅད་རང་ཤི་བརྒྱགས་དགོས་པ་ཨེ་རེད།
ལར་ནས་༧རྒྱལ་བ་རིན་པོ་ཆེ་མ་བཞུགས་ཉིན་དེ་ནས་སྲིད་སྐྱོང་རྒྱ་གར་གྱིས་ཕྱིར་འབུད་གཏོང་ཚུལ་བཤད་པ་ནི་ཅི་འདྲའི་ཚབས་ཆེན་གྱི་སྐད་ཆ་མ་རེད་པས། ད་བྱས་ན་བོད་མི་དམངས་ཀྱིས་གདམས་ཐོན་བྱུང་བའི་དབུ་འཁྲིད་དེ་ཕྱིར་འབུད་གཏོང་གི་ཡོད་ན་ཡུལ་བགྱར་བ་ཚང་མ་ཕྱིར་འབུད་གཏོང་ངེས་པ་རེད་པཱ། བྱས་ན་རྒྱ་གར་གྱིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་བཀུར་མ་ཞུས་པའི་མཇུག་འབྲས་ཁྱོད་ཀྱིས་ཨེ་ཤེས། འོ་ན་བློ་སེང་རྒྱ་ནག་ལ་ལན་རེ་བསྐྱོད་པས་ཡིན་དགོས་ན་རྒྱ་རི་དང་རྒྱལ་ལོ་སོགས་རྒྱ་ནག་ལ་ལན་མང་བསྐྱོད་པ་མ་ཟད་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་སྟོན་ཡང་ཡང་རོལ་བས་ཕྱིར་འབུད་ཅི་ཕྱིར་མ་བཏང་བ་རེད། མ་ཟད་རྒྱལ་ལོ་རྒྱ་གར་ལ་སྐུ་ལྷོད་བཞུགས་པའི་རྒྱུ་མཚན་ཨེ་ཤེས། དེ་ལྟར་ན་༧རྒྱལ་བ་རིན་པོ་ཆེ་ཡང་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བློ་གཅིག་སེམས་གཅིག་དང་ལྷག་བསམ་རྣམ་དག་གིས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ཕྱིར་ཕེབས་གནང་འདོད་ལ་འགྱུར་བ་མེད་ན་རྒྱ་གར་གཞུང་གནས་བཟོད་བདེ་པོ་ཞིག་འབྱུང་ཨེ་ཐུབ། བྱས་ཙང་འགན་འཁུར་མེད་ལ་གནས་ལུགས་
ལས་ཡོངས་སུ་བརྒལ་བའི་གཏམ་འཆལ་འདི་རིགས་དོན་སྙིང་སྤུ་ཙམ་མེད་ཡོད་པ་མ་རེད།
གཞི་རྩའི་༧རྒྱལ་བ་ཚང་བོད་དང་བོད་མི་རིགས་ཀྱི་ཆག་ཆེ་ཉམས་ངའི་གནས་སྟངས་འདིའི་འོག་སྐུ་ངལ་འཛེམས་མེད་ཀྱིས་མི་རིགས་འདི་འགྱེལ་ས་ལངས་ཐབས་ཀྱིས་ཉིན་ཚན་མེད་པར་འབད་བསྒྲུབ་གནང་བ་བཀའ་དྲིན་གཞལ་ཟླ་བྲལ་ཡང་། བཙན་བྱོལ་བ་ཚོ་གནས་ཡུལ་རྒྱལ་ཁབ་སོ་སོར་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་དང་ཆབ་སྲིད་རང་དབང་སྐྱབས་བཅོལ་བྱེད་ཆོག་ཐད་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་ནང་ཡོད་པ་རེད་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ཡང་འཁོད་ཡོད་པ་རེད། བྱས་ཙང་གནས་ཡུལ་སོ་སོའི་ཁྲིམས་ལུགས་གཞིར་བཟུངས་རང་དབང་ལ་བར་ཁྱད་ཆེན་པོ་ཡོད་པ་རེད། རྒྱ་གར་ལྟ་བུ་ལ་མཚོན་ན་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་འགན་འཁྲི་རང་བཞིན་ཆགས་ཡོད་པ་རེད་ལ་ལོ་རྒྱུས་རང་བཞིན་གྱི་དགེ་རྒན་དགེ་ཕྲུག་གི་འདུ་ཤེས་ཡོད་ཟེར་གྱིན་པ་མ་རེད་པས།
ཧ་ཧ་རིགས་ཅིག་གིས་རྒྱལ་བ་རིན་པོ་ཆེ་མེད་ནས། བློ་སེང་རྒྱ་གར་ནས་ཕྱིར་འབུད་བཏང་རེད་ཟེར་་་་་་དེ་ཡིན་ན་ང་ཚོ་བོད་པས་བོད་དོན་འདི་རྒྱལ་བ་རིན་པོ་ཆེ་མ་བཞུགས་ན་ཚར་བ་རེད་དམ། འོ་ན་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཉིན་མོར་བོད་དོན་སྒྲིག་འཛུག་སྒོ་བརྒྱབ་པ་རེད་དམ། བོད་དོན་འདི་བོད་པ་གཅིག་པོའི་དོན་མ་ཡིན་པར་ཤེས་དགོས། བོད་ལ་རང་དབང་དང་རང་བཙན་ཐོབ་ན་རྒྱ་གར་ལ་ཞི་བདེ་ཐོབ་རང་བཙན་ཐོབ་པ་དང་ལྟ་བུ་རེད། དེ་མིན་ལ་དྭགས་གཙོས་པའི་ཧིན་བོད་ས་མཚམས་སུ་བསྔངས་སྐྲག་བྱེད་དེ་བསྡད་མི་འདུག་གམ། བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས། སྨད་པ་དགའ། ཟེར་བ་དེ་ཅིས་མི་བངེན།
བསམ་ཚུལ་སྣ་ཚོགས་བཤད་མཁན་ཡོངས་ལ་དང་པོར་འཚམས་འདྲི་ཞུ་རྒྱུ་དང། གནད་དོན་འདི་དང་འབྲེལ་བའི་ཐད་སྤྱི་ཡོངས་ནས་ལན་འདེབས་ཁ་ཤས་ཞུ་རྒྱུ་ཡིན།
༡ སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་པར་དབུས་ལྷན་ཁང་ཁག་ཏུ་བཤམས་སྒྲིག་གི་དགོངས་འཆར་ཐོག་མ། སྲིད་སྐྱོང་ལྷན་རྒྱས་ཀྱི་གྲོས་རྭར་སྲིད་སྐྱོང་རང་ནས་ཕེབས་འདུག་མོད། མཐར་འོས་འཚམས་མ་གཟིགས་པས་མི་བཤམས་རྒྱུར་གྲོས་འཆམ་བྱུང་འདུག
༢ གྲོས་ཚོགས་ནང་བྱུང་བའི་བགྲོ་གླེང་དང་འདྲི་རྩད་ཡོད་ཚད་ཀྱིས་སྐུ་པར་གྱི་གཙོ་བོ་༸གོང་ས་མཆོག་གི་སྐུ་པར་ཡིན་དགོས་གསུངས་པ་ལས། སྲིད་སྐྱོང་གི་པར་བཤམས་པ་དེ་རྦད་དེ་ནོར་འཁྲུལ་ཤོར་ཡོད་ཚུལ་ཚིག་ཐག་བཅད་མེད། ཡིན་ནའང། དེའི་ལན་དུ་སྐུ་པར་གྱི་ཆེ་ཆུང་གིས་ལན་འདེབས་བྱས་ཏེ་དྲི་བར་གཡོལ་ཐབས་བྱས་པ་རེད།
༣ ནོར་འཁྲུལ་ངོ་མ་ནི། ཨ་རིའི་དོན་ཁང་གསར་པའི་ངོ་གདོང་ལྟ་བུའི་རྩིག་གྱང་གི་ངོས་སུ་ཨ་རྒྱ་གཉིས་དང་དོན་གཅོད་གནས་ཡུལ་ས་གནས་བཅས་ཀྱི་དར་ཆ་བཀལ་ཡོད་པའི་དཀྱིལ་དབུས་སུ། སྲིད་སྐྱོང་བློ་བཟང་སེང་གེའི་པར་བཀལ་བ་དེ་མ་འགྲིག་པ་རེད། དོན་ཁང་གི་ཚབ་མཚོན་རྩིག་གྱང་གི་དབུས་སུ་༸གོང་ས་ཆེན་པོའི་སྐུ་པར་དགོས་པ་དེ་བཤད་ག་ལ་དགོས།
༤ ༸གོང་ས་ཆེན་པོས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་སུ་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་ཚོར་ཆ་བགོས་གནང་ཟིན་སྟབས། སྲིད་སྐྱོང་གི་སྐུ་པར་བཤམས་དགོས་ཟེར་པ་ནི་ན་མ་སོན་པའི་ཐད་ལྟོས་ཀྱི་བསམ་ཚུལ་ཙམ་རེད། དེ་དག་ནི་དབུས་བོད་མིའི་སྒྲིག་འཛུགས་ལ་རྒྱུས་མངའ་མེད་པའི་རྟགས་བསྟན་པ་ཙམ་རེད།
༥ ༸བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དང་པོར་གསལ་བ་བཞིན། ༸གོང་ས་ཆེན་པོ་ནི་བོད་དང་བོད་མི་རིགས་ཀྱི་ངོ་བོ་དང་ཚབ་མཚོན། སྲོག་ཤིང་བཅས་ཡིན་སྟབས། གསལ་བོར་ཞུས་ན་༸གོང་ས་ཆེན་པོ་ནི་བོད་ཀྱི་ཡབ་ཆེན་ཡིན་ལ། ཁོང་ནི་རྒྱ་གར་གྱི་མ་ཧཱ་དམ་པ་གན་ངྷེ་ལྟར་རྒྱལ་ཁབ་ཀྱི་ཡབ་ཆེན་ཡང་ཡིན་པས། བོད་ཀྱི་ཆོས་སྲིད་ཀྱི་བསྟི་གནས་ཁག་དང། སྤྱི་ཚོགས། ཁྱིམ་ཚང་བཅས་གང་སར་༸གོང་ས་ཆེན་པོའི་སྐུ་པར་སྒྲིག་བཤམས་བྱེད་པའི་རྒྱུ་མཚན་ཡང་དག་དེ་རེད།
༦ སྲིད་སྐྱོང་ཡིན་པས་སྐུ་པར་བཤམས་དགོས་པ་རེད་ཟེར་པ་དེ་ནི་ཕུགས་རྒྱང་རིང་པོར་བསམ་བློ་མ་བཏང་བའི་རྟགས་མཚན་ཞིག་ཡིན་ལ། གསལ་བོར་ཞུས་ན་ཨུན་འཕར་བ་ཙམ་ལས་དོན་ལ་ཕན་ཐོགས་མེད། བོད་ཡུན་རིང་གནས་དགོས་ན་སྲིད་སྐྱོང་གྲངས་ལས་འདས་པ་ཕེབས་དགོས། དེ་དག་ཐམས་ཅད་ཀྱི་སྐུ་པར་བཤམས་དགོས་ཚེ་ཤོང་ཐབས་བྲལ། དེ་ལས་ད་ལྟའི་ལམ་ལུགས་བཞིན་ཕྱིན་ན་ཡག་ཅིང། ཕྱག་ལས་ཐད་འབུར་དུ་ཐོན་པའི་བྱས་རྗེས་ལོ་རྒྱུས་ནང་དགོད་འོས་པ་གནང་མཁན་བྱུང་ན། སྲིད་སྐྱོང་དེ་རིགས་ཀྱི་སྐུ་པར་ཡང་དམིགས་བསལ་འབུར་ཐོན་ཅན་ཆགས་ཀྱི་རེད། དཔེར་ན། ཆུ་བཞི་སྒང་དྲུག་གི་ཚོགས་འདུ་རིམ་པའི་དེའི་ཡབ་ཆེན་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་སྐུ་པར་རྒྱ་གོ་གཅིག་ཆོད་ཀྱིས་བཤམས་པ་མ་གཏོགས། ཆུ་སྒང་གི་ཚོགས་གཙོ་རིམ་བྱོན་གྱི་སྐུ་པར་མི་བཤམས་པ་ལྟ་བུ་རེད།
༧ ད་ལྟའི་རྒྱ་གར་གྱི་ལྷན་ཁང་གང་སར་རྒྱལ་ཡབ་གན་ངྷེ་དམ་པའི་སྐུ་པར་སྒྲིག་བཤམས་བྱེད་པ་བཞིན། གན་ངྷེའི་ལྟ་སྤྱོད་ཀྱིས་རྒྱ་གར་གྱི་འབྱུང་འགྱུར་ལོ་ངོ་སྟོང་ཕྲག་མང་པོའི་མི་གཤིས་དང་ངོ་ཚབ་ཐུབ་པ་ཐག་གིས་ཆོད་ཅིང། ཁོང་གི་ལྟ་སྤྱོད་ཡང་དག་པ་ཡིན་པ། དེའི་རྗེས་སུ་རྒྱ་གར་མི་མང་རྣམས་འཇུག་འདོད་ཡོད་པའི་རྣམ་འགྱུར་གསལ་བོར་བསྟན་པ་བཞིན། རང་ཅག་བོད་མི་རྣམས་ཀྱིས་ཀྱང་ནམ་ཞིག་ཡང་སྲིད་ལམ་ལུགས་མཇུག་རྫོགས་པའི་དབང་དུ་བཏང་ནའང། ༸གོང་ས་བཅུ་བཞི་པ་ཆེན་པོས་འཛམ་གླིང་ཧྲིལ་བོའི་བཟང་སྤྱོད་དང་བདེ་རྩར་བཞག་པའི་ལྟ་སྤྱོད་རྣམས་བོད་མི་རིགས་ཇི་སྲིད་མ་ནུབ་པ་དེ་སྲིད་དུ་ཉམས་ལེན་ཞུ་ངེས་པའི་ཆོད་སེམས་སྟོན་གྱི་ཡོད་པ་མ་ཟད། བོད་མི་རིགས་ལ་དེ་འདྲའི་ངོ་བོ་དང་ཁྱད་ནོར་ཚང་དགོས་པའི་སྨོན་འདུན་ཡང་སྟོན་གྱི་ཡོད་ལ། དེ་ལྟར་གནས་པ་ཡིན་ན་འཛམ་བུའི་གླིང་འདིའི་སྣོད་བཅུད་གཉིས་ལ་ཕན་ཐོགས་ཡོད་པའི་རྒྱུ་མཚན་ཡང་དག་པའང་ངོས་ཟིན་ཐོབ་ཡོད།
༨ གོང་གི་རྒྱུ་མཚན་ཆེན་པོ་འདིའི་གནད་འགག་ཕར་ཙམ་བཞག་སྟེ། མི་མང་གི་འོས་ཐོབ་བྱུང་བ་ཙམ་གྱི་དབུ་ཁྲིད་ཅིག་གི་སྐུ་པར། མི་རིགས་དེའི་ཚབ་མཚོན་དུ་གྱུར་བའི་གང་ཟག་ཅིག་གི་སྐུ་པར་དང་བསྡུར་བ། ཡང་ན་མཉམ་པོར་འཇོག་པ་སོགས་ནི་ཤེས་རིག་གིས་རང་རྒྱུད་མ་འཚོས་པ་དང། རང་གི་མི་རིགས་ཀྱི་བྱུང་བར་རང་ཉིད་རྒྱུང་མངའ་མེད་པའི་གླེན་པ་དག་གི་ཆབ་སྲིད་ཀྱི་རྨོངས་དད་ཁོ་ན་རེད།
༩ རྒྱལ་བོ་ཞེས་པའི་ཚིག་འདི་བཀས་བཀོད་བརྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ཐ་སྙད་ཅིག་ཡིན་སྟབས། མང་གཙོའི་ལམ་ལུགས་ནང་ཡོང་ས་མེད་ལ། ད་ལྟའི་སྲིད་སྐྱོང་རྒྱལ་བོ་རེད་ཟེར་པ་སོགས་ནི་ན་མ་རྒྱས་པའི་བསམ་ཚུལ་ཡིན་པས། རྨོངས་གཉིད་ལས་མ་སད་པར་དེ་ལྟར་འཇོག་པ་ལས་བྱ་ཐབས་བྲལ།
གོང་གི་དོན་ཚན་འདི་དག་ནི་མཆན་བུ་འདེབས་མཁན་ཚོའི་བསམ་ཚུལ་གཞིར་བཞག་གིས་ལན་དུ་ཕུལ་བ་ཡིན་ལ། དོགས་གཅོད་ཡོད་ན་མུ་མཐུད་གསུངས་དང། ཁོམ་ལོང་བྱུང་ཚེ་ལན་ཕུལ་ངེས།
་་་་་་་ ༥ ༸བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དང་པོར་གསལ་བ་བཞིན། ༸གོང་ས་ཆེན་པོ་ནི་བོད་དང་བོད་མི་རིགས་ཀྱི་ངོ་བོ་དང་ཚབ་མཚོན། སྲོག་ཤིང་བཅས་ཡིན་སྟབས། གསལ་བོར་ཞུས་ན་༸གོང་ས་ཆེན་པོ་ནི་བོད་ཀྱི་ཡབ་ཆེན་ཡིན་ལ། ཁོང་ནི་རྒྱ་གར་གྱི་མ་ཧཱ་དམ་པ་གན་ངྷེ་ལྟར་རྒྱལ་ཁབ་ཀྱི་ཡབ་ཆེན་ཡང་ཡིན་པས། བོད་ཀྱི་ཆོས་སྲིད་ཀྱི་བསྟི་གནས་ཁག་དང། སྤྱི་ཚོགས། ཁྱིམ་ཚང་བཅས་གང་སར་༸གོང་ས་ཆེན་པོའི་སྐུ་པར་སྒྲིག་བཤམས་བྱེད་པའི་རྒྱུ་མཚན་ཡང་དག་དེ་རེད། ་་་་་་་་
བོད་ཀྱི་ཆོས་སྲིད་བསྟི་གནས་ཁང་དང་། ཁྱིམ་ཚང་དུ་བཅས་སུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་གནང་མིན་འབྲེལ་ཡོད་སོ་སོས་བལྟ་བ་ལས་དེ་བཅའ་ཁྲིམས་དང་འབྲེལ་བ་གང་ཡང་ཡོད་པ་རེད་དོ།
རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྐུ་པར་ལས་ཁུང་ནང་བཤམ་ན་འདྲ་མ་བཤམ་ན་འདྲ། དངུལ་ལོར་སྟེང་བཀོད་ཀྱང་ཆོག་མ་བཀོད་ཀྱང་ཆོག ཁོང་བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཡིན་པའི་གནས་སྟངས་འདི་ལ་འགྱུར་བ་གང་ཡང་འགྲོ་ཡ་ཡོད་མ་རེད། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་ལ་མཚོན་ན་ཡང་བོད་དམངས་གཙོའི་སྲིད་གཞུང་གི་སྲིད་ཀྱི་དབང་ཆ་ཆ་ཚང་ཡོད་པའི་སྲིད་སྐྱོང་ཐོག་མ་དང་། བོད་གངས་ཅན་པའི་ལོ་རྒྱུས་ཀྱི་དཀྱོག་མཚམས་ན་འགྲེང་པའི་རྡོ་རིང་གལ་ཆེན་ཞིག་ཆག་ཟིན་པ་རེད། དེས་ན་བོད་པ་སུ་ཞིག་ཡིན་ཡང་ཁོང་གཉིས་ལ་གུས་བཀུར་ཞུ་དགོས་པ་དང་། བོད་པའི་གཞུང་ལས་ཁང་གང་དུ་ཡིན་ཡང་ཁོང་གཉིས་ཀའི་སྐུ་པར་བཤམ་དགོས་པ་གལ་ཆེན་པོ་རེད།
ཤར་ཁུག་ཁྱོད། གངས་སྐྱིད་ཆ་རྒྱུས་ཡ་རྒྱུས་ཡོད་མདོག་གིས་འུར་སྒྲོགས་མ་བརྒྱགས། ཁྱོད་ཀྱི་དོན་མཚན་བརྒྱད་པོ་དག་གནས་ལུགས་ལས་གཡོལ་ནས་དད་གཙོ་སྨྲ་བའི་གཏམ་འབའ་ཞིག་དང་འབྲེལ་མེད་དོན་གཞན་རྐྱང་དུ་ཟད།
༡༽ སྲིད་སྐྱོང་འདི་པ་དགའ་ལྡན་ཕོ་བྲང་སྲིད་གཞུང་མཇུག་བསྒྲིལ་བ་དང་ཆབ་སྲིད་ཐུགས་འགན་བགྲེས་ཡོལ་ཕེབས་ཏེས་ལོ་རྒྱུས་རང་བཞིན་ལྡན་པའི་དམངས་གཙོའི་ལམ་ལུགས་ལག་བསྟར་གྱིས་གདམས་ཐོན་བྱུང་བས། སྲིད་འགན་ཡོངས་སུ་རྫོགས་པ་གནང་ཡུལ་བོད་རྒྱ་ཆེའི་མི་དམངས་ཀྱི་དབུ་འཁྲིད་ཐོག་མ་དེ་ཆགས་ཡོད་པས། སྒྲིག་འཛུགས་མ་ལག་དང་བཅས་པའི་ནང་ཁོང་གི་སྐུ་དཔར་བསྒྲིགས་བཤམས་བྱེད་པའི་དབང་ཚད་ཆ་ཚང་ལྡན་དགོས་པ་རེད། འདི་ནི་བོད་མི་རིགས་ཀྱི་ཆབ་སྲིད་དབུ་འཁྲིད་ལ་གདེངས་འཇོག་དང་གུས་བརྩི་མཚོན་དོན་དང་རྒྱལ་སྤྱིས་ངོས་ལེན་ཡོད་མེད་ལ་མ་བལྟོས་པར་ཨ་རི་དང་ནུབ་ཕྱོགས་ཀྱིས་གདེངས་འཇོག་དང་ཆེ་མཐོང་ཐོབ་དགོས་པ་དེ་ཡང་གལ་གནད་རང་བཞིན་ལྡན་ཡོད། དཔེར་ན་བྱིས་པ་སྣབ་ལུད་ཅན་ཁྲི་མཐོན་པོར་བཞག་ནས་དད་པ་དང་གུས་བརྩི་གདེངས་འཇོག་བྱེད་པའི་ལམ་ལུགས་འོག། གཞུང་ལུགས་རབས་འབྱམས་སྨྲ་བ་ཡང་ཕྱག་འཚལ་དགོས་པ་དང་གང་ཟག་མང་པོ་གཡོག་པོར་མི་ཚེ་འཛད་དགོས་པའི་ལམ་ལུགས་ཡོད་ན། མི་རིགས་ཀྱི་དབུ་འཁྲིད་ཀྱི་སྐུ་དཔར་བཤམས་མི་ཆོག་པའི་རྒྱུ་མཚན་ཅི་ཡོད།
སྲིད་སྐྱོང་གི་འདྲ་དཔར་དོན་གཅོད་ཁང་དུ་བཞག་ན་མི་འགྲིག་པ་གང་ཡང་ཡོད་མ་རེད་བསམ། འོན་ཀྱང་དོན་གཅོད་ཁང་དུ་༧ གོང་ས་མཆོག་སྐུ་པར་མཐོ་པོ་དང་སྲིད་སྐྱོང་འདྲ་དཔར་དམའ་ས་ཞིག་དུ་བཞག་ན་མི་འགྲིག་རྒྱུ་མི་འདུག་བསམ། འོན་ཀྱང་ད་ཐེངས་ཨ་རིའི་དོན་གཅོད་ཁང་དུ་༧ གོང་ས་མཆོག་གི་ཆུང་ཙག་རིགས་སྒོ་འགྲམ་དང་མི་འགྲོ་སའི་ལམ་ཁར་བཞག་པ་དང་སྲིད་སྐྱོང་གི་འདྲ་དཔར་གཙོ་བོ་རྩིས་ནས་ཆེས་མཐོ་ས་ཞིག་དང་བོད་དང་ཨ་རིའི་ཁེ་ན་ཌྲི་སོགས་ཀྱི་དར་ཆ་བར་ན་བཞག་པ་འདི་ལ་བལྟས་ན་ཨ་རིའི་དོན་གཅོད་སྐལ་བཟང་རྡོ་རྗེ་བོད་ཀྱི་ལོ་རྒྱུས་དང་ཆོས་རིག་གཞུང་གང་ལ་ཡང་རྒྱུས་མངའ་མེད་པ་གསལ་སྟོན་དང། ༧ གོང་ས་མཆོག་ལས་སྲིད་སྐྱོང་གལ་ཆེན་བརྩི་གི་ཡོད་པ་གསལ་པོ་རེད།
ཕྲན་ལ་གྲོགས་པོ་ཞིག་གི་སྔོན་ལ་འདི་ལྟར་བཤད་ཉོང། ཨ་རི་དོན་གཅོད་གསར་བ་འདི་༧གོང་ས་འདི་རིར་ཕེབས་དུས་༧གོང་ས་མཆོག་གི་སྐུ་མདུན་ནས་རྫིད་ཉམས་སྟོན་ལས་ཤ་སྲིད་སྐྱོང་ལ་ཚ་གི་འདུག་ཟེར། དེ་དུས་གྲོགས་པའི་སྐད་ཆ་ལ་དེ་ཙམ་དོ་གནང་བྱེས་མེད། ཐེངས་ཁ་ཤས་ཞིག་ལ་༧གོང་ས་མཆོག་འདི་རིར་ཕེབས་དུས་དོ་གནང་བྱེས་བ་ཡིན་པས་གྲོགས་པས་བཤད་པ་དེ་བདེན་པའི་མཐོང། རྗེས་སུ་ཨ་རི་དོན་གཅོད་དང་མཉམ་དུ་ཆང་འཐུང་བ་དང་ཁ་ལག་བཟའ་པའི་གོ་སྐབས་ཐེངས་ཁ་ཤས་ཞིག་རག་བྱུང་བས། ཁོང་དབྱིན་ཡིག་ལ་འོ་ཙམ་འདུག་གྱང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་བཅས་ལ་དངོས་ནས་འབྲེབ་སྤུ་ཙམ་ཡང་མི་འདུག། དེ་ལས་གང་དུ་ཚད་རྒྱལ་སྤྱིའི་དང་ལྷག་པར་རྒྱ་ནག་གི་ཆབ་སྲིད་མཐེལ་ལ་དངོས་ནས་ཐབས་སྐྱོ་བོ་རེད།
དོན་མཚན་༢དང་༣ ལན་སྟབས་གཅིག།༽
གྲོས་ཚོགས་ནང་༧རྒྱལ་བའི་སྐུ་དཔར་ཐོང་གྲོལ་རིན་པོ་ཆེ་གལ་གནས་ཆེ་ས་དང་མཐོ་སར་བཞག་ཡོད་ཞེས་སྲིད་སྐྱོང་གིས་གསལ་པོ་དག་པོ་ལན་མང་གསུངས་སོང་བ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པ་ག་གེ་མོས་ཆེ་མཐོང་ཚུལ་དུ་༧རྒྱལ་བའི་སྐུ་དཔར་ལྷན་དུ་སྲིད་སྐྱོང་རང་ཉིད་ཀྱི་སྐུ་དཔར་ལྷན་དུ་བཤམས་པར། རྒྱུ་འབྲས་རྣམ་གཞག་ལ་བརྩི་བསྲུང་གནང་མཁན་སྲིད་སྐྱོང་ཁོང་གི་བསོད་ནམས་འཛད་ཚུལ་གྱིས་འཕབ་རུ་བཅུགས་ཚུལ་དཔེར་མཚོན་དུ་དྲངས་སོང་ཡང་། གོ་བ་མེད་པའི་གླང་རྒན་དག་གིས་བསམས་ནས་གཟས་ནས་ཐད་བརྐོས་དོན་གཅོད་གངས་སྐྱིད་གྲོས་རྭ་ནས་མ་བརྐོས་པའི་སྙིང་ནད་བརྩད་རྒྱུའི་གོ་སྐབས་ཞིག་རག་ཨེ་ཐུབ་ཀྱིས། ༧རྒྱལ་བའི་སྐུ་པར་དོན་གཅོད་ཀྱི་གཞུང་སྒོ་འཛུལ་མ་ཐག་པའི་ཆབ་སྲིད་འཚོར་བ་རྐྱེན་པའི་སྐུ་མགྲོན་སྣེ་བསུ་ཁང་དུ་བཤམས་མེད་རབས་ཀྱིས་དོན་མེད་གྲོས་རྭ་དབུ་འཁྲིད་གཉིས་ཀྱི་གདན་ཐོབ་འཐབ་རྭ་བཟོས་སོང་ལ། གློ་སྙིང་བྲང་གསུམ་དར་དམར་ལ་གཏད་པའི་ཤར་ཙི་ནའི་ཡུལ་གྱི་ཁུག་རྟ་ཁོ་ཡང་གངས་སྐྱིད་ནས་གནས་དབྱུངས་བཏང་བའི་ནད་རྙིང་བརྩད་རྒྱུའི་འདོད་ཐོག་ཏུ་རྟ་རྒྱུག་གཏོང་གྱིན་པ་རེད།
འབྲོང་རྒྱུད་ཀྱི་སྐད་ཆ་ལ་གནས་ལུགས་འདུག རྒྱབ་སྐྱོར་ཡོད། ཤར་ཁུག་འདི་ཡིས་རྟག་པར་རང་གི་དབུ་ཁྲིད་ལ་དམའ་འབེབས་དང་སྐྱོན་བརྗོད་བྱེད་རྒྱུ་མ་རྙེད་ནས་བསྡད་པའི་བཟོ་འདྲ་ཞིག་འདུག རྟག་པར་འདི་འདྲ་བྱེད་སྟངས་འདི་ལ་ཡིད་བསུན་བྱུང།
༤༽ ཆབ་སྲིད་སྐུ་དབང་དམངས་གཙོའི་ཀ་བ་གསུམ་ལ་ཆ་བགོས་གནང་ཟིན་སྟབས་ཟེར་ན་ཅི་རེད། སྐད་ཆ་འདི་དམངས་གཙོའི་འགྲོ་སྟངས་འདུག་སྟངས་ལ་ཆ་རྒྱུས་ཡ་རྒྱུས་ཅི་ཡང་མེད་པའི་རང་ཚང་ཕྱི་རོལ་དུ་མངོན་སོང་བ་རེད། དམངས་གཙོའི་རྒྱལ་ཁབ་ཚང་མར་ཁྲིམས་འཛིན་གྲོས་ཚོགས་ལམ་ལུགས་དང་སྲིད་འཛིན་སྲིད་བློན་ལམ་ལུགས་འདྲ་མིན་ཚང་མར་དབང་ཆ་ཆ་བགོས་ཡིན་ན་ཡང་། སྲིད་འཛིན་སྲིད་བློན་འདེམས་པའི་ལམ་ལུགས་འོག་རྒྱལ་ཁབ་གཅིག་གི་དབང་ཚད་ཆ་ཚང་འཁུར་ནས་ཕྱོགས་བསྐྱོད་བྱེད་ཀྱིན་པ་ལས་གྲོས་རའི་མཐུས་མི་ཆ་ཚང་དང་ཁྲིམས་དཔོན་འཁྲིད་ནས་ཕྱོགས་བསྐྱོད་བྱེད་མཁན་སུ་ཡང་ཡོད་པ་མ་རེད། ལར་ནས་གཞུང་འཛིན་ལས་ཁུངས་ནང་སྲིད་འཛིན་དཔར་བཤམས་པའི་ལམ་ལུགས་ལས་གྲོས་ཚོགས་མཐུས་མི་སོགས་དབང་ཆ་ཆ་བགོས་མི་སྣའི་དཔར་བཤམས་པའི་ལམ་ལུགས་ཤིག་གང་ན་འདུག།
ཁུག་རྟ་ནི་ཁུག་རྟ་རེད། དགྲ་དགའ་གཉེན་སྡུག་གི་ཁུག་རྟ་རེད། ཡིན་ན་ཡང་། ཁུག་རྟས་བཤད་པ་ཙམ་གྱིས། དངོས་ཡོད་ལ་རྒྱབ་ཕྱོགས་རྒྱུ་ཡིན་ན། ང་ཚོ་ཡང་དྲ་འབུ་ནི་དྲ་འབུ་རང་ཡིན་པ་ལས། ལས་ཀྱི་སྣེ་མོ་ཞིག་ན། གངས་ཅན་པའི་འདས་མ་ད་གསུལ་ལ་བློ་དཀར་བའི་མི་བུ་ཞིག་མ་ཡིན་པར། དགའ་མིན་དགའ་སྡུག་གི་སྐད་ཆ་རེ་བཤད་ནས་བསྡད་ཡོད་པ་གསལ་པོ་རེད།
དེ་འདྲ་ཡིན་ན། གློག་རིན་འཕྲོ་བརློག་དང་། མི་རིགས་གཏོར་བརློག་ཙམ་ལས་ཅང་མེད་པ་ཤེས་ཅིག་གི་ཁ་བརྡ་བ་ཚོ།
༥༽ བཅའ་ཁྲིམས་རིན་པོ་ཆེར་གསལ་བ་བཞིན་༧རྒྱལ་བ་རིན་པོ་ཆེ་ངོ་བོ་དང་དང་ཚབ་མཚོན་རང་བཞིན་ལྡན་ལ་ལོ་རྒྱུས་རང་བཞིན་གྱིས་བཀོད་བཞག་པའི་མི་སྣ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་ལ་ཚང་མས་གུས་བརྩི་ཆེན་པོ་ཞུ་དང་ཞུ་བཞིན་པར་འགྱུར་བ་གང་ཡང་མེད་པ་རེད། འོན་ཀྱང་ད་ཆ་ཁོང་ཆབ་སྲིད་བགྲེས་ཡོལ་གནང་ནས་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་གནང་མེད་པ་ཡང་ཡང་གསུངས་དང་གསུང་གྱིན་པར་འགྲེལ་བཤད་ཇི་ལྟར་བརྒྱག་རྒྱུ་ཡིན་ནམ། མ་ཟད་ཀྲུང་གོས་ཆབ་སྲིད་བགྲེས་ཡོལ་ཨ་རི་དང་ནུབ་ཕྱོགས་ལ་གཏམ་བརྗོད་ཡིན་རབས་ལ་ལན་འདེབས་ཇི་ལྟར་རྒྱག་རྒྱུ་ཡིན་ནམ། དེས་ན་ཆོས་སྲིད་ཀྱི་བསྟི་གནས་ཁག་དང་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ནང། ༧རྒྱལ་བའི་སྐུ་དཔར་མཐོང་སྒྲོལ་རིན་པོ་ཆེ་གང་སར་སྒྲིག་བཤམས་བྱས་ཡོད་ཡོད་ཡིན་ན་རྨོངས་དད་རིང་ལུགས་པ་ཚོ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་བྱེད་དགོས་པའི་རྒྱུ་མཚན་ཡེ་ནས་མི་འདུག་ལ། དོན་མེད་བོད་མིའི་དབུ་འཁྲིད་ལ་དམའ་འབེབས་བྱེད་པའི་ལས་འགན་ཞིག་ཤར་ཁུག་ལ་ཤར་ཁུག་སུས་སྤྲད་མིན་ལ་དྭོགས་པ་སྐྱེ་གཞི་ཆགས་བསྡད་པ་རེད།
བོད་མི་རིགས་ཀྱི་ངོ་བོ་དང་ཚབ་མཚོན་ལ་བཅོས།
བོད་མིའི་བསྒྲིག་འཛུག་གྱི་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་ཞེས་སུ་བོད་སྒྲ་བསྒྲགས་རོགས།
བྲེལ་བ་ཡོད་མདོག་མདོག མི་གཞན་གྱི་ནང་ལས་ཞིབ་ཚགས་ཀྱིས་བགྱིས་པ་ལས་རང་མི་རིགས་ཀྱི་ལྷ་བཙན་པོའི་སྐུ་ཚབ་ཀྱི་མཚན་གཙང་མར་བོས་ན་དགེ་བ་ལྕི། དགེ་བར་མི་སྤྲོ་བའི་གུང་ཏང་བ་ཚོས་ཀྱང་། བོད་ཀྱི་ཆབ་སྲིད་བརླག་འདོད་མེད་ན། རང་གིས་དཔྱ་ཁྲལ་འཇལ་གི་ཡོད་ན། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་ཞེས་སུ་བོད་སྒྲ་བསྒྲགས་རོགས། ད་དུང་མཚན་གཙང་མ་ཙམ་ཡང་ཁ་ནས་འདོན་མི་ནུས་པར་རང་བཙན་གཙང་མ་ཡིན་ན་ཅིག རང་ཚོ་སྨྱོ་བ་ཡིན་བགྱིད་མ་རེད། མ་གཞི་ནས་དྲྭ་འབུ་བྲེལ་བ་འཚུབ་འཚུབ་རང་ཚོར་མཁས་དབང་ཟམ་གདོང་གི་ཁ་སྤུར་ཡང་མི་དོ། ཁོང་གིས་ཞལ་སྤུ་ཡང་བོད་མི་སྡེ་ཡོངས་ཀྱི་བསྒྲིག་འཛུག་གི་མགོ་གཙོར་གུས་ཞབས་ཀྱི་ཚུལ་དུ་བེད་སྤྱོད་གནང་གི་ཡོད། དྲྭ་འབུ་རྒྱ་མིས་ཟོས་བཞག་ན་རེད།
ཨ་ལེ། ཁྱད་མཚར། ཨ་རིའི་དོན་ཁང་དེ་སྲིད་སྐྱོང་གི་ལས་ཁུངས་ཨ་ཡིན་ན། འཛམ་གླིང་ནང་གི་བོད་གཞུང་སྐུ་ཚབ་དོན་གཅོད་ཡོངས་རྫོགས་ཁྲིམས་ཐོག་ནས་ཏཱ་ལའི་བླ་མའི་ལས་ཁུངས་འབོད་ཀྱིན་ཡོད་རེད་ད།office of the dalai lama ཟེར་ལེ་རེད་མ་གཏོགས། བོད་གཞུང་སྐུ་ཚབ་དོན་གཅོད་ཟེར་བ་ཅིག་སུས་ཀྱང་ངོས་ལེན་གནང་གི་མེད་རེད་ད།
དེས་ན་ཏཱ་ལའི་བླ་མའི་ལས་ཁུངས་ནང་ཁོང་གི་སྐུ་པར་བཀལ་དགོས་རེད་མ་གཏོགས།མི་གཞན་ཅིག་གིས་ཚབ་བྱས་ན་ལུང་པ་དེའི་ཁྲིམས་དང་རང་བཞིན་གྱིས་འགལ། གཉིས་ནས་རྒྱལ་ཁབ་ཚང་མས་སོ་སོའི་རྒྱལ་ཁབ་དེའི་རྨང་གཞི་བཏིང་མཁན་ཡབ་མེས་ལྟ་བུ་མི་དེའི་པར་ལས་ཁུངས་གང་སར་བཀལ་ཡོད་པ་མ་གཏོགས། སྲིད་འཛིན་དང་སྲིད་བློན་རེ་འགྱུར་བ་སོང་དུས།པར་རེ་རེ་བརྗེ་བཞིན་པ་མཐོང་མ་སོང་། རྒྱ་གར་གྱི་ལས་ཁུངས་ཆེ་ཁག་ཀུན་གྱི་ཡབ་མེས་གྷནྡེའི་སྐུ་པར་ཡོད་པ་ལས། སྲིད་བློན་རེ་རེའི་པར་བཀལ་མི་འདུག་ལ་བཀར་ཚོད་ཀྱང་མེད་རེད། རྒྱ་དམར་གྱི་ལས་ཁུངས་ཁག་ནང་ཡང་བདུད་རྒན་མོའོ་པར་བཀལ་འདུག་པ་ལས་གཞན་ཚོ་ཉུང་ཉུང་དང་གལ་ཆུང་གི་ཚུལ་དུ་ཡོད།
གང་ལྟར། ང་རང་སྲིད་སྐྱོང་བློ་བཟང་སེང་གེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཁོང་གི་ལས་དོན་ཁག་ལ་ཆེ་མཐོང་བརྩི་བཀུར་ཆེན་ཡོད་མི་ཅིག་ཡིན། འོན་ཀྱང་། ད་རེས་ཀྱི་སྲིད་སྐྱོང་གི་པར་བཀལ་དགོས་པ་དང་མ་བཀལ་ན་ཆོས་ལུགས་རྨོངས་ཞེན་ཡིན་པ་སོགས་བཤད་མཁན་ཚོ་ལ་རྒྱབ་སྐྱོར་མེད། རྒྱུ་མཚན་ཁོང་ཚོས་སྐད་ཆ་དེ་ཚོ་ཕྱོགས་རིས་ཀྱིས་ལབ་བཞིན་པ་རེད། གལ་ཏེ། སྲིད་སྐྱོང་བློ་བཟང་སེང་གེ་མ་ཡིན་པ་གཞན་ཅིག་ཡིན་ན། དེའི་པར་བཀལ་རྒྱུ་ལབ་ན། ད་རེས་ཀྱི་མི་འདི་ཚོས་དེ་ལ་ཏན་ཏན་ངོ་རྒོལ་བྱེད་པ་ངས་ཤེས་ཀྱི་ཡོད།
གྲོས་ཚོགས་ཀྱི་བརྙན་འཕྲིན་བརྒྱུད་མཐོང་གསལ་ཞིག་ལ། བཀུར་འོས་སྤྱི་འོས་གངས་ལྷ་མོ་ལགས་ཀྱིས་སྨན་རྩིས་ཁང་དང་འབྲེལ་བའི་སྐོར་གྱི་བཀའ་འདྲི་དགོངས་ཚུལ་ཞིག་མཇལ་རྒྱུ་བྱུང་། དེར་སྨན་རྩིས་ཁང་གི་ད་ལྟའི་འགན་འཛིན་གསར་པ་བཀྲ་ཤིས་ཚེ་རིང་ཟེར་བའི་ངོ་དགའ་སྤྲེལ་ལད་ཀྱི་འཁྲབ་སྟོན་ལ་དགའ་བའི་རྙིང་ཞེན་ཅན་དེས་སྨན་པ་སློབ་ཐོན་པ་ཡིག་ཚད་ཨང་རིམ་དང་པོ་ཤ་སྟག་ལེན་མཁན་དང་། རང་ཡུལ་བོད་ནས་སླེབས་ཤིང་བོད་ཁྱིམ་སློབ་གྲྭ་བརྒྱུད་མཐར་སྨན་རྩིས་ཁང་དུ་སློབ་གཉེར་ལོ་དྲུག་བྱས་མཐར་གཟུགས་གཞི་བརྟག་དཔྱད་བྱས་འབྲས་མཆིན་ནད་ཁ་པའི་ནད་གཞིར་བསྙད་དེ་ཕྲན་སེལ་ལས་ཀ་མ་གཏོགས་མི་སྤྲད་རྒྱུའི་ཐག་གཅོད་ཀྱིས་སྐྱབས་མེད་མགོན་མེད་གསར་འབྱོར་བ་བཞིར་དཀའ་ངལ་བཟོས་ཡོད་སྐོར་བཤད་སོང་། དེ་གོ་དུས་གོང་གི་དོན་གཅོད་པ་དང་སྲིད་སྐྱོང་གི་འཁྲབ་སྟོན་གྱི་ལེའུ་དེ་དང་ཨ་ན་མ་ན་གཅིག་རེད་ཨང་། ཕུགས་བསམ་ཅན་གྱི་སྨན་པ་བཞི་པོ་སྙིང་རེ་རྗེ་ཨང་།
ཤར་ཕྱོགས་ཁུག་རྟ་ཐང་དཀར་རྒོད་པོ་འདྲ། ཕྱི་ནང་རིག་གནས་འཕུར་བྱེད་གཤོག་པ་རེད།
xxxxཞོལ་གཡག་འབྲོལ་རྒྱུད་ལགས། ཁྱེད་གྱི་ཅི་ཙམ་བཤད་གྱང་རྒྱུ་མཚན་གཅིག་ཀྱང་མི་འདུག། བློ་བཟང་སེང་གེ་སྲིད་སྐྱོང་མ་རེད་ཟེར་མཁན་སུ་གཅིག་ཀྱང་མི་འདུག། བློ་བཟང་སེང་གེ་བྱེད་ལས་དག་ཧ་ཅང་སྐྱོ་པོ་རེད་ཟེར་གྱིན་ཡོད། སྲིད་སྐྱོང་གི་བྱེད་ལས་སྐྱོ་བོ་དག་གི་ཐད་ལ་སྐྱོན་བརྫོད་བྱེད་མི་པའི་ཁྲིམས་ཞིག་གང་དུ་འདུག་གམ། ཕ་ཡུལ་གཅིག་པ་ཡིན་ཀྱང་དེ་འདྲའི་ཕྱོགས་ཞེན་གྱི་ར་བཟི་དགོས་ཀྱི་ཡོད་པ་མ་རེད་འདོད། མི་མང་གི་རང་གི་འགོ་ཁྲིད་ལ་སྐྱོན་བརྗོད་བྱེད་པ་དག་འབངས་མིའི་ཐོབ་ཐངས་རེད། སྲིད་སྐྱོང་ལ་རྒྱབས་སྐྱོར་བྱེད་མཁན་ཁྱོད་མི་ངན་ཕ་ཡུལ་གཅིག་པ་དག་ཡིན་རྒྱུ་མ་རེད། སྲིད་སྐྱོང་དཀའ་ངལ་བྱུང་དུས་མི་མང་གི་རྒྱབས་སྐྱོར་ལས་བྱེད། ཡིནའང་སྲིད་སྐྱོང་བྱེད་ལས་ཐབས་སྐྱོ་དག་མ་འོངས་པ་འཛེམ་སེམས་པར་སྐྱོན་་བརྗོད་བྱེད་གི་ཡིན་ལ་དེས་ཐད་མི་ངན་ཁྱོད་ལྟ་བུ་དགའ་རུང་མ་དགའ་རུང་བྱེད་ཐུབ་མི་འདུག། སྲིད་སྐྱོང་གི་གྲོས་ཚོགས་ནང་དུ་སྐྱག་རྫུན་རོ་འདྲ་པོ་བྱེད། མི་ངན་ཁྱོད་ལྟ་བུ་དྲ་ཐོགས་ནས་སྲིད་སྐྱོང་གི་སྐྱག་རྫུན་ཐད་ལ་རྒྱབས་སྐྱོར་བྱེས་ནས་ཧ་བཤད་རོ་འདྲ་པོ་བྱེས། ངོ་ཚ་ཟེར་བ་ཞིག་མི་འདི་དག་ལ་མི་འདུག། དཀོན་མཆོག་མཁྱེན།
གོང་ས་མཆོག་གི་སྐུ་པར་བཞག་ན། བོད་མི་དང་ཕྱི་རྒྱལ་མི་སྣ་ཚོས་དགའ་པོ་བྱེད་ཀྱི་རེད། དེ་མིན་དངོས་སུ་འཇོག་མི་འཇོག་སྐུ་ཚབ་ཀྱི་དབང་རེད། ཁོང་དོན་གྱི་བདག་པོ་རེད། ཨེ་རེད། དེ་དོན་དག་ཆེན་པོ་ཅང་མ་རེད། དོན་ཆེན་པོ་དེ། དོན་གཅོད་ཀྱི་ཆུ་ཚོད་བརྒྱད་དེ་ག་པར་བེད་སྤྱོད་གཏོང་གི་ཡོད་མིན་གསུང་རོགས། དེ་ང་ཚོར་ཤེས་པའི་ཐོབ་ཐང་ཡོད་དེ། ཁོང་གི་ཕོགས་དེ་ངེད་ཚོའི་རྒྱལ་གཅེས་མ་དངུལ་ནས་གཏོང་བ་མ་རེད་པས།
ཨ་ལས། ལ་སྟོབས་ལགས། སྲིད་སྐྱོང་བློ་སེང་བོད་མི་རིགས་ཀྱི་དབུ་འཁྲིད་ལ་ངོས་འཛིན་ཨེ་ཡོད། མེད་ན་ཅི་ཡང་བཤད་རྒྱུ་མེད། གལ་ཏེ་ངོས་འཛིན་ཡོད་ན་ད་ཐེངས་ཀྱི་སྲིད་སྐྱོང་འདི་བོད་ཀྱི་བྱུང་རབས་ནང་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་དམངས་གཙོའི་ལམ་ལུགས་ལག་བསྟར་འོག་གདམ་ཐོན་བྱུང་བ་ཐོག་མ་དེ་ཡིན། ལར་ནས་སྲིད་སྐྱོང་གི་སྐུ་དཔར་བཤམས་མིན་ཐད་གང་ཟག་བློ་སེང་ལ་དམིགས་པ་ཞིག་མ་ཡིན་པར་མི་རབས་གསར་པའི་མི་རིགས་ཀྱི་དབུ་འཁྲིད་ངོ་བོ་དང་ཚབ་མཚོན་རང་བཞིན་ལྡན་ཡོད། འོན་ཀྱང་ཁྱོད་ཚོས་གང་ཟག་བློ་སེང་འདུ་ཤེས་ལས་བོད་མི་རིགས་ཀྱི་དབུ་འཁྲིད་འདུ་ཤེས་མེད་པ་ལས་གླེང་རྙོག་འདི་བྱུང་བ་རེད། ད་དུང་རྗེས་ཕྱོགས་སྲིད་སྐྱོང་སུ་ཕེབས་ན་ཡང་བོད་མི་རིགས་ཀྱིས་གདེང་འཇོག་དང་བརྩི་བཀུར་བྱེད་དགོས་པ་ནི་འགན་འཁྲི་རང་བཞིན་ལྡན་ཡོད། དཔེར་ན་བོད་མི་རིགས་ཀྱིས་ཁྱེའུ་ལྷ་མོ་དོན་གྲུབ་༧རྒྱལ་བའི་ཡང་སྤྲུལ་ལ་ངོས་འཛིན་དང་གདེང་འཇོག་བརྩི་བཀུར་ཞུས་མེད་ན། ད་གཟོད་༧རྒྱལ་བའི་མཚན་སྙན་གོ་ལ་ཧྲིལ་པོར་ཇི་ལྟར་ཁྱབ་སྲིད་དམ། ཕྱི་མི་སུས་གདེང་འཇོག་དང་གུས་བརྩི་ཞུ་སྲིད་དམ། བོད་ཀྱི་བླ་སྤྲུལ་ཚོ་ཡང་དེ་དེ་བཞིན་ནོ།
དེས་ན་འབྲེལ་མེད་དོན་གཞན་གྱིས་རྒྱ་གར་དཔེར་དྲུད་ཡོང་ན་བདེ་མོ་ཟིག་མ་རེད། རྒྱ་གར་རང་བཙན་རྒྱལ་ཁབ་འོག་བདེ་སྐྱིད་རང་དབང་གིས་འཚོ་བཞིན་པར་ཁོ་རང་ཚོ་གང་འདོད་རེད། བྱས་ཙང་པེ་ཅིང་སྲིད་གཞུང་གི་མིག་ནང་བཙན་བྱོལ་སྲིད་གཞུང་མེད་པ་དང་ཁྱོད་ཚོའི་མིག་ནང་བོད་མི་རིགས་ཀྱི་དབུ་འཁྲིད་སྲིད་སྐྱོང་མེད་པ་གཉིས་སྒོ་ཀུན་ནས་མཚུངས་འདུག་ལ། ང་ཚོས་བོད་མི་རིགས་ཀྱི་ཆབ་སྲིད་དབུ་འཁྲིད་ཁོང་ལས་མེད་པ་ངོས་འཛིན་ཞུ་བཞིན་ཡོད་ལ། སྲིད་སྐྱོང་གི་སྐུ་དཔར་བཤམས་ན་མི་འོས་རབས་བཤད་མཁན་ཚོ་ཡང་ཕྱོགས་རིས་སུ་འགྱུར་ཏེ་རྨོངས་དད་རིང་ལུགས་པའི་ཕྱོགས་སུ་ལྷུངས་མེད་ན་ཅི་རེད།
རྒོད་པོ་རྒོད་པོ། ཁྱོད་མིང་དོན་མཚུངས་མི་འདུག། ང་སྲིད་སྐྱོང་གི་རྒྱུགས་ཁྱི་ཡིན་ན་འགྲིགས་སོང་བ་རེད། བོད་མི་རིགས་ཀྱི་དབུ་འཁྲིད་སྲིད་སྐྱོང་རྒྱབ་སྐྱོར་བྱས་པར་རྒྱུགས་ཁྱིར་འགྱུར་སོང་ན་ང་སྤོབས་པ་ཡོད། ཁྱོད་དར་དམར་ཐོད་ལ་བཅིངས་བོད་མི་རིགས་ས་ཡ་བརྒལ་བ་དམར་གསོད་བཏང་བའི་རོ་ཐོག་ཏུ་ཞབས་བྲོ་འཁྲབས་མཁན་ཁུག་རྟའི་རྒྱུགས་ཁྱི་དང་ཁུག་རྟ་ཏང་གི་རྒྱུགས་ཁྱི་རྒྱུགས་ཁྱི་འདི་འདྲ་ཆགས་སོང་ན་དཔེ་བསགས་པ་རེད་ད། ཧ་ཧ།
གཞི་རྩའི་སྲིད་སྐྱོང་གི་བྱེད་ལས་སྐྱོ་པོ་ཅི་བྱས་སོང་ངམ། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ག་རེ་དང་འགལ་སོང་ངམ། གནས་ལུགས་རྒྱུ་མཚན་ཡང་དག་ལྡན་པའི་སྐྱོན་བརྗོད་བྱེད་ངས་ཀྱང་མོས་མཐུན་ཡོད། དེ་མིན།
ཨ་རིའི་དོན་གཅོད་ཁང་དུ་༧གོང་ས་མཆོག་གི་སྐུ་པར་འགའ་སྒོ་ཡི་འགྲམ་དང་མི་འགྲོ་ས་རུ་བཞག་ཡོད་པ་དང་སྲིད་སྐྱོང་གི་འདྲ་དཔར་གོང་དུ་ཡོད་པ་བཞིན་དེ་ག་རིང་རེད། ང་རང་གི་མཐོང་དུས་༢༠༡༤ ཟླ་༨ ཚེས་༢༩ ཉིན་གྱི་དགོངས་མོ་རེད། དེ་དུས་སྲིད་སྐྱོང་ཡོ་རོབ་ནས་ཨ་རི་ལ་ཕེབས་པ་འདྲ། གང་ལྟར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཐོག་དུ་ཕེབས་པ་རེད། སྐབས་དེ་དུས་གོང་དུ་འདྲ་དཔར་ཡོད་པ་བཞིན་སྲིད་སྐྱོང་གི་དཔར་དར་ཆ་གསུམ་གྱི་བར་ན་གཙོ་བོ་བཞག་ཡོད་པ་དང། དེ་ནས་༧གོང་ས་མཆོག་གི་སྐུ་པར་ཆུང་ཆུང་ཞིག་མེ་ཐབ་གྱི་སྒང་དུ་སྤྱིར་སྟངས་འདྲ་པོ་ཞིག་བཞག་ཡོད་འདུག། ཕྲན་ལ་མཚོན་བློ་བདེ་ནོ་ཁྱོན་ནས་མ་བྱུང། དེ་དུས་ང་ཚོའི་སྤྱི་འཐུས་རྣམ་པ་གཉིས་ཡང་ཕེབས་འདུག། ཁོང་རྣམ་པ་གཉིས་མཉམ་དུ་སྐད་ཆ་བཤད་རྒྱུ་བྱུང་དོན་དག་འདི་དངོས་ནས་ཡག་པོ་མི་འདུག། བྱེད་ལས་འདིའི་བོད་མི་མང་གི་སེམས་ནང་སུ་རྨ་ཁ་ཆེན་པོ་བཟོ་ས་རེད། ནང་ཁུལ་ཕན་ཚན་བར་ལ་འགལ་བ་ཆེན་པོ་བཟོ་ས་རེད་བཅོས་བཤད་རྒྱུ་བྱུང། སྐབས་དེ་དུས་བོད་མི་འགའི་སྤྱི་འཐུས་རྣམ་པ་གཉིས་མཉམ་དུ་དོན་དག་འདིའི་སྐོར་ལ་སྐད་ཆ་བྱེད་སོང། བྱེད་སྟངས་འདི་དངོས་ནས་ཐབ་སྐྱོ་བོ་རེད། བྱེད་སྟངས་འདིའི་སྒང་ནས་སྲིད་སྐྱོང་དང་ཨ་རི་དོན་གཅོད་གཉིས་ལ་ཕྲན་གྱི་སེམས་ནང་སུ་དོགས་པ་དེ་འདྲ་མང་པོ་སླེབས་བྱུང། བྱེད་ལས་བྱེད་སྟངས་ཧ་མ་གོ་བ་དེ་འདྲ་ཡོངས་སྲིད། དེ་འདྲ་ནི་ཡིན་རྒྱུ་མ་རེད། དེ་ནས་ཤེས་བཞིན་དུ་བྱེས་བ་ཡང་སྲིད། གང་ལྟར་བྱེད་སྟངས་འདི་ནི་དངོས་ནས་ངོ་ཚ་དགོས་བ་ཞིག་རེད།
བོད་མིའི་བསྒྲིག་འཛུག་གི་དབུ་གཙོ་སྲིད་སྐྱོང་ལས་ཐོག་པ་ཞིག་གི་སྐུ་དཔར་ནི་བསྒྲིག་འཛུག་དེའི་མ་ལག་གི་ལྷན་ཁང་ཁག་ཏུ་སྒྲིག་བཤམས་བྱེད་པ་ནི་འགྲོ་མིའི་ཀུན་སྤྱོད་དང་མཐུན་པ་རེད་ལ། འཛམ་བུ་གླིང་གི་རྒྱལ་ཁབ་ཚང་མས་དེ་ལྟར་གནང་སྲོལ་ཡང་ཡོད་པས་སྲིད་སྐྱོང་སྐུ་དཔར་ངེས་པར་དུ་བོད་མིའི་གཞུང་ལས་ཁང་དུ་སྒྲིག་རྒྱུ་ནི་ལུགས་མཐུན་རེད། བོད་ཀྱི་སྐབས་འཚོལ་དང་གཡོན་འཐོན་པ། ཡང་ན་དད་གཙོ་རིང་ལུགས་པ་དག་གིས་དུས་སྐབས་རྒྱལ་བ་རིན་པོ་ཆེ་ཁར་འཁྱེར་ནས་བོད་མིའི་བསྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ཁོང་གི་དབུ་འོག་དཔུང་སྤྱོད་བྱེད་མཁན་ཚོར་གཞི་མེད་སྐྱོན་འཛུགས་ཀྱིས་སྒྲོ་སྐུར་སྣ་ཚོགས་བཟོ་བཞིན་པ་འདི་དག་ནི་རྒྱ་དམར་གཞུང་གིས་བྱེད་བབ་དང་གཅིག་པ་ཅིག་རྐྱང་གིས་བོད་མིའི་སྒྲིག་འཛུགས་འདི་མེད་པའམ་ནུས་མེད་གཏོང་རྒྱུའི་ལས་ཨ་ན་མན་རེད། དེང་སྐབས་བོད་མིའི་ཕྱི་ནང་གི་གནས་སྟངས་ཛ་དྲག་ཏུ་ཡོད་པའི་སྐབས་འདིར་སྐུ་དཔར་མཐོ་དམའ་དང་སྒྲིག་བཤམས་སྐོར་གྲོས་ཚོགས་ནང་གི་གླེང་རྩོད་ཉི་མ་ཕུད་ཐབ་བྱས་པ་དེ་ནི་འཛམ་གླིང་མིག་གིས་མ་མཐོང་བའི་གྲོང་གསེབ་རྒན་རྒོན་དག་གིས་སྲང་ལམ་བར་གྱི་སྐད་ཆ་ལས་མ་འདས། ཨ་རིག་དོན་ཁང་དུ་སྐུ་མདུན་གྱི་སྐུ་དཔར་བཅུ་གྲངས་ཞིག་སྒྲིག་བཤམས་བྱས་འདུག། མ་གཞི་ནི་སྐབས་འཚོལ་བ་མི་འདི་ཚོས་རྒྱུན་དུ་ནས་སྐུ་མདུན་ཡར་ཡར་དང་མར་མར་གཅིག་ཅིག་གཉིས་གཉིས་ཞེས་བོད་མིའི་ནང་ལ་གླེང་རྩོད་བཟོ་རྒྱུ་དེ་མང་སོང་ན་ནམ་ཞིག་གོང་ས་མཆོག་ལ་ཡང་དད་ལོག་དང་སྐྱོན་བརྗོད་བྱེད་མཁན་མང་ནས་མང་དུ་འགྲོ་རྒྱུ་ཡིན་པར་ནི་ངེད་ཚོར་མཐོང་ཆོས་སུ་ཡོད་པ་དེ་རེད། དེ་དག་ཁྱེད་རང་ཚོས་དགོས་དམིགས་ཡིན་ཚེ་དེ་ལུགས་གླེང་རྒྱུ་བཟོས།
དོན་གཅོད་ཁག་ཏཱ་ལའི་བླ་མའི་མཚན་ཐོག་ཡོད་པ་དང་གནས་ཡུལ་རྒྱལ་ཁབ་ཁག་ནང་སྲིད་གཞུང་གཞན་ཞིག་འཛུགས་མི་ཆོག་པ་དོན་དངོས་ཡིན་ཡང་། ཏཱ་ལའི་བླ་མ་སྐུ་སྒེར་ལ་དོན་གཅོད་ཁག་ཐུགས་མཁོ་ཡོད་རྒྱུ་མ་རེད་ལ། དོན་གཅོད་འཛུགས་དགོས་པའི་དམིགས་ཡུལ་ཡང་བོད་དང་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཆེད་དུ་བཙུགས་པ་ཞིག་ཡིན་རྒྱུ་རེད་དྲན་ཡོད།
མ་ཟད་ཏཱ་ལའི་བླ་མ་ཡང་བོད་རིགས་རེད་ལ་བོད་མི་རིགས་ཀྱིས་ཀྱང་ཏཱ་ལའི་བླ་མ་དད་གུས་དང་གདེངས་འཇོག་ཆེན་པོས་བསྐྲུན་བཞག་པ་ཞིག་ཡིན་ཙང་། གནས་ཡུལ་རྒྱལ་ཁབ་ཁག་གིས་ཀྱང་ཏཱ་ལའི་བླ་མ་སྐུ་སྒེར་གཅིག་པུར་དོན་གཅོད་དེ་འདྲའི་མང་པོ་ཞིག་ཕུལ་མི་སྲིད་པ་རེད། དེས་ན་དོན་གཅོད་ཁག་ཏཱ་ལའི་བླ་མ་སྐུ་སྒེར་གཅིག་པུར་དབང་བ་རེད་དམ་སྒྲིག་འཛུགས་གཞུང་ལ་དབང་བ་རེད། དྲི་བ་འདི་ལ་སྟོད་སྟོབས་རྒྱལ་ལགས་ལ་ཡིན། དྲི་བ་འདི་ཁ་གསལ་ལན་འདེབས་ཤིག་བྱུང་ན་དོན་གཅོད་ཁག་ནང་སྐུ་དཔར་སྒྲིག་བཤོམས་ཀྱི་གླེང་རྙོག་མཇུག་སྒྲིལ་སྲིད་པ་རེད།
དོན་དངོས་དང་མཐུན་པའི་སྐྱོན་བརྗོད་བྱེད་ཀྱིན་ཡོད་ན་སྲིད་སྐྱོང་གི་རྩ་བའི་དམ་བཅའ་གསུམ་བསྒྲུབ་ཡོད་མེེད་དང་རྩ་དོན་འཐབ་རྩོད་མཐུས་ཤོར་འགྲོ་ཡི་ཡོད་མེད། འཛིན་སྐྱོང་ལས་དོན་ཚག་ཚུད་ཡོད་མེད་ཐད་སྐྱོན་བརྗོད་བྱས་ན་ལུགས་དང་མཐུན་པ་རེད་ལ་དམངས་གཙོའི་དགོས་དམིགས་ཡང་དེ་ལྟར་རེད། འོན་ཀྱང་སྐབས་འཚོལ་རིང་ལུགས་དང་སྲིད་དོན་ཚོང་པའི་ཤོག་ཁག་འདི་ཚོས་ཐབས་བརྒྱ་ཇུས་སྟོང་གིས་སྲིད་སྐྱོང་ནག་པོ་བཟོ་ཐབས་འབད་བརྩོན་ག་ཚོད་བྱས་ཀྱང་། ཁོ་ཚོར་ལག་པ་འཇུ་ས་ནི་སྲིད་སྐྱོང་མིག་ཤེལ་ནག་པོ་གྱོན་རབས། འགྱིངས་ཉམས་ཆེ་རབས། སྐུ་དཔར་གྱི་ཐང་ག་བཤམས་རབས། ༧རྒྱལ་བའི་སྐུ་དཔར་དང་ཆེ་ཆུང་བཤམས་རབས་འདི་ལས་བརྒལ་མེད་ལ་འདི་ལས་བརྙེད་མེད་པ་དེ་རེད།
ལོ་ངོ་གསུམ་གྱི་རིང་ལ་སྲིད་སྐྱོང་གི་ལས་ཀ་གང་གང་བྱེས་ཡོད་དམ། གཅིག་ཀྱང་བྱེད་ཐབ་ཡོད་མ་རེད། ངོ་ཚ་མེད་པའི་སྐད་ཆ་རང་བྱེད་གྱིན་འདུག། སྲིད་སྐྱོང་གི་རྩ་བའི་དམ་བཅའ་གསུམ་ཟེར་གྱིན་འདུག། སྲིད་སྐྱོང་གི་ཁ་ཡར་བཤད་ལ་ཨོ་སྦ་མ་ཁ་མར་བཤད་ལ་ཧ་ཝ་མཐོ་སློབ་ཟེར་ནས་ལོ་ངོ་གསུམ་དེ་ནས་ཕྱིན་སོང།
རྣམ་དཔྱོད་ལྡན་པའི་ཁུག་རྟ་འདིས་ཧ་ཅང་གནད་འགག་ཆེ་བའི་དོན་གནད་ཅིག་གསུང་འདུག སེང་གེ་བཀའ་ཤག་གིས་རང་གཟུགས་ལྷང་ང་བུད་དང་ཐལ། ༧གོང་ས་མཆོག་གི་སྐུ་པར་མར་བླངས་ནས་རང་པར་ཅིག་ཡར་བཀལ། ད་དུང་མཁས་དབང་བློ་བཟང་སེང་གེ་ཡིན་ན་ཅིག གླེན་པ་ཁ་ནག་ཅིག་རེད་འདུག་ག གྲོས་ཚོགས་ར་བ བློ་སེང་གི་གཡོ་འོག་ཏུ་ཚུད་མི་ཉན།
༧གོང་ས་མཆོག་མདུན་ན་བཞུགས་བཞིན་མ་འོངས་སྔོན་གཟིགས་ཀྱིས་ལུང་བསྟན་པ་ལྟར། ང་ཚོས་ཀྱང་ཆེས་མཐོའི་སྲིད་སྐྱོང་གི་དབུ་ཁྲིད་འདམས་པ་བཞིན་ད་དུང་ཡང་ང་ཚོས་གོམ་གང་མདུན་སྤོས་ཀྱིས་དམངས་གཙོའི་དབུ་ཁྲིད་ཀྱི་སྐུ་པར་ལ་ཡང་ད་ལྟ་ནས་དབུས་སྐད་མ་སོང་ན་འགྲོ་ལུགས་ཉོ་དགོས། དྲྭ་འབུ་སུས་ཁར་ཉན་ན་ཉོན། བཙན་བྱོལ་དར་དམར་སྲོལ་འབྱེད་ཀྱི་གསར་ཐོ་བ། ཏང་བྱ་ཁུག་རྟའི་ཁར་ཉན་མི་རུང་།
གལ་སྲིད་ཁྱེད་ལ་ང་ཚོའི་དམངས་གཙོའི་དབུ་ཁྲིད་༧གོང་ས་མཆོག་གིས་འབད་འབད་འབྲས་བུ་མཁས་དབང་ཆོས་འཕེལ་གྱིས་ཀྱང་བློ་ངོར་མ་ཤོང་བ། སུ་དང་གང་གི་ཆོལ་ཁར་ལྟོས་པ་མེད་པ།། སུ་དང་གང་གི་ཆོས་བརྒྱུད་ལ་ལྟོས་པ་མེད་པར་འབྱུང་སྲིད་པའི་དབུ་ཁྲིད། འགྲོ་བ་མིའི་རིགས་ཀྱིས་ཁྱིམ་རྒྱུད་དང་ཡུན་རིང་དྲག་པའི་བྱམས་བརྩེ་ལྡན་པའི་སྤྲུལ་སྐུའི་སྲིད་སྐྱོང་རྣམས་ལེགས་བཅོས་ཀྱི་མཐར་རྙེད་པའི་དབུ་ཁྲིད་སྟེ། ང་ཚོའི་མང་མོས་ལ་དམའ་འབེབ་མ་བགྱིད་རོགས། ཨ་མའི་ལོ་ལོ།
འདྲ་པར་སྔ་མས་ནི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཉིད་ཀྱིས་བློ་གྲོས་དང་བོད་མི་སྐྱབས་བཅོལ་བའི་ཤུལ་བཞག་མཚོན་ལ།
ཕྱི་མས་ནི་༧རྒྱལ་བ་སྐུ་ཕྲེང་ཡོངས་དང་རྒྱལ་སའི་རྒྱལ་ཞེན་ལྡན་པའི་སྐུ་དྲག་དང་མི་དྲག་དང་བོད་མི་རིགས་ཀྱི་དད་འདུན་མཚོན་ནོ།
མདོར་ཧྲིལ་གྱིས་བསྡུས་ན། སྲིད་སྐྱོང་གྱི་་དཔར་བཞག་རྒྱུ་ད་་ལྟ་སྔ་དྲགས་པ་རེད། ཁོས་ཁ་ནས་བཤད་པ་བཞིན་ལག་ལེན་ཚང་མ་བ་ལྟར་དང་། དེ་ནས་ང་ཚོས་དཔར་བཞག་པ་བསྒྲིག་འདུག་མི་འདུག་ལྟ་མཆོག དེ་མི། ་ཁ་བཤད་ཆུ་ཡི་ལྦུ་བ།། ལག་ལེན་གསེར་གྱི་ཐིག་པ། ནང་བཞིན་ཡིན་ན་དཔར་བཞག་དགོས་དོན་མི་འདུག ལར་ནས་སྲིད་བློན་དང་སྲིད་འཛིན་སོགས་ཀྱི་དཔར་ཁང་པ་དང་། ལས་ཁུངས་། ཚོང་ཁང་། མགྲོན་ཁང་སོགས་ལ་བཞག་པའི་ལུགས་སྲོལ་ཡར་ཐོན་མེད་པའི་རྒྱལ་ཁབ་ཀྱི་ལུགས་སྲོལ་རེད། ཡར་ཐོན་་ཅན་གྱི་རྒྱལ་ཁབ་ནང་དེ་འདྲ་ལུགས་སྲོལ་དཀོན་པོ་རེད།
ཡ་ཡ། གོང་ན་ཁ་ཤས་ཀྱིས་བོད་མི་རིགས་ཏཱ་ལའི་བླ་མར་ཕན་ཐོག་ཆེན་པོ་ཅིག་བྱས་རབས་དང་བོད་མི་རིགས་ཏཱ་ལའི་བླ་མར་ཆེ་མཐོང་དེ་ཙམ་ཞིག་མེད་ན་ཏཱ་ལའི་བླ་མ་ཚར་རེད་མདོག་མདོག་བཤད་འདུག་ག། བོད་མི་ཚོས་ཏཱ་ལའི་བླ་མ་ཐུགས་ཐག་བཅད་པ་དེ་དང་པོ་ནས་སོ་སོའི་ཁེ་ཕན་དང་ལྷག་པར་བོད་ཀྱི་མཐོ་རིམ་མི་སྣ་ཚོའི་ཆབ་སྲིད་ལག་ཆ། སོ་སོའི་དབང་ཆ་སྲུང་སྐྱོབས་ཀྱི་ཆེད་དུ་བཟོས་པ་ཅིག་མ་གཏོགས། ལྷ་མོ་དོན་འགྲུབ་ལ་སྙིང་རྗེ་བྱས་པ་དང་བཟང་བྱས་བཞག་པ་གང་ཡང་མ་རེད།
གཉིས་ནས་ཏཱ་ལའི་བླ་མ་ངོས་འཛིན་བྱས་ནས་བཟུང་བོད་མི་རིགས་ཀྱིས་ཁོ་ལ་སྡུག་པོ་རྐྱང་རྐྱང་བཏང་བཞག་པ་མ་གཏོགས་དེ་འདྲ་བཟང་བྱས་རབས་ཤིག་མཐོང་མ་སོང་། དང་པོ་ཏཱ་ལའི་བླ་མའི་ཡབ་བོད་པས་བསད་པ་རེད། དེ་ནས་ཏཱ་ལའི་བླ་མ་ཉིད་ཀྱང་བོད་ནས་གསོད་རྩིས་ཐེངས་འགའ་བྱས་རབས་ཟམ་གདོང་རིན་པོ་ཆེས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གསུངས་སོང་ང། ལྷག་པར་ཏཱ་ལའི་བླ་མ་བོད་པ་མ་རེད་རྒྱ་ཕྲུག་རེད་མདོག་མདོག་གིས་སྟག་བྲག་རིན་པོ་ཆེས་ཡང་སྤྲུལ་བརྗེ་བོ་བརྒྱབས་ཆེད། བཀའ་ཤག་གིས་ཙོང་ཁ་བའི་སྐུ་བརྙན་མདུན་ཟན་རྟགགས་ཐེངས་མང་སྒྲིལ་ཀྱང་ཏཱ་ལའི་བླ་མར་བབས་ཏེ་ཐབས་ཤེས་མ་བྱུང་བ་རེད།
གསུམ་ནས་ཏཱ་ལའི་བླ་མ་ཟེར་བ་མི་སྣ་སྐད་གྲགས་ཅན་ཅིག་དང་པོ་སོག་པོའི་རྒྱལ་པོ་ཚོས་བཟོས་བཞག་པ་མ་གཏོགས། བོད་པས་བཟོས་པ་གང་ཡང་མ་རེད། དེ་ཚོ་ལོ་རྒྱུས་ལ་ལྟོས་དང་ཤེས་ཡོང་། དེང་སང་གི་ཏཱ་ལའི་བླ་མ་སྐུ་སྒེར་ལ་མཚན་སྙན་ཆེན་པོ་ཡོད་པ་ནི་ཁོ་རང་གི་འཇོན་ཐང་དང་རྣམ་དཔྱོད་ལས་བྱུང་བ་མ་གཏོགས། བོད་པས་བཟོས་པ་མ་རེད་ལ་བཟོས་ཐུབ་ཀིའང་མ་རེད། དཔེར་ན། འཛམ་གླིང་ས་ཕྱོགས་མང་ཆེ་བ་ཞིག་གི་མི་ཚོས་བོད་པ་ཤེས་མཁན་ཉུང་ཉུང་རེད། འོན་ཀྱང་། ཏཱ་ལའི་བླ་མ་ཤེས་ཀི་རེད།
བཞི་ནས་ཏཱ་ལའི་བླ་མ་བོད་ཀྱི་བླ་ཆེན་གཞན་ཁག་ཅིག་དང་འདྲ་བར་བོད་མི་དཀའ་སྡུག་གི་སྐབས་སུ་རང་འགོ་གང་འཐོན་མ་བྱས་པར། མི་ཚེ་གང་བོར་བོད་མི་དང་སྐྱིད་སྡུག་མཉམ་མྱོང་གིས་རང་གི་སྙན་གྲགས་ལ་བརྟེན་ནས་བཙན་བྱོལ་བོད་མི་ཚོར་ཁ་གསོས་རྒྱབ་བཀབས་ཡོད། འོན་ཀྱང་། བོད་མི་ཚོར་ཅུང་ཟད་སྤུ་ཐོག་མི་གྲལ་ཆོད་ཡོང་དུས་ཁོང་གི་མཐའ་འཁོར་གྱི་བོད་མི་ཚོ་ཚུན་ཆོད་ཀྱིས་ཁོང་ལ་བློ་མེད་བྱས། ངོ་ལོག་བརྒྱབས། བློ་ཕམ་བཅུག་སྟེ་དྲིན་ལན་ལོག་འཇལ་བྱེད་བཞིན་པ་མཐོང་ཆོས་རེད།
ལྔ་པ། ཏཱ་ལའི་བླ་མ་ཟེར་བ་དེ་སུ་རེད། དེ་ནི་ཁ་ཤས་ཀྱིས་བཤད་པ་ནང་བཞིན་བོད་མིས་ཐུགས་རྗེ་བཀའ་དྲིན་གྱིས་ཡར་བཀྱགས་བཞག་པ་དེ་འདྲ་ལས་སླ་བོ་མ་རེད་བསམ། ཁྱབ་ཆེ་ས་ནས་བཤད་ན་འཛམ་གླིང་གི་ནང་པ་ཡོངས་རྫོགས་ཀྱི་མིང་དོན་མཚུངས་པའི་དབུ་ཁྲིད་ཅིག་རེད། དེ་ནི་ཁོང་སྐུ་སྒེར་གྱི་གཟི་བརྗིད་དང་མཁྱེན་དཔྱོད་ལས་བྱུང་བ་མ་གཏོགས་རྒྱལ་ཁབ་མེད་པའི་བོད་པ་ཚོས་བཟོ་ཐུབ་པ་ཅིག་མ་རེད། ཁྱབ་ཆུང་ས་ནས་ཀྱང་རྒྱ་བལ་འབྲུག་སོགས་ཀྱི་ནང་པ་ས་ཡ་ཁ་ཤས་དང་སོག་པོ་ཕྱི་ནང་། ཨུ་རུ་སུ་ཁོངས་ཀྱི་སོག་པོ་དང་བོད་བཅས་རྒྱལ་ཁབ་མང་པོ་ཅིག་གི་འདི་ཕྱི་གཉིས་ཀའི་སྐྱབས་གནས་ཡིན་པ་མ་ཟད། རྒྱ་མི་དང་ཕྱི་གླིང་བ་མང་པོ་ཅིག་གིའང་སྐྱབས་ས་ཡིན་དུས། ཁོང་འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་ཅིག་རེད།
དྲུག་པ། བོད་པ་ཚོར་རང་ཤེད་ཚ་རྒྱུ་མང་དྲག། ཏཱ་ལའི་བླ་མར་བཟོད་སྒོམ་ཆེ་རྒྱུ་མང་དྲག་ནས་ད་བར་དོན་གཅོད་ཁག་ནང་དོན་གྱིས་བོད་པའི་ཆབ་སྲིད་ཁོ་ན་ལས་བཞིན་པ་འདྲ་བོ་མ་གཏོགས། གོང་ནས་བཤད་པ་བཞིན་ཏཱ་ལའི་བླ་མའི་དོན་གཅོད་ལ་བོད་དོན་མིན་པའི་ལས་ཀ་མང་པོ་ཡོད་རེད། དཔེར་ན། རྒྱལ་ཁབ་གང་དུའང་དེ་རིང་བོད་དོན་ལས་འགུལ་ཅིག་སྤེལ་ན་རྒྱབ་སྐྱོར་བ་མི་བཅུ་གྲངས་མ་གཏོགས་འཛོམས་ཐུབ་ཀྱིན་མི་འདུག། འོན་ཀྱང་། ཏཱ་ལའི་བླ་མས་བཀའ་ཆོས་ཤིག་གནང་ན་མི་ཁྲི་ཕྲག་མང་པོ་འཚང་ཁ་རེད། འཛིན་བྱང་མ་རག་པའི་དཀའ་ངལ་རེད། འཛམ་གླིང་ཡུལ་ཕྱོགས་གང་སར་དེ་འདྲ་རེད་ད། མདོར་རྩ། བོད་པ་མེད་ན་ཏཱ་ལའི་བླ་མ་ཚར་ཡོད་མེད་གང་ཤེས་ཏེ། ཏཱ་ལའི་བླ་མ་མེད་ན་བོད་པ་ཚར་རེད། སྔ་མོ་ནས་འཐོར་ཚར་རེད། ད་ལྟའི་འདིའི་ཚད་ན་ཁོ་རང་མེད་རེད།
གལ་སྲིད་ངའི་མཐོང་ཚུལ་ནོར་མེད་ན། ཁུག་ཏ་ལགས་ནི་ག་དུས་ཡིནའང་དཀྲུགས་ཤིང་རྒྱབ་ནི་སྡོད་མཁན་འདྲ་ཞིག་མཐོང་གི་འདུག། ཁྱེད་རང་གི་རྩོམ་དང། མཆན་འགའ་ཤས་ཀློག་པ་ཡིན། སྤྱི་དོན་ལ་སྨན་པའི་བསམ་ཚུལ་ཕལ་ཆེར་མཐོང་མ་བྱུང་། མང་ཆེ་བ་ནི་སྲིད་སྐྱོང་མཆོག་ལ་ཟུར་ཟ་རེད། སྲིད་སྐྱོང་ནི་༧གོང་ས་༧སྐྱབས་ཆེན་པོའི་བཀའ་དགོངས་ལྟར་བཙན་བྱོལ་ནང་ཡོད་པའི་བོད་རིགས་མང་ཚོགས་ཀྱིས་ཐད་ཀར་མང་མོས་འོས་འདེམས་བྱས་པའི་བོད་པའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དབུ་འཁྲིད་རེད། བྱས་ཙང་གཞི་རྩ་མེད་པའི་སྐྱོན་བརྗོད་མ་གནང་བར་གུས་བརྩི་ཞུས་ན་རང་རེའི་དབུ་འཁྲིད་ཀྱི་ཆེ་་མཐོང་ལ་ཕན་གྱི་རེད། དེ་རྩིས་ཀྱིས་སྤྱི་དོན་འགྲུབ་རྒྱུར་ཕན་ནུས་ཆེ་་བ་ཡོང་རྒྱུ་ཆོས་ཉིད་རེད།
ལ་སྟོད་སྟོབས་རྒྱལ་གྱིས་འདིར་བསམ་བློ་བཅུ་སྐོར་གཏོང་དགོས་པ་ཞིག་བྲིས་འདུག མང་པོ་ཞིག་དངོས་ཡོད་ལ་སྣང་། དངོས་ཡོད་དང་རྩ་བ་ནས་འབྲེལ་བ་མེད་པ་གཅིག་འདུག སྟག་བྲག་གིས་རྒྱལ་བ་རིན་པོར་ཆེར་རྒྱ་ཕྲུག་ལ་ཁ་གཡོག་བྱེད་པ་ནི་བདེན་པ་མ་རེད། སྟག་བྲག་རྒྱལ་པོ་བྱེད་དུས་ག྄ོང་ས་མཆོག་གཏན་འཁེལ་ཚང་མ་ཟིན། སྟག་བྲག་རྒྱལ་པོ་མ་བྱེད་གོང་མཚམས་པ་རེད། དབང་ལྟ་ཅི། བླ་བྲང་ཞིག་ཀྱང་མེད།
ཀློང་ཆུང་ལགས།ཁྱེད་ནས་Dalai lama my son་་ཟེར་བ་དེར་ལྟོས་དང་དེ་ནང་སྟག་བྲག་གིས་ག་རེ་འཁྲབ་པ་ཞིབ་རྒྱས་སུ་བྲིས་ཡོད་པ་རེད།སྐབས་དེར་རྒྱལ་ལོ་དང་སྟག་འཚེར་གཉིས་ཀྱང་ར་སྒྲེང་གི་ཕྱོགས་སུ་བརྩིས་ཏེ་གཡོ་འགུག་གིས་འཛིན་བཟུང་བྱ་རྩིས་བྱས་པ།ཁོང་གཉིས་ནས་ཚོར་ཏེ་རྒྱ་གར་ནས་ཕྱིར་ལོག་བྱས་མི་འདུག།༧ཏཱ་ལའི་བླ་མའི་མ་ཡུམ་དང་གཅེན་མོ་གཉིས་ཨ་མདོ་རྒྱ་སོག་ཡུལ་དུ་ཕྱིར་ཕུད་གཏོང་རྩིས་བྱས་ཀྱང་།རྒྱ་ཁ་ཆེ་མཱ་པུ་ཧྥང་གིས་ཉེན་བརྡ་བཏང་བར་བརྟེན།བོད་པ་དེ་ལ་སྐྲག་ནས་ཕྱིར་ཕུད་གཏོང་ཐུབ་མེད་པ་རེད།
རྒྱུ་མཚན་དེ་འདྲའི་དབང་གིས་ཏཱ་ལའི་བླ་མའི་རང་རྣམ་freedom in Exile ནང་དུ།རྗེས་སུ་ར་སྒྲེང་སོགས་ལ་གནས་གཟིགས་དང་འབྲེལ།སྟག་བྲག་རིན་པོ་ཆེའི་དགོན་པར་སོང་སྐབས།སྟག་བྲག་གིས་འཚེར་སྣང་དང་དོགས་མི་བདེ་བ།ངོ་ཚ་བ་དང་དགོངས་དྭངས་ཀྱི་རྣམ་འགྱུར་ཆེན་པོ་བསྟན་གྱིན་འདུག་པས།ཁོང་སྙིང་རྗེ་སོང་བ་གསུངས་འདུག་ད
གྲོས་ཚོགས་ནང་དམ་སྲི་དོལ་རྒྱལ་དང་ཐལ་ཆ་ཆེ་བའི་སྐུ་པར་སྒྲིག་བཤམས་ཞུ་ཕྱོགས་སྐོར་སྐད་ཆ་ཚིག་གཅིག་མི་བཤད་མཁན་ནི། ཆོལ་ཁའི་ཕྱོགས་རིས་ཀྱི་བཟི་བོ་སྨོན་ལམ་མཐར་ཕྱིན། གསེར་རྟའི་བླ་བཙོང་ཚུལ་ཁྲིམས་དར་རྒྱས། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། འཇམ་དབྱངས་བཟོད་པ་སོགས་རེད། ཁྱེད་ཚོས་གཟིགས་དང། ད་ཐེངས་གྲོས་ཚོགས་གྲོལ་ཁའི་མཇུག་སྡོམ་གསུང་བཤད་ནང། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ང་ཚོ་མགོར་སྡོད་མཁན་ཚོས་ཆིག་སྒྲིལ་བྱས་པ་ཡིན་ན། མི་དམངས་ནང་རང་བཞིན་གྱིས་ཆིག་སྒྲིལ་ཡོང་གི་རེད་ཅེས་ཐ་ཚིག་བསྒྲགས་འདུག མ་གཞི་ནས་གྲོས་ཚོགས་ནང་གི་རྣམ་འགྱུར་འདིས། བློ་བཟང་སེང་གེ་སྐལ་རྡོར་སོགས་ལའང་སྤོབས་པ་རྫུན་མ་ཞིག་སྤྲོད་ཀྱི་ཡོད། དེ་ནི་ཁོ་པ་ཚོས་བོད་སྤྱིའི་རྩ་དོན་ཡལ་བར་དོར་ནས་ཕྱོགས་ཁག་སྒྲིལ་རྒྱུ་ག་དུས་ཡིན་ནའང་གཙོ་འདོན་བྱེད་པ་དེ་རེད། ཕྱོགས་རིས་ཅན་གྱི་སྤྱི་འཐུས་འདི་དག་གི་བསམ་བློ་རྙིང་པ། ལྟ་བ་རྙིང་པ། བློ་ཁོག་རྫུན་མ། ལམ་ཁ་ནོར་བ་འདི་རྣམས་གཙང་ཕྱགས་མ་བྱས་ཚེ། བཙན་བྱོལ་ནང་ནམ་ཡང་མཐུན་ལམ་ཡོང་ཐབས་དབེན། མི་ཁ་ཤས་ཤིག་གིས་སྤྱི་འཐུས་འདི་དག་གི་བྱེད་བབ་ལ་བརྟེན་ནས་ཁམས་པ་མི་མང་གི་བྱེད་བབ་ཀྱང་འདི་འདྲ་ཞིག་ཡིན་མིན་ལ་དོགས་པ་ཟ་གི་ཡོད། དེ་ནི་གཏན་ནས་ནོར་བ་རེད། ཁོང་ཚོས་ནམ་ཡང་བློ་དཀར་གཞུང་དྲང། ལ་རྒྱ་ཅན་གྱི་ཁམས་པ་གཞི་རིམ་མི་མང་ལ་གནས་ཚུལ་རྫུན་མ། བསླབ་བྱ་གོ་ལྡོག་རྐྱང་རྐྱང་རྒྱག་གི་ཡོད་པས། མདོར་དེད་ན་ཁོང་ཚོས་ད་དུང་མུ་མཐུད་ནས་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་ཐལ་ཆ་ཆེ་བའི་ངོ་ལོག་བྱ་སྤྱོད་རྣམས་རྒྱུན་སྐྱོང་འདོད་པ་དེ་རེད། དེའི་ཆ་ནས་ཁོང་ཚོས་དོལ་རྒྱལ་རྗེས་འབྲངས་པ་ཚོ་ལའང་གཤེ་གཤེ་གཏོང་རྒྱུ་ལྟ་ཞོག རྣམ་འགྱུར་གཞན་ཞིག་སྟོན་གྱི་ཡོད། མ་གཞི་ནས་རྙོག་གླེང་ཆེ་རིགས་གང་དང་གང་ཆོལ་ཁ་གང་གི་ཁོངས་ནས་ཡོང་གི་ཡོད་མེད་ཚང་མས་ཤེས་གསལ་རེད། དེ་འདྲའི་རྙོག་གླེང་རིགས་ལ་ཆོལ་ཁ་སོ་སོའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་འགན་འཁུར་དགོས་མོད་ཀྱང། ཆུ་བཞི་སྒང་དྲུག་ཟེར་པ་ཚོས་ད་བར་རྣམ་འགྱུར་ཙམ་ཡང་བསྟན་མེད་པ་དག་ནི་ངེས་པར་དུ་ཁམས་པ་མི་མང་གིས་མཁྱེན་དགོས་པའི་གནས་ཚུལ་ཞིག་རེད། ༸གོང་ས་ཆེན་པོར་དད་དམ་གཡོ་བ་མེད་པ། ལ་རྒྱ་ལྡན་ལ། བོད་སྤྱིའི་ཆིག་སྒྲིལ་ལ་ཤུགས་རྒྱག་མཁན་གྱི་ཁམས་པ་མི་མང་དང་ཤེས་ཡོན་ཅན་རྣམས་ཀྱིས་ཅི་ནས་ཀྱང། དབུས་ངྷ་རམ་ས་ལའི་སོ་སོའི་སྤྱི་འཐུས་དག་གི་བྱེད་བབ་ལ་བསྐྱར་ཞིབ་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་རེད། མི་ཁྲི་ཕྲག་མང་པོའི་བྱས་རྗེས་རླབས་ཆེན་མི་རེ་གཉིས་ཤིག་གིས་སྡིངས་ཆ་བེད་སྤྱོད་བཏང་ནས་སྒྲིབ་ཅི་ཐུབ་བྱས་ན་དེ་ནི་ལས་རྒྱུ་འབྲས་ལའང་མི་འགྲོ་བ་གསལ་བོ་རེད།
མདོར་དེད་ན། དམ་སྲི་བསྟེན་ཁུལ་གྱིས་༸བོད་ཀྱི་རྩ་དོན་ལ་ཁ་གཏད་གཅོག་མཁན། ༸གོང་ས་ཆེན་པོར་སྐུར་བ་འདེབས་མཁན། རྒྱ་ནག་གི་གཞུང་ཚབ་ཁང་ཁག་ཏུ་བཅར་ཞིང་འཐབ་ཕྱོགས་གཅིག་གྱུར་གྱི་སྐུ་མགྲོན་དུ་འགྲོ་མཁན་མང་ཆེ་བ་ཆོལ་ཁོངས་གང་ནས་ཡིན་མིན་སོགས་ངེས་པར་དུ་ཤེས་པའི་ཐོག ཆོལ་ཁ་སོ་སོའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཙོས་མི་རེ་ངོ་རེས་འགན་ཁུར་བླངས་ཏེ་མི་དེ་དག་ལ་གོ་བསྐོན་བསླབ་བྱ་ཐབས་ཤེས་ཡོད་དགུས་ལེགས་ལམ་དུ་འཇུག་ཐུབ་པ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་རེད། མདོར་ན། ང་ཚོ་བོད་མི་ཚོ་ད་ནི་ནང་ཁུལ་གྱི་ཙག་ཙིག་བརྩད་ནས་སྡོད་པའི་དུས་མིན་པ་ངེས་པར་དུ་མཁྱེན་པ་གནང་ནས། ལྷག་བསམ་ལ་རྒྱ་གཅིག་ཏུ་སྒྲིལ་རྒྱུ་གལ་ཆེན་རེད།།
བཙན་བྱོལ་བོད་མི་གཞོན་རབས་མང་པོ་ཅིག་བོད་མི་ཕྱེད་ཀ་ཟེར་བ་རྒྱབ་སྐྱོར་གཙང་མ་གཙང་རྐྱང་ཡོད།ཁོང་ཁྲོ་ལངས་ལའང་སྡུག་གྱོང་རེད།དངོས་ཡོད་གནས་ཚུལ་ནམ་ཡང་འགེབས་ཐུབ་ས་མ་རེད།བཙན་བྱོལ་གཞོན་སྐྱེས་ཚོར་བོད་ཞེན་ནི་མེད།བོད་སྐད་ནི་མི་ཤེས།བོད་མིའི་རིག་གཞུང་ནི་མི་ཤེས།བོད་ཀྱི་ཆོས་དང་ལོ་རྒྱུས་ནི་དེ་ལས་ཀྱང་མི་ཤེས་པ་མ་ཟད།དེ་ལ་དགའ་མོས་ཙམ་ཡང་མེད།བོད་ནང་གི་བོད་མིའི་བདེ་སྡུག་ལ་ཤ་ཚ་ནི་མེད།བོད་ནང་གི་བོད་མི་ཚོར་མཐོང་ཆུང་ནི་བྱེད།ད་ཁོང་ཚོར་ག་རེ་ཡོད་རེད་ལབ་ན།
བོད་དང་བོད་དོན་བེད་སྤྱོད་བཏང་ནས་སོ་སོའི་ཁེ་ཕན་ཅིག་འཚོལ་ཡོང་དུས།ངོ་ཚ་དང་ཁྲེལ་ནི་མེད།མགོ་བདེ་བ་ལ་ནི་པེ་འདྲ་ཅིག་ཡོད།དེ་འདྲ་ཡིན་དུས་ཁོང་ཚོ་དང་ང་ཚོ་བོད་ནང་གི་བོད་མི་ཚོ་ཤར་ལྷོ་ནུབ་བྱང་རེད་ད།འདི་བོད་ལ་ཞེན་ཁོག་ཅན་ཚོའི་སྙིང་ལ་བཅིངས་ན་ཡག་པོ་ཡོད་རེད་ད་
ལ་སྟོད་སྟོབས་རྒྱལ་ལགས། བཙན་བྱོལ་ནང་དུ་བོད་མི་ཕྱེད་ཀ་བ་རེ་གསོ་སྐྱོང་བྱེད་ཐུབ་པ་དེ་ལ་བསྟོད་བསྔགས་རེ་བྱེད་མ་ཐུབ་ན་ཡང་དམའ་འབེབས་གཤེ་གཤེ་གཏོང་བ་དེ་མི་འོས་པ་ཞིག་མ་རེད་དམ།
ལ་སྟོད་སྟོབས་རྒྱས་ལགས་ཀྱི་ཤེས་ནས་སྨྲ་བ་འདི་ལ་རྒྱབ་སྐྱོར་ཡོད།
སྟག་བྲག་གིས་རྒྱལ་བའི་ཡང་སྲིད་བསྐྱར་འདེམས་བྱེད་རྩིས་ཐེངས་མང་བྱས་པ་བདེན་པ་རེད། ཏཱ་ལའི་བླ་མ་ངའི་བུ་ཁོ་ན་མིན་པར། སྐབས་དེའི་གནས་བབ་དངོས་སུ་མིག་གིས་མཐོང་བའི་དགེ་སློང་བློ་བཟང་དོན་ལྡན་ལགས་མིང་གཞན་རྩེའི་ཕྱག་ནང་ཇོ་ལགས་འཆི་མེད་ཀྱིས་གསལ་བོར་གསུངས་འདུག ཁོང་རྒྱལ་བ་སྐུ་ཕྲེང་གཉིས་ཀྱི་ཞབས་ཞུ་རེད། སྤྱི་ལོ ༢༠༠༠ ཟླ ༥ ཚེས ༡༧ ཉིན་དགུང་གྲངས ༨༨ ཐོག་གནས་ཚུལ་འདི་གསུངས་འདུག སྟག་བྲག་དང་ཟུར་ཁང་གཉིས་ཀྱིས་མགོ་བསྐོར་ཕར་བཏང་ཚུར་བཏང་ལྟ་བུའི་གནས་བབ་ཐོག་སྟག་བྲག་གིས་སྲིད་སྐྱོང་ཁུལ་བྱས་པ་དེང་སང་རྒྱ་ནག་གི་ཡིག་ཆ་གསང་བ་ཁག་ཅིག་ཏུའང་ཇེ་གསལ་དུ་འགྲོ་གི་འདུག ཟུར་ཁང་གིས་་དམ་ཉམས་རྭ་སྒྲེང་དང་རྒྱལ་ཡབ་གཉིས་འབྲེལ་ཆེ་བའི་་་ཡང་སྲིད་བསྐྱར་འདེམས་དགོས་ཞེས་བཀའ་ཤག་ནང་རྫིག་ཉམས་ཀྱིས་གསུངས་ཡོད། ད་དུང་ཙོང་ཁ་ལྷ་མོ་ཚེ་རིང་གི་རྒྱལ་ཡབ་ཀྱི་སྐོར་བྲིས་པ་བཅས་གང་སར་དཔྱད་ན་རྒྱལ་ཡབ་བསད་པ་དེ་ཕལ་ཆེར་གསལ་བོ་རེད། འདི་རྣམས་རིམ་པར་ལོ་རྒྱུས་ཀྱིས་གསལ་ཁ་བཤད་ངེས་རེད།
ཤར་ཕྱོགས་ཁུག་རྟའི་དེབ་༼ སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ༽ཞེས་པའི་ནང་ནས་དྲངས་པ་ཡིན། འདིའི་སྐོར་ཞིབ་ཚགས་སུ་འདུག་པས་དེ་ལ་ལྟ་བར་འཚལ།།
ལ་སྟོད་སྟོབས་རྒྱལ་ལགས་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་པ་འདྲ་པོ་འདུག། ཏཱ་ལའི་བླ་མས་བོད་འདི་སྐྲུན་པ་མ་རེད། བོད་མིས་ཏཱ་ལའི་བླ་མ་སྐྲུན་པ་རེད། ཏཱ་ལའི་བླ་མའི་མི་ཚེའི་ཡོད་ཚོད་བོད་མི་རིགས་ཀྱི་དཀའ་སྡུག་གིས་སྐྲུན་པ་རེད། བོད་མི་རིགས་ཀྱིས་མ་བཟོས་ན་ཨ་མདོའི་གྲོང་གསེབ་ཀྱི་བུ་རྒྱུད་ལྷ་མོ་དོན་འགྲུབ་ལགས་ཀྱིས་རང་ཉིད་ཀྱི་ཁྱིམ་ཚང་ཡག་པོ་ཞིག་འབྱོར་ཡོད་མེད་ཀྱང་ཐེ་ཚོམས་རེད། མདོར་ན། བོད་མི་རིགས་འདི་མེད་ན་ཏཱ་ལའི་བླ་མ་ཞུ་བ་འདི་བཞིན་་ཡོང་མི་སྲིད་ལ། ཏཱ་ལའི་བླ་མའི་མཁའ་གཞི་དབང་ཐང་ཡོད་ཚོད་བོད་མི་རིགས་ལ་དབང་བ་ལས་ཏཱ་ལའི་བླ་མ་མི་སྒེར་དབངམེད། ཏཱ་ལའི་བླ་མ་མེད་ཀྱང་བོད་མི་རིགས་འདི་བཞིན་གནས་ཀྱི་རེད་ལ། བོད་མི་རིགས་ཀྱི་དབུ་འཁྲིད་ཀྱང་སྟུད་མར་ཡོང་གི་རེད། དེང་སྐབས་སྐབས་འཚོལ་འགས་ཏཱ་ལའི་བླ་མ་དང་བོད་མི་རིགས་གཉིས་དབར་མཚུངས་པའམ་ཏཱ་ལའི་བླ་མ་ནི་བོད་མི་རིགས་ལས་ལྷག་ཙམ་ཞིག་ཏུ་ལྟ་མཁན་དང་བཤད་མཁན་ཚོར་ཞུ་བ་ཡིན།
ཉེ་བའི་ལོ་གཉིས་གསུམ་ནང་རང་སྲེག་བསྟུན་མར་བྱུང། བཙན་བྱོལ་དུ་ཡོང་མཁན་ཡང་རྦད་དེ་རྩ་བརླག་ལྟར་ཕྱིན། ཕྱི་ནང་གི་གནས་ཚུལ་མཁོ་སྤྲོད་ཀྱི་རྒྱུད་ལམ་ཀྱང་ཇེ་ལྷོད་དུ་སོང་བ་བཅས་ཀྱིས། གཞིས་ལུས་རྒྱ་ཆེ་མི་མང་གིས་བོད་ཀྱི་མགྲིན་ཚབ་ཡིན་མདོག་བྱེད་པའི་བོད་མི་ཕྱེད་ཀ་དག་གི་བྱེད་ཕྱོགས་ངོས་ལེན་མི་བྱེད་པའི་རྣམ་འགྱུར་ཇེ་གསལ་དུ་སོང། དེ་ལྟར་ཕྱིན་པ་ཡིན་ན། བཙན་བྱོལ་སྒྲིག་འཛུགས་ལ་ཉེན་ཁ་ཆེན་པོ་འཕྲད་ཀྱི་རེད། སྒྲིག་འཛུགས་འདིའི་ཚོང་གི་མ་རྩ་ནམ་ཡང་བོད་མི་ཆ་ཚང་བ་ཚོ་ཡིན་པ་ལྟར། བདག་པོ་ཡང་བོད་མི་ཕྱེད་ཀ་དག་ནམ་ཡང་མིན། ད་ལྟའི་ཁེ་ཕན་རིང་ལུགས་ཀྱི་ལོག་ལམ་འདིར་ཡོངས་སུ་ཤོར་བ་ཡིན་ན། བོད་མི་ཕྱེད་ཀ་དག་གིས་བོད་ཀྱི་རང་དབང་འཐབ་རྩོད་བྱེད་པའི་ལམ་ཁ་འགག་ཚར་བ་རེད། གང་ཡིན་ཞེ་ན། ཉིན་མོ་དེ་ནས་བོད་མི་ཕྱེད་ཀ་དག་གི་བྱེད་བབ་བོད་མི་རྣལ་མ་ཚོས་ངོས་ལེན་མེད་པ་ཡོངས་བསྒྲགས་བྱེད་པ་དེ་རེད། དཔེར་ན། སྲིད་སྐྱོང་གི་ལོ་གསུམ་གྱི་ཁ་དོག་ལྗིད་ཁོག་མཐོང་ཚར་ཙང། བོད་ཕྱི་ནང་ནས་ཁོང་ལ་ཨ་ཁུ་སྟོན་པ་ཞེས་པའི་མཚན་ཞིག་གནང་ཡོད་པ་མིན་ནམ།
ཏཱ་ལའི་བླ་མ་བོད་མིས་བཟོས་པ་རེད།ག་པ་ག་པ།བགད་མོ་རྐུབ་ནས་ཤོར་ས་རེད།ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ནི་རྒྱ་སོག་གི་ཡུལ་ནས་ཡོང་བ་ཙོང་ཁ་པའི་སློབ་མ་ཡོད་ན་མེད་ན་དེ་རེད་ད།སྐུ་ཕྲེང་གསུམ་པ་ནི་སོག་པོ་ཨལ་ཐན་རྒྱལ་པོས་མིང་དེ་འདྲ་བཏགས་རེད་ད།ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ།དགེ་ལུགས་ཆོས་བརྒྱུད་དང་བཅས་ཏེ་བོད་པས་ཡར་མར་ཚང་མ་མཉམ་འབྲེལ་གྱིས་རྩ་མེད་བཟོ་གྲབས་ཡོད་སྐབས།སོག་པོ་ཇུན་གར་གུཤྲི་ཁན་གྱིས་བོད་ཕམ་ཏེ་ཏཱ་ལའི་བླ་མ་ཆོས་སྲིད་གཉིས་ཀྱི་འགོ་ཁྲིད་ལ་བཞག་རེད་ད།ད་ཏཱ་ལའི་བླ་མ་བོད་པས་གང་ནས་བཟོས་རེད།
དེང་སང་རང་ལུས་མེར་བསྲེགས་དང་ཆབ་སྲིད་ལས་འགུལ་བརྒྱ་ཆ་དགུ་བཅུ།བོད་པ་ཚོས་རྒྱ་སོག་གི་ཡུལ་དུ་འབོད་པ་ཨ་མདོ་ཁུལ་གྱི་ཏཱ་ལའི་བླ་མའི་དད་ལྡན་པ་ཚོས་སྤེལ་བཞིན་པ་མ་གཏོགས།ཏཱ་ལའི་བླ་མ་མེད་ན་ཨ་མདོ་ཚོ་བོད་པ་ལ་ཡིད་ཆེས་ཀི་རེད་དམ།ཧི་མ་ལ་ཡའི་ཁུལ་གི་ལ་དྭགས་དང་མོན་པ།འབྲུག་འབྲས་སུ་ཡིན་ན།ཏཱ་ལའི་བླ་མར་དད་པ་ཧ་ཅང་ཆེན་པོ་ཡིན་པས་འབྲེལ་བསྡད་པ་ཙམ་མ་གཏོགས།བོད་པ་ཟེར་དུས་གདོན་འདྲེ་མཐོང་བ་ནང་བཞིན་རེད་འདུག་ག།དེ་ཚང་མ་ཁོང་ཚོའི་ནོར་འཁྲུལ་ཨ་ཡིན་ན།ང་རང་ཚོའི་སྤྱོད་པ་དང་གཤིས་ཀ་སྡུག་དྲག་ནས་རེད།
ལ་སྟོད་སྟོབས་རྒྱལ་ལགས།
བོད་པ་འགའ་ཞིག་བོད་པ་ཕྱེད་ཀ་རེད། བོད་དོན་མ་བྱེད་ཟེར་འདོད་དམ། ལགས།
བོད་དོན་མ་བྱེད་ལབ་མིན་ད།བོད་དོན་ཁ་ལ་ཁྱེར།ལག་ནས་རང་དོན་ཁོ་ན་སྒྲུབ་རྒྱུ་དེ་མཚམས་བཞག་ན་རེད་ད།ཀརྡོ་ང་ཚོ་བོད་ནས་ཡོང་བ་ཚོ་གླེན་ལྐུག་རྐྱང་རྐྱང་ཁྱེད་ཚོས་བསམ་པ་ནང་བཞིན་མིན་ད།བཙན་བྱོལ་ནང་བོད་མི་ཕྱེད་ཀ་ཚོས་ག་རེ་ག་རེ་བྱས་ཀི་ཡོད་པ་ཚང་མ་མཐོང་བསྡད་ཡོད་རེད་ད།འོན་ཀྱང་།བོད་མི་ས་ཡ་དྲུག་གི་མདུན་ལམ་ལ་བསམ་བློ་བཏང་ནས་བཟོད་བསྲན་བྱས་བསྡད་ཡོད་རེད་མ་གཏོགས།བོང་བུའི་ནང་ཁྲོལ་ཕྱི་ལ་བཀྲམས་ཛོར་པོ་ཡོད་རེད་ད།
ལ་སྟོད་སྟོབས་རྒྱས་ལགས། མ་ཤེས་ན་ཤེས་རབ་རྒན་པོའི་མཇེ་ནུ། མི་ཤེས་ན་ཤེས་རབ་ལྷ་མོའི་སྟུ་ལྡོགས།
རང་གི་མི་ཤེས་ཤེས་མདོག་གྱི་སྤྱོད་པར་མོས་མཐུན་མེད།
ཧཧཧཧཧ དྲན་དཀར་ལགས། ད་ཚར་འདུག་གཱ
དེ་རིང་ལ་དྭགས། སྤྱི་ཏི། མོན། ཁུ་ནུ། འབྲས་ལྗོངས་སོག་པོ་དང་བཅས་པ་༸ཏཱ་ལའི་བླ་མ་མཆོག་དགོས་པ་ལས་བོད་ལ་ག་ལ་དགོས། དགོས་དོན་མེད་པ་དེ་ཉིན་རེར་ཇེ་གསལ་རེད།
ཨ་མདོ་ཚོ་ཡང་དེ་བཞིན་རེད། ཁམས་པ་ཚོ་ཡང་དེ་བཞིན་རེད། དུས་རབས་ཉི་ཤུ་ནས་དེ་རིང་བར་བོད་ལ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཆིག་སྒྲིལ་ཅིག་བྱུང་བ་འདི། ༸གོང་ས་སྐྱབས་མགོན་པོ་ཆེན་པོ་པོས་ཆིག་སྒྲིལ་གནང་བ་མིན་ན། སྔོན་མ་ནས་བོད་ཁ་འཐོར་དགུ་འཐོར་དུ་གྱུར་ཚར་བ་རེད།
དེ་རིང་ད་དུང་བོད་གཞིས་ལུས་ས་ཡ་དྲུག་གིས་བློ་སྙིང་བྲང་གསུམ་༸གོང་ས་མཆོག་ལ་གཏད་མེད་ན། བཙན་བྱོལ་སྒྲིག་འཛུགས་དང་སྲིད་སྐྱོང། བཀའ་བློན། སྤྱི་འཐུས། གཞུང་ཞབས་ཟེར་བ་དག་གང་ན་ཡོད། འདུག་ས་ཁོ་རང་ཡོད་པ་མ་རེད།
རྒྱ་གར་གཞུང་དང་ཨ་རིའི་གཞུང་གིས་ཀྱང་དེ་དེ་བཞིན་རེད། ༸གོང་ས་ཆེན་པོ་བཅུ་བཞི་པ་འདི་ཉིད་ཀྱི་མཛད་འཕྲིན་རླབས་ཆེན་ལ་བརྟེན་ནས་བོད་མི་ཚོར་ཁ་ཀྱག་ཀྱག མགོ་དགྱེ་དགྱེ་བྱེད་ས་བྱུང་བ་མིན་ནམ། དེ་མིན་ན། རྒྱ་གར་གྱིས་གནའ་ནས་ཕུད་ཚར་ཡིན།
ལ་སྟོད་ཀྱིས་བཤད་པ་ལྟར་ན་གོང་ས་མཆོག་མ་བཞུགས་པའི་ཉིན་བོད་ཚར་བ་རེད་ཅེས་བཤད་འདུག་དེ་ལྟའི་བཤད་སྟངས་ནི་ཀྲུང་གོ་ཡིས་བཤད་སྟངས་དང་ཡོངས་སུ་མཐུན་པ་རེད་འདུག ཀྲུང་གོའི་གཞུང་ད་ལྟ་བོད་དོན་ལ་སྐད་ཆ་ཤོད་འདོད་མེད་པ་ནི་གོང་ས་མཆོག་གི་སྐུ་ཚེ་ལ་སྒུགས་ནས་བསྡད་པ་རེད།
ཨོ་རེད་རེད། དྲན་དཀར་ལགས། ཐ་མ་མཇེ་ནུ་མཁན་དང་སྟུ་ལྡག་མཁན་དེ་ཁྱེད་རང་ཡིན་པ་ཁྱེད་རང་གིས་སྒྲུབ་འདུག་ག། ཧཧ། ཟེར་རྒྱུས་ཕོངས་ནས་བཤད་མི་ཤེས་དམའ་བཤད་མཐོ་བཤད། རྒྱུག་མི་ཤེས་སྒ་རྒྱག་འཕོང་རྒྱག་རེད། སྙིང་རྗེ།
དགོན་པའི་མཁར་ནང་དང་ཁོར་ཡུག་ལག་འཐིལ་ཙམ་ལས་མྱོང་སྣང་མེད་པའི་མི་ཁག་གིས་སྐད་ཆ་བཤད་ཀྱིན་འདུག ལ་དྭགས་སོགས་བོད་ཀྱི་ནུབ་ཕྱོགས་པའམ་ཧི་རྒྱབ་ཡང་སྟེང་གི་མི་རྣམས་བོད་ཤར་ཕྱོགས་པ་རྣམས་དང་སྡུར་ཐབས་མེད་ཅིང་། ལ་དྭགས་སོགས་ཧི་མི་ཡང་སྟེང་གི་མི་ཕལ་ཆེ་བ་ནགས་གསེབ་ཀྱི་སྤྲེའུ་ལྟར་རང་གི་ཆེད་ཁུང་བརྗེད་ཟིན་པས། ཨ་མདོ་བ་དང་ཁམས་པ་ལ་བསྡུར་ཐབས་མེད། ཨ་མདོ་དང་ཁམས་པས་ནམ་ཡང་རང་ཉིད་བོད་པ་ཡིན་པའི་ལ་རྒྱལ་སྲུང་མ་ཟད། ད་ལྟའི་བར་དུ་རང་ཉིད་བོད་པ་ཡིན་པའི་འདུ་ཤེས་བརླགས་མྱོང་མེད། ལ་དྭགས་སོགས་ཧི་རྒྱབ་ཡང་སྟིང་གི་མི་ཕལ་བ་ལ་མི་རིགས་ཀྱི་ལ་རྒྱ་ངོ་ཤེས་བ་ལྟ་ཅི། ད་ལྟའི་བར་དུ་ཟ་བཏུང་ཡག་པོ་ཤིག་འདང་མྱོང་མེད། སུས་བཟའ་བཏུང་སྤྲད་ན་དེ་ཕྱོགས་སུ་འགྲོ་ངེས་རེད། དེ་བརྟེན། ད་ལྟ་སྐུ་མདུན་གྱི་མཚན་སྙན་གྱི་རྒྱས་བས་ཁོང་ཚོ་དགའ་ཁུལ་བྱེད་ཀྱིན་ཡོད་ཀྱང་། གལ་སྲིད་སྐུ་མདུན་གྱི་རླུང་རྟ་རྒུད་པ་ཡིན་ན། ཧི་རྒྱབ་རང་སྟེང་མི་ཚོས་གཙོ་བོ་བྱས་ནས་དམོད་ངེས་རེད། རྒྱལ་བ་དགེ་འདུན་གྲུབ་པ་རྒྱ་སོག་རེད་དམ། ཡིན་ན། ལོ་རྒྱུས་ཀྱི་ཡིག་ཚང་སྟོན་རོགས་ཞུ། མེད་ན་ལོ་རྒྱུས་རྫུན་མ་མི་བཟོ་རྒྱའི་རེ་བ་ཡོད།
ཁྱུང་སེ།སུས་བཤད་སྟངས་ཡིན་མིན་ལ་ཇུས་གཏོགས་མེད།གང་ལྟར་དེང་སང་གི་བོད་པ་ཚོས་བྱེད་སྟངས་བཞིན་མུ་མཐུད་སོང་ན།ད་ག་རང་ཡོང་གི་རེད།ལྟོས་ཤིག་ཨ།དེང་སང་གི་བོད་པའི་སྲིད་དོན་འདི་ཕན་ཚུན་ལ་སྤྲེལ་ལེ་བྱས་ཏེ་རང་དོན་སྒྲུབ་སྟངས་ཤིག་རེད།གངས་སྐྱིད་དུ་དེང་སང་འགོ་ཁྲིད་ཚོས་སྐད་ཆ་གསར་པ་ཅིག་ལབ་ཡོང་གི་འདུག་པ་ནི།ལྷག་བསམ་གྱིས་མི་འདང་བ་དང་ལྷག་བསམ་ལ་བྱབ་མེད་མདོག་མདོག་དེ་རེད།དེ་ཚོ་སོ་སོ་ལ་ལྷག་བསམ་མེད་པ་འགེབས་ཐབས་ཤིག་རེད།
དེ་འདྲ་རྐྱང་བྱས་ཏེ་སྤྱི་དོན་རླུང་ལ་སྤུར་གི་རེད།ལྟོས་ཤིག་ཨ
ངས་བལྟས་ན་ཧི་མ་ལ་ཡའི་མི་རིགས་རྣམས་ཧ་ཅང་ཡག་པོ་རེད།ནུབ་ལ་དྭགས་ནས་ཤར་མོན་བར་སོ་སོའི་སྐད་ཡིག་ཁོ་ན་སྤྱོད་བཞིན་ཡོད་པ་མ་ཟད།ནང་ཆོས་ཀྱི་མཁས་པའང་མང་པོ་ཡོད་པ་རེད།ཆ་ལུགས་གོམས་སྲོལ་གྱི་ཆ་ནས་ཀྱང་རང་གཤིས་མ་ཉམས་པར་བསྡད་ཡོད་པ་རེད།དེ་ལས་ལྡོག་སྟེ་ཨམ་མདོ་ཐེ་བོའི་ཨ་ནུ་ཐང་དང་སེ་བོ་རོང་པ་སོགས་ས་གནས་མང་པོར།ཆས་གོས་རྒྱ་ཆས་རྐྱང་སྤྲས་ཏེ་རྒྱ་མིའི་སྐད་ཡིག་ཁོ་ན་སྦྱོང་བ་མ་ཟད།བོད་པ་ཕན་ཚུན་བར་རྒྱ་སྐད་མ་གཏོགས་ཁ་བརྡ་མི་བྱེད་པ་མང་།
རྒྱ་དམར་གུང་ཇག་བོད་ནང་ཐོག་མར་སླེབས་སྐབས་ཀྱང་ཐེ་བོ་དང་ཅོ་ནེ་སོགས་ནས་འབྲུ་མཛོད་སྒོ་ཕྱེས་ཏེ་གུང་ཇག་ལ་སྦྱིན་པ་མང་པོ་བཏང་བ་ལོ་རྒྱུས་གང་སར་གསལ་འདུག།ལྷག་པར་མོའོ་བདུད་རྒན་ཐེ་བོ་ཚོས་སྲོག་སྐྱབས་པས།དེང་སང་ཡང་ཐེ་ཁོག་ན་རྒྱ་དམར་གྱིས་དྲན་གསོ་ཁང་བཙུགས་པ།རྒྱ་དམར་གྱི་བརྒྱུད་ལམ་ནང་རྟག་པར་སྟོན་གྱིན་འདུག།དེ་འདྲ་ཕྱི་མགོ་ནང་བཙོང་ཧི་མ་ལ་ཡ་ཚོས་བྱས་ཡོད་མ་རེད་ད།
ལྷག་བསམ་ཡོད་མེད་ཀྱི་སྐད་ཆ་མ་རེད། གཙོ་བོ་ལམ་ལུགས་དང་ལྟ་གྲུབ་ཡག་པོ་དགོས་ཤིང་། ལམ་ལུགས་དང་ལྟ་གྲུབ་ཡག་པོ་ཞིག་ཡོད་ན་མི་རྣམས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ལས་དོན་གཉེར་ངེས་རེད། གལ་སྲིད་ལམ་ལུགས་དང་ལྟ་གྲུབ་ཡག་པོ་ཞིག་མེད་པ་ཡིན་ན། མི་རྣམས་ལ་ལྷག་བསམ་ག་ཚོད་ཡོད་ཀྱང་། དེ་ནི་རྟག་བརྟན་ཐེར་ཟུག་ཅིག་མིན་ཞིང་། རྒྱུ་དང་རྐྱེན་ལ་རྟེན་ནས་ཡོང་བས་ཉུང་ཉུང་དུ་འགྲོ་ངེས་རེད། ལམ་ལུགས་དང་ལྟ་གྲུབ་ཡག་པོ་ཞིག་ཡོད་ཀྱང་། མི་ཐམས་ཅད་སྤྱི་སེམས་དང་ལྷག་བསམ་ཅན་དུ་འགྱུར་མི་སྲིད་ལ། མ་ཡོང་བའི་ཉེར་ལེན་ལ་རྟེན་ནས་སེམས་ཤུགས་ཆགས་དགོས་དོན་མེད་ཅིང་། དེ་ནི་འཛམ་གླིང་གི་གང་སར་རྒྱུན་ལྡན་ཞིག་རེད། འོན་ཀྱང་། ནུབ་ཕྱོགས་བོད་མི་ཤེས་ཡོན་ཅན་མང་པོ་ཕྱིར་རྡ་ས་ལ་ལོག་ནས་ཕྱག་ལས་གཉེར་དོན་ལ་ལྟོས་ན། བོད་ལ་ལྷག་བསམ་ཅན་མང་པོ་ཡོད་པའི་བདེན་གནང་བས་ཁྱེད་ཀྱིས་ཐུགས་ཁྲལ་དགོས་དོན་མི་འདུག གལ་སྲིད་མ་འོངས་བོད་ལ་གནད་ཁྲིད་ངེས་ཅན་ཞིག་དང་། རེ་བ་ཡོད་པའི་ལས་འགུལ་ངེས་ཅན་ཞིག་གི་འབྱུང་ཚེ། འཛམ་གླིང་གང་སར་གནས་བའི་བོད་མི་མང་པོ་ཞིག་དང་བོད་ཀྱི་གྲོགས་པོ་མང་པོ་ཞིག་ལས་འགུལ་ཁྲོད་མཉམ་ཞུགས་བྱེད་ངེས་རེད་སྙམ།
གནས་ཚུལ་དེ་དག་བདེན་པ་མ་རེད། དེ་ནི་ཁྱེད་ཉིད་ཀྱི་རང་བཟོ་ལས་བདེན་པ་ཧ་ཅང་གི་ཉུང་བ་མཐོང་། གཞན་གྱི་གནས་ཚུལ་ལ་ང་རང་དེ་ཙམ་ཆ་རྒྱུས་མེད་ཀྱང་། ང་ཚོས་གྲོང་པ་ནས་གྲོང་མི་ཕན་ཚུན་བར་ལ་རྒྱ་སྐད་བཤད་པ་ལྟ་ཅི། ཐ་ན་རྒྱ་སྐད་ཡག་པོ་ཞིག་ཤེས་མཁན་གྱི་མི་ཧ་ཅང་གི་ཉུང་ཉུང་རེད། དེ་ནི་གནས་ཚུལ་བདེན་པ་རྩ་བ་ཉིད་ནས་མ་རེད་ཅེས་བཤད་འདོད་བྱུང་།
ཧི་རྒྱབ་ཡང་སྟེང་མི་རིགས་ཚོ་ནི་གློ་བ་ཞིང་། རང་སྐད་མ་གཏོགས་གཞན་སྐད་སྤྱོད་པའི་གོ་སྐབས་ཉུང་མིན་ལ་མ་ལྟོས་བ་དེང་སྐབས་གཞོོན་སྐྱེས་བུ་མོོ་ཚོས་གྱོན་ཆས་མང་ཆེ་བ་ཁ་ཆེའམ་རྒྱ་གར་གྱི་གྱོན་པ་གོན་གི་ཡོད་པ་མཐོང་ཆོས་རེད། མ་ཟད་ལ་དྭགས་པ་རྣམས་ཀྱིས་བོད་པ་ཚོང་པ་ཚོ་ལ་ཕྲག་དོག་བྱས་ཤིང་། བོད་པ་ཞིག་ཡིན་ན་འགྲིམ་འགྲུལ་ལས་ཁུང་དང་། ལམ་ཁྲིད་བྱེད་མི་ཆོག་པ་བཟོས་ཡོད། དངུལ་ལས་ཅི་ཡང་བསམ་ཡ་མེད་ཅིང་། ལུང་ཚན་འཐེན་འཁྱེར་གྱི་སྐད་ཆ་ལས་མི་རིགས་ཀྱི་ཆད་ཁུང་རྨོངས་བའི་ཧི་རྒྱབ་ཡང་སྟེང་གི་མི་མང་དེ་དག་གིས་གཞན་ལ་དམའ་འབེབ་དང་འཚང་འདྲི་བྱེད་པའི་རིན་ཐང་མེད། མེད་པ་བོད་ཤར་ཕྱོགས་པ་དང་དབུས་པ་རྣམས་འོས་ལངས་བྱེད་པའི་སྐབས་སུ་བོད་ནུབ་ཕྱོགས་པས་དེ་དག་ལ་ཁ་རྡུང་བཏང་བ་དེས་གསལ་བྱེད་གནང་ཡོད།
ཧི་རྒྱབ་ཡང་སྟེང་གི་མི་འདི་དག་ཧམ་པ་ཆེ་བ་ལ། བོད་པ་བྱས་ན་ཁེ་ཕན་མེད་པ་མཐོང་ཚེ་བོད་མིན་ཞེས་ལབ། ཡོད་པ་མཐོང་ཚེ་བོད་པ་ཡིན་པ་མ་ཟད། རྒྱ་གར་གྱི་བོད་པ་རྣམས་བོད་པ་ཕྱེད་ཀ་དང་། བོད་ནང་གི་བོད་པ་རྣམས་ལ་རྒྱ་གཤིས་འདྲེས་བས་བོད་པ་ཕྱེད་ཀ། དེ་ནི་སུ་ཞིག་བོད་པ་ཆ་ཚང་བ་རེད་དམ། དེ་ནི་ཧི་རྒྱབ་ཡང་སྟེང་གི་མི་རྣམས་རེད། འོན་ཀྱང་། ཁོང་ཚོས་ཁོང་རྣམས་ཧི་མྱི་ཡིན་པ་ལས་བོད་པ་མིན་ཞེས་སྒྲུབ་ཀྱིན་ཡོད། དེ་ནི་བོད་ཀྱི་རིག་གཞུང་དང་ཤེས་རིག་ཚང་མ་མཐའ་ཐུག་ན་བོད་ཀྱི་མིན་ཞིང་ཧི་མིའི་ཡིན་པ་སྒྲུབ་འདོད་ཡོད་པས་རེད། དེ་འདྲ་ཧམ་པ་ལ། བཟང་ཚད་དང་ཡག་ཚད་ཚང་མ་ཁོང་ཚོའི་དང་། སྡུག་ཚད་ཚང་མ་བོད་པའི་ཡིན་ཚུལ་སྒྲུབ་མཁན་གྱི་ཧི་མི་མང་པོ་འདུག འོན་ཀྱང་། སྟབས་མ་ལེགས་པ་ཞིག་དེ་དག་ཐམས་ཅད་གནས་སྐབས་དཔལ་འབྱོར་འདུ་སྒོའི་ཆེད་དུ་ཡིན་པ་ལས། ཧི་མི་རྣམས་རྒྱལ་བལ་འབྲུག་གསུམ་དུ་ཁ་འཐོར་དུ་གནས་ཡོད་ཅིང་། དེ་དག་གཅིག་སྒྲིག་བྱེད་པའི་འདོད་འདུན་འཛིན་མཁན་ཉུང་ཁར། ༩༠%དེ་ཕྱོགས་ལ་དོ་སྣང་ཡང་ཡོད་བ་མ་རེད། རྒྱུ་མཚན་ནི། ཁོང་ཚོ་ལ་དཔལ་འབྱོར་ལས་མི་རིགས་དང་སྐད་ཁུང་། རིག་གཞུང་གཅིག་པའི་ལ་རྒྱལ་མེད་པས་རེད། ཡོད་མཁན་ནི་ཉི་མོའི་སྐར་མ་བཞིན་ཧ་ཅང་གི་ཉུང་བས་རེད།
ལ་སྟོད་པས་སྐད་ཆ་ཉུང་ཉུང་བཤད་ན་ཡག་པོ་བཤད་ཀྱི་འདུག མི་ཤེས་ཤེས་མདོག་མ་བྱེད་དེ་ལས་ཤེས་ལྡན་གྱི་xxརོགས། ཨ་ནུ་ཐང་བས་བོད་དང་ཁ་ཆེ་མི་རིགས་འདྲེས་མཚམས་དང་། བོད་དང་རྒྱ་ཁ་ཆེ་འདྲེས་མཚམས་ཀྱི་བོད་མིར་ཁྱད་གསོད་གནང་གིན་འདུག གོས་དང་གོན་པ་ཆོས་དད་དང་སྐད་ཡིག་གང་གི་ཆ་ནས་ཀྱང་ཁོང་ཚོ་ལྷག་པ་མེད་ན་ཞན་པ་མེད། མཐའ་མཚམས་ཚང་མ་གྲིས་བཅད་པ་བོད་ཀྱི་མཐའ་མཚམས་གང་ནའང་མེད། སྐད་ཡིག་ཞིབ་འཇུག་པ་ཚོས་བརྒྱ་ཆ་བརྒྱ་ནས་ལྔ་བཅུའི་བར་དང་སུམ་ཅུ་ཉི་ཤུ་བཅུའི་སྤྱོད་མཁན་ཅེས་བཤད་བཞིན་པ་ལྟར་གོམས་སྲོལ་སོགས་ལའང་འདི་ལྟར་དཔྱད་ན་ཤར་མཐའ་དང་ནུབ་བྱང་གི་མཚམས་སུ་ཡང་མཚུངས་པར་ཡོད། xxxx
བོད་དང་ཁ་ཆེ་མི་རིགས་འདྲེས་མཚམས་དང་། བོད་དང་རྒྱ་ཁ་ཆེ་འདྲེས་མཚམས་ཀྱི་བོད་མིར་དབྱེ་འབྱེད་ཀྱིས་ཁྱད་གསོད་གནང་གིན་འདུག ཅེས་སུ་འདོན་རོགས།
ལ་དྭགས་དང་སི་བྷི་ཏེའི་ཁ་ཆེ་དང་མི་རིགས་འདྲེས་མ་རེད་དམ། ཡིན་ན་གནས་ཚུལ་ཁ་ཁ་རེད། ལ་དྭགས་པའི་དབུ་མེད་རྒན་པ་ཚོས་རྒྱ་གར་རམ་ཁ་ཆེའི་གྱོན་པ་གོན་གི་མ་རེད། ཡིན་ཡང་། དབུ་མེད་གཞོན་མང་ཆེ་བས་གྱོན་གི་རེད། དྲན་ཁ་ལགས། ལ་དྭགས་སོགས་ཁ་ཆེ་དང་འདྲེས་མར་སྒྱུར་བ་ཡིན་ན་བདེན་པ་ཨེ་ཡིན་ན། ཁག་ཅིག་ཡོད་པ་སེམས། ཡིན་ཡང་། མང་ཆེ་བ་ཡིན་རྒྱུ་མ་རེད། ཡིན་ན། ཁུངས་སྐྱེལ་གནང་རོགས་ཞུ།
༼ཆ་ལུགས་གོམས་སྲོལ་གྱི་ཆ་ནས་ཀྱང་རང་གཤིས་མ་ཉམས་པར་བསྡད་ཡོད་པ་རེད།དེ་ལས་ལྡོག་སྟེ་ཨམ་མདོ་ཐེ་བོའི་ཨ་ནུ་ཐང་དང་སེ་བོ་རོང་པ་སོགས་ས་གནས་མང་པོར།ཆས་གོས་རྒྱ་ཆས་རྐྱང་སྤྲས་ཏེ་རྒྱ་མིའི་སྐད་ཡིག་ཁོ་ན་སྦྱོང་བ་མ་ཟད།བོད་པ་ཕན་ཚུན་བར་རྒྱ་སྐད་མ་གཏོགས་ཁ་བརྡ་མི་བྱེད་པ་མང་།༽
ཏཱ་ལའི་བླ་མ་མེད་ན་ཨ་མདོ་ཚོ་བོད་པ་ལ་ཡིད་ཆེས་ཀི་རེད་དམ།ཧི་མ་ལ་ཡའི་ཁུལ་གི་ལ་དྭགས་དང་མོན་པ།འབྲུག་༼འབྲས་སུ་ཡིན་ན།ཏཱ་ལའི་བླ་མར་དད་པ་ཧ་ཅང་ཆེན་པོ་ཡིན་པས་འབྲེལ་བསྡད་པ་ཙམ་མ་གཏོགས།བོད་པ་ཟེར་དུས་གདོན་འདྲེ་མཐོང་བ་ནང་བཞིན་རེད་འདུག་ག༽
༼ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ནི་རྒྱ་སོག་གི་ཡུལ་ནས་ཡོང་བ་ཙོང་ཁ་པའི་སློབ་མ་ཡོད་ན་མེད་ན་དེ་རེད་ད།སྐུ་ཕྲེང་གསུམ་པ་ནི་སོག་པོ་ཨལ་ཐན་རྒྱལ་པོས་མིང་དེ་འདྲ་བཏགས་རེད་ད༽
༼# 72 ལ་སྟོད་སྟོབས་རྒྱས།་ལགས་ཀྱིས་མཆན་བཏབ་པ།:
October 14th, 2014 at 12:44 AM
བཙན་བྱོལ་བོད་མི་གཞོན་རབས་མང་པོ་ཅིག་བོད་མི་ཕྱེད་ཀ་ཟེར་བ་རྒྱབ་སྐྱོར་གཙང་མ་གཙང་རྐྱང་ཡོད།ཁོང་ཁྲོ་ལངས་ལའང་སྡུག་གྱོང་རེད།དངོས་ཡོད་གནས་ཚུལ་ནམ་ཡང་འགེབས་ཐུབ་ས་མ་རེད།བཙན་བྱོལ་གཞོན་སྐྱེས་ཚོར་བོད་ཞེན་ནི་མེད།བོད་སྐད་ནི་མི་ཤེས།བོད་མིའི་རིག་གཞུང་ནི་མི་ཤེས།བོད་ཀྱི་ཆོས་དང་ལོ་རྒྱུས་ནི་དེ་ལས་ཀྱང་མི་ཤེས་པ་མ་ཟད།དེ་ལ་དགའ་མོས་ཙམ་ཡང་མེད།བོད་ནང་གི་བོད་མིའི་བདེ་སྡུག་ལ་ཤ་ཚ་ནི་མེད།བོད་ནང་གི་བོད་མི་ཚོར་མཐོང་ཆུང་ནི་བྱེད།ད་ཁོང་ཚོར་ག་རེ་ཡོད་རེད་ལབ་ན།
བོད་དང་བོད་དོན་བེད་སྤྱོད་བཏང་ནས་སོ་སོའི་ཁེ་ཕན་ཅིག་འཚོལ་ཡོང་དུས།ངོ་ཚ་དང་ཁྲེལ་ནི་མེད།མགོ་བདེ་བ་ལ་ནི་པེ་འདྲ་ཅིག་ཡོད།དེ་འདྲ་ཡིན་དུས་ཁོང་ཚོ་དང་ང་ཚོ་བོད་ནང་གི་བོད་མི་ཚོ་ཤར་ལྷོ་ནུབ་བྱང་རེད་ད།འདི་བོད་ལ་ཞེན་ཁོག་ཅན་ཚོའི་སྙིང་ལ་བཅིངས་ན་ཡག་པོ་ཡོད་རེད་ད་༽
༼ཀློང་ཆུང་ལགས།ཁྱེད་ནས་Dalai lama my son་་ཟེར་བ་དེར་ལྟོས་དང་དེ་ནང་སྟག་བྲག་གིས་ག་རེ་འཁྲབ་པ་ཞིབ་རྒྱས་སུ་བྲིས་ཡོད་པ་རེད།སྐབས་དེར་རྒྱལ་ལོ་དང་སྟག་འཚེར་གཉིས་ཀྱང་ར་སྒྲེང་གི་ཕྱོགས་སུ་བརྩིས་ཏེ་གཡོ་འགུག་གིས་འཛིན་བཟུང་བྱ་རྩིས་བྱས་པ།ཁོང་གཉིས་ནས་ཚོར་ཏེ་རྒྱ་གར་ནས་ཕྱིར་ལོག་བྱས་མི་འདུག།༧ཏཱ་ལའི་བླ་མའི་མ་ཡུམ་དང་གཅེན་མོ་གཉིས་ཨ་མདོ་རྒྱ་སོག་ཡུལ་དུ་ཕྱིར་ཕུད་གཏོང་རྩིས་བྱས་ཀྱང་།རྒྱ་ཁ་ཆེ་མཱ་པུ་ཧྥང་གིས་ཉེན་བརྡ་བཏང་བར་བརྟེན།བོད་པ་དེ་ལ་སྐྲག་ནས་ཕྱིར་ཕུད་གཏོང་ཐུབ་མེད་པ་རེད།༽
༼དང་པོ་ཏཱ་ལའི་བླ་མའི་ཡབ་བོད་པས་བསད་པ་རེད། དེ་ནས་ཏཱ་ལའི་བླ་མ་ཉིད་ཀྱང་བོད་ནས་གསོད་རྩིས་ཐེངས་འགའ་བྱས་རབས་ཟམ་གདོང་རིན་པོ་ཆེས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གསུངས་སོང་ང། ལྷག་པར་ཏཱ་ལའི་བླ་མ་བོད་པ་མ་རེད་རྒྱ་ཕྲུག་རེད་མདོག་མདོག་གིས་སྟག་བྲག་རིན་པོ་ཆེས་ཡང་སྤྲུལ་བརྗེ་བོ་བརྒྱབས་ཆེད། བཀའ་ཤག་གིས་ཙོང་ཁ་བའི་སྐུ་བརྙན་མདུན་ཟན་རྟགགས་ཐེངས་མང་སྒྲིལ་ཀྱང་ཏཱ་ལའི་བླ་མར་བབས་ཏེ་ཐབས་ཤེས་མ་བྱུང་༽
གོང་གི་སྐད་ཆ་དེ་དག་སྟོབས་རྒྱས་ཀྱིས་བྲིས་བའི་ཟུར་གཅིག་རེད། དེ་ལ་གཟིགས་དང་། དེ་ནས་སུས་བོད་མི་ནང་ཁུལ་དུ་དབྱེ་འབྱེད་དང་དྲང་པོ་མིན་པའི་གནས་ཚུལ་འཁོད་ཀྱི་ཡོད་མེད་གསལ་བོ་རྟོགས་ངེས་རེད།
ལ་སྟོད་སྟོབས་རྒྱལ་གྱིས་སྐད་ཆ་དྲང་པོ་བཤད་སོང་། འོན་ཀྱང་དྲང་པོ་བཤད་ན་མི་མི་དགའ། བེར་ཀ་འཕྱར་ན་ཁྱི་མི་དགའ་ཞེས་པ་ལྟར་སྐྱོན་བརྗོད་བྱེད་མཁན་ཁག་ཅིག་ཡོང་གི་འདུག་ལ། ལྷག་ཏུ་ཁ་བརྡའི་ནང་ལ་ཕྱི་མགོ་ནང་ཚོང་མཁན་གྱི་དྲ་འབུ་མང་བས་སྐད་ཆ་དྲང་པོ་འགྲོ་ས་ཡོད་ཁག་པོ་རེད།
xxxལུང་རྟོགས་ལའང་སྤྲོ་བ་ཞེ་བོ་ཞིག་སླེབས་འདུག་ག གཞོན་ལྷན་ཚོགས་ཆེན་དུ་རྒྱལ་དོན་ཀྱིས་ཟུར་ཁང་ལ་སྐྱོན་བཙུགས་པར་འབྲེལ་ནས་སྐད་ཆ་འདི་དག་ཡོང་གི་འདུག་མོད། སྟག་བྲག་རིན་པོ་ཆེ་ནི་ཏཱ་ལའི་བླ་མའི་རྩ་བའི་བླ་མ་ཀྲོང་ཀྲོང་དེ་རེད་ད། སྡོམ་པ་གནང་མཁན་རེད། དེ་ལ་འགལ་ན་རང་རྒྱུད་ཀྱི་སྡོམ་པའང་ཉམས་འགྲོ་གི་རེད། ཁ་གཅིག་ནས་རྩ་བའི་བླ་མ་གལ་ཆེ་ཚུལ་ལབ། ཁ་གཅིག་ནས་རྩ་བའི་བླ་མ་སྡུག་རུ་སྡུག་ཚུལ་གསུང་། ད་ཉན་ཤེས་མ་སོང་།
ལུང་རྟོགས་ཟེེར་བ་འདིས་རང་དང་མ་མཐུན་པའི་མཆན་དུ་མང་པོ་བཀག་གི་འདུག རྒྱལ་བོ་རིན་པོ་ཆེ་མེད་ན་ཨ་མདོ་བ་བོད་ལ་ཡིད་ཆེས་ཀི་རེད་དམ། དེ་ན་ཨ་མདོ་དང་བོད་གཉིས་ཐ་དད་རེད་དམ། ཨ་མདོ་དང་བོད་གཉིས་ཐ་དད་དུ་ཕྱེ་བ་འདི་བོད་མིའི་ནང་ཁུལ་དུ་དབྱེན་དཀྲུགས་བྱེད་འདོད་མ་རེད་དམ། གང་ལྟར་གནས་ལུགས་དང་དྲང་བདེན་གྱི་སྐད་ཆ་མི་བཤད་ཅིང་ཞེན་ཁོག་དང་དད་འདུན། ཕྱོགས་ལྷུང་གི་སྐད་ཆ་བཤད་མཁན་འདི་དག་ནི་བོད་དང་འཇིག་རྟེན་དྲང་ལམ་དུ་འགྲོ་བའི་བཀག་རྡོ་རུ་མཐོང་།
ཀར་བློ་ཞེས་པ་འདིས་སྐད་ཆ་ལ་གོ་རྒྱུ་ཅི་ཡང་མེད་པ་ཆུ་ནང་ལ་རྟུག་དྲི་བཏང་བ་དང་ཅིག་པ་ཡིན་པས་ལེན་འདེབས་འདོད་མེད་ལ་དགོས་པ་ཡང་མ་མཐོང་། ཨ་ནུ་ཐང་ལགས། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ཨ་མདོ་བོད་ཡིན་པ་བཤད་མ་དགོས་ཀྱང་། བོད་སྡེ་པ་གཞུང་གི་འོག་ལ་ཨ་མདོ་བ་མེད་པ་རེད་ལ་དེས་མ་ཚད་འབྲི་ཆུའི་ཕར་ཚུར་ལ་རྒྱ་སྡེ་དང་བོད་སྡེ་ཞེས་པའི་འབོད་སྲོལ་བྱུང་བ་ཡང་དངོས་ཡོད་རེད། དེས་ན་ཨ་མདོ་བ་བོད་སྡེ་པ་གཞུང་ལ་ཡིད་མི་ཆེས་དཀའ་བ་བཤད་པ་འདི་དོན་ལ་གནས་པའི་གཏམ་རེད། གནས་ལུག་དང་དྲང་བདེན་ཞེས་པ་དེ་ཡང་ཁྱེད་ཀྱི་འདོད་པ་དང་མཐུན་དགོས་པ་ཞིག་མིན་པར་ཤེས་ན་བཟང་།
༡་་་བཙན་བྱོལ་བོད་གཞུང་ངོས་ལེན་མ་བྱས་ནས་སྒྲིག་འཛུགས་ལ་བསྒྱུར་བ་དང་།
༢་་་བཙན་བྱོལ་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་འོས་བསྡུ་བྱུང་བའི་དབུ་ཁྲིད་བློ་བཟང་སེང་གེ་མཆོག་ལ་རྒྱ་ནག་གི་མགོ་ཁྲིད་ཚོས་སྐད་ཆ་བཤད་ཀྱི་མིན་ཟེར་གྱི་འདུག་ཟེར་བ།
༣་་་བཙན་བྱོལ་བོད་མིའི་དབུ་ཁྲིད་སེང་གེ་མཆོག་བོད་མི་ཕྱེད་ཀ་རེད་ཟེར་བ།
༤་་་༧རྒྱལ་བ་རིན་པོ་ཆེན་བོད་མི་དམངས་ཀྱི་ཚབ་མཚོན་ཡིན་ཟེར་བ།
༥་་་སྐུ་ཚབ་དོན་གཅོད་ཁང་གི་ནང་དུ་སྐུ་དཔར་བཤམས་སྟངས་འགྲིག་གི་མི་འདུག་ཟེར་ནས་སེང་གེ་ལ་ཉེས་མེད་ཉེས་བཙུགས་བྱས་པ།
༦་་་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཐོག་ཏུ་བོད་ཆེན་པོ་ཟེར་བ་ཞིག་མེད་ཟེར་བ།
༧་་་འབྲི་ཆུ་མན་ཆད་བོད་སྡེ་བ་གཞུང་གི་མངའ་འོག་མིན་ཟེར་བ།
སྐད་ཆ་འདི་དག་གི་རྒྱབ་ལྗོངས་ཤེས་དགོས་ཀྱི་གལ་ཆེན་རེད་འདོད། མ་ཟད་སྐད་ཆ་འདི་དག་ཡོང་ཁུངས་ག་ནས་རེད། གང་གི་ཆེད་དུ་འདི་འདྲ་བཤད་ཀྱི་ཡོད་པ་རེད་དམ། ཐུགས་བསམ་བཞེས་ནས་བརྩད་རྒྱོབ།
ཨ་མདོ་བ་དང་བོད་ཅེས་ལོགས་སུ་གཅད་པ་ནི་དེ་གཉིས་ཁ་ཁ་ཡིན་པའི་བཟོ་བསྟན་པ་ལས་གཉིས་ཀ་བོད་པ་ཡིན་ན་བོད་དང་ཨ་མདོ་བ་གཉིས་འཁོད་དགོས་དོན་ག་རེ་ཡིན་ནམ། དེ་ནི་ཆེ་མངགས་ཀྱིས་ལོགས་སུ་ཕྱེ་བ་ལས་གཅིག་པ་མིན་པ་བསྟན་འདུག་པ་མ་ཟད། བྲིས་བའི་གཏམ་ལ་ལྷན་པ་རྒྱབ་པ་ནི་མགོ་སྐོར་བཏང་བྱེད་ཀྱི་ཚིག་ཅིག་དང་། དྲང་མོ་མ་ཡིན་པའི་དན་རྟགས་རེད། སྐུ་མདུན་དང་སྡེ་བ་གཞུང་ལོགས་སུ་འབྱེད་སྟངས་ལ་ལྟོས་ན་སྐུ་མདུན་སྡེ་བ་གཞུང་གི་མགོ་དཔོན་མ་ཡིན་པ་ཞིག་བསྟན་གྱི་མི་འདུག གལ་སྲིད་ཁོང་སྡེ་བ་གཞུང་ངང་དགའ་ལྡན་ཕོ་བྲང་གི་མགོ་དཔོན་ཡིན་ན། ཁོང་སྐུ་ཕྲེང་རིམ་བྱུང་གི་བར་དུ་ཨ་མདོ་ག་རེ་བྱས་ནས་དགའ་ལྡན་ཕོང་བྲང་གི་འོག་ཏུ་མ་ཕྱིན་པ་རེད་དམ། འགྲོ་དགོས་དགོས་ཏེ། ཁྱེད་ཚོས་སྐད་ཆ་ཡིན་ན་ཨ་མདོ་བ་སྐུ་མདུན་ལ་བློ་དཀར་བས་སོ།
ཨ་ནུ་ཐང་བས་བོད་དང་ཁ་ཆེ་མི་རིགས་ཀྱི་འདྲེས་མཚམས་དང་། བོད་དང་རྒྱ་ཁ་ཆེའི་འདྲེས་མཚམས་ཀྱི་བོད་མིར་དབྱེ་འབྱེད་ཀྱིས་ཁྱད་གསོད་གནང་གིན་འདུག གོས་དང་གོན་པ་ཆོས་དད་དང་སྐད་ཡིག་གང་གི་ཆ་ནས་ཀྱང་ནུབ་བྱང་ཁུལ་གྱི་ཁོང་ཚོ་ལྷག་པ་མེད་ན་ཞན་པ་མེད། མཐའ་མཚམས་ཚང་མ་གྲིས་བཅད་པ་ནང་བཞིན་བོད་ཀྱི་མཐའ་མཚམས་གང་ནའང་མེད། སྐད་ཡིག་ཞིབ་འཇུག་པ་ཚོས་བརྒྱ་ཆ་བརྒྱ་ནས་ལྔ་བཅུའི་བར་དང་སུམ་ཅུ་ཉི་ཤུ་བཅུའི་བར་སྤྱོད་མཁན་ཅེས་བཤད་བཞིན་པ་ལྟར་གོམས་སྲོལ་སོགས་ལའང་འདི་ལྟར་དཔྱད་ན་ཤར་མཐའ་དང་ནུབ་བྱང་གི་མཚམས་སུ་ཡང་མཚུངས་པར་ཡོད། གཅིག་སེམས་ཤུགས་ཆེ་དྲག་པ་དང་གཅིག་ཆུང་དྲག་པའི་སྐྱོན་མེད། ཡོད་ན་རང་གིས་ཁུངས་བསྐྱེལ་རོགས། ཇི་ལྟར་ཤར་མཐའ་རུ་རྒྱ་ཁ་ཆེར་ཐིམ་པའི་མི་གང་མཚམས་ངས་པར་བཅས་མཐོང་མྱོང་བས་རང་གིས་མ་ཡིན་ཡིན་མདོག་མ་གནང་རོགས།
ཧིན།རྩ་བའི་བླ་མ་ཀྲོང་ཀྲོང་ཡིན་ན།དེས་ལབ་ཚད་ལ་ཉན་དགོས་པའི་ངེས་པ་གཏན་ནས་མེད།སངས་རྒྱས་བཅོམ་ལྡན་འདས་རང་གིས་འདུལ་བའི་མདོ་ལས།ཆོས་མ་ཡིན་པ་སྨྲ་ན་བཟློག་པར་བྱའོ།།གསུངས་ཡོད་ལ།ཡང་མདོ་སྡེ་དཀོན་མཆོག་སྤྲིན་ལས་ཀྱང་།དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ།།གསུངས་ཡོད་པས།སྟག་བྲག་གིས་འཁྲབ་ཚད་ལ་༧ཏཱ་ལའི་བླ་མས་གསན་དགོས་པའི་ངེས་པ་གཏན་ནས་མེད།
གུས་པས་སྔ་སེ་ནས་ཤེས་རབ་རྒན་པོ་དང་ཤེས་རབ་ལྷ་མོའི་དྲུང་དུ་ནུ་བྱ་ལྡོགས་རྒྱུ་ཡོད་ཅེས་ཞུས་ཡོད། ཨ་ནུ་ཐང་གིས་རྫིག་རྫིག་བྱ་དགོས་མེད། ལ་སྟོད་པ་མཁས་དབང་དད་པ་ཅན་འདིས་ཝོད་པ་དང་། པོད་པ་དང་། ཕོད་པ། བོད་པའི་སྒྲ་གདངས་གསལ་བར་ཁ་ནས་ཏོན་ནུས་ཀྱི་མེད་འདྲ།
ལ་སྟོད་ལགས་ཀྱིས་ཨ་མདོ་བ་བོད་པ་ལ་ཡིད་ཆེས་ཀྱི་རེད་དམ་གསུངས་པ་ལས་བོད་ལ་ཞེས་གསུངས་མི་འདུག ད་ལྟོས་དང་སྐད་ཆ་ལ་ལྷན་པ་སུས་རྒྱབ་འདུག་དྲང་མོ་མིན་པའི་དན་རྟགས་སུ་ལ་ཚང་འདུག ཁམས་དང་ཨ་མདོའི་མི་ཚོར་མཚོན་ན་བོད་པ་ཟེར་དུས་དབུས་གཙང་ལ་གོ་འགྲོ་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས། སྐད་ཆ་འདིས་བོད་དང་ཨ་མདོ་ལོགས་སུ་ཕྱེས་པ་རེད་ཟེར་ན་གཞི་རྩ་མེད་པའི་སྐད་ཆ་རེད། གཉིས་ནས་སྐུ་མདུན་ཨ་མདོ་ནས་ཡིན་པ་དང་ཨ་མདོ་བ་སྐུ་མདུན་ལ་བློ་དཀར་བའི་རྒྱུ་མཚན་གྱིས་ཨ་མདོ་བ་སྡེ་པ་གཞུང་གི་འོག་ལ་འགྲོ་དགོས་ན། རྒྱལ་བ་སྐུ་འཕྲེང་ཅིག་སོག་ཡུལ་ལ་འཁྲུངས་པའི་ལོ་རྒྱུས་ཡོད་པས་སོག་པོ་ཡང་སྡེ་པ་གཞུང་གི་འོག་ལ་ཅིའི་ཕྱིར་འགྲོ་མི་དགོས།
སྐུ་མདུན་མེེད་ན་ཨ་མདོ་བ་བོད་གཞུང་ལ་བློོ་མི་དཀར་ཞེས་བ་ནི་་དེང་སྐབས་ཀྱི་བོད་མིའི་སྒྲིག་འཛུགས་ལ་གོ་བ་ཡིན་ན་དེ་ནི་དགའ་ལྡན་ཕོ་བྲང་གི་མིན་ཏེ། དགའ་ལྡན་ཕོང་བྲང་ལས་ལོགས་སུ་ཕྱེ་ཚར་བས་སྐུ་མདུན་ཡོད་མེད་ལ་མ་ལྟོས་བ་བོད་པ་ཞིག་ཡིན་ཕྱིན་ནང་དུ་ཞུགས་རྒྱུ་དང་རྒྱབ་སྐྱོར་བྱེད་རྒྱུའི་ཐོབ་ཐང་ཡོད། ཞུགས་དང་མི་ཞུགས་རང་གི་འདོད་མོས་རེད་ལ། སུས་ཀྱང་བཙན་ཤུགས་བྱེད་མི་སྲིད་མོད། ཨ་མདོ་བ་མང་པོས་སྲིད་སྐྱོང་ལ་བསྟོད་གླུ་བླངས་ལ་སྟོས་བ་ཡིན་ན། ཆོ་ག་གཞན་པ་ལྟར་ཨ་མདོ་བ་མང་པོས་ཀྱང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་མཚོན་ཡོད།
གལ་སྲིད་སྐུ་མདུན་ལ་དད་པ་ཡོད་ཁུལ་བྱས་བའམ་ཡོད་པ་ཡིན་ན་དྲང་བདེན་དང་ལོ་རྒྱུས། གནས་ལུགས་ལ་ལྟོས་བ་མེད་པ་སྐད་ཆ་གང་བྱུང་གིས་བཤད་ཆོག་ཅིང་། ལོ་རྒྱུས་གང་བྱུང་གིས་བསྒྲིགས་ཆོག་པ་རེད་དམ། དེ་ལྟར་ཡིན་ན་དད་པ་ཞེས་བ་ནི་མི་རྣམས་ལོག་ལམ་དུ་ཁྲིད་བྱེད་ཅིག་དང་གཙོ་བདག་ཅེས་བ་ནི་མི་རྣམས་ལོག་ལམ་དུ་ཁྲིད་མཁན་དུ་འགྱུར་ངེས་རེད། དེ་ལྟར་མིན་པ་དད་པ་ལ་ཁ་གཡར་གནས་དེ་ལྟར་གནང་བ་ཡིན་ན། ཧ་ཅང་གིས་དྲང་མོ་མ་རེད་ལ། སྐུ་མདུན་ལ་ལག་པ་ཕྱིས་ནས་དོན་དངོས་ལ་ལོག་འགྲེལ་གནང་བའི་ནག་ཉེས་བ་ཡོད། རྒྱ་ནག་ཡིན་ཡང་བོད་ཕྱི་ནང་གི་ཁྱད་པར་ལས་ཨ་མདོ་དང་བོད་ཅེས་ནས་ཁྱད་པར་འབྱེད་ཀྱིན་མེད་ཀྱང་། ཁྱེད་ཚོས་དད་པ་ཅན་ཁག་ཅིག་གིས་དོན་དངོས་ལ་ལོག་འགྲེལ་གནང་རྒྱུ་ནི་རྒྱ་ནག་ལས་ཀྱང་སྡུག་པ་ནི་ཅི་ཞིག་ཡིན་ནམ།
ཧཧཧ། ཨ་མདོ་བོད་སྡེ་བ་གཞུང་ལ་པོད་པ་ཟེར་བ་ལས། བོད་ཟེར་གི་མ་རེད།
རེད་ཡ། མི་རིག་པའི་བུས་ཡག་པོ་བཤད་འདུག ཝོད་པ་དང་པོད་པ་ཕོད་པ་བོད་པ། ཝོད་དང་། པོད། ཕོད། བོད་ཅེས་པའི་སྐད་གདངས་གང་བྱུང་གིས་སྤྱད་པ་འམ་ཁྱད་འབྱེད་པའི་མཐུ་ནུས་མེད་པའི་དད་ཅན་ཚོས་ལོག་རྩོམ་སྤེལ་གྱིན་ཡོད།
ད་ལྟ་ཡི་གེ་ཤེས་པའི་མི་མང་བས་ན། ཅི་ཙམ་མ་ནུས་ཀྱང་ཅི་འདྲའི་ཁ་སྟབས་ཞན་པ་ཙུག་ཡིན་ནའང་། བོད་ནང་ལོ་བདུན་དང་།ཡི་གེ་འབྲུ་ཁྲི་བདུན་སྙན་ཞུ། ངོས་ཀྱི་ཡུལ་དང་ངའི་མི་དམངས་ཀྱི་དཔེ་དེབ་ཀློགས་བྱས་ཏེ་ནག་རལ་ལུ་མ་བཏིང་བར་དྲྭ་ཐོག་ཏུ་ཁ་མི་འགུལ་རྒྱུ་བྱོས། དྲྭ་འབུའི་སྤུས་ཀ་ཇེ་ཞན་ཇེ་ཞན་རེད་ཨ།
དེ་སྔོན་བྲན་དཔལ་གྱིས་ཏེ་བཙན་པོའི་གཞུང་གཏོར་བ་རེད། ད་ལྟ་དྲན་དཔལ་གྱིས་བོད་མིས་སྒྲིག་འཛུགས་ཨེ་ཐུབ་ལྟ་གི་འདུག ཆོས་དང་ལུང་ཚན་གྱི་ཕྱོགས་རིས་གླེང་མཁན་དེད་དཔོན་དྲན་དཔལ་སོགས་རེད། ཡིན་ཡང་། དེང་སྐབས་བོད་མི་རྣམས་གོ་རྟོགས་སད་བཞིན་ཡོད་པས་ཁྱེད་ཚོས་འདོན་འགྲུབ་ཡ་ཡོད་བ་མ་རེད།
༼Dalai lama my son་་ཟེར་བ་དེར་ལྟོས་དང་དེ་ནང་སྟག་བྲག་གིས་ག་རེ་འཁྲབ་པ་ཞིབ་རྒྱས་སུ་བྲིས་ཡོད་པ་རེད།སྐབས་དེར་རྒྱལ་ལོ་དང་སྟག་འཚེར་གཉིས་ཀྱང་ར་སྒྲེང་གི་ཕྱོགས་སུ་བརྩིས་ཏེ་གཡོ་འགུག་གིས་འཛིན་བཟུང་བྱ་རྩིས་བྱས་པ།ཁོང་གཉིས་ནས་ཚོར་ཏེ་རྒྱ་གར་ནས་ཕྱིར་ལོག་བྱས་མི་འདུག།༧ཏཱ་ལའི་བླ་མའི་མ་ཡུམ་དང་གཅེན་མོ་གཉིས་ཨ་མདོ་རྒྱ་སོག་ཡུལ་དུ་ཕྱིར་ཕུད་གཏོང་རྩིས་བྱས་ཀྱང་།རྒྱ་ཁ་ཆེ་མཱ་པུ་ཧྥང་གིས་ཉེན་བརྡ་བཏང་བར་བརྟེན།བོད་པ་དེ་ལ་སྐྲག་ནས་ཕྱིར་ཕུད་གཏོང་ཐུབ་མེད་པ་རེད།༽
༼དང་པོ་ཏཱ་ལའི་བླ་མའི་ཡབ་བོད་པས་བསད་པ་རེད། དེ་ནས་ཏཱ་ལའི་བླ་མ་ཉིད་ཀྱང་བོད་ནས་གསོད་རྩིས་ཐེངས་འགའ་བྱས་རབས་ཟམ་གདོང་རིན་པོ་ཆེས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གསུངས་སོང་ང། ལྷག་པར་ཏཱ་ལའི་བླ་མ་བོད་པ་མ་རེད་རྒྱ་ཕྲུག་རེད་མདོག་མདོག་གིས་སྟག་བྲག་རིན་པོ་ཆེས་ཡང་སྤྲུལ་བརྗེ་བོ་བརྒྱབས་ཆེད། བཀའ་ཤག་གིས་ཙོང་ཁ་བའི་སྐུ་བརྙན་མདུན་ཟན་རྟགགས་ཐེངས་མང་སྒྲིལ་ཀྱང་ཏཱ་ལའི་བླ་མར་བབས་ཏེ་ཐབས་ཤེས་མ་བྱུང་༽
གོང་གི་སྐད་ཆ་དེ་དག་སྟོབས་རྒྱས་ཀྱིས་བྲིས་བའི་ཟུར་གཅིག་རེད། དེ་ལ་གཟིགས་དང་། དེ་ནས་སུས་བོད་མི་ནང་ཁུལ་དུ་དབྱེ་འབྱེད་དང་དྲང་པོ་མིན་པའི་གནས་ཚུལ་འཁོད་ཀྱི་ཡོད་མེད་གསལ་བོ་རྟོགས་ངེས་རེད།Dalai lama my son་་ཟེར་བ་དེར་ལྟོས་དང་དེ་ནང་སྟག་བྲག་གིས་ག་རེ་འཁྲབ་པ་ཞིབ་རྒྱས་སུ་བྲིས་ཡོད་པ་རེད།སྐབས་དེར་རྒྱལ་ལོ་དང་སྟག་འཚེར་གཉིས་ཀྱང་ར་སྒྲེང་གི་ཕྱོགས་སུ་བརྩིས་ཏེ་གཡོ་འགུག་གིས་འཛིན་བཟུང་བྱ་རྩིས་བྱས་པ།ཁོང་གཉིས་ནས་ཚོར་ཏེ་རྒྱ་གར་ནས་ཕྱིར་ལོག་བྱས་མི་འདུག།༧ཏཱ་ལའི་བླ་མའི་མ་ཡུམ་དང་གཅེན་མོ་གཉིས་ཨ་མདོ་རྒྱ་སོག་ཡུལ་དུ་ཕྱིར་ཕུད་གཏོང་རྩིས་བྱས་ཀྱང་།རྒྱ་ཁ་ཆེ་མཱ་པུ་ཧྥང་གིས་ཉེན་བརྡ་བཏང་བར་བརྟེན།བོད་པ་དེ་ལ་སྐྲག་ནས་ཕྱིར་ཕུད་གཏོང་ཐུབ་མེད་པ་རེད།༽
༼དང་པོ་ཏཱ་ལའི་བླ་མའི་ཡབ་བོད་པས་བསད་པ་རེད། དེ་ནས་ཏཱ་ལའི་བླ་མ་ཉིད་ཀྱང་བོད་ནས་གསོད་རྩིས་ཐེངས་འགའ་བྱས་རབས་ཟམ་གདོང་རིན་པོ་ཆེས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གསུངས་སོང་ང། ལྷག་པར་ཏཱ་ལའི་བླ་མ་བོད་པ་མ་རེད་རྒྱ་ཕྲུག་རེད་མདོག་མདོག་གིས་སྟག་བྲག་རིན་པོ་ཆེས་ཡང་སྤྲུལ་བརྗེ་བོ་བརྒྱབས་ཆེད། བཀའ་ཤག་གིས་ཙོང་ཁ་བའི་སྐུ་བརྙན་མདུན་ཟན་རྟགགས་ཐེངས་མང་སྒྲིལ་ཀྱང་ཏཱ་ལའི་བླ་མར་བབས་ཏེ་ཐབས་ཤེས་མ་བྱུང་༽
གོང་གི་སྐད་ཆ་དེ་དག་སྟོབས་རྒྱས་ཀྱིས་བྲིས་བའི་ཟུར་གཅིག་རེད། དེ་ལ་གཟིགས་དང་། དེ་ནས་སུས་བོད་མི་ནང་ཁུལ་དུ་དབྱེ་འབྱེད་དང་དྲང་པོ་མིན་པའི་གནས་ཚུལ་འཁོད་ཀྱི་ཡོད་མེད་གསལ་བོ་རྟོགས་ངེས་རེད། ཞེས་ཨ་ནུས་ཟུར་འདོན་མཛད་པ་འདིར་ངེས་པར་དུ་གཟིགས་དགོས། ཨ་མདོ་བ་སྐབས་འཚོལ་འགས་རྫུན་གཏམ་དང་རང་ཚིག་སྔ་ཕྱིའི་བར་དངོས་འགལ་དག་དག་སྤྱོད་ནས་བོད་མིའི་ལོ་རྒྱུས་རྩིས་མེད་གཏོང་བ་ལ་ཐེ་ཚོམ་ཅི་མེད། ཨ་མདོ་བ་ཚོ་བོད་གཞུང་དགའ་ལྡན་ཕོ་བྲང་ལ་བློ་སེམས་དཀར་ཚུལ་དང་རྒྱབ་སྐྱོར་ཆེ་ཚུལ་བཤད་པ་དང་། ཕྱོགས་གཞན་ཞིག་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་ཏཱ་ལའི་བླ་མ་གསོད་རྩིས་ཐེངས་འགའ་བྱས་རབས་དང་ཡབ་ཡུམ་སྐུ་མཆེད་དང་བཅས་པ་རྒྱ་སོག་ལ་ཕྱིར་ཕུད་གཏོང་རྩིས་བྱས་པ་ཡང་བཤད། མི་འདི་ཚོས་གནས་ལུགས་ཀྱི་སྐད་ཆ་གང་ཞིག་བཤད་ཀྱི་འདུག་གམ། ཁོང་ཚོའི་བཤད་སྟངས་འདིས་ཏཱ་ལའི་བླ་མ་འདི་བ་ཚང་ནི་རྒྱ་སོག་ནས་ཡིན་པ་ལས་བོད་ས་ནས་མ་ཡིན་པ་ཞིག་བཤད་ཡོང་གི་འདུག། ཨ་མདོ་བ་ཚོས་བོད་གཞུང་དགའ་ལྡན་ཕོ་བྲང་ལ་བློ་སེམས་དཀར་བའི་རྒྱབ་སྐྱོར་བྱས་རབས་ཞིག་བོད་ཀྱི་ལོ་རྒྱུས་ན་ཕལ་ཆེ་མེད། བོད་གཞུང་དགའ་ལྡན་ཕོ་བྲང་ལ་རྒྱབ་སྐྱོར་ཕར་ཟད། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མིང་ཚིག་དེ་ཡང་མེད་བརླགས་སུ་བཏང་མཁན་གྱི་བྱེད་གཏེར་དང་རྒྱབ་སྐྱོར་མཁན་ཨ་མདོ་བ་ནི་གྲངས་ལས་འདས། སྐབས་འཚོལ་ཨ་མདོ་བ་ཚོས་བོད་དང་བོད་མིར་ལ་རྒྱ་ཡོད་ཚུལ་ནི་ཏཱ་ལའི་བླ་མ་ཉིད་ལ་དམིགས་པ་ལས་ལོ་རྒྱུས་ལྡན་པའི་བོད་མི་རིགས་དང་བོད་རྒྱལ་གཅེས་པ་འཆི་གསོན་གཉིས་ཀྱིས་ཕུགས་འདུན་ལ་བསམ་བློ་གཏོང་མཁན་ཉུང་ཉུང་རེད། ཁོང་ཚོས་བོད་འདི་ད་ལྟ་ཉིད་དུ་རྒྱ་དམར་འོག་ཏུ་དྲུད་འགྲོ་རྒྱུའི་བློ་སེམས་དང་འགྱུར་མེད་པའི་ལས་ལ་འབོད་བཞིན་པ་རེད།
ལ་སྟོད་འདི་ངས་དྲིས་པའི་དྲི་བར་ལན་འདེབས་མེད་ཁར་ཉ་ཉོག་ལུང་པ་གང་བཤད་འདུག། ཁྱེའུ་ལྷ་མོ་དོན་གྲུབ་ཟི་ལིང་ཀྲུ་ཞིའི་ལག་ནས་བོད་གཞུང་གིས་ཕྲོགས་ནས་༧རྒྱལ་བའི་ཡང་སྤྲུལ་ལ་ངོས་འཛིན་དང་གདེངས་འཇོག་སྐུ་ཡོན་ཕུལ་མེད་ན། ད་ལྟ་གོ་ལའི་སྟེང་དུ་མཚན་སྙན་དེ་ཁོང་གི་ཐུགས་བརྒྱུད་ན་ཡོད་པའི་སྦྱངས་སྟོབས་ཀྱི་ཡོན་ཏན་དེ་སྐྱེ་སྲིད་དམ། མ་ཟད་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ལགས་ཀྱིས་ཉེ་འཆར་རང་སྒང་ཏོག་ཏུ་ཚུགས་པའི་གཞོན་ནུའི་ཚོགས་ཆེན་སྟེང་གཏམ་བཤད་ནང་ཁོང་གིས་གསུངས་གསལ་ལྟར་ན། ལྔ་བཅུ་ང་གྲངས་ནང་རྒྱ་མི་དང་གཤིབ་བསྡུར་བྱས་པའི་ཉམས་མྱོང་གསལ་པོ་གསུངས་སོང་ལ། སྐབས་དེ་དུས་རྒྱ་མིས་ཁ་གསལ་ནས་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་ལོ་དོན་གྲུབ་ཁྱོད་རང་གཉིས་ལ་རྒྱབ་བསྐྱོར་ཞུས་ནས་གཞན་པ་ཚང་མ་མེད་པ་བཟོ་གི་ཡིན་ཟེར། སྐུ་དྲག་བླ་མ་ཁོང་ཚོ་ཚང་མ་མེད་པ་བཟོ་ཡི་ཡིན་ཟེར་དེ་ལྟ་ཁ་བསངས་ནས་ཟེར་གྱི་འདུག་གསུངས་སོང་། འོན་ཀྱང་ཁོང་གིས་དཔེར་ན་ང་ཚོའི་མི་ཚང་ལ་ཆ་བཞག་ན་བོད་གཞུང་དང་བོད་མི་དམངས་ཀྱི་ཐུགས་རྗེ་བཀའ་དྲིན་དང་། ༧རྒྱལ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་ང་ཚོ་གྲོང་གསེབ་པ་ཞིག་བོད་ལ་ཡོང་བྱས་བོད་གཞུང་དང་བོད་མི་དམངས་ཀྱིས་ཡག་པོ་ཞེ་པོ་ཞིག་གནང་ནས་བྱུང་པ་ཞིག་རེད། བྱས་ཙང་རྒྱ་མིའི་ལས་ཀ་དང་སྤྲེལ་ལད་འོག་ངས་དེ་འདྲ་བྱེད་ཤེས་ཀྱི་མ་རེད་གསུངས་འདུག་ལ། རྒྱུ་རྐྱེན་འདི་འདྲའི་འོག་ནས་རྒྱ་གར་ལ་ཕེབས་དགོས་བྱུང་རབས་འདུག།
བྱས་ཙང་ལ་སྟོད་ཀྱིས་ཟམ་གདོང་བླ་མའི་ངག་ལ་ཉན་་ནས་ཏཱ་ལའི་བླ་མ་ལྐོག་གསོད་གཏོང་རྩིས་བྱས་རབས་ཀྱིས་གཏམ་འཆལ་ཞིག་སྤེལ་གྱིན་འདུག་ལ། ཏཱ་ལའི་བླ་མའི་མཚན་གནས་སོག་པོས་ཕུལ་རབས་དང་སོག་པོ་ཡིན་རབས་མདོར་ན་ཏཱ་ལའི་བླ་མ་བོད་རིགས་མིན་པ་ཞིག་བསྒྲུབ་ཀྱིན་པ་འདི་རེད། མ་གཞི་བོད་ཀྱི་སེར་མོ་བའི་དབང་ཆ་འཐབ་རྩོད་ནང་བསམ་ཡུལ་ལས་འདས་པའི་བྱ་བ་མང་པོ་བྱས་པ་རེད་ལ་བོད་རྒྱལ་ཁབ་དང་བོད་མི་དམངས་ལ་ཁོ་ཚོས་བསམ་བློ་ཅི་ཡང་མ་བཏང་བའི་མཇུག་འབྲས་ད་ལྟ་ང་ཚོའི་མགོ་ཐོག་ཏུ་བབས་བསྡད་པ་འདི་རེད།
དེས་ན་ལ་སྟོད་ཀྱིས་བཤད་སྟངས་དང་ཀྲུང་གོས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་མདུན་ལམ་གྱི་གནད་དོན་མ་གཏོག། བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་གླེང་གི་མེད་ཟེར་བ་འདི་གཉིས་གཅིག་པ་གཅིག་རྐྱང་རེད།
མ་གཞི་དཀོར་འཚོ་རིང་ལུགས་པ་འདི་ཚོ་དཀོར་རྫས་ཡོངས་ཁུངས་ལ་ཉམས་ཆག་མ་སོང་ན་མི་རིགས་ཀྱི་ལྟ་བ་དང་ལ་རྒྱ། རྒྱལ་ཞེན་ཟེར་བ་སྤུ་ཙམ་ཡང་མེད་ལ་ཡོངས་སུ་དོར་ཟིན་པ་དེ་རེད།
ཉེ་སྔོན་སྡེ་བ་གཞུང་གི་འོག་ལ་མེད་པ་ཙམ་གྱིས་ཨ་མདོ་བོད་མིན་པར་བཤད་མི་ཐུབ་ལ། ཉེ་དུས་ཀྱི་སྡེ་བ་གཞུང་གི་བཀའ་བཀོད་ཀྱིས་མ་འདང་བའི་ཡུལ་གྲུ་ནམ་དགྱ་ནག་གི་ཆ་ཤེས་ནི་དེ་བས་ཀྱང་ཡིན་མི་ཐུབ།
གཙོ་བོ་གནད་དོན་འདི་བོད་རང་ལ་ཐུག་ཡོད་པ་ཞིག་ལས། དགྱ་ནག་འབྲེལ་བ་སྤུ་ཙམ་ཡང་མི་འདུག། ད་ནས་ཕན་ང་ཚོ་སྟེ་བོད་ཆོལ་ཁ་གསུམ་རྡོག་རྡོག་རིལ་རིལ་གཅིག་ལ་འདུག་རྒྱུ་ཡིན་ནམ། རྒྱལ་ཁབ་སུལ་བུར་འཐོར་བའི་ངོ་བོ་ལ། ང་ཚོ་ཆ་དགས་ཡ་དགས་ལ་འདུག་གི་ཡིན་མིན་ལ་ཁེལ་བ་ཞིག་རེད། དྲ་འབུ་སྣ་ནག་ཚོ། སྐད་ཆ་བཤད་དུས་འཇུག་འབྲས་ལ་སོམས།
ཡར་བཤད་ན་འདྲ། མར་བཤད་ན་འདྲ། སྟོབས་དང་ནུས་བ་དགོས་ན། རྡོག་རྡོག་ཡག་ནི་རེད། གོ་བྱུང་ངམ།
འདི་ནི་༧རྒྱལ་བ་ལྔ་པས་མན་འཇུ་གོང་མར་ཆོས་ཡོན་འབྲེལ་བའི་མཇུག་འབྲས་རེད་ལ་ཁམས་ཡང་སྡེ་པ་གཞུང་དང་ཁ་བྲལ་བཏང་བ་དེ་རེད།
གཡག་འདིས་ལ་སྟོད་པའི་འཆལ་གཏམ་ལ་བདག་པོ་ཞེ་དྲག་བྱ་ཁུལ་བྱེད་ཀྱིན་འདུག་མདོར་བསྡུ་བྱས་བཤད་ན།
མཁས་དབང་ཟམ་གདོང་གི་ཞལ་སྤུ་ཙམ་ལ་རང་ཚོ་ག་ལ་དོ། ངའི་སྔོན་སྔོན་ཞིག་ལམ་ཙམ་ཞུས་པ་ལྟར་རང་ཚོས་C.Dགསར་པ་དེ་བཏོན་པ་ཡིན་ན། ལེགས་བཅོས་ཟེར་ནའང་འདྲ། སྔོན་ཐོན་ཟེར་ན། གང་ལྟར་ཟམ་གདོང་ཉིད་ཁ་སྐྱེངས་པོ་བཟོ་ངེས་ཡིན།
སྡེ་བ་གཞུང་ན་རྩྭ་བཟའ་མཁན་གྱི་སྐྱེས་བུ་ཧ་ཅང་མང་། སྐད་དང་དེང་རབས་ཤེས་ཡོན་པ་ལྷག་བསམ་ལྡན་པའི་སྐྱེས་བུའི་ཉུང་དྲག་བྱས་དཀའ་ངལ་འཕྲད་སྐབས་ཀྱང་། སྐུའི་གཅེན་པོ་སོགས་ནན་ཆིན་སློབ་ཆེན་འགྲིམ་མྱོང་བའི་མི་སྡེ་ཤེས་ཡོན་ཅན་བོད་མི་རིགས་ཀྱི་ཆེད་སྲོག་ཀྱང་མདོར་ནུས་པ་རྣམས་ཕྱིར་འཕུད་བྱ་རྐྱང་བྱེད་མྱོང་ཡོད་། རྡོར་གླིང་དུ་ཕྱིན་པའི་བུ་འགས་ག་ལ་ནུས། ཁག་མེད་འཐོར་ལ་ཁད་ཀྱི་ཁྱིམ་གཞི་དང་ཆག་རལ་ཏུ་གྱུར་པའི་སྡེ་གཞུང་གི་དོན་རེད་ཅེས་ཟེར་ན་འང་མི་འགྲིག་པ་མེད།
སྐབས་འདི་འདྲ་ཞིག་ལ་བཀུར་འོས་པའི་སྲིད་བློན་ཀླུ་ཁང་བས་ཐབས་ཇུས་ཀྱི་གཏམ་འདི་ལྟར་བཤད་པར་གྲགས་སྟེ། བཀུར་འོས་པའི་ལས་རོགས་རྣམ་པ་ད་ཐང་ང་ཚོས་ནན་ཆིན་དུ་སློབ་སྦྱོང་སོན་པའི་གཞོན་སྐྱེས་རྣམས་བེད་སྤྱོད་མི་བྱེད་པའི་ལས་འཆར་མ་ལེགས་སོ། གལ་སྲིད་ནན་ཆིན་དུ་ཕྱིན་པའི་རྒྱ་ལོ་དོན་གྲུབ་ལྟ་བུས་བོད་མི་རིགས་བློས་བཏང་མི་སྲིད་ལ། གལ་སྲིད་བློས་གཏོང་བ་ཡིན་ན་ཁོས་རང་གི་སྤུན་མཆེད་གཏན་ནས་བློས་གཏོང་མི་སྲིད་ཅེས་རྩོད་གཤེར་གྱི་གཏམ་བཤད་གནང་ཡོད། དཔོན་ངན་ཡང་མང་ཡ།
རྩྭ་ཁོག་རྒྱོང་གི་དཔོན་པོ་ཚོས་གོ་སྐབས་ནམ་བྱུང་ལ་ཇོ་མཇལ་བ་དང་གནས་སྐོར་བ་ཚོར་ཕྱོགས་སྤྲང་ལབ་རྒྱུ་ལས་ཅང་མི་ཤེས།
སྙིང་རྗེ་དེ་འདྲས་འདྲས་ང་ཚོར་ཁ་ཐོར་དུ་ཕྱིན་པ་རེད་ཨ། ཆོལ་གསུམ་སོགས་བོད་ཡུལ་ཀུན་ལ་སྐད་གྲགས་ཆོད་པའི་སྲིད་ཟུར་ཀླུ་ཁང་བ་ལྟ་བུའི་སྐུ་དྲག་ཅན་ཡང་ང་ཚོར་མེད་པ་མ་རེད་ཡ།
ཨ་སྙིང་རྗེ།དྲ་འབུ་སྐྱག་ཕྲུག་ཁ་ཤས་ལ་ལུང་རིག་རྒྱུ་མཚན་བཀོད་རྒྱུ་མེད་པར།དེ་ག་ཟིག་བཀའ་བཀྱོན་འདྲ་བོ་བཏང་།ནག་པོ་འདྲ་བོ་བཟོ་ཁུལ་བྱེད་ཀིས།དེ་ཚོ་ལ།རྡོ་དང་གཡུག་པས་མ་ཕམ་ན།།ལུང་དང་རིགས་པས་ང་མི་ཕམ།།ཟེར་རྒྱུ་མ་གཏོགས་ཅི་མེད་ད།ཧཧ
ཨོ་ཁ་ཤས་ཀྱིས་བོད་དང་ཨ་མདོ་འབྲེལ་བ་ལབ་བཞིན་འདུག་མོད།དེ་ཚོས་ཅི་གང་ཤེས་མི་གདའ།གལ་ཏེ་༧ཏཱ་ལའི་བླ་མ་མེད་ན།ཨ་མདོ་དང་བོད་ཀྱི་འབྲེལ་བ་ནི་བོད་དང་འབྲུག་གི་འབྲེལ་བ་ལྟ་བུ་ཅིག་རེད།དཔེར་ན།ཨ་མདོ་ས་ཆར་སྤྱི་ལོ་༡༧༢༠རྩ་གྲངས་ནང་ཆུ་ཡོས་དམག་འཁྲུག་སྐབས།མན་ཇུས་ཨ་མདོ་མི་མང་འབུམ་ཕྲག་མང་པོ་དམར་གསོད་ལག་བསྟར་གྱིས་ཟི་ལིང་ས་ཕྱོགས་ཀྱི་ཨ་མདོ་བ་མང་ཆེ་ཤོས་རྩ་མེད་བཏང་སྐབས།བོད་གཞུང་གིས་མན་ཇུའི་བཀའ་དང་ལེན་གྱིས་བྱང་ཐང་ཕྱོགས་སུ་བྲོས་བྱོལ་གྱི་ཨ་མདོ་དཔོན་དམག་ཡོངས་རྫོགས་རྩ་མེད་བཏང་ཡོད།
མན་ཇུས་རྒྱལ་རོང་ཐེངས་ཁ་ཤས་གཏོར་སྐབས་ཀྱང་བོད་གཞུང་གིས་དེ་ནང་ཆོས་ཕྱོགས་ནས་མང་པོ་འཁྲབ་ཡོད་རེད།རྒྱ་ཁ་ཆེ་མཱ་པུ་ཧྥང་གིས་ཨ་མདོ་སྐྱེས་པ་མཐོང་ཚད་བསད།བུད་མེད་མཐོང་ཚད་ལ་བཙན་གཡེམ་བྱེད་སྐབས།ཨ་མདོ་མགོ་ལོག་གིས་བོད་གཞུང་ལ་མེ་མདའ་དབྱིན་ཇིའི་ཁ་དུམ་ལྔ་བརྒྱའི་རོགས་རམ་འབོད་སྐུལ་ཙམ་ཞུས་པར།བོད་གཞུང་གིས་ཡ་ལན་ཙམ་ཡང་སྤྲད་མེད་པ་བཀའ་བློན་ཀླུ་ཁང་བའི་ལོ་རྒྱུས་ནང་འཁོད་འདུག།
སྐབས་དེ་དུས་བོད་གཞུང་གིས་ཨ་མདོ་ལ་ལྟ་སྟངས་དེ་རྒྱལ་ཁབ་གཅིག་པ་དང་མི་རིགས་གཅིག་པ་ཅིག་ཕར་བཞག་སྟེ།ཁྱིམ་མཚེས་རྒྱལ་ཁབ་བསམ་ཤེས་ཤིག་གི་བསམ་བློ་ཙམ་ཡང་མེད་པ་རེད།ད་ཨ་མདོ་བོད་ཁོངས་སུ་གང་འདྲ་བྱས་ཏེ་ཚུད་རྒྱུ་རེད།དྲང་མོ་བཤད་ན།ཨ་མདོ་དེ་དུས་རྒྱ་བོད་སུ་ཁོངས་མ་ཡིན་པར་རུ་བ་འགོ་རྒོད་ཀྱི་ཚུལ་དུ་གནས་ཡོད་པ་རེད།
བསྟན་འཛིན་དང་ཨ་ནུ་ཐང་སོགས་ལ་ཞུ་རྒྱུར།མི་གཞན་གྱིས་ལོ་རྒྱུས་བྲིས་བཞག་པ་དང་ཡོངས་གྲགས་བཤད་བཞག་པ་དེ་ཚོ།ངས་ལུང་འདྲེན་དང་བསྐྱར་བཤད་ཙམ་བྱས་པ་བོད་མི་ནང་ཁུལ་དཀྲུག་ཤིང་དུ་གང་འདྲ་སེ་ཆགས་རེད་དམ།ལོ་རྒྱུས་ཀྱི་དོན་དངོས་དེ་ཚོ་བཟོ་མཁན་དང་ཡང་ན་དེ་བྲིས་མཁན་རྣམས་དཀྲུག་ཤིང་པ་མི་ཆགས་པར།དེ་ཀློག་མཁན་དང་ལུང་དྲངས་མཁན་ང་ལྟ་བུ་དཀྲུག་ཤིང་གང་འདྲ་བྱས་ནས་ཆགས་རེད།ཡ་མཚན་པོ་རེད་ད།ཁྱེད་ཚོའི་མིག་ནང་ནས་མི་ཆེན་དཔོན་ཆེན་ཚོས་ག་རེ་འཁྲབ་ཚད་ཡག་པོ་དང་།མི་ཆུང་ཚོས་དེ་ལ་ལྟ་ཙམ་དང་གླེང་ཙམ་ཡང་བྱེད་མི་ཆོག་པ་ཅི་རེད།དེ་འདྲ་བརྙས་བཅོས་གཏོང་ཆོག་ཆོག་ཏུ་བསམ་པ་རྨི་ལམ་དང་འཁྲུལ་སྣང་རེད་ད།རང་ལུས་འདོམས་པ་གང་དེ་ཡོད་ཕྱིན།བརྙས་བཅོས་དེ་འདྲར་སུ་ཡང་ཞེད་ཀི་མ་རེད་ད།
ད་རང་གིས་ཨ་མདོ་བའི་ཁ་སྐད་ཀྱི་ཝོད་དང་བོད། པོད་པ་དང་དབུས་པ་སྤུ་རིས་ཕྱེ་ནས་སྐད་ཆ་ཤོད་བོད་ཁུངས་སུ་མེད་པའི་བོད་ཙུག་ཡིན་ན་རང་གཅིག་བུ་ཡིན་ངེས་སོ།
རྒྱལ་བ་རིན་པོ་ཆེ་ནི་བོད་དོན་བདེན་སེལ་རྒྱུར་མེད་དུ་མི་རུང་བའི་འཐབ་རྩོད་ཀྱི་དར་པོ་ཆེ་ཡིན།
ང་ཚོས་རྒྱལ་བ་རིན་པོ་ཆེ་མཐོན་པོར་འཕྱར་ནས་མི་རིགས་ཀྱི་བདེན་དོན་རྩོད་དགོས། མཐར་ཐུག་གི་རྒྱལ་ཁ་ལེན་དགོས། རྒྱལ་བ་རིན་པོ་ཆེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་མ་རེད། ཁོང་བོད་དོན་བདེན་མཐའ་སེལ་མཁན་གྱི་དབུ་ཡོད་ན་མེད་ན་དེ་རེད། དེ་མ་རེད་ཟེར་ན་གླད་པ་སྐྱོན་ཅུང་ཡོད་ངེས་ཅན་རེད།
སྲིད་སྐྱོང་བློ་སེང་ནི་ང་ཚོའི་དབུ་ཁྲིད་ཡིན་ཁོང་ལ་གུས་བརྩི་དང་ཆེ་མཐཽང་ཅིས་ཀྱང་སྤྲོད་དགོས་པ་རེད། དེ་ལྟར་མ་བྱས་ན་རང་ཉིད་ཀྱིས་རང་ཉིད་ལ་དམའ་འབེབས་བྱས་པ་རེད། ཡིན་ནའང་སྲིད་སྐྱོང་བློ་སེང་ལོ་ལྔ་ཡི་སྲིད་བློ་སེང་ངམ་ཡང་ན་ལོ་བཅུ་ཡིན་བློ་སེང་ཡིན་པ་ལས་དུས་གཏན་གྱི་སྲིད་སྐྱོང་མིན་པ་ཤེས་དགོས།
ལ་སྟོད་པ་སློབ་གྲྭར་སོང་དེ་མིན་ན་རང་གིས་དངོས་གནས་ནུ་དགོས་ཀྱི་འདུག་ག
ལ་སྟོད་སྟོས་རྒྱལ་ལགས།
ཁྱེད་ཀྱིས་བོད་དང་ཨ་མདོ་གཉིས་ལོགས་སུ་བཀལ་བ་ནི་ཨ་བ་མདོ་བ་ལ་ཆ་རྒྱུས་ཡེ་ནས་མེད་པའི་སྐད་ཆ་རེད། ཁྱེད་ཀྱིས་ཨ་མདོ་བ་དང་བོད་གཉིས་ལོགས་སུ་བཀལ་བའི་སྐད་ཆ་བཤད་ན། ཨ་མདོོ་ནས་ཁྱེད་ལ་ཉེན་ཁ་འཕྲད་ངེས་རེད། ཡིན་ཡང་། ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་ན། ས་ཁུལ་ཉུང་ཤས་ཤིག་ལས་ཁྱེད་ལ་ཉེན་ཁ་དེ་ཙམ་འཕྲད་མི་སྲིད། ད་ལྟ་ཨ་མདོ་བའི་གཞོན་སྐྱེས་མང་པོ་ཞིག་སྐུ་མདུན་ལ་དུང་དགོས་བའང་ཁོང་ནི་བོད་མི་རིགས་ཀྱི་གཙོ་བདག་རེད་སྙམ་པས་རེད། དྲང་མོ་བཤད་ན་ལོ་རྒྱུས་ཐོག་མདོའི་ས་ཁུལ་མང་པོ་ཞིག་ལ་པན་ཆེན་གྱི་ཤན་ཞུགས་ཆེ་བ་ལས་སྐུ་མདུན་གྱི་ཤན་ཞུགས་ཆེན་པོ་མ་རེད། ལྷག་པར་དུ་ཨ་མདོ་ནི་རྗེས་སུ་དར་བའི་ཐ་སྙད་ཅིག་ཡིན་པས། ཨ་མདོ་བ་མང་པོས་ཀྱང་རང་ཉིད་ཨ་མདོ་བ་ཡིན་པའི་འདུ་ཤེས་འཛིན་གྱི་མེད། ཡིན་ཡང་། དེང་སྐབས་རྒྱ་གར་གྱི་བོད་མིའི་ཤུགས་རྐྱེན་ཐེབས་པས་གཞི་ནས་རང་ཉིད་ཨ་མདོ་བ་ཡིན་པ་ངོས་ཟིན་མཁན་མང་དུ་འགྲོ་གི་འདུག་ལ། དེ་བཞིན་ཆོལ་ག་གཞན་པའི་མི་མང་པོ་ཡང་དེ་ལྟར་རེད། ཨ་མདོ་བས་ལྷ་ས་བ་ལ་བ་ཨམ་སྐད་དུ་པོད་པ་ཅེས་འབོད་པ་ལས། བོད་ལབ་ཀྱི་མེད། ཁག་མི་འདུག ཁྱེད་ལྟར་ཨ་མདོ་དང་ས་ཐག་རིང་བའི་ཧི་མི་ཞིག་གིས་ཨ་མདོ་བའི་གནས་ཚུལ་ཡག་པོ་མི་ཤེས་ཁག་མི་འདུག་ལ། ཆུང་དུས་ནས་བོད་མི་ཡིན་པའི་འདུ་ཤེས་མཁན་ཞིག་ལ་བོད་པའི་ལ་རྒྱལ་ཡོད་པ་ཁག་པོ་རེད། ཡིན་ཡང་། ལོ་རྒྱུས་ལ་སློབ་སྦྱོང་བྱོས་དང་། རྟོགས་ངེས་རེད།
མི་རིག་པའི་བུས་ཏོག་ཙམ་ནོར་བྱུང་། གནམ་ལ་གཉི་ཟླ་གནམ་གཉིས།། ས་ལ་༧རྒྱལ་བ་པཎ་ཆེན།། བརྫོ་ལེ་རེད་དོ།
ཨ་མདོ་བས་དབུས་པར་པོད་པ་ཟེར་བ་མ་གཏོགས། བོད་དང་ཝོད་ཀྱི་མིང་གིས་གཏན་ནས་མི་འབོད། དེས་ཐུན་མོང་མ་ཡིན་པར་མི་གོ་བས་རེད། འདི་ཏོག་ཙམ་བདེན།
བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཡོངས་རྫོགས་ཀྱིས་ཅིག་གྱུར་གྱི་འབོད་ཚིག་ཅིག་ཡོད་པ་ནི་རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་བཅུག་དགོས་ཞེས་པ་འདི་རེད། འདིས་སྟེང་ནས་མཐོང་ཐུབ་པ་ནི་བོད་མི་རིགས་ཀྱི་སེམས་ནང་གི་གོ་གནས་མཐོ་ཤོས་དེ་ཁོང་གིས་བཟུང་ཡོད་པ་དེ་རེད་ལ། འདི་ལྟར་འཛིན་དོན་ཡང་ཁོང་ལ་རྒྱལ་བ་རིན་པོ་ཆེའི་མིང་ཡོད་པ་ཙམ་གྱིས་མ་རེད་ལ། ཁོང་དེ་སྔ་ཡན་ཆད་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་ཙམ་གྱིས་ཀྱང་མ་རེད། འདི་ནི་ཁོང་གིས་ད་བར་དུ་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་གྲངས་མེད་སྐྱོན་པ་དང་། ཁོང་གི་རྣམ་དཔྱོད་དང་སྤོབས་པ་བྱམས་སྙིང་རྗེའི་གཟི་བྱིན་གྱིས་འཛམ་གླིང་གོ་ལ་ཟླུམ་པོ་འདི་ཡོམ་ཡོམ་སྒུལ་གྱི་ཡོད་པའི་ཡོན་ཏན་འདི་དག་གིས་མི་སེམས་དབང་མེད་དུ་སྒུལ་བས་རེད། གནས་སྟངས་འདི་དག་ཤེས་པར་གྱིས་ལ་འདིར་ཁོང་ལ་ཟུར་ཟ་དང་སྐྱོན་བརྗོད་ཁོང་གི་མཚན་མཐོང་དང་གཟི་བྱིན་བཅོག་ཐབས་བྱེད་མཁན་ཚོས་རྗེས་མ་ནས་འགྲོ་ཤེས་འདུག་ཤེས་བྱས་ན་ཡག་གི་རེད།
ལུང་རྟོགས་ཅན་ཕེབས་པ་བཟང་། ལྐུགས་རྟགས་བསྟན་མ་ཡོང་། ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་དེ་མེད་ན། འཇོན་བསམ་པའམ་བོད་ལ་ཤ་ཞེན་ཡོད་པས་ཕན་ཐོགས་ཀྱི་མ་རེད། གོང་ཐང་ཚུལ་ཁྲིམས་ཆོས་ཅན། ཨ་ལོ་ཆོས་འཛད་ཆོས་ཅན། མི་རང་ག་བ་ཡིན་པར་ཐད། འཇོན་ཐང་ཤིན་ཏུ་ཡོད་པའི་ཕྱིར། བོད་ལ་སེམས་དཀར་དེ་ལས་མེད་པར་ཐལ། མཁྱེན་སོང་ངམ།
ཏཱ་ལིའི་བླ་མ་ཞེས་པའི་མཚན་གནས་དེ་ཡང་མིའི་འཇོན་ཐང་ལ་རྟེན་ནས་ཐོབ་ཡོང་བ་རེད་མ་གཏོགས་རང་དགར་ཐོབ་ཡོང་བ་ཞིག་མ་རེད། གུང་ཐང་ཚུལ་ཁྲིམས་དང་ཨ་ལོ་ཆོས་མཛད་སོགས་ཀྱིས་ནང་དཀྲུག་འདྲ་འཇོན་ཡོད་ན་ལས་གཞན་ཅང་འཇོན་ཡོད་རབས་མེད། དེ་ཚོ་ཏཱ་ལིའི་བླ་མའི་དཔེ་ལ་བཞག་པ་ནི་གསེར་གྱི་དཔེ་ལ་ར་གན་བཞག་པ་དང་ཅིག་མཚུངས་རེད། xx
ལུང་རྟོགས་ལགས། རྒྱལ་བ་བསྟན་འཛིན་རྒྱ་མཚོས་ཏཱ་ལའི་བླ་མ་ཞེས་པའི་མིང་གནས་དེ་འཇོན་ཐང་ག་འདྲ་ཞིག་ལ་བརྟེན་ནས་ཐོབ་ཡོང་བ་རེད། ངས་འདི་གོ་མ་སོང་།
གནམ་གྱི་མཆན་ཡིག་ན་ཡོད་པ་བཞིན་དུ། མིང་ཚིག་གི་ར་མགོ་དང་ས་མགོའི་ར་དང་ས་གཉིས་ཀྱི་ཡི་གེ་དག་ད་རུ་འགྱུར་བ་དང་། ད་ཡིག་སྔོན་འཇུག་ར་དང་ས་རུ་འགྱུར་བ་མང་ངོ་། མཆན་ཡིག་འདི་ཁ་སང་བཏང་ཡང་འཐོན་མི་འདུག་པས། གནད་ཆེ་བས་སླར་ཡང་གཏོང་དགོས་བྱུང་།
རྒྱལ་བ་རིན་པོ་ཆེ་ལ་མི་དགའ་མཁན་ཉུང་ཤས་དེ་དང་ཐོག་ཅི་ལྟར་དུས་ནམ་ཞིག་ལ་གནས་གང་ཞིག་ནས་ཚུལ་ཅི་ལྟ་བུར་གསར་དུ་བྱུང་བའི་རྒྱུད་རིམ་ཅིག་བཤད་ཆོག་པ་བྱས།
གཅིག་ཆོས་རྒྱུད་ཟེར་བའི་མི་དགོས་པའི་མི་གེ་ནང་གི་ཟླ་ལྷག་འདིར་སྔོན་ནས་དབྱེན་དཀྲིགས་ཡོད་ཡོད་པའི་ཁར། ཕྱི་ལོ་༥༩ལོར་བོད་རྒྱལ་ཁབ་ཡོངས་སུ་རྒྱ་ལག་ཏུ་ཤོར་ཏེ་རྒྱ་གར་དུ་སྐྱབས་བཅོལ་བཙན་བྱོལ་ལ་འབྱོར་རྗེས། གོང་ས་ེརྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་ཅིག་ཕེབས་ཡོད། བཀའ་དེ་འདྲ་ཞིག་ཕེབས་དོན་གང་ཡིན་ནམ། ཕྱི་ལོ་ང་དགུ་ནས་རེ་གཉིས་བར་། རྒྱ་ནག་གིས་ལ་ཕར་རྒྱབ་ནས་འཛམ་གླིང་གི་ལྡིང་ཆ་འདྲ་མིན་ཐོག་ཏཱ་ལའེ་བླ་མ་ནི་ཞིང་བའི་བྲན་གཡོག་ཁྲི་ཚོ་བརྒྱ་ཡི་གཉའ་གནོན་མཁན་རེད། ད་ལྟ་ཞིན་ཁྲི་ཚོ་བདུན་བརྒྱར་བཅིངས་འགྲོལ་ཐོབ་ཡོད། གཏེ་བོ་ཏཱ་ལའེ་བླ་མ་ཕྱིར་ཐུད་བཏང་ཡོད་མོད། ཁོས་ད་དུང་ཡང་རང་ཉིད་ཀྱི་ཞིང་བདག་དང་ས་བདག་དབང་ཆ་ཕྱིར་ལེན་ཐབས་བྱེད་ཀྱི་ཡོད་ཁོ་དགོས་པ་ནི་བྲན་གཡོག་གི་བདག་པོ་བྱེད་རྒྱུ་དེ་རེད།ཟེར་བའི་རྒྱ་གཞུང་གི་གཡོ་གཏམ་རྒྱུན་ཆད་མེད་པ་དེ་རེད། སྐབས་དེ་དུས་གོང་ས་མཆཽག་གིས་སྔོན་ནས་ཐུགས་སུ་ཡོད་པ་ལྟར་གྱི་མང་གཙོ་བཅོས་སྒྱུར་རམ་ལགས་བཅོས་ཀྱི་མཇུག་སྐྱོང་གནང་རྒྱུའི་ཐུགས་ཐག་བཅད་དེ། ཕ་རྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ནས་སྐུ་དྲག་རྣམས་ཀྱི་གོ་གནས་མར་ཕབ་རྒྱུ་དེ་རེད། གསུང་སྐད་དེ་ཤོར་མ་ཐག་སྐུ་དྲག་མང་པོ་ཞིག་གིས་གོང་ས་མཆོག་གི་བཀའ་གང་གནང་བ་དེ་དེ་བཞིན་དུ་ལེགས་གསོལ་ཞུ་བ་ལས་ངོ་ལྐོག་རྒྱབ་མདུན་མེད་པར་དབུ་འོག་དཔུང་འདེགས་རང་བྱེད་རྒྱུའི་དམ་བཅའ་བརྟན་པོར་བཀོད། ཡིན་ནའང་ཁག་ཅིག་གིས་ཆོས་རྒྱུད་དང་བླ་མའི་འདི་ཤེས་འཛིན་སྟངས་དང་དགའ་ལྡན་ཕོ་བྲང་ལ་དགའ་མོས་ཡོད་མེད་། མདོར་བསྡུས་ན་གོང་ས་མཆཽག་ལ་དད་སེམས་དང་ཆེ་མཐོང་ཡོད་འདོག་འདོག་ལས་དུས་རྒྱུན་སེམས་ཁོངས་སུ་དེ་ཙམ་མེད་པའམ་མི་དགའ་བའི་རྣམ་འགྱུར་གསལ་བོ་བྱས་ནས་བྱ་སྤྱོད་ཀྱིས་མཚོན་པར་བྱས་ཡོད། དཔེར་ན། མ་མེས་ནས་བརྒྱུད་པའི་རང་གི་དཔོན་ཐོབ་དེ་རྒྱ་གུང་ཁྲན་གྱིས་འཕྲོག་པར་དོགས་ནས་འདི་གར་ཡོང་བ་ཡིན། ད་ཏཱ་ལའེ་བླ་མས་འཕྲོག་ན་ལ་ཕར་རྒྱབ་ཚུར་རྒྱབ་གཅིག་པ་རེད་ཟེར་ནས་རིང་དུ་གྱེས་མགོ་བརྩམས་པ་རེད། དེ་ཚོས་བོད་གཞུང་གསར་པ་ཐེ་ཝན་ནས་བཙུགས་རྡ་རམ་ས་ལའི་གཞུང་ངོས་མེད་པར་ཁྱབ་བསྒྲགས་བྱས། དེ་ནས་བཙན་བྱོལ་ནང་གི་མི་དྲག་པ་གང་མང་ཕར་སྐོང་འགུག་གི་ཐབས་ཤེས་བྱས་། རིམ་པས་བཙན་བྱོལ་ཁྲོད་ཀྱི་ཚོགས་པ་སྒྲིག་འཛུགས་ཆེ་ཤེས་གཞོན་ནུར་སུམ་འཛུལ་བྱས་། རིམ་བཞིན་དུས་དང་སྐབས་ལ་བརྟུན་ནས་གཞོན་ནུ་ལག་ཆ་བྱས་ནས་གོང་ས་མཆོག་གི་ཐག་གཅོད་དང་བཀའ་སློབ་མང་པོར་ཁ་སྒྱུར་བྱེད་ཐབས་ཀྱི་ལྐོག་གཡོ་འཐེན། ཆ ་བཞག་ན་ལམ་དབུ་མ་ནི་ཆཽལ་གསུམ་ཆིལ་སྒྲིལ་ཡིན་པས་དེར་རྩ་བ་ནས་ངོས་ལེན་མེད་པའི་རྣམ་ཕྱི་ཚུལ་ནས་སྟོན་མ་ནུས་པར་གཞོན་ནུ་ལག་ཆར་བཀོད་དེ་རང་བཙན་སྟེ་བོད་ཕྱི་མ་ནང་མའི་དབྱེ་བ་དགར་བ། དེ་བཞིན་དུ་དོལ་རྒྱལ་ལག་ཆར་བེད་སྤོྱོད་བཏང་ནས་གོང་ས་མཆཽག་གི་ཆེ་མཐོང་གཅོག་ཐབས་ཀྱི་ཐབས་ཤས་སྣ་ཚོགས་འཐེན་དང་འཐེན་བཞིན་པ། གང་ལྟར་དེང་སྐབས་ཀྱི་ནང་ཁུལ་རྩོད་རྙོག་འཐེན་འཁྱེར་གྱི་འབྱུང་ཁུངས་གཙོ་བོ་གོང་ས་མཆཽག་ལ་སྔོན་ནས་དགའ་མོས་དང་དད་སེམས་མེད་པའི་སྐུ་དྲག་ཁག་ཅིག་གི་བྱས་ཉེས་འབའ་ཞིག་གོ། བོད་ཆོལ་ཁ་གསུམ་ཁ་བྲལ་ཡ་བྲལ་དུ་གཏོང་རྒྱུའི་འདུན་པ་དང་ཐབས་ཤེས་མི་འགྱངས་བར་ཕྱིར་མངོན་གྱི་རེད།
སྤོབས་པ་ལགས། ཁྱེད་རང་ཚེ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་ན་ཏཱ་ལིའི་བླ་མའི་མཚན་གནས་ལེན་མཁན་གོང་ས་ལྔ་པ་ཆེན་པོ་དང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གཉིས་ཐུགས་རྒྱུད་ཅིག་མ་རེད་དམ། ཧཧཧ ཀུ་རེ་ཡིན། དེ་ཚོ་ཅང་མི་ཤེས་ཀྱང་། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་ཏཱ་ལའི་བླ་མ་ལས་ལྷག་པའི་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་གནས་ཡོད་པ་རེད། འདི་ནི་བོད་པ་ཚང་མ་ཟད་འཛམ་བུ་གླིང་ལ་ཡང་ཐོབ་དཀའ་བའི་མཚན་གནས་ཤིག་ཡིན་པ་ཚང་མས་ཤེས་གསལ་རེད།
ནོར་བཅོས།
སྤོབས་པ་ལགས། ཁྱེད་རང་ཚེ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་ན་ཏཱ་ལིའི་བླ་མའི་མཚན་གནས་ལེན་མཁན་གོང་ས་གསུམ་པ་ཆེན་པོ་དང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གཉིས་ཐུགས་རྒྱུད་ཅིག་མ་རེད་དམ། ཧཧཧ ཀུ་རེ་ཡིན། དེ་ཚོ་ཅང་མི་ཤེས་ཀྱང་། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་ཏཱ་ལའི་བླ་མ་ལས་ལྷག་པའི་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་གནས་ཡོད་པ་རེད། འདི་ནི་བོད་པ་ཚང་མ་ཟད་འཛམ་བུ་གླིང་ལ་ཡང་ཐོབ་དཀའ་བའི་མཚན་གནས་ཤིག་ཡིན་པ་ཚང་མས་ཤེས་གསལ་རེད།
ལུང་རྟོགས་ལགས། མ་ལ་ལའང་འཛམ་གླིང་ཞི་བདེ་དེད་དཔོན་གྱི་མཚན་གནས་རེག་ཡོག་རེད། ཀེ་ལ་ཤའང་རེག་ཡོག་རེད། དེ་བཞིན་དུ་མི་མང་པོར་རེག་ཡོག་རེད། ད་ལྟ་བར་དུ་ལོ་བརྒྱ་ལས་སོང་མེད། ཡིན་ནའི། ཏཱ་ལའི་བླ་མ་ཟེར་བའི་མཚན་གནས་འདི་སྐྱེ་བ་སྔ་ཕྱི་བརྒྱུད་ནས་རེག་གིན་པར་མ་ཟད། ཏཱ་ལའི་བླ྄་མ་བསོད་ནམས་རྒྱ་མཚོ་ནས་བརྒྱུད་ཡོང་པ་ཞིག་དང་། སོག་པོའི་བཀའ་དྲིན་འོག་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེག་པ་ནས་ད་བར་དུ་ལོ་ངོ་སུམ་བརྒྱ་བདུན་ཅུ་ལྷག་སོང་ཡོད། དེ་བས། བོད་རྒྱལ་ཁབ་ཆེན་པོ་ཤོར་ནས་རྒྱ་གར་ནང་བཙན་བྱོལ་ལ་ཕེབས་སྐབས། ཨ་རིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ནི་བོད་ཀྱི་རྒྱལ་པོ་སྐྱབས་བཅོལ་བ་ཡིན་པར་ངོས་ལེན་གནང་ཡོད་ལ། རྒྱལ་ཁབ་གཞན་མང་དག་གིས་ཀྱང་དེ་ལྟར་གནང་ཡོད། བཙན་བྱོལ་པ་རྣམས་ལའང་རྒྱལ་ཁབ་་ཤོར་བའི་བཙན་བྱོལ་བ་སྤྱི་མཚུངས་ལྟར་འཛམ་གླིང་གིས་རོགས་བསྐྱོར་གནང་ཡོད། འཛམ་གླིང་མི་མང་ནི་བོད་པའི་ཕ་མའི་ཕ་མ་དེ་ཆགས་ཡོད།
དེང་སྐབས་བོད་ཀྱི་ནང་ཁུལ་རྩོད་རྙོག་འཐེན་འཁྱེར་གྱི་འབྱུང་ཁུངས་གཙོ་བོ་གོང་ས་མཆཽག་ལ་སྔོན་ནས་དགའ་མོས་དང་དད་སེམས་མེད་པའི་སྐུ་དྲག་ཁག་ཅིག་ཨི་ཡིན་ན། སྐུ་དྲག་ནི་གདན་ས་གསུམ་གྱི་མཁན་པོའི་སྲིད་དོན་གྱི་ལག་གཡོག་ཡིན་དུས་བྱས་ཉེས་ཐམས་ཅད་སྐུ་དྲག་འབའ་ཞིག་རེད་ཟེར་ན་སེམས་ལྡན་སུའི་ཡིད་ཆེས་ནུས།
ཀར་བློ་ལགས། མ་ལ་ལ་དང་ཀེ་ལ་ཤ་སོགས་ནི་བྱེད་རྗེས་ཆེན་པོ་ཡོད་མཁན་རེད་ལ་གོང་ས་མཆོག་ཀྱང་དེ་ལྟར་རེད། ཞི་འདེའི་གཟེང་རྟགས་རག་དོན་ཡང་བྱེད་རྗེས་ལ་ངོས་འཛིན་གནང་བ་རེད། བྱེད་རྗེས་མེད་མཁན་ལ་རག་ན་ཁྱེད་རང་ལ་ཡང་ཅིའི་ཕྱིར་མི་རག་པ་རེད། ཧཧཧ གང་ལྟར་ཏཱ་ལིའི་བླ་མའི་མཚན་གནས་ཡིན་ན་འདྲ་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་ན་འདྲ་འདི་ཚོ་ཡང་རྒྱལ་བ་སྐུ་འཕྲེང་ན་རིམ་གྱི་འཇོན་ཐང་ལ་རྟེན་ནས་རག་ཡོང་བ་རེད། དེ་མིན་ན་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་ཀ་ལ་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱུང་ཡོད་ཀྱང་དེ་དག་ལ་མ་རག་རྒྱལ་བ་རིན་པོ་ཆེར་རག་དོན་ཅི་ཡོད། འཛམ་གླིང་མི་མང་བོད་པ་ལ་བཀའ་དྲིན་ཆེ་མིན་མི་ཤེས་ཀྱང་རྒྱ་གར་གཞུང་དང་ཨ་རི་གཞུང་སོགས་ཀྱིས་རོག་སྐྱོར་གང་མཚམས་བྱས་ཡོད་པ་དངོས་ཡོད་རེད། འདི་དག་ཀྱང་གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གི་དབུ་ཁྲིད་ཚོས་ཞུ་སྐུལ་བྱས་པའི་བཀའ་དྲིན་དང་ཁ་འབྲལ་ཐབས་མེད་པ་རེད། དེང་སང་བོད་གོ་མ་མྱོང་བའི་འཛམ་གླིང་གི་མི་མང་པོས་ཏཱ་ལིའི་བླ་མ་ངོ་ཤེས་ཀྱི་ཡོད་པ་འདིས་སུ་འཇོན་ཐང་ཅན་ཡིན་པ་དང་སུ་བཀའ་དྲིན་ཅན་ཡིན་པ་གསལ་བཤད་བྱས་ཡོད་པ་རེད།
སྐུ་ངོ་ལུང་རྟོགས་ལགས། ས་སྐྱ་གོང་མ་རིམ་བྱོན་དང་དཔལ་རྒྱལ་བ་ཀརྨ་པ་རིམ་བྱུང་ཡང་ཏཱ་ལའི་བླ་མ་རིམ་བྱུང་དང་གཅིག་པ་རེད། དུས་སྐབས་མི་འདྲ་བ་རེ་རེ་ཡི་དབང་བསྒྱུར་བ་རེ་རེ་རེད། དེང་སྐབས་འཛམ་གླིང་ནང་བོད་མི་ཤེས་ཀྱང་ཏཱ་ལའི་བླ་མ་ཤེས་མཁན་ཡོད་པ་བདེན་པ་རེད་ལ། དེ་ག་ནང་བཞིན་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་བསོད་རྒྱལ་རིན་པོ་ཆེ་ངོ་ཤེས་མཁན་དེ་ལས་ཀྱང་མང་པོ་ཡོག་རེད། འདི་དག་བོད་ལ་ཆོས་རིག་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་བཀའ་དྲིན་མ་རེད་དམ།
གསར་འབྱོར་རྙིང་འབྱོར་སུ་གང་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་རོགས་བསྐྱོར་ལ་མ་བརྟེན་པ་གཅིག་ཀྱང་ཡོག་མ་རེད། དེའང་བོད་ཀྱི་རྒྱལ་ཁབ་ཤོར་ནས་བཙན་དབང་འོག་ཡོད་པས་རེད་མ་གཏོགས་དབུ་ཁྲིད་ཀྱི་ནུས་པར་འབྲེལ་བ་ཆེར་ཡོག་མ་རེད། ་ད་དུང་ཕྱི་གླིང་གི་བུ་མོ་ཚོའང་བོད་པ་ཕོ་གསར་བདག་མེད་ཚོར་བཀའ་དྲིན་ཤིན་ཏུ་ནས་ཆེན་པོ་རེད། xxx
ད་ཡང་འདི་ན་སེར་མོ་བའི་དབང་ཆ་འཐབ་རྩོད་དང་ཐོབ་ཐང་འཐབ་རྩོད་ཀྱི་སྒོ་མོ་ཕྱེས་ཡོང་གིན་པ་འདྲ།
ད་རྣམ་པ་ཚོས་ཁ་ནས་གང་ཐོན་ཙམ་མིན་པར་རང་གི་སེམས་ནང་ཡོད་པའི་དཀའ་ངལ། རྣམ་རྟོག་གིས་སྒྲོ་བཏགས་པ་ཡིན་ནའང་།
བྱུང་རབ་ནང་བྱུང་ཡོད་པར་ཁུངས་བསྐྱལ་ཡ་རྣམས་འདིར་སྤུངས་པ་ཡིན་ན། ཕྲན་གྱི་དགའ་བསུ་ཞུ་ངེས་ཡིན།
སུས་སེམས་ནང་ཡོད་པའི་དཀའ་ངལ་དང་འགལ་འདུ་རྣམས་བཤད་པ་ཡིན་ན་དགའ་བསུ་ཞུ།
ནུབ་ཕྲུག་གིས་ཀྱང་ཞི་བདེ་རྟགས་མ་ཙུག་ཕྱག་རྟགས་སུ་ལེན་ཐུབ་པ་ཡིན་ན་ངས་དགའ་བསུ་ཞུ།
བློ་མཐུན་ཀར་བློ་ལགས། ས་སྐྱས་བོད་ལ་དབང་བསྒྱུར་བྱས་ཡོད་ཀྱང་སྲིད་ཀྱི་དབང་ཆ་འཛིན་མཁན་ནི་དཔོན་ཆེན་ཚོ་ཡིན་པ་ལས་གོང་མ་ཚོ་མ་རེད། ཀརྨ་པས་བོད་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་མེད་པ་རེེ། བསོད་རྒྱལ་རིན་པོ་ཆེ་དང་ཀརྨ་པ་བཅུ་དྲུག་པ་སོགས་ལ་མཚན་སྙན་ཡོད་ཀྱང་ཏཱ་ལའི་བླ་མའི་མཚན་སྙན་གྱི་ཟུར་ལ་ཡང་སླེབས་ཀྱི་མེད་པ་རེད། བོད་ལ་ཆོས་རིག་ཕུན་སུམ་ཚོགས་པ་ཡོད་ཀྱང་དེ་དག་ལ་མ་སྦྱང་ན་རྒྱ་མཚོ་འགྲམ་ལ་ཡོད་ཀྱང་མ་འཐུང་ན་སྐོམ་པ་མི་སེལ་བ་ལྟ་བུ་རེད། དེས་ན་གོང་ས་མཆོག་ལ་སོགས་པའི་བོད་ཀྱི་བླ་ཆེན་ཚོས་ཆོས་རིག་ཕུན་སུམ་ཚོགས་པ་ལ་སྦྱང་པ་ཕུན་སུམ་ཚོགས་པ་ཞིག་བྱས་ནས་མཚན་སྙན་རྒྱས་པ་རེད་འདི་ཡང་མིའི་འཇོན་ཐང་གི་ཆ་ཤས་ཤིག་རེད། བོད་མི་ཚོར་མཉམ་འབྲེལ་རྒྱལ་ཚོགས་སྐྱབ་བཅོལ་ལས་ཁུང་གིས་རོག་པ་བྱེད་ཀྱི་ཡོད་ཀྱང་། བོད་པ་ཚོ་ལ་སོ་སོའི་སྲིད་གཞུང་ཡོད་པ་དང་སོ་སོའི་སློབ་གྲྭ་ཡོད་པ་སོའི་སོའི་སྒྲིག་འཛུགས་ཡོད་པ་སོགས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་བྱུང་བ་འདི་མིའི་ནུས་པ་ལ་རྟེན་ནས་བྱུང་བ་རེད་ལ་དེ་ཡང་གཙོ་བོ་གོང་ས་མཆོག་ལ་སོགས་པའི་དབུ་ཁྲིད་མཁན་ཚོའི་ནུས་པ་རེད། དེ་ལས་གཞན་དུ་ཁྱོད་དང་ངེད་གཉིས་ལྟ་བུའི་འཇོན་ཐང་མེད་མཁན་རྐྱང་ཡིན་ན་ད་ལྟ་ཟས་གྲོད་པ་ཁེང་པ་ཞིག་ཀྱང་རག་ཁག་པོ་ཡིན་རྒྱུ་རེད། ཧཧཧ
སྐུ་ངོ་ལུང་རྟོགས་ལགས། དམར་ཤོག་གི་སྐད་ཆ་ལབ་མ་ཡོང་། མའོ་ཚེ་ཐུང་མེད་ན་རྒྱ་ནག་གསར་བ་མེད་ཟེར་བ་ལྟ་བུའི་ཤུགས་རྐྱེན་ཆེ་བ་ལ། བརྟག་དཔྱད་མེད་པའི་གཏམ་བཤད་མ་སྤེལ་རོགས། བསོད་རྒྱལ་རིན་པོ་ཆེ་ཡི་བརྩམས་ཆོས་བླུ་མཁན་དུང་ཕྱུར་བརྒལ་ཡོག་རེད། དཔལ་རྒྱལ་བ་ཀརྨ་པ་བཅུ་དྲུག་པ་མཆོག་གི་དད་ལྡན་པའང་མི་རིགས་དབྱེར་མེད་དུ་དུང་ཕྱུར་བརྒལ་ཡོག་རེད།