རྫ་ཚེ་རིང་བཀྲིས།
གསལ་བཤད་འདི་འདྲ་ཞིག་བྱེད་པ་དེ་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཞི་མིན། ཁོང་ནི་གནས་ཚུལ་འདིའི་རིགས་ལ་དུས་ཚོད་གཏོང་མི་དགོངས་མཁན་ཞིག་རེད། འོན་ཀྱང་ཉེ་ཆར་བོད་ཀྱི་དུས་བབ་ཏུ་འཁོད་པའི་བོད་ཀྱི་རྒྱ་ལྷ་(བླ)ཞེས་པའི་རྩོམ་ཡིག་འདིའི་ནང་དོན་འགའི་ཐད། གཅིག་བྱས་ན རིན་པོ་ཆེ་ལ་དད་དུང་ཡོད་མཁན་དག་གི་སེམས་ལའང་གནས་ཚུལ་དངོས་གང་ཡིན་ཤེས་འདོད་ཡོད་སྲིད་རྒྱུ་རེད་སྙམ་ནས་གསལ་བཤད་ཏོག་ཙམ་བྱ་འདོད་བྱུང་། གནས་ཚུལ་ལ་ནོར་བ་འབྱུང་སྲིད་ན་ཡང་། ནོར་བ་ཡོ་བཅོས་ཀྱི་ཟིན་ཐོ་ཡང་མཉམ་དུ་གནས་རྒྱུ་ནི་དགོས་ངེས་ཤིག་རེད།
ཉེ་ཆར་ཐའེ་ཝན་གྱི་གྲགས་སྐར་ཞིག་གིས་བོད་ཀྱི་བླ་སྤྲུལ་ཞིག་རང་ཉིད་ཀྱི་ཁྱོ་ག་ཡིན་པ་ཕྱིར་བསྒྲགས་བྱས་པར། རྒྱའི་གསར་ལམ་ཁག་གིས་དོ་སྣང་བྱས་པ་དང་འབྲེལ་ཡོད་ཀྱི་ཚུལ་དུ་རྒྱ་ཡིག་གི་རྩོམ་ཡིག་ཅིག་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་གྱི་དྲ་ངོས་སོགས་སུ་ཐོན་པའི་ནང་། བོད་ཀྱི་སྤྲུལ་སྐུ་དག་གི་བཞི་ཆ་གསུམ་ལྷག་རྫུན་མ་ཡིན་རབས་དང་། ཁྱད་པར་དུ། རྩོམ་ཡིག་དེར། ༼༢༠༡༤ ལོར་ཧོང་ཀོང་གི་གཞས་མ་གྲགས་ཅན་ཤཱར་ལེ་ཝང་ (Shirley Kwan) གིས་ཁོ་མོའི་བུའི་ཨ་ཕ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ཡིན་ཚུལ་བརྗོད་ཡོད། ༽ཅེས་པའི་དུམ་བུ་ཞིག་ཡོད་ཅིང་། དུས་བབ་ཀྱིས་རྩོམ་ཡིག་དེའི་རྩོམ་ཡིག་གི་འབྲུ་དོན་སྒྲ་ཅི་བཞིན་སྤྱི་ཟླ་ལྔ་བའི་ཚེས་ཉེར་ལྔའི་ཉིན་ཁ་བྱང་ལ་རྒྱ་ལྷའི་དུས་རབས་ཞེས་བཏགས་པའི་གསར་འགྱུར་ཞིག་སྤེལ།
གོང་གི་ཧོང་ཀོང་གི་གཞས་མ་དེའི་རྒྱ་ཡིག་གི་མིང་ལ་བཀྭན་ཧྲུའུ་དབྱི་ཟེར་ཞིང་། མོ་ལ་ཡུན་རིང་ཕ་སུ་ཡིན་ཡུན་རིང་གསང་བ་བྱས་པའི་བུ་ཞིག་ཡོད་པ་དངོས་འབྲེལ་ཡིན་པ་དང་། བུ་དེའི་ཨ་ཕ་ཉིས་སྟོང་བཞིའི་ལོ་ཕྱིར་བསྒྲགས་བྱས་ཡོད་ན་ཡང་། དེ་ནི་རྫོང་སར་མཁྱེན་བརྩེ་མིན་པར། རྒྱ་ཡིག་ལ་殊利仁波切 ཞེས་བྲིས་པའི་འབྲུག་ཡུལ་གྱི་སྤྲུལ་སྐུ་གཞན་ཞིག་རེད། ཞིབ་ཆ་ཤེས་དགོས་ན་གོང་གི་རྒྱ་ཡིག་གི་མིང་དེ་དང་། ཧོང་ཀོང་གི་གཞས་མ་關淑怡གཉིས་ཀྱི་མིང་གནད་ཚིག་གྷོ་གྷལ་ལམ། པེ་ཏུའུ་གྱི་གཤེར་འཚོལ་རེ་མིག་ཏུ་བཏགས་ཚེ་ཁོང་གཉིས་དང་འབྲེལ་བའི་དོན་དངོས་ཀྱི་གསར་གནས་ཁག་ལག་སོན་འབྱུང་ཐུབ།
སྤྱིའི་ཆ་ནས་ཀྱང་། རྩོམ་ཡིག་དེའི་ནང་གི་སྤྲུལ་སྐུ་དག་མ་ཡིན་མིན་གྱི་ཚད་གཞི་ཡང་རྒྱ་ནག་ཆོས་ལུགས་ལས་དོན་ལྷན་ཁང་གི་དྲ་ཚིགས་གཞིར་བཞག་ཡོད་ཅིང་། འདི་ནི་ང་ཚོའི་ངོས་ནས་བླ་མ་དག་མ་ཡིན་མིན་གྱི་ཚད་གཞིར་སྦྱར་ན་ངོས་ལེན་བྱེད་མི་ཐུབ་པ་ཞིག་ཡིན་པ་སོགས་བཤད་སྟངས་མང་པོ་ཞིག་གི་ཐོག་ནས་ཡིད་རྟོན་རུང་བའི་རྩོམ་ཡིག་ཚད་ལྡན་ཞིག་མ་རེད།
ད་དུང་གསར་གནས་འདིའི་མགོ་བརྗོད་ནས་བཟུང་ནོར་བ་མང་ཙམ་བྱུང་འདུག་པ། དཔེར་ན། གསར་འགྱུར་གྱི་མགོ་བརྗོད་ཀྱི་བསྟན་དོན་ཡང་། དེང་སང་ཡོངས་གྲགས་ཀྱི་རྒྱ་བླ་ཟེར་བ་དེ་ཡིན་ན་ཡང་རྒྱ་ལྷ་ཞེས་བསྒྱུར་བ་དང་། སྤྲུལ་སྐུ་ཞེས་པར་འཚོ་བཞུགས་ཀྱི་སངས་རྒྱས་ཞེས་པ་ལྟ་བུ་བོད་ཀྱི་རིག་གཞུང་དང་སྣང་ཚུལ་ལ་ཆ་རྒྱུས་མེད་པ་ལྟ་བུའི་འགྱུར་འདིའི་རིགས་གང་འཚམས་བྱུང་འདུག་པས་རྗེས་སོར་གཟབ་པར་འཚལ།
(2015/5/31)རྫ་ཚེ་རིང་བཀྲ་ཤིས་ཀྱིས་བྲིས།
གསལ་བཤད་གནང་ན་བཟང་། ཡིན་མིན་ནདེན་རྫུན་གྱི་ཤན་དབྱེ་ཐུབ། ཡིན་ནའང་གསལ་བཤད་གནང་མཁན་དེ་ཕུང་གསུམ་པ་ཞིག་ཡིན་ན་གསལ་བཤད་གནང་མ་གནང་མི་འདུག འདི་ལྟ་བུའི་གསལ་བཤད་རྫོང་གསར་རམ་ཁོང་གི་ཁྲིམས་ལྡན་གྱི་ཚབ་བས་གནང་དགོས།
རྫ་ཚེ་རིང་བཀྲ་ཤིས་ཞེས་པའི་གྲྭ་རྒན་དེ་ཡང་ཉི་མ་ཧ་ཅང་ཡོད་མཁན་ཞིག་རེད། གཞན་བྲིས་མ་དག་ཟེར་ཞོར་རང་བྲིས་ལ་སྐྱོན་ཧ་ཅང་མང་གི། ཡི་གེ་མ་དག་པ་སོགས་ཆེས་ཤིན་ཏུ་མང་པོ་འདུག་ཨ། ཧཧཧཧ་
གསལ་བཤད་གནང་ན་རེད་མ་གནང་ན་རེད། གང་ལྟར་རྫོང་གསར་མཁྱེན་བརྩེ་ལ་སྡོམ་པ་མེད་པ་བརྒྱ་ཆ་བརྒྱ་རེད།
རྫོང་གསར་མཁྱེན་བརྩེ་ལ་སྡོམ་པ་ཡོད་མེད་ཐད་ང་ལ་ཇུས་གཏོགས་སྤུ་ཙམ་ཡང་མེད། སྡོམ་པ་ཡོད་ནས་ང་ལ་ཁེ་བཟང་ཐོབ་ཡོང་རྒྱུ་དང་སྡོམ་པ་མེད་ནས་ང་ལ་གྱོང་རག་ཡོང་རྒྱུ་གང་ཡང་མི་འདུག གང་ལྟར་མི་རྣམ་དཔྱོད་ཅན་ཞིག་འདུག ཕོར་པ་ཞེས་པའི་གློག་བརྙན་དེ་ལ་ལྟོས་དང་།
དམ་པ་རྣམ་གཉིས་སུ་ཡིན་ཀྱང་ཁྱད་པར་མི་འདུག གལ་ལྟར་འཇོན་པོ་འདུག གང་ཟག་ཕལ་བ་དང་སྐྱེ་བུ་དམ་པ་གང་ཡིན་ཀྱང་བརྟེན་ནི་གདོས་བཅོས་ཤ་ཁྲག་ཡིན་སྟབས་དབང་བོ་གཉིས་སྦྱོར་གྱི་འདོད་པ་ཡོད་པ་རེད། འཁྲིག་སྦྱོར་བྱས་པ་ཙམ་གྱིས་བླ་མ་ཡག་པོ་མ་ཡིན་པས་མི་ཁྱབ། སོ་སོའི་སེམས་ཀྱི་ནང་དུ་འདོད་པ་ཡོད་བཞིན་དུ་དེ་སྦས་ཅི་ཐུབ་མི་བྱེད་པར་འདོད་པ་བསྟེན་ན་ཤིན་ཏུ་དགེ་མཚན་ཆེའོ། དཔེར་ན་གྲོད་ཁོག་ལྟོག་ན་ཟས་སྤང་རྒྱུ་ལས་ཟ་རྒྱུ་གལ་ཆེ་བ་བཞིན་ནོ། །
ངས་ནམ་རྒྱུན་བོད་ཀྱི་གྲྭ་བའི་ལུགས་སྲོལ་དེ་ཡག་པོ་མི་འདུག་བསམ་གྱི་ཡོད། འཁོར་བ་ལ་ངེས་འབྱུང་རྣལ་མ་ཞིག་སྐྱེས་ནས་རབ་ཏུ་བྱུང་ན་དགེ་མཚན་ཆེ་མོད། དེ་མིན་འཚོ་བ་སྟབས་བདེའི་རོལ་ཐབས་སམ་ཡང་ན་བསམ་གཞིགས་ལེགས་པོ་སྔོན་དུ་མ་བཏང་བར་རབ་ཏུ་བྱུང་ན་དེའི་འབྲས་བུ་དེ་དང་མཐུན་པ་ཞིག་ལས་ཡ་མཚན་པ་ཅི་ཡང་མེད། །
གཞན་ལ་མཛུབ་མོ་མ་བཙུགས། རང་གི་སེམས་དང་སྤྱོད་ལམ་ལ་ལྟོས། སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་ཡིན།
རྫ་མཁན་ཆེན་ནས་དེ་ལ་གསལ་བཤད་དགོས་དོན་གང་ཡང་མཐོང་མ་སོང་། གལ་ཏེ་འཇམ་དབྱངས་མཁྱེན་བརྩེའི་བུ་ཡིན་ན་གསང་དགོས་དོན་གང་ཡང་མི་འདུག དེ་བས་དོན་མེད་གསོན་བསྲེག་གཏོང་མཁན་ལ་གསལ་བཤད་དང་ནང་བསྟན་ཡིན་མིན་ལ་དཔྱད་པ་བྱས་ན་མི་བཟང་ངམ།
གསལ་བཤད་འདིས་དོན་དག་ཅིག་གསལ་བཤད་བྱེད་ཀྱི་འདུག ཧཧཧ རྫོང་སར་བླ་མའི་རྩོམ་ཡིག་རེ་ཟུང་ལ་བལྟས་མྱོང་སློབ་སྦྱོང་གང་མཚམས་ཡོད་པ་མ་གཏོགས་གཞན་བཛྲ་སྭ་ཏོ་རེད་འདུག
དུས་བབ་ཏུ་བཀོད་པའི་མཁྱེན་བརྩེའི་སྐོར་ལ་གསལ་བཤད་མ་བྱས་པར་འཇམ་ཐེང་ངེ་བཞག་ན་བསམ་སོང་། དེ་རིང་རྫ་ཚེ་ཟེར་བ་འདིས་ཡང་ཅིག་བཤད་འདུག་ག དེས་ན་རྫོང་སར་མཁྱེན་བརྩེ་གྲྭ་བ་རེད་དམ་མ་རེད། གྲྭ་བ་མིན་ན་སྐྱ་གཟུགས་བཞེས་ན་ཡག་པོ་འདུག མཚམས་རེར་བལྟས་ན་གྲྭ་བ་འདྲ་བོ། མཚམས་རེར་བལྟས་ན་མི་སྐྱ་འདྲ་བོ། རྗེས་འཇུག་རྨོངས་དད་ཅན་ཚོར་འགྲིག་གི་ཡོད་པ་རེད། སྤྱིར་ཁོང་གིས་དེང་རབས་ཀྱི་ཐུགས་བསམ་ཁུར་ཏེ་གློག་བརྙན་འདྲ་མིན་བཟོས་པ་སོགས་ཡག་པོ་རེད། ཡིན་ན་ཡང་སྤྱོད་པ་ཡ་མ་བརླ་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་ཀྱི་གྲྭ་བའི་སྤྱི་ཚོགས་ལ་ཞབས་འདྲེན་མང་པོ་ཞུས་སོང་། ཁོང་གི་རྗེས་འཇུག་ཁོང་ལ་སྙིང་ནས་དད་པ་དང་ཤ་ཚ་མཁན་རེ་ཡོད་ན། ད་ནས་བཟུང་ཕྱི་རྒྱལ་སྤྱི་ཚོགས་སུ་མིང་གྲགས་དང་ཆོ་ལོ། མདོར་ན་འུར་ཟིང་གི་ཆེད་མ་ཡིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་ཐུགས་བསམ་རེ་བཞེས་རོགས་བསྐུལ་རོགས། །
རྫ་ཚེ་ལགས། ཁྱོད་ཀྱིས་ “བུ་དེའི་ཨ་ཕ་ཉིས་སྟོང་བཞིའི་ལོ་ཕྱིར་བསྒྲགས་བྱས་ཡོད་ན་ཡང་། དེ་ནི་རྫོང་སར་མཁྱེན་བརྩེ་མིན་པར། རྒྱ་ཡིག་ལ་ 殊利仁波切 ཞེས་བྲིས་པའི་འབྲུག་ཡུལ་གྱི་སྤྲུལ་སྐུ་གཞན་ཞིག་རེད།”ཅེས་བྲིས་འདུག འབྲུག་ཡུལ་དུ་ཡོད་པའི་སྤྲུལ་སྐུ་ 殊利仁波切 སྐོར་གསལ་བོ་བཟོ་རོགས། རྩམ་པ་རང་གིས་ཟ། རྩམ་ཁུག་གཞན་ལ་གཡོག་པའི་ཁྲེལ་མེད་ཀྱི་ལས་སམ། ཡང་ན། སྐྱག་པ་སྐམ་པོའི་སྒང་དུ་ལག་བསྙབ་མ་བྱས་ན་ཡག་གི་རེད། དེ་ཙམ་ཡིན་ལོ། །
ཕོ་ཁྲམ་པའི་རྒྱབ་དེ་ཁྲམ་པས་མནན། ཟེར་སྲོལ་ཡོད་པ་ཅིས་མ་བདེན། སྡོམ་ཤོར་ཆ་ག་དཔུང་གདངས་སྒྲིག་ཡོང་གིན་འདུག ཨ་ཤུ་རེ། གནས་ལུགས་བདེན་པ་ཟེར་བ་གང་དུ་ཡོད།
གདོང་གསེར་མིག་ལགས། འབྲུག་སྤྲུལ་དེ་ཤེས་འདོད་ཡོད་ན་ཚོལ་དང་ལས་སླ་བོ་ངང་རྙེད་ཀི། ཁོང་ཕོ་གསར་རྫིག་པོ་འདུག ཧོང་ཀོང་བཞེས་མ་ལ་ཁག་མི་འདུག རྫོང་གསར་ཚང་གོ་གནས་མཐོ་བ་ལས་ཕོ་གསར་རྫིག་པོ་མེད་པ་ཤེས་གསལ་རེད། ངས་ཁོང་གི་སྐུ་པར་ཁ་བརྡ་ཐོག་ཏུ་འཇོག་འདོད་བྱུང་མ་སོང་། དེ་མིན་ཁོང་རྙེད་ལས་སླ་བོ་རེད། དེང་སང་གི་དུས་དེར་སྡོམ་པ་མ་ཤོར་བ་ཅང་ཡོད་དམ། ཁྲིམས་ལྡན་ཞིག་ཡོད་ན་དགའ་བ་ལ། །
ཧོང་ཀོང་དུ་ཡོད་པའི་གཞས་མ་ཞིག་ལ་ཕྲུ་གུ་བུ་མོ་རེད་ཟེར། མོས་ཕྲུ་གུ་དེ་ཕ་མིང་ཨིན་ཡིག་ཐོག་ Zuri Rinpoche བྲིས་འདུག་ཟེར། འབྲུག་ནས་ཡིན་པ་རེད་ཆོས་རྒྱུད་བཀའ་བརྒྱུད་རྙིང་མ་གང་ཡིན་མ་ཤེས། མདོར་ན་དེ་ནི་མཁྱེན་བརྩེ་རིན་པོ་ཆེ་རེད་མི་འདུག། ད་དུང་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཡིན་ན་ཁོང་ནི་འདི་འདྲ་གསང་སྦས་གནང་གིས་མ་རེད་ལ་ཕྱི་གསལ་ནང་གསལ་རེད། ལར་ནི་ང་ཚོས་ཆོས་རྒྱུད་ཐམས་ཅད་ཀྱི་བླ་སྤྲུལ་གྲ་བཙུན་སུ་ལའང་སྐྱོན་ཡོན་གཉིས་མི་མཁན་མེད་ཀྱང་། འོན་ཀྱང་མང་བའི་ཆ་དེ་གང་ཚང་ན་དེ་ལ་ཚད་འཛིན་དང་བརྩེ་བསྐུར་བྱས་ན་ཆོག རྫོངས་སར་མཁྱེན་བརྩེ་རིན་པོ་ཆེ་སྐྱོན་གྱི་ཆ་ཟེར་ན་དེང་སང་ལ་ལས་བཤད་རྒྱུ་ནི། ན་བཟའ་འདྲ་མིན་བཞེས་ཀྱི་རེད་ཟེར་རྒྱུ་མ་གཏོགས་གཞན་སྐྱོན་ག་རེ་འཛུག་རྒྱུ་ཡོད་དམ། གཟིགས་དང་ཁོང་གི་ཧི་མ་ཅལ་ལ་རྫོངས་སར་བཤད་གྲ་གང་འདྲ་དབུ་བཙུག་སོང་། དེ་ནས་ལྷོ་ཨ་ཕི་ར་ཀ་སོགས་ལ་ཟས་གོས་དཀའ་ནང་ལ་གནས་པའི་ཤིན་ཏུ་ཡ་ང་བ་ཅན་རྣམས་ལ་སྐྱོབ་གསོ་གང་འདྲ་གནང་འདུག བོད་རྒྱུད་ནང་བསྟན་བཀའ་བསྟན་ཨིན་བསྒྱུར་ཕྱག་ལས་གང་འདྲ་གནང་སོང་། མ་ཟད་བལ་བོད་འབྲུག་བཅས་སུ་ཕྲུ་གུ་སློབ་ཡོན་གང་འདྲ་གནང་འདུག མ་ཟད་བོད་རྫོང་གསར་ལ་གང་འདྲ་གཟིགས་རྟོགས་གནང་གིས་འདུག ཁོང་ནི་ཁྲི་དང་གོ་གནས། མིང་དང་སྲིད་དོན་ཁོག་ལ་བཅིངས་ནས་བཞུགས་མཁན་དང་མི་འདྲ་རེད། མ་ཟད་ཆོས་ལུགས་ལའང་ཕྱོགས་རེས་ཅན་དེ་འདྲ་རྩ་ནི་མ་རེད། མཁྱེན་བརྩེ་གོང་མའི་སྐུ་གདུང་མཆོད་རྟེན་བྱིན་ཅན་བཞུགས་སར་ཁོང་གི་དེའི་མདུན་དུ་་རྗེ་ཡབ་སྲས་གསུམ་སྐུ་འདྲ་དང་། མཆོད་པ་སྣ་བདུན་དང་བཅས་ཏེ་བཀོད་སྒྲིག་གནང་འདུག། སྐུ་གདུང་མཆོད་རྟེན་མདུན་དུ་བོད་ཀྱི་བླ་ཆེན་ཕལ་མོ་ཆེས་མཇལ་བ་དང་སྨོན་ལམ་ཞུ་ས་ཡིན། གཞན་བླ་མ་ལ་ལས་དེང་སང་དེ་འདྲ་གནང་མཁན་ཨི་ཡིན་ང་ཚོས་བསམ་བློ་ཐོངས་དང་མཁྱེན་གསལ་རེད།
རྫ་ཚེ་བཀྲ་ལགས་ཁྱེད་ཀྱི་དེ་རིང་གསལ་བཤད་གནང་བཀའ་དྲིན་ཆེ།
རང་བྱུང་རིག་པའི་རྡོ་རྗེ་ལགས། རྫོང་གསར་མཁྱེན་བརྩེ་ཞེས་འབྲུག་སྤྲུལ་གཞན་ཞིག་ཡོད་ན་དེ་ཤེས་འདོད་ཡོད། དེའི་སྐོར་གྱི་དྲ་རྒྱ་སོགས་ཁ་བརྡ་དྲ་ཐོག་ཏུ་ཞོག་དང་ང་ཚོས་སུ་ཡིན་བལྟ་ཆོག །
གདོང་གསེར་མིག་ལགས། མཆན་༡༤བ་ལ་ལེགས་པར་གཟིགས་དང་འབྲུག་སྤྲུལ་གྱི་མིང་དེར་འདུག དེ་ནས་་སྒོ་སྒོ་རྒྱུད་ལ་འཚོལ་དང་ཁོང་གི་སྐུ་པར་ཚང་མར་བདེ་ལེགས་ངང་མཇལ་ཐུབ། །
་་་་་་་་་་་་་་མཁྱེན་བརྩེ་གོང་མའི་སྐུ་གདུང་མཆོད་རྟེན་བྱིན་ཅན་བཞུགས་སར་ཁོང་གི་དེའི་མདུན་དུ་་རྗེ་ཡབ་སྲས་གསུམ་སྐུ་འདྲ་དང་། མཆོད་པ་སྣ་བདུན་དང་བཅས་ཏེ་བཀོད་སྒྲིག་གནང་འདུག། སྐུ་གདུང་མཆོད་རྟེན་མདུན་དུ་བོད་ཀྱི་བླ་ཆེན་ཕལ་མོ་ཆེས་མཇལ་བ་དང་སྨོན་ལམ་ཞུ་ས་ཡིན། ་་་་་་་་་་་་་་
རྫོང་གསར་སྤྲུལ་སྐུའི་མཛད་འཕྲིན་དར་རྒྱས་ཤོག །
གདོང་གསེར་མིག་ལགས། གསལ་པོ་བཟོས་འདུག་ག གནད་ཚིག་རྒྱ་ཡིག་ཡིག་འབྲུ་བཞི་འདི་གྷོ་གྷོལ་དུ་བཅུག་དང་དེ་གས་འགྲིགས་པ་རེད། གཞན་དྲ་གྲོགས་ཡོངས་ལ་འཚམས་འདྲི་ཞུ།
ཁ་སང་ངས་ཞུས་ཡག་གཅིག་ནོར་འདུག་Zuri Rinpoche ཞུས་པ་དེས་ཧོང་ཀོང་གཞས་མ་ལ་ཕྲུ་གུ་དེ་བུ་མོ་མ་རེད། བུ་རེད་ཟེར། ལོ་༡༢ ཙམ་མོས་རེ་བ་བཅང་ནས་རིན་པོ་ཆེས་གཟིགས་སྐྱོང་ངམ་ཡང་ན་འཚམས་འདྲིས་ཞུས་གནང་ཡོང་བསམ་ནས་མོས་ཕ་མིང་གསང་བ་བྱས་ཀྱང་། ད་བར་ཡ་ལན་ཙམ་དང་མ་ཟད་བུ་ལ་བདེ་སྡུག་གང་ཡང་གནང་མ་སོང་ཟེར་ནས་ད་ལན་བློ་ཕམ་གྱིས་ངང་ནས་ཕྱིར་་བསྒྲགས་བྱ་རྒྱུ་ཡིན་ཅེས་བཤད་ཡོད་འདུག་ཟེར།
རྫ་ཚེ་ལགས། ཡིག་འབྲུ་བཞི་སྒོས་སྒོལ་དུ་མནན་དུས་འབྲུག་པའི་བླ་མ་ཞིག་གི་བཟོ་མངོན་ཡོང་བ་བདེན་པ་རེད། ཡིན་ན་ཡང་། ཁོའི་བོད་མིང་ལ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཟེར་གྱི་ཡོད་དམ། གལ་སྲིད་མེད་ན་དུས་བབ་གསར་ཁང་གིས་ “(Shirley Kwan) གིས་ཁོ་མོའི་བུའི་ཨ་ཕ་རྫོང་གསར་འཇམ་མཁྱེན་བརྩེ་རིན་པོ་ཆེ་ཡིན་ཚུལ་བརྗོད་ཡོད་པ་དང་།” ཅེས་པར་འགྲེལ་བཤད་ག་འདྲ་ཞིག་དགོས་པ་རེད། གསར་འགྱུར་འདིས་མི་མང་པོ་ཞིག་མགོ་འཐོམ་དུ་བཅུགས་འདུག་གོ། །
http://www.tibettimes.net/news.php?showfooter=1&id=10072
རྫ་ཚེ་དང་། ལྡོང་གསེར་མིག་ཟེར་བ་སོགས་འཐོམ་ཐོ་ཆ་ག་འདི་ལ་ལྟོས།
http://www.china.org.cn/china/2015-05/21/content_35623634.htm
རྫོང་གསར་མཁྱེན་བརྩེ་ནས་གང་བྱེད་མིན་ང་ཚོས་བཤད་མི་དགོས་པར་ཕྱི་རྒྱལ་བ་ཁོ་རང་གི་འབྲེལ་ཡོད་རྙིང་པ་ཚོ་ལ་སྐད་ཆ་བྲིས་དཱ་ཤེས་པར་འགྱུར་རོ། །ལོ་སྔོན་མ་རང་ལ་ཆོས་དོན་ལས་ཁུངས་ལ་ཐའི་ལན་ཏྲུ་གཞུང་ཚབ་ནང་ལས་ཀའི་བྱེད་མཁན་བུ་མོ་ཞིག་གིས་ཡི་གེ་གཏོང་སྟེ་ཁོ་མོ་ལོ་ཉི་ཤུ་རིང་རྫོང་གསར་མཁྱེན་བརྩེ་དང་མཉམ་དུ་ཉལ་པ་ཡིན། མཐའ་མར་གཡུག་སོང་ཞེས་ཁ་མཆུ་རྒྱག་སར་སླེབས་འདུག། ངོ་མ་བྱེད་ན་ཆོས་དོན་ལས་ཁུངས་ནས་ག་རེ་བྱས་ནས་གསང་བ་བྱས་ནས་བཞག་པ་རེད།
རྫ་ཚེ་བཀྲ་ཤིས་ལགས། འབྲུག་ཡུལ་གྱི་བླ་མ་དེའི་ཁ བྱང་གསལ་པོ་ཞིག་གནང་ཨེ་ཐུབ། དངོས་གནས་གད་མོ་འཆོར་འོང་ཁུ་ཡ། རྫོང་གསར་བླ་མས་ཕྱོགས་གཅིག་ནས་འབྲུག་ཡུལ་ནས་ཡིན་ཟེར་བ་ཡོངས་གྲགས་ཡིན་པས། འདྲུག་ཡུལ་གྱི་(སུ་ལི་བླ་མ་)རྫོང་གསར་ཁ་ོརང་མ་གཏོགས་གན་སུ་ཡང་མེད་དོ། །
“He is the best partner in my life,” Liu added.
Liu is not the only female celebrity to marry and have a child with a Rinpoche. Hong Kong singer Shirley Kwan admitted in 2014 that her son’s biological father is Dzongsar Jamyang Khyentse Rinpoche, also known as Khyentse Norbu. རྫ་ཚེ་ལགས་འདི་ལ་བདེན་རྫུན་གྱི་རྒྱབ་བརྟེན་ཅི་ཞིག་ཡོད།
རྫོང་གསར་ཚང་གིས་སྐྱག་པ་བཏང་།
རྫ་ཚེ་རྒྱུགས་ནས་ཁྱ་ཁུག་ཕྱིས།
འབྱིད་སྤྱད་དམ་ཆོས་རིན་པོ་ཆེ།
དྲི་ངན་རིས་མེད་བསྟན་པར་འགོང་།
ཡག་པོ་གསབ་གནང་རོག དེ་ནི་ཁ་སང་དུས་བབ་ཚགས་ཤོག་ནང་བཀོད་པ་ཅབ་དེ་རྒྱ་ནག་ནས་རྩོམ་བྲིས་དེ་རེད། བྱས་ཙང་དཡས་བབ་ནང་ལ་བཀོད་སིང་བ་དེ་རེས། རྒྱ་ནག་ནས་རྩོམ་དེ་ཨིན་ཇུ་དང་རྒྱ་ཡིག་གཉིས་ཀ་ནང་ལ་འདུག དེ་ནོར་འདུག་ཞུས་ཡག་དེ་རེད། ད་ང་ཚོ་ལྷོད་ལྷོད་བྱས་གཟུགས་དང་། ཧིང་ཀོང་གཞས་མ་དེ་ལ་ཕྲུ་གུ་བུ་ཡོད་པ་དང་རང་ལོ་༡ཉ་བར་མིས་གསང་སྦས་བྱས་ཀྱང་ཡ་ལན་འཚམས་འབྲིས་ཞིག་ཀྱང་མ་བྱུང་ཟེར་ནས་གཞས་མ་མོ་རང་གི་ངི་ཐོག་བཤད་ཡོད་པ་རེད། གཟིགས་དངཁྱེན་ཡོག་།
བཀའ་འགྱུར་དབྱིན་བསྒྱུར་མ་འགྲུབ་གོང་།
རྒྱ་སྲས་ཤམ་ཐབས་འོག་ན་བརྡོལ།
ཀྱེ་མ་གུ་རུ་རིན་པོ་ཆེ།
ཀྱི་ཧུད་༧རྒྱལ་བ་རིན་པོ་ཆེ།
ཕོ་ཡིས་ཕོ་ལ་འཁྲིག་སྦྱོར་བྱེད་པ་དང་། མོ་ཡིས་མོ་ལ་འཁྲིག་སྦྱོར་བྱེད་པ་དང་། ཕོ་ཡིས་མོ་ལ་འཁྲིག་སྦྱོར་བྱེད་པ་སོགས། ཚང་མ་འདོད་དོན་བདེ་བའི་ཆེད་དུ་ཡིན། ཞིབ་ཏུ་བསམ་ན་ཁྱད་པར་ཅི་ཡང་མེད། མདོར་ན་ཐམས་ཅད་འཁྲུལ་བ་སྒྱུ་མའི་ངང་། ཕན་ཚུན་བདེ་བ་ཕྲན་བུ་སྟེར་བ་དེར། ཕན་ཡོན་མེད་ན་ཉེས་པ་ག་ལ་ཡོད། དེའི་ཕྱིར་ཕྲག་དོག་སྤང་ནས་ཡི་རང་བྱོས། །
འདིར་ཤེས་དགོས་པ་ཞིག་ལ་རྫོང་སར་མཁྱེན་བརྩེ་མ་རེད་ཅེས་པ་དེ་བདེན་པ་རེད། དེ་རྫོང་སར་མཁྱེན་བརྩེ་རེད་ཟེར་བ་རྩམ་པ་ཟོས་ནས་རྩམ་ཁུག་གཞན་ལ་གཡོགས་པ་རེད། མ་ཚད་ཁྲེལ་རེད་པུ་གུ་བཟོ་ཚར་དུས་བདག་མེད་བཞག་པ་དེ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལྟ་ཅི་མི་ཆོས་ལེགས་པོ་མི་ཤེས་པ་རེད། ངོས་ནས་ནམ་རྒྱུད་རང་རྒྱུད་གསོད་པའི་སྐྱབས་རྗེ། ཉ་སྲིན་གསོད་པའི་སྐྱབས་མགོན། མཆོད་འོས་བསླུ་བའི་སྤྲུལ་རྫུན་མིང་ཆེན་འགའ་རེ་མིང་འཛིན་མྱོང་དེ་ཚོ་རེད། དེ་ལས་ཁྱད་པར་ད་ཐེངས་འདི་ཡང་སི་ཏུས་ངོས་འཛིན་པའི་ཀ་ལི་དང་ཀརྨ་པའི་ནང་མཆེད། རྡོ་རྗེ་འཆང་འཆང་ཆེན་གྱི་སྐུ་ཕྲེང་གསུམ་ཡིན་ཟེར་བས་ཧང་ཀོང་དུ་འཆང་འགོད་ཡང་ཡང་བྱས་པའི་སྐྱབས་རྗེ་དེ་རེད། འབྲུག་པ་ཡང་ཅི་མ་རེད། མཁན་ཆེན་ཁྲ་འགུ་ཚང་གི་ཡོད་ན་མེད་ན་རེད། ཡིད་མ་ཆེས་ན་འདི་བ་རེད། http://www.zuririnpoche.com/emp_lifeRel_2012.html
དུས་བབས་དྲ་བ་འདི་ཚོས་རྒྱ་ཡིག་དང་དབྱིན་ཇི་སྐད་ཡིག་ལེགས་པོ་ཤེས་ཀི་མེད་པ་འམ། རྒྱུ་མཚན་རེ་ཡོད་ན་ཐང་། ངོ་གསར་འགོད་པ་ཟེར་དུས་སྒྲོ་བཀུར་ཁྱབ་སྒྲག་དེ་རྫོང་གསར་མཁྱེན་མཁྱེན་བརྩེ་དགོངས་དག་ཞུ་དགོས་པ་རེད། བཙན་བྱོལ་བོད་གཞུང་གི་གསར་ཤོག་སློབ་ཆེན་ཁག་ཏུ་༧སྐྱབས་མགོན་དམ་པ་བྱ་བྲལ་སངས་རྒྱས་རྡོ་རྗེའི་ངོས་འཛིན་གནང་བའི་བདུད་འཇོམས་རིན་པོ་ཆེའི་དཔར་ལ་རྒྱལ་བ་རིན་པོ་ཆེའི་ངོས་འཛིན་པའི་པཎ་ཆེན་བཅུ་གཅིག་པའི་སྐུ་པར་ཡིན་པ་ཁྱབ་བསྒྲགས་བྱས་འདུག ངོ་མ་བཙན་བྱོལ་བ་ཚོས་སོ་སོའི་ཁ་ཕོར་ཆེད་མ་གཏོགས་རང་བཙན་དང་དབུ་མ་གཉིས་ཀ་ལ་ཕན་པའི་ལས་ཀ་དང་དྲང་བདེན་ཟེར་བ་མི་འདུག་གོ།
དེ་ནི་རྫོང་སར་མཁྱེན་བརྩེ་མིན་པར། རྒྱ་ཡིག་ལ་殊利仁波切 ཞེས་བྲིས་པའི་འབྲུག་ཡུལ་གྱི་སྤྲུལ་སྐུ་གཞན་ཞིག་རེད། ཞིབ་ཆ་ཤེས་དགོས་ན་གོང་གི་རྒྱ་ཡིག་གི་མིང་དེ་དང་། ཧོང་ཀོང་གི་གཞས་མ་關淑怡གཉིས་ཀྱི་མིང་གནད་ཚིག་གྷོ་གྷལ་ལམ། པེ་ཏུའུ་གྱི་གཤེར་འཚོལ་རེ་མིག་ཏུ་བཏགས་ཚེ་ཁོང་གཉིས་དང་འབྲེལ་བའི་དོན་དངོས་ཀྱི་གསར་གནས་ཁག་ལག་སོན་འབྱུང་ཐུབ། ད་དུང་གོ་བ་མ་ལོན་ན་ཅི་བྱེད། མ་ཟད། པར་དངོས་སུ་མཐོང་ན་དེ་དང་རྫོང་སར་མཁྱེན་བརྩེའི་དཔར་བསྡུར། འབྲེལ་ཡོད་ཀྱི་ཡི་གེ་བསྡུར་ད་དུང་ཧ་མ་གོ་ན་ཐབས་ཤེས་མེད་པ་རེད།
རྫ་མཁན་ཆེན་ཡང་མཚམས་རེ་བོད་དོན་ཐུག་དུས་བོད་པ་ངོ་མ་ལ་འབྲུག་པའི་མིང་བེད་སྤྱོད་གཏོང་གི་མི་འདུག་གམ། འབྲུག་པ་འཇམ་དབྱངས་མཁྱེན་བརྩེ་རེད། མ་འབྲུག་པ་རེད། དེ་མིན་ཀརྨ་པ་མཐའ་ཡས་རྡོ་རྗེ་ཡང་ཕ་འཇུ་དང་ཁམས་དཔལ་ཡུལ་ནས་ཡིན་བཞིན་བཙན་གྱིས་ཁྱོད་ཚོས་འབྲུག་གི་ཀརྨ་པ་ཞེས་ཁྱབ་བསྒྲགས་བྱས་པ་རེད། ད་ཐེངས་སྤྲུལ་རྫུན་འདི་ཡང་ཕ་ནང་ཆེན་དང་མ་ཆབ་མདོ་ནས་ཡིན་བཞིན་འབྲུག་པ་ཟེར་དགོས་དོན་གང་ཡིན་ནམ། ཆོས་ལུགས་ཀཾ་ཚང་རེད། འབྲུག་ལ་དགོན་པ་རྒྱབ་པ་དང་རྒྱ་ཡིག་ཐོག་འབྲུག་ཧོ་ཧྥུས་ལབ་པས་འབྲུག་པ་ཡིན་དགོས་ནི་མ་རེད་ཀོ།
https://www.google.com/search?q=%E6%AE%8A%E5%88%A9%E4%BB%81%E6%B3%A2%E5%88%87&rlz=1T4SMSN_enGB395GB397&source=lnms&tbm=isch&sa=X&ei=bZpyVZvbFqbV7gbsioKADw&ved=0CAcQ_AUoAQ&biw=890&bih=512
དཔར་ཐོག་མ་ཤར་བ་དེ་ཚོ་རེད། དཔར་འགའ་རེ་མིག་བསུབས་འདུག་པ་དེ་ཚོ་རེད། དེ་མིན་གཞན་ཡང་འཇམ་དབྱངས་མཁྱེན་བརྩེ་དང་ཁྲ་འགུ་མཁན་ཆེན་དང་དང་སི་ཏུ་ཀརྨ་པ་དང་ས་སྐྱོང་མི་ཕམ་དང་མགར་ཆེན་སོགས་འཆར་ཡང་གང་ལ་ཡང་འཁྲུལ་མི་ཉན་ཀོ།
རྫོང་སར་མཁྱེན་བརྩེས་བོད་སྤྱི་ལ་དབང་བའི་བཀའ་བསྟན་ཕྱིར་ཚོང་ལ་བསམ་འཆར་གང་ཡང་མེད་པར་།
་ད་དུང་ཁོའི་འཇོན་རབས། བྱས་རབས་བོད་རྒན་འདོ་ཚོ་ལ་ཁྲེལ་གཞུང་མི་འདུག
བཀའ་བསྟན་དབྱིན་བསྒྱུར་སྐབས་སུ་འཛམ་གླིང་དཔེ་མཛོད་ཁང་ཆེ་ཁག་ནས། ད་ལྟ་ནས་བཀའ་བསྟན་ཉོ་འཆར་གྱི་ལས་གཞི་འདིང་གི་འདུག་པའི་དཔེ་ཤག་དེ་ཚོ་སུ་ལ་དབང་རེད། བོད་པ་ཚང་མ་གཉིད་ཁུག་འདུག ཕ་མེས་ཡང་མེས་ནས་དཀའ་ལས་རྒྱག་པའི་འབྲས་བུ་ཚང་མ་མི་སྒེར་པ་ཞིག་ལ་དབང་དགོས་སྤྱད་ག་རེ་རེད????