སེར་ཤུར་རིན་ཆེན་དོན་གྲུབ།
གྲྭ་བ་ནི་མིའི་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་དང་། སྐྱབས་ཡུལ་དགེ་འདུན་གྱི་སྡེ་ཞེས་ཆེ་སྟོད་བྱེད་ཡུལ་ཞིག་ཏུ་བརྩི་ཞིང་། འདི་ཕྱི་གཉིས་ཀར་དགེ་བའི་མི་སྣ་ཁྱད་པར་ཅན་ཞིག་ཏུ་བཀུར་མྱོང་། འོན་ཀྱང་། འདུ་ཤེས་དེ་ད་ལྟ་ཡོངས་སུ་ཉམས་ཟིན་ལ། དེའི་ཚབ་དུ་གྲྭ་བ་ནི་མིའི་སྤྱི་ཚོགས་ཀྱི་ཁུར་བོ་དང་། རང་གི་འཚོ་བའང་རང་གིས་མི་འཁྱོངས་པའི་འདུ་ཤེས་གསུམ་པ་བ་ཞིག་ཏུ་ལྟ་བའི་འདུ་ཤེས་དེ་འཕེལ་བཞིན་འདུག འདི་ནི་ད་ལྟའི་བཙན་བྱོལ་སྤྱི་ཚོགས་སུ་དངོས་སུ་མིག་མཐོང་ལག་ཟིན་ཡོད་པའི་གནས་ཚུལ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་སུ་སྐྱེས་ཤིང་འཚར་བའི་བོད་གངས་ཅན་གྱི་བུ་ཕྲུག་ཚོའི་ནང་དུ་གྲྭ་བ་བྱས་ཏེ་གདན་ས་གྲྭ་ཚང་ཁག་ཏུ་ཞུགས་མཁན་ནི་ཆེས་ཤིན་ཏུ་ཉུང་ཞིང་རེ་ཟུང་ཡོད་པ་ནི། ཕལ་ཆེ་བ་དབང་པོ་དང་ཡན་ལག་ཐང་ཐང་མེད་པའམ་མི་སྐྱའི་སྤྱི་ཚོགས་སུ་དགོས་མཁོ་མེད་པའི་སྐྱེ་བོ་དག་ཡིན། ཕྲུ་གུ་ཆུང་ཆུང་ཡན་ལག་ཐང་བོ་མེད་མཁན་ཞིག་མཐོང་སྐབས་དེར་མཛུབ་མོ་བཙུགས་ཏེ་ཁོ་གྲྭ་བ་འགྲོ་ཡ་རེད་དང་། བུ་མོ་ཞིག་ཡིན་ན་དེར་ཨ་ནི་འགྲོ་ཡ་རེད་ཟེར་བའི་བཤད་ཚུལ་དེ་ནི་ད་ལྟའི་གཞིས་ཆགས་ཁག་ཏུ་ཡོང་གྲགས་ཡིན། བཤད་ཚུལ་འདི་དང་ལྟ་ཚུལ་འདིས་གྲྭ་བ་དང་གྲྭ་བའི་སྤྱི་ཚོགས་ལ་བཟུང་བའི་རྣམ་འགྱུར་གསལ་བོར་མཐོང་ཐུབ། དེ་སྔོན་མཐོ་སློབ་འགྲིམས་བཞིན་པའི་གཞིས་ཆགས་ཀྱི་ཕྲུ་གུ་ཞིག་རང་མོས་ཀྱིས་སེར་བྱེས་གྲྭ་ཚང་དུ་ཞུགས་པས་ཁོ་རང་གི་སྤུན་མཆེད་རྒན་པ་བུད་མེད་ཅིག་གིས་གཤེ་གཤེ་དང་ཁ་རྡུང་དྲག་པོ་བཏང་ཞིང་། དེ་ནས་བཟུང་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་ཏུ་བརྩིས་ཏེ་སྤུན་མཆེད་ཀྱི་བརྩེ་དུང་ཡང་མེད་པར་ཆགས་སོང་སྐད་འདུག འདི་དང་འདི་ལྟ་བུའི་གནས་ཚུལ་དངོས་ཡོད་དག་ལ་བསམ་གཞིག་བྱས་ན་དེང་དུས་ཀྱི་སློབ་སྦྱོང་ཅུང་ཙམ་ཡོད་ཅིང་། དུས་རབས་ཉེར་གཅིག་པའི་མིའི་བཞུགས་གྲལ་སྙེག་བཞིན་པའི་ང་ཚོའི་གཞོན་སྐྱེས་ཚོའི་བསམ་བློའི་ནང་དུ་གྲྭ་བ་དང་། གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་ཅི་ཙམ་ཡོད་དཔོག་ཐུབ་ལ། མིའི་སྤྱི་ཚོགས་ཀྱི་ནང་དུ་གྲྭ་བ་དང་གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་ཆུང་དུ་སོང་བ་དེས་གྲྭ་བ་དང་གྲྭ་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་ལ་སྒོ་ལྕགས་བརྒྱབ་པ་གསལ་བོ་རེད། གྲྭ་བ་ནི་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་རེད་དམ། དྲི་བ་འདིེར་ང་ཚོས་བསྐྱར་ཞིབ་ཅིག་བྱས་ན་གྲྭ་བ་ནི་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་གཏན་ནས་མ་རེད། གྲྭ་བ་ཚོས་བོད་གངས་ཅན་གྱི་ཆོས་རིག་སྲུང་སྐྱོབ་ཀྱི་རྐང་འཛིན་བྱེད་བཞིན་ཡོད་ལ། གྲྭ་བ་ཚོས་ནང་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་བོད་གངས་ཅན་གྱི་ཆེས་རྩ་ཆེའི་རིག་གཞུང་ལ་སློབ་སྤྱོང་བྱེད་བཞིན་ཡོད། དྲི་བ་འདིར་བསྐྱར་ཞིབ་བྱེད་སྐབས་ང་ཚོའི་སེམས་ནང་ལ་དོགས་པ་ཞིག་སླེབས་འོང་བ་ནི་ཁོང་ཚོས་གྲྭ་བ་ནི་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་ཏུ་ཅིའི་ཕྱིར་མཐོང་བ་ཡིན་ནམ་སྙམ་པ་འདི་རེད། འདི་ལ་རྒྱུ་མཚུན་མང་པོ་ཡོད་སྲིད་ཀྱང་གཙོ་བོ་ནི་གྲྭ་བ་ཚོ་དེང་དུས་ཀྱི་སློབ་སྤྱོང་དང་ཁ་བྲལ་སོང་བས་རེད། གྲྭ་བའི་སྤྱི་ཚོགས་དེང་དུས་དང་མཐུན་པར་བཅོས་སྒྱུར་བྱེད་མ་ཐུབ་པས་རེད། གྲྭ་བའི་སྤྱི་ཚོགས་དེང་རབས་ཀྱི་མིའི་བསམ་བློའི་ཁ་ཕྱོགས་དང་མཐུན་པར་སྒྱུར་བཅོས་བྱེད་མ་ཐུབ་པ་དེ་སྲིད་དུ་མིའི་སྤྱི་ཚོགས་ཀྱི་སེམས་ནང་གི་གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་གོང་མཐོར་འགྲོ་མི་ཐུབ་ལ་གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་བརླགས་པའི་ཉིན་མོ་ནི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་བརླགས་པའི་ཉིན་མོ་ཡིན་ལ་ནམ་ནམ་ཞར་ཞར་ལ་གོང་དུ་འཕེལ་ཞིང་རྒྱས་པའི་བསྔོ་སྨོན་བྱེད་སའི་སངས་རྒྱས་ཀྱི་བསྟན་པ་བརླགས་པའི་ཉིན་མོའང་ཡིན་ངེས། དེས་ན་བསྟན་པ་འཛིན་པའི་སྐྱེས་ཆེན་དང་། བསྟན་ལ་དད་ཅིང་ཞེན་པའི་བླ་སྤྲུལ་དགེ་བཤེས་རྣམ་དཔྱོད་ཅན་ཚོས་བསྟན་པ་རྒྱས་ཐབས་ཡིན་ཞེས་དེང་དུས་ཀྱི་སློབ་སྤྱོང་དང་། དེང་དུས་ཀྱི་རིག་གསར་ལ་དགག་བཞག་མཐའ་གཅིག་ཏུ་བྱེད་པ་ནི་བསྟན་པ་རྒྱས་པ་དང་། བཤིག་པ་གང་གི་ཐབས་སུ་འགྲོ་བ་ལེགས་པར་བསམ་དགོས་པར་སྙམ། བསྟན་པའི་རྩ་བ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པ་དང་། དེ་གནས་པ་དགེ་འདུན་གྱི་སྡེ་ལ་རག་ལས་པའི་བཤད་ཚུལ་འདི་དངོས་བདེན་ཡིན་ན་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བའི་ཆེད་དུ་གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་གོང་མཐོར་གཏོང་ཆེད་གྲྭ་བའི་སྤྱི་ཚོགས་དེང་དང་དུས་མཐུན་པའི་བསྒྱུར་བཅོས་བྱས་ཏེ་གྲྭ་བ་ནི་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་རེད་སྙམ་པའི་འདུ་ཤེས་དེ་རྩ་བ་གཏོར་གཏོང་དགོས། གྲྭ་བ་ནི་ཅི་ཡང་མི་ཤེས་མཁན་ཞིག་རེད་སྙམ་པའི་བསམ་བློ་དེ་གཙང་ཕྱགས་བྱེད་དགོས། དགོན་པ་ནི་འཇིག་རྟེན་པའི་སྤྱི་ཚོགས་དགོས་མཁོ་མེད་པའི་སྐྱེ་བོ་ཚོ་གསོག་ས་རེད་སྙམ་པའི་བློ་རིག་དེ་འབུར་འཇོམ་བྱེད་དགོས། དེས་ན་གྲྭ་བ་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་ཅེས་ཞེ་སྡང་གི་མེ་ལྕེ་འབར་བ་ལས་གྲྭ་བ་ཚོ་དེང་དུས་ཀྱི་མི་གྲལ་དུ་ཚུད་པར་བྱས་ཏེ་གྲྭ་ས་དང་དགོན་པ་དེང་དུས་དང་སྲོལ་རྒྱུན་གྱི་སློབ་སྤྱོང་ཚད་ལྡན་བྱེད་སའི་ཆེས་མཐོའི་སློབ་གཉེར་ཁང་ངོ་མ་ཞིག་ཏུ་བསྒྱུར་བར་འབད་བརྩོན་བྱས་བ་དོན་ངོ་མའི་བསྟན་པ་ལ་ཞབས་འདེགས་བསྒྲུབས་པ་ཡིན་ནོ།
ཨ་ཨ་ཨ་དྲ་གྲོགས་ཚོ་གཟིགས་དང་སེར་ཤུར་རིན་ཆེན་དོན་གྲུབ་སྨྱོ་འདུག་
གྲྭ་བ་དགོས་མཁོ་ཡོད་མེད་གྲྭ་བ་རང་ལ་ཐུག་འདུག
དངོས་ནས་རེད། གྲ་བ་ཚོ་དེང་དུས་ཀྱི་སློབ་སྦྱོང་ངེས་པར་དུ་དགོན་པའི་ལས་ཀྱི་སྣེ་བ་དག་གིས་འགན་ཁུར་ནས་ཁོར་ཡུག་ཅིག་སྐྲུན་རྒྱུ་གལ་ཆེན་པོ་རེད། མུ་མཐུད་དུ་ཀླད་རྙིང་གི་ལྟ་བ་ཞིག་ཁུར་ནས་ཕྱོགས་གཅིག་ཁོ་ན་ལ་མགོ་འཁོར་ནས་བསྡད་ན། ནམ་ཞིག་ན་ལྷ་ཁང་རྫིག་པོ་ཞིག་དང་ཟངས་སྐུ་ཁ་ཤས་ལས་མི་ལྷག་པའི་ཉེན་ཁ་ཆེན་པོ་འདུག གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་གི་སྟི་གནས་ཞིག་བསྐྲུན་རྒྱུ་ཧ་ཅང་གལ་ཆེའོ།།
གྲྭ་བ་མ་ཚད་གྲྭ་ལོག་འདི་མེད་ན་གངས་ཅན་གྱི་རིག་གཞུང་ཕལ་ཆེ་བ་ཉམས་ཚར་བ་རེད། དེས་ན་ངེས་པར་དུ་གྲྭ་བ་དང་གྲྭ་ལོག་ཡོད་དགོས། །
རབ་ཏུ་བྱུང་བ་རྣམས་ལ་དེང་དུས་ཀྱི་སློབ་སྦྱོང་སྤྲོད་དགོས་པའི་རྒྱུ་མཚན་གང་ཡོད་དམ།
མ་ཟད་རབ་བྱུང་སྒྲུབ་་དགོས་པའི་དམིགས་ཡུལ་གང་ཡིན་ཁྱེད་ཀྱིས་ཤེས་ཡོད་དམ།
དེང་དུས་ཀྱི་ཤེས་ཡོན་དེས་རབ་ཏུ་བྱུང་བ་རྣམས་ཀྱི་དམིགས་ཡུལ་དེ་སྒྲུབ་ཐུབ་ཀྱི་རེད་དམ།
ལབ་རྒྱུ་མ་མང་ཁ་རོགས་བཞུགས་པར་མཛོད།
གྲ་བ་ནི་ཐོག་མར་མི་སྐྱ་ལས་སྒྲུབ་པ་ཞིག་ཡིན་ཙང་མི་སྐྱ་རྣམས་ཀྱིས་བསམ་བློ་ཞིག་གཏོང་དགོས་ཀྱི་རེད་སྙམ།
ཚེ་བསམ་གྱི་སྐད་ཆ་ལ་གོ་རྒྱུ་འདུག ཚན་རིག་ནི་ཀུན་སྤྱོད་ཀྱིས་ཕོངས་བ་དང་ང་ཚོའི་ནང་ཆོས་ཀྱིས་ཕར་ཞབས་འདེགས་ཞུས་དགོས་ངེས་ཆགས་ཡོད་པ་ལས། ཚན་རིག་གིས་ཚུར་ཞབས་འདེགས་ཇི་ལྟར་ཞུས་ཐུབ་བམ། སྟོན་པ་ཤཱཀྱ་ཐུབ་པའི་རིང་ལུགས་གཙང་མ་ཞིག་སྐྱོང་དགོས་ན་ཉ་ཉོག་མ་བསྲེས་ན་ཡག་གི་རེད། གྲྭ་བའི་ལས་འགན་གཙོ་བོ་གང་ཡིན་མིན་ལ་དགོངས་པ་ཡག་པོ་ཞིག་བཞེས་དང་དགོན་པ་གྲྭ་ཚང་འདི་ཚན་རིག་གི་ཚོད་ལྟ་ཁང་ལྟ་བུ་ཞིག་འགྱུར་ན་དེ་ནས་གང་འདྲ་ཆགས་ཀྱི་རེད། དགོས་མཚན་ག་རེ་ཡོད་དམ། འཛམ་བུའི་གླིང་ཚན་རིག་གིས་ཕོངས་ཡོད་པ་མ་རེད། ཀུན་སྤྱོད་ཀྱིས་ཕོངས་ཡོད་པ་རེད། ནང་བསྟན་སྲུང་སྐྱོབ་ནི་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ལས་ཉ་ཉོག་མང་པོ་སྦྱང་ས་མ་རེད། ད་སྐབས་གདན་ས་ཁག་གི་སློབ་གྲྭ་རུ་ཚན་རིག་སློབ་ཁྲིད་དང་དེ་མིན་དགེ་འདུན་པའི་ཚན་རིག་ཟབ་སྦྱོང་སོགས་ཚུགས་ཡོད་པ་མ་རེད། དེས་མ་ཆོག་པ་ཅི་ཡོད།
སད་མི་བདུན་ནས། གྲྭ་པ་བྱུང་མེད་ན། བསྟན་པ་ཉམས་ཟིན་པ་དང་། གྲྭ་ལོག་མེད་ན་བོད་ཡིག་ཀྱང་ཉམས་ཟིན་པའི་ཚོད་ལ་བསླེབས་པར་མངོན།
བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བའི་ཆེད་་་གྲ་བ་འདི་དགོས་མཁོ་ཡོད་དམ་ཞེ་ན། དགོས་མཁོ་ཡོད་དང་ཡོད་ཞེས་ཞུ་དགོས་པ་རེད། འོ་ན། ཇི་ལྟར་དར་སྤེལ་གཏོང་དགོས་སམ་ཞེ་ན། དེ་ལ་ཆ་རྐྱེན་གཉིས་མ་གཏོགས་མེད།
གཅིག༽ གྲ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དང་།
གཉིས༽ གྲ་བའི་གྲངས་ཚད་ཇེ་ཉུང་དུ་གཏོང་རྒྱུ་དེ་ཡིན།
ཆ་རྐྱེན་འདི་གཉིས་པོ་ལག་བསྟར་བྱེད་ཐུབ་ན་ཐེ་ཚོམ་མི་དགོས་པའི་ཐོག་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ་ཡོང་གི་རེད། དེར་དོག་པ་གང་ཡང་མེད།
བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བའི་ཆེད་གྲ་བ་འདི་དེང་གི་སྤྱི་ཚོགས་སུ་དགོས་མཁོ་ཡོད་དམ་ཞེ་ན།
དེའི་ལན་དུ། དགོས་མཁོ་ཡོད་དང་ཡོད་ཞེས་ཞུ་དགོས་པ་རེད།
འོ་ན་ཇི་ལྟར་ཞེས་ན། དེ་ལ་ཆ་རྐྱེན་གཉིས་མ་གཏོགས་མེད།
གཅིག༽ གྲ་བའི་གྲངས་ཚད་ཇེ་ཉུང་དུ་གཏོང་རྒྱུ་དང་།
གཉིས༽ གྲ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དེ་རེད།
ཆ་རྐྱེན་འདི་གཉིས་ལག་བསྟར་བྱེད་ཐུབ་ན་བསྟན་པ་རྒྱས་པ་འགྲོ་བ་བདེ་བ་ཡོང་རྒྱུར་ཐེ་ཚོམ་དགོས་གི་མ་རེད།
ཤར་པྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་གྲྭ་ལོག་གི་མཆན་བུ་གཟིགས་ན་ལེགས་པར་ཤེས་ཐུབ།
སེར་ཤུལ་ལགས་ཀྱིས་གསུངས་པའི་གནས་དོན་དེ་ང་ཚོའི་སྤྱི་ཚོགས་ཆུང་ངུ་འདིར་དངོས་ཀྱི་གནད་དོན་ཞིག་རེད། མ་ཟད་གོང་དུ་གསུང་པ་བཞིན་གཞིས་ཆགས་ཁག་ཏུ་གྲྭ་བ་བྱ་མཁན་དཀོན་པའང་དོན་དངོས་རེད་ལ། དེའང་མདོར་བསྡུས་ན་སྤྱི་ཚོགས་ཀྱི་གནད་དོན་ཅིག་ཏུ་ཐུག་ཅིང་ཕ་མའི་སློབ་གསོ་དང་ཁོར་ཡུག་གི་ཤུགས་རྐྱེན་སོགས་གང་ཞིག་གིས་གནས་སྟངས་འོག་བྱུང་བ་ཡིན་པ་ནི་སྨོས་མེད་རེད། ཡང་གཅིག་བཤད་ན་རྒྱ་གར་དུ་མཚར་བའི་བོད་རིགས་སུ་སྐྱེས་པ་དག་ལ་བོད་མདོ་དབུས་མཐོ་སྒང་གི་བོད་མིའི་གཤིས་ཀ་ངོ་མ་དེ་མེད་ཅིང་བོད་སྐད་ཐར་ཐོར་ཙམ་བཤད་ཤེས་པ་ལས་བོད་པའི་སེམས་ཁམས་ནི་ཕལ་ཆེར་མེད་པའི་ཚད་ལ་སླེབས་ཚར་བ་རེད། རེ་བ་ཆེན་པོ་རྒྱག་ཡ་ཡོད་མ་རེད། མི་འགྱངས་བར་ཤར་པ་དང་རྟ་མག་་རྒྱ་གར་ཁམས་པ་ལྟ་བུ་ཞིག་འགྱུར་བར་གདོན་མི་ཟ་བ་རེད།
གྲྭ་བ་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་དགོས་དང་དགོས། ༧གོས་ས་མཆོག་གིས་ཀྱང་འདབས་གཤོག་གཉིས་ལྡན་ཞིག་དགོས་གསུངས་ཡོད་པ་མ་ཡིན་ནམ། འདོད་ལྷ་ཁམས་པ་ནས་རྒྱུ་མཚན་གཉིས་བཀོད་ཡོད་པའི་ནང་ནས་གཉིས་པ་དེ་ཡང་ལེགས་པར་མ་མཐོང་སྟེ། གྲྭ་བའི་གྲངས་ཀ་ཅི་ཙམ་མང་ན་དེ་ཙམ་གྱིས་ཡག་པོ་ཡང་མང་པོ་ཡོང་བ་ཆོས་ཉིད་མ་ཡིན་ནམ། སྤྱི་ཚོགས་ག་འདྲ་ཞིག་ཡིན་ཡང་ཡག་གཙོག་གཉིས་ཀ་ཡོད་པ་རྒྱུན་ལྡན་རེད། མ་གཞི་ནས་ང་ཚོའི་འཁོར་ཡུག་འདིར་གཞན་སྐྱོན་རྡུལ་ཕྲན་ཙམ་མཐོང་བའི་ཤེལ་མིག་གྱོན་ཡོད་པ་ལས། རང་སྐྱོན་རི་རབ་འདྲ་བོ་མཐོང་བྱེད་ཀྱི་ཤེལ་མིག་མེད་པས་ལན་པ་རེད།
ཡག་པོ་བྲིས་ཤག
དེ་ལ་བསམ་བློ་གཏོང་འོས་པ་ཞིག་ཀྱང་རེ་འདུག་སྙམ།
འོན་ཀྱང་གྲྭ་བས་ཚན་རིག་གམ་དངོས་ཁམས་ཀྱི་གནས་ལ་སྦྱང་བ་མང་ཙམ་བྱེད་ན་མཐར་ཚན་རིག་ཚན་རིག་མེད། སེམས་ཁམས་སེམས་ཁམས་ཀྱང་མེད་པར་ཆགས་པའི་ཉེན་ཁ་ཞིག་ཏུ་མཐོང་གི་འདུག
དེང་དུས་ཀྱི་བོད་ཀྱི་ཞིབ་འཇུག་པ་ཡིན་ཟེར་མཁན་ལོ་རྒྱུས་སྨྲ་བ་པོ་ཡིན་ཟེར་མཁན་མང་པོ་ཞིག་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་པོ་ཡིན་ཟེར་མཁན་མང་པོའི་བསམ་བློར།
ནང་པའི་ཆོས་ཀྱི་རྩ་བ་ཡིད་ཆེས་དང་མོས་གུས་སོགས་ཀྱི་དྲི་མ་ཙམ་ཡང་བྲོ་རྒྱུ་མེད་པར་ཆགས་པ་འགྲོ་དང་འགྲོ་བཞིན་འདུག དེ་ཚོ་ནི་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་ཟེར་བ་ལྟར་རེད་འདུག དེས་ན་གལ་ཆེ་ཤོས་ནི་དེང་རབས་ཀྱི་ཤེས་ཡོན་དང་གནའ་རབས་ཀྱི་ཤེས་ཡོན་གཉིས་ཟུང་དུ་འབྲེལ་དགོས་པ་གང་ཞིག་ལ་གནའ་རབས་ཀྱི་ཤེས་ཡོན་ནམ་རང་ཉིད་ཀྱི་ཆོས་ལུགས་ཀྱི་ལྟ་གྲུབ་ཉམས་ལེན་ལ་གཙོ་གནད་དུ་བཟུང་དགོས་པ་ནི་ཤིན་ཏུ་ནས་གནད་ཆེ།
མ་གཞི་ནས་་་་བཀའ་བློ་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་་་་་་གྲྭ་བ་ནི་ལས་མེད་ཀྱི་ཁོངས་གཏོགས་རེད་ཅེས་གཏམ་བཤད་ཅིག་གནང་ཡོད། དེས་ན་མི་དམངས་ལའང་ཁག་ཅི་ཡོད། གྲྭ་བས་གྲྭ་བར་དམའ་འབེབས་བྱས་ན་མི་སྐྱས་ཅི་སྨྲོས།
འོན་ཀྱང་ད་ལྟ་གྲྭ་བ་མང་པོ་ཞིག་གིས་དྭ་ཕྲུག་ལས་སོགས་ཉམ་ཆུང་གི་ཕྲུག་གུ་མང་པོར་བལྟ་སྐྱོང་བྱེད་བཞིན་པ་མ་ཟད། རང་རང་སོ་སོའི་ནང་མི་ཡང་མི་ཉུང་བ་ཞིག་གྲྭ་བས་གསོ་སྐྱོང་བྱེད་པ་དངོས་ཡོད་དུ་ཆགས་ཡོད། གཞན་ཡང། གྲྭ་བ་ཞིག་དང་མི་སྐྱ་ཞིག་མཉམ་དུ་བཟའ་ཁང་དང་འགྲུལ་འཁོར་སོགས་སུ་བསྐྱོད་སྐབས་གྲྭ་བས་འགྲོ་སོང་གཏོང་རྐྱང་བྱེད་རྒྱུར་མི་སྐྱ་ཚོས་སྒུགས་བསྡད་ཀྱིན་པ་དངོས་ཡོད་རེད།
དེང་སང་གི་དུས་ལ་་་་་་གྲྭ་པ་ཉུང་རུ་འགྲོ་ཡ་མ་གཏོགས་མང་རུ་འགྲོ་གྱིན་ཡོད་པ་མ་རེད་་་་་་་་་་་་རྒྱུ་མཚན་ནི་་་་་་་་་དགོན་སྡེ་ཁག་ལ་སྲོལ་རྒྱུན་ཁོ་ན་མ་གཏོགས་་་་་་་་་་་དེང་དུས་ཀྱི་ཤེས་ཡོན་སྤྲོད་ཀྱིན་མེད་པ་རེད་་་་་་་་་་གྲྭ་བ་རྣམས་ཀྱང་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་མདུན་བསྐྱོད་བྱེད་དགོས་པ་ལས་་་་་་་་་་འདི་ལྟར་འདུག་ཐབས་མེད་པ་རེད་་་་་་་་་་་་་་་
རིན་ཆེན་དོན་གྲུབ་ཁྱེད་སྒེར་གྱི་བསམ་ཚུལ་བྲིས་པ་ལ་དགའ་བསུ་ཡོད། ཁོ་བོས་བལྟས་ན་ཁྱེད་ཀྱིས་ཕྱོགས་གཅིག་གཞིས་ཆགས་ཀྱི་གནས་སྟངས་གཅིག་པུ་ལས་བོད་ནང་གི་གནས་སྟངས་ལ་ཚོད་འཛིན་མ་བྱེད་པའམ་ཡང་ན་སྐྱོན་ཆ་མ་གླེང་བ་དེ་ནི་གང་འདྲ་ཡིན་ནམ་སྙམ་པའི་དོགས་པ་ཞིག་རང་བཞིན་གྱིས་ཤར། རེད། ཁྱེད་ཀྱིས་བཤད་པ་ལྟར་བདེན་པ་རེད། གནས་ཚུལ་དེ་ལྟ་བུ་རིགས་བྱུང་ཡོད་སྲིད། ཕལ་ཆེར་ཁྱེད་ཀྱིས་ཤེས་ཀྱི་ཡོད་ཚོད་རེད། དེང་སང་བོད་ནང་དུ་དཔལ་འབྱོར་གྱི་འདུ་འགོད་ཐོག་ལ་ཧ་ཅང་དོ་སྣང་ཆེན་པོ་སླེབས་པའི་རྐྱེན་གྱིས་དེའི་རྗེས་སུ་རྒྱུགས་ནས་ཐབས་ཤེས་གང་དྲག་གིས་རང་གི་བུ་ཕྲུག་རྣམས་ལ་དེང་རབས་ཀྱི་ཤེས་ཡོན་སློབ་རྒྱུར་བཏང་མ་གཏོགས་གྲ་སར་གཏོང་གིན་མེད་པའི་རྐེྱན་གྱིས་དགོན་སྡེ་ཁག་ནང་དུ་གྲ་བ་བཟོ་མཁན་ཉུང་དུ་ཕྱིན་གྱི་ཡོད། གཞིས་ཆགས་པའི་རྒྱུ་མཚན་དང་མཚུངས་པར་དེ་དག་གི་ཁྲོད་དུ་ཡང་ཡོད་ཤས་ཆེ། ང་ལ་མཐའ་གཅིག་ཏུ་ཆོས་ཅན་བཙུགས་རྒྱུ་གང་ཡང་མེད།
ཁོ་བོས་བལྟས་ན་གཞིས་ཆགས་ཀྱི་ནང་ནས་གྲ་བ་བཟོ་མཁན་མ་རག་པ་དེར་རྒྱུ་མཚན་མང་པོ་ཡོད་སྲིད། གཞིས་ཆགས་ཀྱི་བོད་མི་རྣམས་ཀྱི་ཆོས་དད་བརླག་པ་རེད་ཟེར་ན་དེ་ཁོ་བོས་ཁས་མི་ལེན། གྲ་བའི་སྤྱི་ཚོགས་ཀྱི་བརྗོད་དུ་མི་ནུས་བའི་སྐྱོན་ཆ་མང་དག་གཅིག་མི་སྐྱའི་སྤྱི་ཚོགས་ཁྲོད་དུ་ཡོངས་གྲགས་སུ་གྱུར་པའི་རྐྱེན་གྱིས་གྲོ་བ་བཟོས་ན་ཆོ་མིན་འདུག་ཟེར་བའི་ལབ་སྲོལ་ཞིག་ཆགས་པས་ཡིན་སྲིད། ཕྱོགས་གཞན་ནས་དེང་དུས་ཤེས་ཡོན་ཕྱོགས་ལ་དབྱིངས་སླེབས་པ་དང་། དཔལ་འབྱོར་འདུ་འགོད་ལ་བྲེལ་བ་ལངས་པ་ལས་ཀྱང་ཡིན། གང་ལྟར་གནད་དོན་མང་པོ་ཞིག་གི་ཐོག་ནས་བསམ་དགོས་པ་ཞིག་ཡིན།
སྐད་ཆ་སྙན་པོ་བཤད་ནས་ཕན་ཐོག་མེད། དོན་དངོས་ལ་རིན་ཆེན་དོན་འགྲུབ་ལགས་ཀྱིས་གསུང་པ་དེ་ཤིན་ཏུ་བདེན་པ་རེད། ༸གོང་ས་མཆོག་ནས་ཀྱང་དགོན་སྡེ་ཁག་ནང་ལ་ཚན་རིག་སྦྱང་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་ཀུན་གསལ་རེད། མི་ཁག་ཅིག་གིས་༸གོང་ས་མཆོག་ལས་ཀྱང་རྣམ་དཔྱོད་ཆེ་མདོག་སྟོན་པ་ནི་གད་མོའི་གནས་རེད། གྲྭ་པ་སྤྱི་ཚོགས་ལ་དགོས་མཁོ་ཡོད་མེད་ནི་ཚེ་ཕྱི་མའི་སྐད་ཆ་བཞག་ནས་ཚེ་འདི་གཅིག་པུ་ལ་བསམ་ན་ཡང་། ན་ཉིན་སྐྱེ་དགུ་མདོའི་ས་ཡོམ་སྐབས་ཀྱི་གྲྭ་པའི་བྱ་འགུལ་དེས་གསལ་བསྟོན་བྱས་ཡོད། དེས་ན་གྲྭ་པས་སྤྱི་ཚོགས་ལ་ཕན་ཐོག་མེད་པར་བསམ་ན་དེ་ནི་རང་ཉིད་བློ་རྒྱ་ཆུང་བའི་རྟགས་རེད།
གྲྭ་བ་དགོས་དང་མི་དགོས་ཟེར་བ་དེ་གྲྭ་བ་སྤྱི་ཚོགས་ནང་གནས་དགོས་དང་མི་དགོས་ཟེར་བ་རེད་ལ། གྲྭ་བ་སྤྱི་ཚོགས་ནང་གནས་དགོས་དང་མི་དགོས་ཀྱི་གནད་དོན་དེ། གྲྭ་བ་རང་སྟེང་གི་རིན་ཐང་དང་། གྲྭ་བས་སྤྱི་ཚོགས་ལ་ཕན་ཐོགས་མིན་གྱི་གནད་དོན་ལ་ཐུག་འདུག གྲྭ་བ་རང་སྟེང་གི་རིན་ཐང་ནི་གྲྭ་བའི་ལྗིད་ཁོག་ལ་ཟེར་བ་རེད། གྲྭ་བའི་ལྗིད་ཁོག་ཟེར་བ་དེ་ཡང་གྲྭ་བ་རྒྱགས་པ་རྫིག་པོ་དེ་འདྲ་ལ་གོ་རྒྱུ་མ་ཡིན་པར། ཁྱིམ་པ་བ་ལ་ལྟོས་ནས་ཁྱད་འཕགས་ཀྱི་ཀུན་སྤྱོད་ལྡན་པ་དང་། ཁྱད་འཕགས་ཀྱི་ཡོན་ཏན་ལྡན་པ། ཁྱད་འཕགས་ཀྱི་བསམ་བློ་ལྡན་པ། ཁྱད་འཕགས་ཀྱི་འགན་འཁྲི་ལྡན་པའི་གྲྭ་བ་ཞིག་ཡིན་ཚེ་ད་བཟོད་གྲྭ་བ་རིན་ཐང་ཅན་ཞིག་ཆགས་པ་རེད།
དེ་ཡང་ཁྱད་འཕགས་ཀྱི་ཀུན་སྤྱོད་ལྡན་པ་ཟེར་བ་ནི། གྲྭ་བའི་གཤིས་སྤྱོད་ལ་ཟེར་བ་རེད། མ་གཞི་གྲྭ་བའི་གཤིས་སྤྱོད་ཁྱིམ་པ་ལས་ཡག་ཅིག་དགོས་བ་རང་ཉིད་གྲྭ་བ་ཡིན་པས་རེད། ཀུན་སྤྱོད་གཙང་མ་ཞིག་གི་ཆེད་དུ་བཅོམ་ལྡན་འདས་ཀྱིས་རྩ་བ་བཞི་དང་ཡན་ལག་བཞི་འམ་རྩ་བ་བཞི་དང་ཡན་ལག་བཅུ་གསུམ་སོགས་དགེ་ཚུལ་སློང་གི་སྡོམ་ཁྲིམས་དག་གསར་བཟོ་གནང་བ་རེད། ང་ཚོས་ཀྱང་དེ་ལྟར་ཁས་ལེན་བྱས་ཏེ་གྲྭ་བ་བྱས་བ་རེད། འོན་ཀྱང་། མང་པོ་ཞིག་རང་ཉིད་གྲྭ་བ་བྱས་ནས་མི་ལོ་བཅུ་གྲངས་ཤིག་བརྒལ་ཟིན་ནང་རང་ཉིད་ཀྱིས་སྲུང་དགོས་བའི་སྡོམ་པ་གང་དང་གང་ཡིན་མི་ཤེས་བའི་གྲྭ་བ་ག་ཚོད་ཅིག་ཡོད་དམ། བུད་མེད་དང་ཉལ་བོ་བསྟེན་མ་བསྟེན་ནི་དེང་སེང་གི་གྲྭ་བ་ཡིན་མིན་གྱི་ཚད་གཞི་རེད། བུད་མེད་དང་ཉལ་བོ་མ་བསྟེན་ན་ག་རེ་ཡིན་ཡང་བྱས་ཆོག་པ་ལྟ་བུ་ཞིག་ཏུ་གྱུར་བའི་གྲྭ་བའི་ཀུན་སྤྱོད་དག་ནི་གྲྭ་བའི་མཐོང་ངམ་རིན་ཐང་བརླག་པའི་རྩ་བའི་རྒྱུ་དེ་རེད། འགྲོ་སྟངས་བྱས་ན་གྲྭ་བ་བྱས་རྗེས་གྲྭ་བའི་བརྩི་སྲུང་བྱེད་དགོས་བའི་སྡོམ་ཁྲིམས་རྣམས་ངོ་སྤྲོད་དང་སློབ་སྦྱོང་བྱེད་དགོས་བ་ལྟ་བུ་ཞིག་ཡོད་ནའང་།
དེང་སང་སྤྱི་ཚོགས་ཁྲོད་དུ་གྲ་པ་ཟེར་དུས་ཁ་བཤད་གཏོང་ས་བྱེད་གི་འདུག་ལ་གྲ་ལོག་ཟེར་ན་ཧ་ཀྱང་མ་རུང་པ་ཞིག་དུ་བརྩི་གི་འདུག་། ད་དུང་བོད་ཡིག་ཕྲན་བུ་ཤེས་པ་ཙམ་གྱིས་རང་ཉིད་རང་གི་བརྩོམ་པ་པོ་དུ་བློམ་པའི་ཐ་མ་ནག་པའི་རྐྱལ་པ་དེ་ཚོ་དངོས་འབྲེལ་ཡ་ང་བ་དང་ཡུ་མུག་པོ་རང་རེད་། གང་ཡིན་ཟེར་ན་ ཡོན་ཏན་ཏོག་ཙམ་ལས་མེད་ན་ཡང་ཆོལ་ཁ་དང་ཆོས་ལུགས་བར་དཀྲུགས་ཤིན་བཟོ་བ་དང་ དགེ་འདུན་པ་ལ་འཕྱ་དམོད་བྱེད་པ་སོགས་བཀྲ་མི་ཤེས་པ་དང་ དོན་མི་འགྲུབས་པའི་ལྟམ་འཆལ་ཀྱང་བཤད་ རང་ཉིད་བོད་པ་ཡིན་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ཀྱི་རྐངའཛིན་སུ་ཡིན་པ་མ་ཤེས་པ་དང་ ཕ་རོལ་པའི་སྐྱོན་འདོག་དྲག་པས་ རང་ལ་དགོས་པའི་ཡོན་ཏན་མེད་ཁར་བོད་ཀྱི་པའི་ཞབས་ཞུ་ག་ནེ་ཡོང་ ཧ་ཀྱང་སེམས་ཕམ་དགོས་པ་ཞིག་ལ་ ཉིན་རེའི་འཚོ་བ་ཡི་དཀའ་ངལ་འཕྲད་ཏེ་ དབྱིན་རྒན་མ་དེ་ཚོའི་སྟུ་བལྡག་པ་སོགས་ ཟ་ལེ་རྒྱལ་གྱི་འཚོ་དགོས་པ་དེ་ཚོ་དངོས་གནས་ངོ་ཚ་དགོས་པ་རེད་། གནའ་དེང་གི་ཤེས་ཡོན་ཕྲན་བུ་ཡོད་ན་བོད་ཀྱི་ལ་ཞབ་ཞུ་མ་འབྱོལ་རུང་གང་ཟག་རེ་ཟུང་ལ་ཕན་པ་སྒྲུབ་ཐུབ་ཀྱང་སྦྱང་པའི་འབྲས་བུ་ངོ་མ་རེད
དྲ་གྲོགས་གང་མང་ཕེབས་ནས་བགྲོ་གླེང་གནང་བར་དགའ་བོ་བྱུང་། བཏག་ནོར་དང་ཡིག་ནོར་ཁ་ཤས་ཤོར་འདུག་པས་དགོངས་དག་ཞུ་རྒྱུ་ཡིན། གྲྭ་བ་བྱེད་པ་དེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་རེད། དེའི་ཕྱིར་དེང་དུས་ཀྱི་སློབ་སྦྱོང་མི་དགོས། སྤྱི་ཚོགས་ཀྱི་འགྲོ་སྟངས་མི་དགོས། སྤྱི་ཚོགས་ནང་ལ་མཐོང་དང་རིན་ཐང་མི་དགོས་ཟེར་ན། ཁྱེད་ཀྱི་ལྟ་བ་ནི་མཁྲེགས་སོ།། ཁྱེད་ཀྱི་ཀླད་པ་ནི་རྙིང་ངོ་།། ཟེར་རྒྱུ་ལས་གཞན་མེད་དོ།།
གྲྭ་བ་དགོས་དང་མི་དགོས་ཟེར་བ་དེ་གྲྭ་བ་སྤྱི་ཚོགས་ནང་གནས་དགོས་དང་མི་དགོས་ཟེར་བ་རེད་ལ། གྲྭ་བ་སྤྱི་ཚོགས་ནང་གནས་དགོས་དང་མི་དགོས་ཀྱི་གནད་དོན་དེ། གྲྭ་བ་རང་སྟེང་གི་རིན་ཐང་དང་། གྲྭ་བས་སྤྱི་ཚོགས་ལ་ཕན་ཐོགས་མིན་གྱི་གནད་དོན་ལ་ཐུག་འདུག གྲྭ་བ་རང་སྟེང་གི་རིན་ཐང་ནི་གྲྭ་བའི་ལྗིད་ཁོག་ལ་ཟེར་བ་རེད། གྲྭ་བའི་ལྗིད་ཁོག་ཟེར་བ་དེ་ཡང་གྲྭ་བ་རྒྱགས་པ་རྫིག་པོ་དེ་འདྲ་ལ་གོ་རྒྱུ་མ་ཡིན་པར། ཁྱིམ་པ་བ་ལ་ལྟོས་ནས་ཁྱད་འཕགས་ཀྱི་ཀུན་སྤྱོད་ལྡན་པ་དང་། ཁྱད་འཕགས་ཀྱི་ཡོན་ཏན་ལྡན་པ། ཁྱད་འཕགས་ཀྱི་བསམ་བློ་ལྡན་པ། ཁྱད་འཕགས་ཀྱི་འགན་འཁྲི་ལྡན་པའི་གྲྭ་བ་ཞིག་ཡིན་ཚེ་ད་བཟོད་གྲྭ་བ་རིན་ཐང་ཅན་ཞིག་ཆགས་པ་རེད།
དེ་ཡང་ཁྱད་འཕགས་ཀྱི་ཀུན་སྤྱོད་ལྡན་པ་ཟེར་བ་ནི། གྲྭ་བའི་གཤིས་སྤྱོད་ལ་ཟེར་བ་རེད། མ་གཞི་གྲྭ་བའི་གཤིས་སྤྱོད་ཁྱིམ་པ་ལས་ཡག་ཅིག་དགོས་བ་རང་ཉིད་གྲྭ་བ་ཡིན་པས་རེད། ཀུན་སྤྱོད་གཙང་མ་ཞིག་གི་ཆེད་དུ་བཅོམ་ལྡན་འདས་ཀྱིས་རྩ་བ་བཞི་དང་ཡན་ལག་བཞི་འམ་རྩ་བ་བཞི་དང་ཡན་ལག་བཅུ་གསུམ་སོགས་དགེ་ཚུལ་སློང་གི་སྡོམ་ཁྲིམས་དག་གསར་བཟོ་གནང་བ་རེད། ང་ཚོས་ཀྱང་དེ་ལྟར་ཁས་ལེན་བྱས་ཏེ་གྲྭ་བ་བྱས། འོན་ཀྱང་། མང་པོ་ཞིག་རང་ཉིད་གྲྭ་བ་བྱས་ནས་མི་ལོ་བཅུ་གྲངས་ཤིག་བརྒལ་ཟིན་པའི་དེ་རིང་ཡང་རང་ཉིད་ཀྱིས་སྲུང་དགོས་བའི་སྡོམ་པ་གང་དང་གང་ཡིན་མི་ཤེས་བའི་གྲྭ་བ་ག་ཚོད་ཅིག་ཡོད་དམ། བུད་མེད་དང་ཉལ་བོ་བསྟེན་མ་བསྟེན་ནི་དེང་སེང་གི་གྲྭ་བ་ཡིན་མིན་གྱི་ཚད་གཞི་དེ་ཡིན་ལ། བུད་མེད་དང་ཉལ་བོ་མ་བསྟེན་ན་ག་རེ་ཡིན་ཡང་བྱས་ཆོག་པ་ལྟ་བུ་ཞིག་ཏུ་གྱུར་བའི་གྲྭ་བའི་ཀུན་སྤྱོད་དག་ནི་གྲྭ་བའི་མཐོང་ངམ་རིན་ཐང་བརླག་པའི་རྩ་བའི་རྒྱུ་དེ་རེད། འགྲོ་སྟངས་བྱས་ན་གྲྭ་བ་བྱས་རྗེས་གྲྭ་བའི་བརྩི་སྲུང་བྱེད་དགོས་བའི་སྡོམ་ཁྲིམས་རྣམས་ངོ་སྤྲོད་དང་སློབ་སྦྱོང་བྱེད་དགོས་བ་ལྟ་བུ་ཞིག་ཡོད་ནའང་། འདུལ་བ་མིག་གིས་མ་མཐོང་བར་མི་ཚེ་ཟད་པའི་གྲྭ་བ་ག་ཚོད་ཅིག་ཡོད་པ་ང་ཚོས་ཤེས་གསལ་རེད། དགོན་པ་དག་གིས་ཀྱང་ལྟ་རྟོག་ཚོགས་པ་བཙུགས་ནས་གྲྭ་བ་ཕྱི་ནས་སྡོམ་་ཐབས་བྱེད་རྒྱུ་ལས་གྲྭ་བ་ལ་འདུལ་ཁྲིམས་ངོ་སྤྲོད་དང་གོ་སྐོན་བློ་འགུགས་ཀྱི་ཐབས་ལམ་སྤྱད་དེ་གྲྭ་བ་ནང་ནས་སྡོམ་ཐུབ་པ་ཞིག་བྱུང་ན། གྲྭ་བ་ལ་ཁྱད་འཕགས་ཀྱི་ཀུན་སྤྱོད་ལྡན་ངེས་ཡིན།
ཁྱད་འཕགས་ཀྱི་ཡོན་ཏན་ཟེར་བ་ནི། གནའ་དེང་གཉིས་ལྡན་གྱི་ཡོན་ཏན་སྟེ་སེར་ཤུལ་བས་བརྗོད་པ་དེ་རང་ཡིན། ༧གོང་ས་མཆོག་གིས་གསུངས་བ་ལྟར། གལ་ཏེ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་བ་ཞིག་བྱེད་འདོད་ན་ཐོག་མར་ང་ཚོ་དུས་རབས་ཉེར་གཅིག་པའི་མི་ཞིག་བྱེད་དགོས་བ་དེའི་སྔོན་འགྲོ་རེད། དུས་རབས་ཉེར་གཅིག་པའི་མི་ཞིག་བྱེད་པ་ལ་དེང་དུས་ཀྱི་ཤེས་ཡོན་མ་སྦྱང་རང་སྦྱང་ཡིན། ང་ཚོས་དེང་དུས་ཀྱི་ཤེས་ཡོན་སྦྱངས་བ་དེ་ཡང་རང་ཉིད་ཀྱི་ནང་ཆོས་སྦྱོང་བའི་དགོས་དམིགས་ཐད་ཀྱི་མཐུན་རྐྱེན་ནམ་ཡང་ན་དེ་དང་ཡ་མ་བྲལ་བ་ཞིག་དགོས་བ་སྟེ། བསྡུས་ཏེ་བཤད་ན་བསྟན་པ་དང་འགྲོ་བའི་ཆེད་དུ་ཡིན་དགོས་ཟེར་བ་ཡིན། དཔེར་ན་ང་ཚོས་ཀློག་ཀླད་ཀྱི་ཤེས་བྱ་སྦྱོངབ་དེ་ང་ཚོ་སྤྱི་ཆོགས་ཀྱི་རྗེས་སུ་མི་ལུས་བའི་ཆེད་དང་ཡང་ན་སྤྱི་ཚོགས་ཀྱི་མཐོང་ཆུང་མི་མྱོང་བའི་ཆེད་དུ་ཡིན་ངེས་མོད། དེ་ཙམ་ཞིག་དེའི་དགོས་དམིགས་མཐར་ཐུག་དེ་མ་ཡིན། ངས་བལྟས་ན་དེའི་དགོས་དམིགས་མཐར་ཐུག་ནི་ཀློག་ཀླད་རིག་པ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། དེ་ལ་བརྟེན་ནས་ནང་ཆོས་དེ་སྤྱི་ཚོགས་ནང་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་རྒྱུ་དེ་རེད། དེ་བཞིན་ཚན་རིག་སྦྱོང་ནའང་གཅིག་རེད། རང་གི་སློབ་སྦྱོང་གཙོ་བོ་དེའི་ཡན་ལག་གམ་གཞོགས་འདེགས་ཀྱི་ཆེད་དུ་སྦྱོང་དགོས་བ་ཡིན། སྔར་རྒྱ་གར་གྱི་མཁས་བ་དག་གིས་སྐབས་དེའི་ནང་པའི་ཆོས་ལ་ཁ་གཏད་ཀྱི་རྣམ་པར་ཡོད་པའི་ཕྱི་རོལ་བའི་ཆོས་ལ་དགག་བཞག་མང་པོ་གནང་ཡོད། ད་ལྟ་ང་ཚོར་ཁ་གཏད་རང་བཞིན་ཅན་གྱི་ཆོས་ལུགས་དེ་འདྲ་དམིགས་བསལ་མེད་ནའང་། ང་ཚོས་ད་དུང་ཕྱི་རོལ་བ་ལ་དགག་པ་བརྒྱབ་ནས་ཁ་ཕྱིར་མ་འཁོར་བར་འགྲོ་བསྡད་ཡོད་པ་རེད། གལ་ཏེ་ང་ཚོ་ཁ་ཕྱིར་འཁོར་ནས་བལྟས་བ་ཡིན་ན་ང་ཚོར་ཁ་གཏད་ཀྱི་རྣམ་པར་ཡོང་སྡོད་མཁན་དེ་ཚན་རིག་ཆགས་ཡོད་པ་རེད་མ་གཏོགས་ཕྱི་རོལ་བ་ཆགས་མི་འདུག། གལ་ཏེ་རྣམ་ཤེས་ཟེར་བ་ཞིག་དང་སྐྱེ་བ་སྔ་ཕྱི་ཟེར་བ་ཞིག་ཡོད་ན་ཡོད་པའི་ཡོད་སྟངས་དང་རིགས་པ་ཁོང་ཚོར་བགྲང་དགོས་བའི་དུས་རེད། དེ་བཞིན་ཁོང་ཚོའི་རྣམ་ཤེས་དང་སྐྱེ་བ་སྔ་ཕྱིའི་སྐོར་གྱི་ལྟ་གྲུབ་ཐད་ལའང་དགག་བཞག་བྱེད་རྒྱུ་ཏན་ཏན་ཡོད་པས་ཚན་རིག་སྦྱོང་དགོས་བ་ཡིན། སློབ་དཔོན་ཆོས་ཀྱི་གྲགས་པས་ཀྱང་ཐོག་མར་ཕྱི་བའི་བསྟན་པ་ལ་སྦྱངས་བ་མ་ཡིན་ནམ། འོན་ཀྱང་། ང་ཚོས་ཚན་རིག་་སྦྱོང་བ་དེ་དགག་པ་རྐྱང་གི་ཆེད་དུ་ཡིན་ན་ནོར་བ་རེད། ཁྱད་འཕགས་ཀྱི་ཀུན་སྤྱོད་ཅིག་དང་། ཁྱད་འཕགས་ཀྱི་ཡོན་ཏན་ཞིག ད་དུང་ཁྱད་འཕགས་ཀྱི་བསམ་བློ་ཞིག་དང་། ཁྱད་འཕགས་ཀྱི་འགན་འཁྲི་ཞིག་གི་ཆེད་དུ་ང་ཚོས་ཚན་རིག་ལ་སྦྱངས་ཏེ་དུས་རབས་ཉེར་གཅིག་པའི་མི་བུ་ཚད་ལྡན་ཞིག་དང་གྲྭ་བ་ཚད་ལྡན་ཞིག་བྱེད་ཐུབ་པ་ཡིན་ན། གྲྭ་བ་དགོས་དང་མི་དགོས་ཀྱི་དྲི་བ་འདི་ཡོང་དགོས་དོན་ཡོད་པ་མ་རེད།
དུས་ཚོད་ཀྱི་དབང་གིས་འབྲི་མཚམས་འཇོག་དགོས་བྱུང་། ལག་ནོར་ཤོར་ནས་རྩོམ་ཡིག་འདིའི་སྟོད་བཏང་ཚར་སོང་བར་དགོངས་དག་ཞུ།
གོང་གི་བརྩོམ་པ་པོ་དང་མཆན་བུ་འདེབས་མཁན་རྣམས་ཀྱི་གསུངས་པར་ཞིག་ན། དེང་སྐབས་བོད་པའི་སྤྱི་ཚོགས་ནང་གྲྭ་པ་བྱེད་མཁན་ཉུང་དུ་ཕྱིན་པ་དེ། དགོན་སྡེ་ཁག་ལ་དེང་དུས་སློབ་སྦྱོང་མེད་འདུག་ཟེར་བ་རྒྱུ་མཚན་དུ་བཀོད་ན་དེ་མཐོང་རྒྱ་ཆུང་བའི་སྐད་ཆ་ཞིག་ཡིན་པར་འདོད། དེ་ལ་རྒྱུ་མཚན་གཉིས་ཡོད། དང་པོ། དགོན་སྡེ་ཕལ་ཆེར་བར་དེང་དུས་སྐད་ཡིག་དབྱེན་ཡིག་དང་རྩིས་རིག བོད་ཡིག སུམ་རྟགས་སྙན་ངག་སོགས་སློབ་སྦྱོང་བྱེད་ས་ཡོད་པ་རེད། གཉིས་པ། གྲྭ་བ་བྱེད་མཁན་ཉུང་དུ་ཕྱིན་པ་དེ་དགོན་པར་དེང་དུས་ཀྱི་སློབ་སྦྱོང་མེད་པ་རྒྱུ་མཚན་དུ་བཀོད་ན། དེང་སྐབས་རྒྱ་གར་དང་བལ་ཡུལ་ནང་ལ་ཡོད་པའི་བོད་པའི་སློབ་གྲྭ་ཁ་ཤས་ནང་བོད་རིགས་ཕྲུག་གུ་མེད་པར་སློབ་གྲྭ་སྒོ་རྒྱབ་དགོས་བྱུང་བ་དང་། ད་ལྟ་ཡོད་བཞིན་པའི་སློབ་གྲྭ་མང་པོའི་ནང་བོད་པའི་སློབ་ཕྲུག་སྔར་དང་སྡུར་ན་གྲངས་ཚད་ཧ་ཅང་དམའ་བོར་སླེབས་ཡོད་པ་རེད། དཔེར་མཚོན་ཙམ་ཞིག་ཞུས་ན། བལ་ཡུལ་ཁུལ་དུ་ཡོད་པའི་བོད་པའི་སློབ་གྲྭ་རྣམ་རྒྱལ་མཐོ་འབྲིང་གཉིས་དང་སྲོང་བཙན་སློབ་གྲྭ་སོགས་ཀྱི་ནང་དེང་སྐབས་བོད་པའི་སློབ་ཕྲུག་གི་གྲངས་ཚད་དམའ་བོར་སླེབས་པར་རྟེན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་དང་བལ་པོའི་ཡུལ་མིའི་ཕྲུག་གུ་མང་པོ་བཅུག་ནས་ད་ལྟ་བོད་པའི་སློབ་གྲྭ་དེ་དག་ནང་བོད་ཕྲུག་ཉུང་ཤས་ཆགས་ཡོད། དེ་བཞིན་རྒྱ་གར་ནང་གི་བོད་པའི་སློབ་གྲྭ་མང་པོའི་ནང་བོད་པའི་སློབ་ཕྲུག་གྲངས་ཚད་དམའ་བར་རྟེན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཕྲུག་གུ་མང་པོ་བཅུག་ཡོད་པ་རེད། སློབ་གྲྭ་དེ་ཚོར་བོད་པའི་ཕྲུག་གུ་བཞུགས་མཁན་ཉུང་དུ་སོང་བ་དེ། དེང་དུས་ཀྱི་སློབ་སྦྱོང་སྤྲོད་ཀྱི་མེད་འདུག་ཟེ་བཤད་ས་མེད་པས་རྒྱུ་མཚན་གཞན་ཞིག་ཐོག་བསམ་བློ་གཏང་དགོས།
གྲྭ་པ་ཤིན་ཏུ་ནས་དགོས།དེ་མིན་དཀོན་མཆོག་གཉིས་ལས་མེད།
ཡིན་ན་ཡང་སྤོས་དག་ཙམ་དང་གྲངས་ཀ་ཉུང་ཙམ་གྱིས་འགྲིག་འདུག་སྙམ།
གང་ཡིན་ཟེར་ན་གྲྭ་པ་རྫུན་མ་མང་བ་དང་ནུས་མེད་མང་བ། འཇིག་རྟེན་མ་འཇོན་ན་གྲྭ་ས་ལ་གཏོང་པ་སོགས་ཡག་པོར་མ་མཐོང་།གྲྭ་ལོག་ཚོའང་འཇིག་རྟེན་འཚོ་ཚིས་ལ་འཇོན་པ་ལས་འཛམ་གླིང་ཐུན་མོང་རིག་གཞུང་གི་གཏིང་མི་ཆོད་པ་འདི་དགོངས་གཞི་ཞིག་རེད་སྙམ། མདོར་ན་གྲྭ་ལོག་མང་པ་ལས་གྲྭ་པ་མང་མང་ན་ལུང་རིགས་གང་གིས་ཀྱང་སྒྲུབ་ཐུབ་པ་ནི་སངས་རྒྱས་ཤག་ཐུབ་དང་ད་ལྟའི་ནང་ཆོས་ཀྱི་དབྱེ་དེ་ཤེས་པ་གལ།་
ངས་བསམ་པར་གྲྭ་པའི་སྤྱི་ཚོགས་རྒྱུན་གནས་ཐུབ་པར་གྲྭ་ལོག་ལ་མཐོང་ཆུང་བྱེད་རྒྱུ་ཉུང་རུ་གཏོང་དགོས་འདུག་སྙམས། ང་ཚོའི་སྤྱི་ཚོགས་འདིར་གྲྭ་པ་ལྷ་དང་གྲྭ་ལོག་ཐན་དུ་ལྟ་བའི་བག་ཞེན་དེའི་སྐྱོན་རེད། དུས་རབས་སྔོན་མར་ལྟ་སྟངས་དེ་རིགས་དགོས་མཁོ་ཡོད་ཀྱང་ད་ཆ་ཚད་བརྒལ་མཐའ་ལྷུང་གི་ཞེན་པ་ཆེ་དྲག་ན་སྤྱི་ཚོགས་ནང་གནོད་ཤུགས་འབྱུང་གི་ཡོད། དེང་སང་ཕ་མ་མང་པོ་ཞིག་ནས་བུ་གྲྭ་པ་བྱུང་ན་དཔེ་ཡག་པོ་རེད་དེ་མ་བྱུང་ན་མི་གྲལ་ལ་ཚུད་ཀྱི་མ་རེད་དེ་ལས་སློབ་གྲྭ་གཏོང་བཞག་ན་ཡག་གི་ཟེར་ཀྱིན་འདུག་པས། དེ་དག་ནི་སྤྱི་ཚོགས་འདིར་གྲྭ་ལོག་དང་གྲྭ་པ་བར་ཧེ་བག་ཆེ་དྲག་པའི་རྒྱུན་རྒྱུན་འབྲས་རེད་སྙམས། དེས་ན་གྲྭ་ལོག་མཐོང་ཆུང་ཆེད་གསོད་དེ་ཙམ་མ་བྱས་ན་གྲྭ་པ་བྱེད་མཁན་ཡང་མང་དུ་འགྲོ་གི་རེད་ལ་གྲྭ་ལོག་ཡང་བཞིན་འབྱུང་རྒྱུ་རེད།
ནོར་བཅོས་ གྲྭ་ལོག་ཡང་དེ་བཞིན་འབྱུང་རྒྱུ་རེད་
གྲྭ་བ་དགོས་དང་དགོས། ཡིན་ནའང་གྲྭ་རྫུན་དང་སྤྲུལ་རྫུན་མི་དགོས་ཐག་ཆོད་ཡིན། སེར་མིན་སྐྱ་མིན་དེ་ཚོ་སངས་རྒྱས་བསྟན་པའི་དགྲ་བོ་ཡིན་པ་དྲ་ཐོག་འདི་ན་ཁྲ་ལེམ་མེར་ཤར་ནས་མི་འདུག་གམ།
གྲྭ་བའི་ལྗིད་ཁོག་དེ་ཅི་ཞིག་ལ་འཇོག་དགོས་སམ།
དེ་ཡིན་ན་མི་ཡི་ལྗིད་ཁོག་ཞིག་ཀྱང་དགོས།
བོད་མིའི་ལྗོད་ཁོག་ཞིག་ཀྱང་དགོས།
གལ་ཏེ་དེ་དག་ལ་དེ་ལྟར་མ་ཚང་ན་མི་གྲལ་ནས་ཕུད་དགོས་རྒྱུ་ཡིན་ནམ།
བོད་མིའི་གྲལ་ནས་ཕུད་དགོས་རྒྱུ་ཡིན་ནམ།
གྲྭ་བ་དགོས་དང་མི་དགོས་ཀྱི་སྐད་ཆ་ཤོད་དགོས་མེད། གྲྭ་བ་ཉིན་རེ་ནས་ཉིན་རེར་ཉུང་དུ་འགྲོ་བཞིན་ཡོད།
ཉིན་ཅིག་རྒྱ་གར་གྱི་ལྷ་ཁང་དགོན་པ་ནང་བཞིན་ནང་དུ་རྡོ་སྐུ་རེ་ཙམ་དང་ལྷ་ཡི་སྐུ་པར་རེ་ཙམ་ལས་མ་ལུས་ཏེ་དགོན་པ་སྟོང་པ་ཆགས་རྒྱུའི་ཉག་གཅིག་རེད།
སེམས་ཁྲལ་དགོས་པ་མི་འདུག
མཆན་དང་པོ་སྤེལ་མཁན་ཚེ་བསམ་ལགས་ཁྱེད་རང་གི་རྩོམ་པ་པོ་སྨྱོ་འདུག་ཞེས་པའི་བརྗོད་ཚིག་བལྟས་ན་ཁྱེད་ཀྱང་གྲྭ་ལོག་ཞིག་ཡིན་པ་ཐེ་ཚོམ་མེད་མོད། ངས་དེང་གི་སྤྱི་ཚོགས་སུ་གྲྭ་པ་དགོས་སམ་ཞེས་པའི་དྲི་བར་ལན་ཕྲན་བུ་འདེབས་འདོད་ཁྱེད་ལ་གནོད་ནས་ང་ཡང་སྨྱོ་འདུག་ཞེས་བརྗོད་སྲིད། ཡིནའང་ཁྱད་པར་མི་འདུག དེང་གི་སྤྱི་ཚོགས་སུ་གྲྭ་པ་རྩ་བ་མི་དགོས། གྲྭ་པ་མང་ན་གྲྭ་ལོག་མང་། གྲྭ་ལོག་མང་ན་སྤྱི་ཚོགས་ཟང་ཟིང་བཟོས། དཔེ་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
མཆན་དངོས་རྒྱག་སའི་སྒོ་གཏན་པ་ཡིན་ནམ་གང་ལྟར་དེར་མཆན་རྒྱག་ཐུབ་ཀྱི་མི་འདུག་པས་དགོངས་འགལ་མེད་པར་འདིར་བརྗོད་བྱ་འདི་དང་མ་འབྲེལ་བའི་མཆན་ཞིག་འགོད་ཆོག་པར་ཞུ། མཁན་མིང་ལ་དགའ་བའི་རྒྱོས་པའི་རྡོ་མཇེས་ཟེར་ན། རྡ་རམ་ས་ལའི་དགེ་ལུགས་པའི་གཞུང་གིས། ༼གདོན་གཟུགས་བོན་གྱི་བསྟན་པ་སྣུབས།༽ ཞེས་པ་ཞིག་གཞུང་འབྲེལ་ཐོག་ནས་བཏོན་དང་འདོན་བཞིན་ཡོད་རབས་བཤད་པ་འདི་དངོས་བདེན་ཡིན་ན། བོན་པོ་ཚོས་ངེས་པར་དུ་ཤེས་དགོས་ལ། ལྷག་པར་དུ་བོན་པོའི་སྤྱི་འཐུས་དག་གིས་མཁྱེན་དགོས། དེ་བས་བོད་ནང་དུ་ཡོད་པའི་བོན་པོ་རེ་བ་ཅན་ཚོས་ཅི་བས་ཀྱང་མཁྱེན་དགོས། གང་ལགས་ཟེར་ན། འདི་ནི་དགེ་ལུགས་གཞུང་གིས་གྲུབ་མཐའ་སྒེར་ལ་གཞུང་འབྲེལ་གྱིས་ཐུབ་ཚོད་གཉའ་སྣོན་བྱས་པ་ཡིན་ཞིང་། རྒྱ་མིས་ཀྱང་འདི་འདྲ་དམིགས་བསལ་བོན་པོ་ལོགས་སུ་བཀར་ནས་བྱེད་མྱོང་མེད། བོད་དུས་ལོག་དུས་ཀྱང་བོན་པོའི་བླ་དཔོན་མང་པོ་ཕྱི་ཡུལ་དུ་གྱར་མེད་ཅིང་། དེ་ཚོས་རང་གི་ལྷ་འབངས་ལའང་ང་ཚོ་བོན་པོ་ལ་མཚོན་ན་རྒྱ་མི་ལས་དགེ་ལུགས་འདི་ཚོ་སྡུག་གི་རེད་ཅེས་བསླབ་བྱ་བརྒྱབ་མྱོང་བ་དངོས་ཡོད་ཙམ་མིན་པར་ད་སྐབས་ཡིག་ཐོག་གི་ལོ་རྒྱུས་སུའང་མཇལ་རྒྱུ་འདུག་པས། ད་ནི་དེ་ཚོ་ཅིས་མ་བདེན་སྙམ་པ་བྱུང་། ད་ནི་དངོས་གནས་བོན་པོ་ཚོ་གཉིད་སད་རན་འདུག ནུབ་ཕྱོགས་ཕྱི་རྒྱལ་ཡུལ་དུ་བོན་པོའི་ཆོས་ཚོགས་མང་པོ་ཡོད་རབས་འདུག་པས། དེ་དག་ཏུ་གནས་ཚུལ་འདི་རིགས་གདུང་སེམས་མཉམ་སྐྱེས་ཡོང་ཕྱིར་སྤེལ་དགོས། བོད་དུ་ཡོད་པའི་བོན་པོ་རེ་བ་ཅན་ཚོ་ལའང་ངེས་པར་དུ་བརྡ་ལན་སྤྲད་དགོས། ངས་ནི་དེང་སང་རྡ་སའི་དགེ་ལུགས་གཞུང་གིས་ཆོས་ལུགས་རིས་མེད་ཡིན་ན་གཅིག་མང་པོར་བགྲང་གིན་འདུག་པས། དངོས་གནས་ཡིན་ནམ་བསམ་ཡོད། དེ་ལྟར་མིན་པར་རྒྱོས་པའི་རྡོ་མཇེས་བཤད་པ་རྣམས་བདེན་ན། ང་དགུའི་རྗེས་སུ་བོན་རྣམས་ཡུལ་བྱོལ་དུ་སླེབས་པ་ནས་བཟུང་། དགེ་གཞུང་འདིས་བོན་པོ་ག་ཚོད་དམར་གསོད་བཏང་ཡོད་པ་འཛམ་གླིང་མི་དམངས་ཀྱིས་ཤེས་དགོས། བོན་བླ་ཚུལ་ཁྲིམས་ཉི་མ་དཀྲོང་སྟངས་འཇིགས་ཡེར་བ་དེ་གཅིག་པུ་ཐོས་ན་ང་ཚོའི་ཁྲག་འཁོལ་གྱིན་འདུག ཕྱི་རྒྱལ་ཞིབ་འཇུག་པ་ཞིག་གིས་སྐུ་སྲོག་བསྐྱབས་མེད་ན་སྨན་རིའི་ཁྲི་འཛིན་ཡང་དགེ་གཞུང་འདིས་དཀྲོངས་ཚར་ཡོད་པ། ད་དུང་བཀྲོངས་ཟིན་པའི་བོན་བླ་གཞན་རྣམས་རིམ་པས་བཤད་ཆོག རྒྱོས་རྡོར་འདིས་བོན་རྣམས་བསྟན་པའི་ཆོམ་རྐུན་ཡིན་རབས་ཤིག་བྲིས་ཡོད་པའི་ཁ་ཕོ་སྒྲོག་པ་ནི་སྟོང་སྐད་རང་རེད་དེ། དགེ་གཞུང་གིས་ལྔ་བཅུ་ང་དགུའི་རྗེས་སུ་བོན་པོ་ག་ཚད་དམར་གསོད་བཏང་ཡོད་རབས་ཀྱི་སྐོར་ཞིག་བོན་པོ་ཚོས་ད་ནི་འབྲི་རན་ཡོད་ས་རེད། ལྷག་པར་གཞུང་འབྲེལ་ནས་༼གདོན་གཟུགས་བོན་གྱི་བསྟན་པ་སྣུབས་༽ཟེར་བ་སོགས་འདོན་གྱི་ཡོད་ན་ངེས་པར་དུ་འབྲི་དགོས་པ་རེད། རྒྱུ་མཚན་ནི་ཁ་ནས་འདོན་པ་ཙམ་མིན་པར་ལག་བསྟར་གྱིས་བོན་རྣམས་དམར་གསོད་བྱེད་ཀྱི་ཡོད་པས་སོ། །
སྤྲིན་པ་ཁ་སེར་གཏིང་ནག །སད་དང་སེར་བའི་གཞི་མ། །བན་དེ་སྐྱ་མིན་སེར་མིན། སངས་རྒྱས་བསྟན་པའི་དགྲ་བོ། ཞེས་པའི་གཞས་འདི་ནི་སྔོན་གྱི་དུས་སུ་བོད་པ་ཚོས། ༸གོང་ལ་སྐུ་ཕྲེང་དྲུག་པ་ཚང་དབྱངས་རྒྱ་མཚོར་ཟུར་ཟའི་ཆེད་དུ་བཏང་བར་གྲགས། དེས་ན་ཚིག་འདི་ལྟ་བུ་དག་གིས་ཀྱང་བསྟན་པ་བཤིག་པའི་ལོ་རྒྱུས་ལས། བསྟན་པ་བསྲུང་བའི་ལོ་རྒྱུས་མེད། སྤྱིར་སྐྱ་མིན་སེར་མིན་དེ་ཡག་པོ་མ་རེད་དེ། དེང་སང་མི་ཁག་ཅིག་གིས་ཚིག་འདི་གྲྭ་པ་ལ་སྐྱོན་བརྗོད་བྱེད་ཀྱི་ལག་ཆར་བཟུང་ནས་གྲྭ་པར་གཞི་མེད་སྐྱོན་བརྗོད་དང་སྡང་ཟུག་བྱེད་བཞིན་ཡོད་པ་ཡང་ཤེས་དགོས།
དོན་དམ་གྲྭ་པ་དགོས་མིན་གྲྭ་པ་རང་ཉིད་ཀྱི་བསམ་བློ་གཏོང་དགོས་པ་ཞིག་རེད། གྲྭ་པ་སྤྱི་ཚོགས་ཀྱི་མིག་གི་ཚེར་པ་རེད་འདུག་ཟེར་པ་རྒྱུ་མཚན་མི་འདུག་བསམ་བྱུང་། གྲྭ་པ་ཟེར་དུས་ཚང་མའི་མིག་ལ་མི་འགྲོ་པ་འདི་གྲྭ་པ་འགའ་ཤེས་ཞིག་གི་བཟོས་པ་རེད། མི་སུ་ཞིག་ཡིན་རུང་གྲྭ་པ་སྤྱི་མི་ཟེར་པར་གང་ཟག་རང་ཉིད་དངོས་བཟོང་ན་འགྲིག་གི་འདུག སྤྱིར་ནང་དོན་རིག་པ་གཞུང་ལུགས་ཟབ་ཀྱང་རྒྱ་ཆེ་བ་ཞིག་ཤེས་དགོས་ན་འདྲ་མིན་མང་པོ་ཞིག་མེད་ན་དགེ་མཚན་ཆེ་བར་མཐོང་།
ང་ཚོས་སྤྱི་ཚོགས་འདིས་མིའི་སྐྱོན་ཁོ་ན་འཚོལ་བར་དགའ་བ་ལས། ཡོན་ཏན་ཅན་ལ་བསྟོད་པའི་སྤོབས་པ་མེད་པའི་ལན་པ་རེད། ད་ལྟ་བར་དུ་རྩོམ་ཡིག་བྲིས་ཏེ་གྲ་པར་སྡང་མཁན་ནི་མང་ཆེ་བ་གྲ་ལོགས་ཁོ་ན་ཡིན། ཁོང་ཚོས་སོ་སོ་དགོན་པར་འདོད་དུས་སྤྱོད་ངན་བརྩམས་པ་རྣམས་དགེ་འདུན་པ་གཞན་ལ་འཕྱ་བ་དང་དམོད་པའི་ལག་ཆར་བཀོལ་སྤྱོད་བྱ་ཡི་ཡོད། དེས་སོ་སོ་གྲ་པ་ལོག་པ་དེ་ནོར་འཕྲུལ་མིན་པའི་དག་ཕུད་བྱེད་པའི་ཁུལ་རེད། བཤད་སྒྲུབ་གཉིས་ཀྱི་བསྟན་པའི་གཞི་མ་གདན་ས་ཁག་མེད་ན། གཞན་པ་ང་ཚོར་ངོམས་རྒྱུ་གང་ཡོད། ད་ལྟ་བར་དུ་བོད་ཀྱི་ཆོས་དང་རིག་གཞུང་ཞེས་འཛམ་གླིང་གི་མི་མང་པོས་དགའ་བོ་བྱེད་ས་དེ་གཅེས་འཛིན་བྱ་མཁན་སུ་རེད། གཞན་པ་ཕར་ཞོགས་བོད་ཡིག་ནང་རྩོམ་ཡིག་འབྲི་མཁན་དང་། བོད་ཡིག་ཐོག་ལ་མཁྱེན་པ་ཡངས་པ་མང་ཆེ་བ་དགེ་འདུན་པ་དང་། གྲ་ལོག་རྣམས་རེད། ཁོང་ཚོར་དེང་རབས་ཀྱི་སློབ་སྦྱོང་མིན་འདུག་ཟེར་ནས་དམོད་པ་ཡང་བདེན་པ་མིན། བོད་ཡིག་གི་ལམ་ནས་དེང་རབས་ཀྱི་ཚན་རིག་སོགས་ཀྱི་སྐོར་ལ་ཉམས་ཞིབ་ཀྱིས་རྩོམ་འབྲི་མཁན་ནི་དགེ་འདུན་པ་དང་། གྲ་ལོག་རྣམས་རེད། སྐབས་རེ་ང་ཚོར་ཨ་ཞང་རྒྱ་དམར་གྱིས་ཀླད་དུག་གིས་བཟི་ནས་ཇི་མི་ཉམས་པར་རང་གི་མི་རིགས་ལ་དམོད་པ་ནི་སེམས་སྐྱོ་དགོས་པ་རེད།
བོད་པའི་སྤྱི་ཚོགས་ནང་དེང་དུས་འཚོ་བའི་གནས་སྟངས་ཇེ་བཟང་དུ་ཕྱིན་ཡོད་པའི་རྐྱེན་གྱི་གྲ་བར་འཛུལ་བཞུགས་བྱེད་མཁན་ཡང་ཇེ་ཉུང་དུ་འགྲོ་ཡོད། དེའི་ཕྱིར་ཧི་མ་ལ་ཡའི་ས་ཁུལ་ནང་གནད་སྡོད་བྱ་མཁན་གྱི་བོད་མི་མ་ཡིན་པའི་ཕྲུག་གུ་ཇེ་མང་གྲྭ་བར་འཇུག་འགོ་བཙུགས་ཡོད། མང་ཆེ་བ་འཚོ་བའི་དཀའ་ངལ་གྱི་རྐྱེན་པའི་གྲྭ་བར་འཛུལ་བཞུགས་བྱ་བཞིན་ཡོད་པ་དངོས་གསལ་ལ། ཕྲུ་གུ་ན་སོ་ཆེ་རུ་ཕྱིན་སྐབས་གྲྭ་བ་བྱེད་རྒྱུར་དོ་དབྱིངས་རླག་སྟེ་ཐ་མ་ཚུལ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ངན་རིགས་སྤེལ་བཞིན་ཡོད། དཔེར་ན། བུད་མེད་མཉམ་ལུས་འབྲེལ་བྱེད་པ་ལ་སོགས་པའི་བྱ་སྤྱོད་ངན་པ་རིགས་བྱེད་བཞིན་པར་སྟོན་པའི་ཞབས་འདེགས་ཞུ་རྒྱུ་ལས་ཞབས་འདྲེན་ཞུ་བཞིན་ཡོད་པ་ལགས་སོ།
གྲྭ་བ་ཡང་དགོས་ལ་གྲྭ་ལོག་ཀྱང་དགོས། གོང་དུ་དྲ་གྲོགས་མང་པོ་ཞིག་གིས་གྲྭ་བ་ལ་སྨ་འབེབས་མང་པོ་བྱས་འདུག་པས་བོད་པའི་ཞབས་འདྲེན་རེད། ཆོས་ཕྱོགས་ནས་སངས་རྒྱས་བསྟན་པ་འཛིན་པ་ལ་དགེ་འདུན་གྱི་སྡེ་མེད་ན་ཁྱིམ་པས་འཛིན་མི་ཐུབ་ཅིང་། དེ་ལས་བྱུང་བའི་གཞན་ཕན་བྱང་སེམས་ཀྱིས་དེང་སྐབས་བོད་པའི་སྤྱི་ཚོགས་ནང་རྒན་གསོ་ཁང་། སློབ་གྲྭ། སྨན་ཁང་སོགས་གང་མང་ཞིག་དང་། ལྷག་པར་དགེ་བཤེས་དང་། བླ་མ། སྤྲུལ་སྐུ་ཆེ་གེ་མོ་དག་གི་རྒྱུད་ལས་བྱུང་བའི་ཕྱི་རྒྱལ་རོགས་ཚོགས་དང་། ཆོས་ཚོགས། རྒེར་གྱི་སྦྱིན་བདག་སོགས་ནི་གྲྭ་བའི་སྤྱི་ཚོགས་ལ་རྟེན་ནས་བྱུང་བ་ལས་ཆོས་དང་གྲྭ་བ་མ་འབྲེལ་བའི་སྦྱིན་བདག་གཅིག་ཀྱང་མེད་པ་རེད། བོད་རྒྱལ་ཁབ་ཀྱི་རྩ་དོན་ཐོག་གཞིས་བཞུགས་གྲྭ་བཙུན་ཚོ་གཙོ་བོ་རེད། མདོར་ཆོས་དང་ཆབ་སྲིད་གང་སྤྱིར་གྲྭ་བ་མེད་ཐབ་རེད། ཁྱེད་རང་ཚོ་གྲྭ་བ་ལ་ཁ་མ་གཏོང་སྦྱིན་བདག་མེད་ན་སོ་སོའི་རྐང་པའི་ཐོག་ལངས་ཐུབ་ཀྱི་མེད་པ། གྲྭ་ལོག་ཀྱང་དེ་བས་དེང་སང་མི་ཐོབ་པའི་ཁྱིམ་ཐབ་ཅིག་རེད་ཁོ་ཚོ་ལ་ཆོས་ཀྱི་གོ་རྟོགས་ཡོད་ཙང་སྐྱེ་དམན་ལ་མགོ་སྐོར་མི་གཏོང་བ་སོགས་ཁྱད་ཆོས་མང་པོ་ཡོད་ཚང་བུ་མོ་ཚོའི་དགའ་ཤོས་ནི་གྲྭ་ལོག་རེད།
གྲྭ་བ་ཡང་དགོས་ལ་གྲྭ་ལོག་ཀྱང་དགོས། གོང་དུ་དྲ་གྲོགས་མང་པོ་ཞིག་གིས་གྲྭ་བ་ལ་སྨ་འབེབས་མང་པོ་བྱས་འདུག་པས་བོད་པའི་ཞབས་འདྲེན་རེད། ཆོས་ཕྱོགས་ནས་སངས་རྒྱས་བསྟན་པ་འཛིན་པ་ལ་དགེ་འདུན་གྱི་སྡེ་མེད་ན་ཁྱིམ་པས་འཛིན་མི་ཐུབ་ཅིང་། དེ་ལས་བྱུང་བའི་གཞན་ཕན་བྱང་སེམས་ཀྱིས་དེང་སྐབས་བོད་པའི་སྤྱི་ཚོགས་ནང་རྒན་གསོ་ཁང་། སློབ་གྲྭ། སྨན་ཁང་སོགས་གང་མང་ཞིག་དང་། ལྷག་པར་དགེ་བཤེས་དང་། བླ་མ། སྤྲུལ་སྐུ་ཆེ་གེ་མོ་དག་གི་རྒྱུད་ལས་བྱུང་བའི་ཕྱི་རྒྱལ་རོགས་ཚོགས་དང་། ཆོས་ཚོགས། རྒེར་གྱི་སྦྱིན་བདག་སོགས་ནི་གྲྭ་བའི་སྤྱི་ཚོགས་ལ་རྟེན་ནས་བྱུང་བ་ལས་ཆོས་དང་གྲྭ་བ་མ་འབྲེལ་བའི་སྦྱིན་བདག་གཅིག་ཀྱང་མེད་པ་རེད། བོད་རྒྱལ་ཁབ་ཀྱི་རྩ་དོན་ཐོག་གཞིས་བཞུགས་གྲྭ་བཙུན་ཚོ་གཙོ་བོ་རེད། མདོར་ན་ཆོས་དང་ཆབ་སྲིད་གང་སྤྱིར་གྲྭ་བ་མེད་ཐབ་རེད། ཁྱེད་རང་ཚོ་གྲྭ་བ་ལ་ཁ་མ་གཏོང་སྦྱིན་བདག་མེད་ན་སོ་སོའི་རྐང་པའི་ཐོག་ལངས་ཐུབ་ཀྱི་མེད་པ། གྲྭ་ལོག་ཀྱང་དེ་བས་དེང་སང་མི་ཐོབ་པའི་ཁྱིམ་ཐབ་ཅིག་རེད་ཁོ་ཚོ་ལ་ཆོས་ཀྱི་གོ་རྟོགས་ཡོད་ཙང་སྐྱེ་དམན་ལ་མགོ་སྐོར་མི་གཏོང་བ་སོགས་ཁྱད་ཆོས་མང་པོ་ཡོད་ཚང་བུ་མོ་ཚོའི་དགའ་ཤོས་ནི་གྲྭ་ལོག་རེད།
ཏན་ཏན་འདི་ལ་བསམ་ཞིབ་བྱེད་དགོས་རྒྱུ་འདུག་
རེད་རེད་བདེན་པ་རེད་
རེད་ཡ་
ཤཱ་ཀྱའི་མི་བོ་ལགས་ཁྱེད་ཀྱི་གསུང་པ་བདེན་པ་རེད་ངས་ཀྱང་དེ་འདྲའི་མཆན་བུ་ཁ་ཤས་མཐོང་བྱུང་། རྒྱུ་མཚན་དེ་ལ་རྟེན་ནས་དྲ་བདག་ནས་མཆན་སྒོ་རྒྱབ་པ་རེད་ཡག་པོ་བྱུང་སོང་། དགའ་བས་རྒྱོས་པའི་རྡོ་འཇེ་ཟེར་བ་དེས་བོད་གཞུང་དང་བོན་པོའི་ཆོས་རྒྱུད་འཛིན་པ་རྣམས་ཀྱི་བར་དབྱེན་སྦྱོར་ཁོ་ན་ལས་ཚིག་དེ་ང་ཚོ་ཆོས་པའི་ངོས་ནས་སྔར་མེད་གསར་པ་གང་ཡང་མ་རེད། དེ་བས་བོད་གཞུང་དང་དགེ་ལུགས་པའི་གསར་བཟོ་བྱས་པ་ཞིག་དེ་བས་ཀྱང་མིན། དེ་ནི་གུ་རུའི་གསོལ་འདེབས་བར་ཆད་ལམ་སེལ་ནང། གདོན་གཟུགས་བོན་གྱི་བསྟན་པ་བསྣུབ། །ཆོས་སྐུ་དྲི་མེད་རིན་ཆེན་དེ། །སྐལ་ལྡན་སངས་རྒྱས་ས་ལ་བཀོད། །ཅེས་གསུང་ཡོད་པ་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བྱུང་བའི་བོད་ཀྱི་ལོ་རྒྱུས་ཀྱི་འགྱུར་འགྲོས་དང་། བོན་གྱི་བསྟན་པ་ལ་ཉམས་ཆགས་ཤུགས་ཆེན་བྱུང་བའི་དུས་སུ་གསོལ་འདེབས་དང་འབྲེལ་བའི་ཆོས་ཤིག་གི་ཚིག་རེད། ཕལ་ཆེར་བོན་གྱི་ཕྱག་དཔེའི་ནང་ལ་ཡང་བེན་དེ་ལ་དེ་འདྲ་བོ་ཁ་ཤས་གསུང་ཡོད་སྐད་རེད་དེ་དག་ལ་དེང་སང་སླར་ཡང་ཞུ་དག་བྱས་ནས་ཚིག་འགྱུར་བ་འདྲ་གཏོང་ཐབས་ཡོད་མེད་བེན་བོན་གཉིས་ཀས་དགོངས་པ་བཞེས་རྒྱུ་གལ་ཆེ་བ་ལས་གཅིག་གིས་གཅིག་ལ་སྨ་འབེབས་དང་། མཐོང་ཆུང་སོགས་མ་གུས་པ་བྱས་ན་བོད་པའི་མཐུན་ལམ་ལ་དོ་ཕོག་ཤུགས་ཆེར་ཡོང་རྒྱུ་ཉན་ཁ་ཆེ་བས་དགོངས་པ་རྒྱ་ཆེ་ས་ནས་བཞེས་རོགས། ང་རང་རྒེར་གྱི་ངོས་ནས་བྱས་ན་བེན་བོན་ལ་དབྱེ་བ་མི་བྱེད་ཅིང་གཉིས་ཀ་གཞན་ཕན་དང་བྱང་སེམས་སོགས་ཀྱི་བསླབ་བྱ་གཅིག་མཚུངས་ཡོད་པ་གཅིག་པ་རེད། སོ་སོའི་ཆོས་སོ་སོས་བྱས་གཞན་ལ་དད་པ་དང་དག་སྣང་མ་བྱས་ཀྱང་ཁ་གཏོང་སྐུར་འདེབས་མ་གནང་ན་ཡག་ཤོས་རེད། བསྟན་པ་གཉིས་ཀ་ལ་མི་ཕན་པའི་ཁར་སོ་སོ་ངན་སོང་གི་རྒྱུ་རེད་མཁྱེན་པར་མཛོད། །
ཁ་བརྡ་ཚང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།།།།།
གྲྭ་བ་ཚོས་ནང་ཆོས་དང་ཞོར་དུ་བོད་ཀྱི་རིག་གནས་མང་མང་སྲུང་སྤེལ་བྱས་པ་བདེན་པ་རེད། འོན་ཀྱང་ཆོས་སྒོར་ཞུགས་པ་ནི་མང་ཚོགས་ཀྱི་བཀུར་གཟོ་ཐོབ་པའི་ཆེད་དུ་མ་རེད། དེ་ཡང་བདེན་པ་ཞིག་རེད། ག་བ་ཚོ་བོད་པའི་སྤྱི་ཚོགས་ཀྱི་མཐོ་དམའ་བར་གསུམ་ན་གང་ནས་འདུག ལྷག་པར་དུ་བོད་པའི་སྤྱི་ཚོགས་ཀྱི་རྒྱུ་འབྱོར་བ་ཅན་ཚོ་གྲྭ་བ་བླ་མ་རེད། དབང་གོ་ཐོབ་ཅན་ཡང་མང་པོ་རེད། དེ་ཡང་བདེན་པ་རེད། ལས་ཀ་ཡག་བཙོག་ཚང་མའི་ནང་དུ་གྲྭ་བ་བླ་མ་ཡོད། ལོག་གཡམ་བྱེད་པའི་གཏམ་རྒྱུད་མང་ལ། སྤྱི་ཚོགས་དབྱེན་ལ་དཀྲུག་གིན་པའི་གནས་ཙུལ་རྒོད། ད་དུང་མང་བ་་་་་དེ་ཡང་བདེན་པ་རེད། འདི་དག་གྲྭ་བའི་སྤྱི་ཚོགས་ཀྱི་འགན་རེད་མོད། དེ་མི་མཐོང་བ་དེ་ཡང་བདེན་པ་རེད། རང་ཉིད་ལ་བཀུར་གཟོ་དགོས་པ་མཐོང་འདུག་དེ་ཡང་བདེན་པ་རེད། འཇིག་རྟེན་ཆོས་བརྒྱལ་སྤོངས་པར་སྡོམ་བླངས་ཀྱང་འཇིག་རྟེན་ཆོས་བརྒྱལ་ལས་གང་ཡང་མི་མཁོ་བ་འདི་ནི་དོན་གྱི་གནད་ཀ་རེད་ལོ།
རེམ་ཟེར་བའི་བཤད་སྟངས་ལ་གཞིག་ན་གྲྭ་བའི་སྤྱི་ཚོགས་ལ་མཐོང་ཚུལ་འཛིན་ཕྱོགས་མ་མཛེས་པའི་རྣམ་པ་ཞིག་མངོན་གྱི་འདུག མཁྲིས་ནད་ཅན་གྱི་གངས་རི་ཡང་སེར་པོ་མཐོང་བ་བདེན་པ་རེད། མཐའི་རྒྱ་མཚོའི་ནང་དུ་དགོས་འདོད་སྦྱིན་པའི་ནོར་བུ་ཡང་ཡོད་ལ་གཞན་སྲོག་འཕྲོག་པར་བྱེད་པའི་ཆུ་སྲིན་ཡང་ཡོད་པ་བཞིན། གྲྭ་བའི་ནང་དུ་ཆོས་འཇིག་རྟེན་གཉིས་ཀར་མཁོ་བའི་མཁས་གྲུབ་གཉིས་ལྡན་ཀྱང་ཡོད་ལ། འཇིག་རྟེན་མི་ནག་ལས་ལོད་པའི་གྲྭ་འཁྱམ་ཀྱང་ཇི་སྙེད་ཅིག་ཡོད། འོན་ཀྱང་ཡག་སྡུག་གཉིས་ཀ་མཐོང་དགོས་པ་ལས་སྡུག་པ་རྐྱང་རྐྱང་མཐོང་མཁན་ནི་ཁྱོད་དང་ཁྱོད་འདྲ་བ་རེ་ཟུང་ལས་མེད། ངོ་མ་བཤད་ན་ཁྱོད་རང་དང་པོ་ཕལ་ཆེར་གྲྭ་ལོག་ཡིན་ཚོད་རེད། དཔེར་ན་ལྷས་སྦྱིན་དང་ལེགས་སྐར་བཞིན་ནོ། །
༄། གནས་ལུགས་ཀྱི་རྒྱབ་ལྗོངས་མཐུག་པའི་སངས་རྒྱས་ཀྱི་བསྟན་པ་ནི་འགྲོ་བ་ཀུན་གྱི་འཕྲལ་ཕུགས་ཀྱི་བདེ་སྐྱིད་འབྱུང་སའི་ཐབས་ཚུལ་ཡང་དག་པ་ཞིག་རེད་ལ། དེ་ནི་དངོས་ཡོད་ཀྱི་རྨང་གཞི་ཟབ་ཅིང་རྒྱ་ཆེ་བ་ཞིག་ལ་བརྟེན་ཡོད་པས་ཆེད་སྦྱོང་མ་བྱས་པར་རང་དགར་རྟོགས་ཐབས་མེད་པས་དེས་ན་དེ་ལ་ཆེད་སྦྱོང་བྱེད་མཁན་གྱི་གྲྭ་བ་དགོས་མིན་ནི་བསྟན་པ་དགོས་མིན་ལ་ཐུག་ཡོད་པ་ནི་གནད་ཀྱི་དོན་པོའོ།།
དེང་གི་སྤྱི་ཚོགས་སུ་གྲྭ་བ་དགོས་མཁོ་ཡོད་དམ་ཞེས་ན། དགོས་མཁོ་ཡོད་དང་ཡོད། བླ་མ་དང་གྲྭ་བ་མེད་སོང་ན། མདོ་སྔགས་ཟུང་འབྲེལ་གྱིས་བོད་ཀྱི་མཐུན་མོང་མ་ཡིན་པའི་ནང་པ་སངས་རྒྱས་ཀྱི་བསྟན་པ་འདི་སུ་ཡི་བསྐྱངས། འོན་ཀྱང་རྒྱུ་ནོར་དང་རང་གི་མིང་གྲགས་ཁོ་ན་ལ་འབད་མཁན་གྱི་ཆོས་གོས་གྱོན་པའི་སྲིད་ དོན་པའི་བླ་མ་དང་གྲྭ་བ་འདི་རིགས་བོད་མི་རིགས་ཀྱི་ལོ་རྒྱུས་དང་མཐུན་པའི་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་དགག་རྡོ་རེད་འདུག་ན། དེའི་རིགས་དེང་གི་སྤྱི་ཚོགས་སུ་དགོས་མཁོ་རྩ་བ་ནས་མེད་འདུག ཞུ་རྒྱུ་ཡིན་ལགས། རྒྱུ་མཚན་དགོས་ཚེ་རྫེས་སུ་དགོད་ཆོག།།
གྲྭ་བ་ནི་གཞི་བྱེས་གཉིས་སུ་མཐོང་ཚུལ་མིའདྲ་ཞིག་འདུག་་་གཞི་ལ་རྒྱ་དམར་སྒྲ་བོར་གཙོ་བོ་དང་་་བྱེས་ལ་ཡིན་ནའང་གྲྭ་ཟེར་དུ་
གྲྭ་བ་ལ་དེང་དུས་ཀྱི་ཤེས་ཡོན་དགོས་མིན་གྱི་བགྲོ་གླེང་གནང་བ་ལ་རྗེས་སུ་ཡི་རངས་དང་། ང་ཡི་བསམ་ཚུལ་ལ་གྲྭ་བ་ཡང་གོ་ལེ་འདིའི་སྟེང་དུ་འཚོ་གནས་དགོས་ཙང་། ངེས་པར་དེང་དུས་ཀྱི་ཤེས་ཡོན་ཚད་ལོང་བ་མེད་ན་ཡང་གང་འཚམས་ཤིག་ཡོད་པའིཆ་རྐྱེན་ངེས་པར་དགོན་སྡེའི་གཙོ་འཛིན་རྣམ་པས་སྐྲུན་གལ་ཆེ་སྙམ། དུང་སྒྲ་ནས།
གྲྭ་བ་ལ་དེང་དུས་ཀྱི་ཤེས་ཡོན་དགོས་མིན་གྱི་བགྲོ་གླེང་གནང་བ་ལ་རྗེས་སུ་ཡི་རངས་དང་། ང་ཡི་བསམ་ཚུལ་ལ་གྲྭ་བ་ཡང་གོ་ལེ་འདིའི་སྟེང་དུ་འཚོ་གནས་དགོས་ཙང་། ངེས་པར་དེང་དུས་ཀྱི་ཤེས་ཡོན་ཚད་ལོང་བ་མེད་ན་ཡང་གང་འཚམས་ཤིག་ཡོད་པའིཆ་རྐྱེན་ངེས་པར་དགོན་སྡེའི་གཙོ་འཛིན་རྣམ་པས་སྐྲུན་གལ་ཆེ་སྙམ།
གདན་སའི་གྲྭ་ཚང་ནང་སྲིད་དབང་སྒེར་གཅོད་དང་དམར་ཤོག་གི་ལྟ་བ་ཧ་ཅང་ཤུགས་ཆེ་པོ་རེད་མ་ཟད་རྡུང་རྡེག་གཏོང་བ་དང་གནས་ལུགས་བཤད་མི་མཆོག་པ་དང་མ་ཟད་གལ་སྲིད་བཤད་པ་ཡིན་ན་ཉེས་ཅན་པ་ཞིག་ལ་ངོས་འཛིན་བྱེད་ནས་ཕྱིར་ཕུད་བཏང་བ་སོགས་ཀྱིས་གནས་ཚུལ་མང་པོ་ཡོད་རེད་མ་ཟད་མཁན་པོ་དང་དགེ་བསྐོས་ཆབ་རིལ་དང་ཁང་ཚན་རྒན་དེ་ཚོ་ལ་དྲང་བདེན་ཡོད་མ་རེད་མདོར་གྲྭ་བ་ཟེར་བ་དེ་མི་ནས་ཡོང་དགོས་ན་མིའི་སྨྲ་བརྗོད་རང་དབང་དང་བཙན་གནོན་དྲག་རྡུང་བྱེད་ན་གྲྭ་བ་བྱེད་མཁན་རིམ་བཞིན་ཉུང་རུ་འགྲོ་བཞིན་ཡོད་པ་གསལ་པོ་རེད།
དེང་གི་སྤྱི་ཚོགས་སུ་གྲྭ་པ་དགོས་མཁོ་ཡོད་དམ་མེད་ཟེར་བ་དེར་ངའི་བསམ་པར། དགོན་སྡེ་ཁག་ནང་དེང་སང་གྲྭ་བ་མང་ཉུང་འགྲན་བསྡུར་བྱེད་ཀྱི་ཡོད་ས་རེད། ད་དུང་དགོན་པར་ཕྱི་རྒྱལ་ཁག་ནས་སྦྱིན་བདག་མང་པོ་རག་ཆེད་དུ་དགོན་པའི་ནང་གྲྭ་བ་གང་མང་ཞིག་བསྡུ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ས་རེད། དེ་ནི་དངོས་གནས་ཐབས་སྐྱོ་བའི་གནས་ཚུལ་ཞིག་ཏུ་མཐོང་། གྲྭ་བ་རྣམས་ལ་དགོན་པས་ནང་ཆོས་ཀྱི་སློབ་སྦྱོང་སྤྲོད་རྒྱུའི་ཚབ་ལ་གྲ་པ་ཚོར་གྲོང་པ་ཁག་ནང་དངུལ་གང་མང་མཁོ་སྒྲུབ་བྱེད་ཆེད་དུ་ཞབས་བརྟན་དང་རབ་གནས་སོགས་བྱེད་དུ་གཏོང་གི་ཡོད་པའི་གནས་ཚུལ་ཡང་གོ་ཐོས་བྱུང་། དེ་འདྲ་བྱེད་དུས་གྲ་བ་ཚོས་གྲོང་པའི་ནང་གི་བུ་མོ་ཚོ་མཐོང་དུས་རང་དབང་མེད་པར་བུ་མོ་ཚོའི་རྗེས་ལ་ཤོར་ནས་གྲྭ་བ་ལོག་དགོས་པའི་གནས་ཚུལ་སོགས་དེ་འདྲ་ཡིན་པ་རེད། གྲྭ་བ་ཁ་ཤས་ནི་སྔགས་པ་ཡིན་དོག་དོག་གྲྭ་ཆས་དེ་གྱོན་པའི་ཐོག་སྐྲ་རིང་པོ་བསགས་ནས་ནང་ལ་སྐྱེ་དམན་སོགས་ཉར་ནས་སྔགས་ཉམས་ལེན་བྱེད་ཀྱི་ཡོད་པ་ལྟར་རྣམ་རྒྱུར་སྟོན་པ་ནི་སོ་སོའི་མགོ་ལ་སོ་སོས་དབྱུག་པ་བཞུས་ཀྱི་ཡོད་པ་ནི་གསལ་པོ་རེད། དེར་བརྟེན་དགོན་པའི་ཁག་ནང་གྲྭ་བ་མང་པོ་མེད་ཀྱང་རུང་ཡོད་པ་དེ་ཚོར་ནང་ཆོས་ཀྱི་སློབ་སྦྱོང་ཡག་པོ་སྤྲོད་ཐུབ་པ་དང་དཔེ་ཆེའི་ནང་གི་བསླབ་བྱ་དག་སོ་སོའི་རྒྱུད་ལ་སྦྱར་ཐབས་བྱེད་རྒྱུ་ལ་འབད་བརྩོན་གནང་ཐུབ་ན་ཡག་པོ་མཐོང་། དེ་འདྲ་བྱེད་ཐུབ་ན་སྤྱི་ཚོགས་ནང་རང་བཞིན་གྱི་མི་མང་ངོས་ནས་གྲྭ་བ་ཚོར་གུས་ཞབས་དང་ཡིད་ཆེས་སླེབས་ཐུབ་པ་དང་མི་དམངས་ཚོས་ཀྱང་གོང་གི་དྲི་བ་ སྤྱི་ཚོགས་ནང་གྲྭ་བ་དགོས་མཁོ་ཡོད་དམ་ ལྟ་བུའི་དྲི་བ་སློང་མི་སྲིད།།
དགེ་འདུན་པ་ཡོད་པའི་རྒྱུ་མཚན་གྱིས་བོད་ཡིག་འཇིག་རྟེན་འདིར་གནས་ཡོད་པའི་གནས་ཚུལ་བགྲང་བ་ནི་ཁ་ཐུག་གིས་བལྟས་ན་བདེན་པ་ལྟར་སྣང་ཡང་། དོན་དངོས་གྲྭ་འབོར་འཕེལ་བའི་རྒྱུ་མཚན་གྱིས་བོད་པའི་རིགས་རྒྱུད་ཉུང་དུ་ཕྱིན་ཅིང་བོད་སྐད་བཤད་མཁན་གྱི་ཁྱབ་ཁོངས་ཆུང་དུ་བཏང་བ་མ་ཟད། ལོ་ངོ་མང་པོའི་རིང་དུ་བོད་ཡིག་ནི་ཆོས་གཅིག་བུ་བེད་སྤྱོད་དང་དྲིལ་བསྒྲགས་བྱེད་ཀྱི་ལག་ཆ་ལྟ་བུ་ཆགས་པས་བདག་དབང་དང་ཐོབ་ཐང་། དཔལ་འབྱོར་དང་དམག་དོན་སོགས་ཆེས་གལ་འགངས་ཆེ་བའི་གནད་དོན་ཀུན་སྣང་མེད་དུ་བཞག་པས་བོད་སྐད་དང་བོད་ཡིག བོད་རྒྱུད་ནང་བསྟན་སོགས་གྲྭ་འབོར་འཕེལ་བའི་ཉེར་ལེན་གྱིས་ཉམས་རྒུད་དུ་ཕྱིན་པ་རེད།
གྲྭ་བ་མེད་ན་སངས་བསྟན་མེད་ཅིང་སངས་བསྟན་མེད་ན་འགྲོ་བདེ་མེད་ཟེར་བའི་ནི་རྒྱ་ནག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲོང་གོ་གསར་བ་མེད་ན་བོད་ལྗོངས་གསར་བ་མེད་ཟེར་བ་མཚུངས་ལ། ཤེ་ཡེས་དང་ཁ་ཆེ་ཆོས་པ་ཆོས་ཁོང་ཁོའི་བསྟན་པ་ཉམས་རྒུད་ཕྱིན་ན་འགྲོ་ལ་བདེ་སྐྱིད་ཉུང་བ་འདོད་པ་མ་ཟད། མིའི་རིན་ཐང་གི་ཀུན་སྤྱོད་བརླགས་ཚུལ་གྱི་རིག་གཞུང་དང་བསམ་ཚུལ་ཁྲི་ཁྲག་མང་པོ་ཡོད་པ་ནི་ཕྱོགས་རིས་བའི་ལྟ་སྟངས་སམ། རང་ཉིད་ཀྱི་ཞེ་འདོད་ཁོ་ན་ཞེན་རྒྱུ་མང་དྲག་པས་རེད། རྒྱུ་མཚན་ནི། དགེ་འདུན་པ་བརླགས་ན་བོད་ཡིག་བརླགས་ཚེ་དགེ་འདུན་པའི་གྲངས་འབོར་ཉུང་བའི་རྒྱ་ནག་དང་ཡོ་རབ་སོགས་རྒྱལ་ཁབ་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་སྐད་ཡིག་སྔ་ས་ནས་བརླགས་ཆོག་ཀྱང་དེ་ལྟས་ལྡོག་སྟེ་ཁོང་ཚོའི་རིག་གཞུང་དར་རྒྱས་དང་འཕེལ་རྒྱས་འགྲོ་དགོས་བ་ཅི་ཡིན་ནམ།
ནོར་བཅོས།
དགེ་འདུན་པ་ཡོད་པའི་རྒྱུ་མཚན་གྱིས་བོད་ཡིག་འཇིག་རྟེན་འདིར་གནས་ཡོད་པའི་གནས་ཚུལ་བགྲང་བ་ནི་ཁ་ཐུག་གིས་བལྟས་ན་བདེན་པ་ལྟར་སྣང་ཡང་། དོན་དངོས་གྲྭ་འབོར་འཕེལ་བའི་རྒྱུ་མཚན་གྱིས་བོད་པའི་རིགས་རྒྱུད་ཉུང་དུ་ཕྱིན་ཅིང་བོད་སྐད་བཤད་མཁན་གྱི་ཁྱབ་ཁོངས་ཆུང་དུ་བཏང་བ་མ་ཟད། ལོ་ངོ་མང་པོའི་རིང་དུ་བོད་ཡིག་ནི་ཆོས་གཅིག་བུ་བེད་སྤྱོད་དང་དྲིལ་བསྒྲགས་བྱེད་ཀྱི་ལག་ཆ་ལྟ་བུ་ཆགས་པས་བདག་དབང་དང་ཐོབ་ཐང་། དཔལ་འབྱོར་དང་དམག་དོན་སོགས་ཆེས་གལ་འགངས་ཆེ་བའི་གནད་དོན་ཀུན་སྣང་མེད་དུ་བཞག་པས་བོད་སྐད་དང་བོད་ཡིག བོད་རྒྱུད་ནང་བསྟན་སོགས་གྲྭ་འབོར་འཕེལ་བའི་ཉེར་ལེན་གྱིས་ཉམས་རྒུད་དུ་ཕྱིན་པ་རེད། ་༼ གྲྭ་འབོར་འཕེལ་བའི་རྒྱུ་མཚན་གྱིས་བོད་ལ་དཔལ་འབྱོར་དང་དམག་ཤུགས་ཉམས་ཤིང་བོད་སར་བརླགས་ནས་མཐར་ད་ལྟའི་བོད་ཀྱི་རིག་གཞུང་ཉམ་ཐག་གི་གནས་སྟངས་འདི་བྱུང་བ་འདོད༽
གྲྭ་བ་མེད་ན་སངས་བསྟན་མེད་ཅིང་སངས་བསྟན་མེད་ན་འགྲོ་བདེ་མེད་ཟེར་བའི་ནི་རྒྱ་ནག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲོང་གོ་གསར་བ་མེད་ན་བོད་ལྗོངས་གསར་བ་མེད་ཟེར་བ་མཚུངས་ལ། ཤེ་ཡེས་དང་ཁ་ཆེ་ཆོས་པ་ཆོས་ཁོང་ཁོའི་བསྟན་པ་ཉམས་རྒུད་ཕྱིན་ན་འགྲོ་ལ་བདེ་སྐྱིད་ཉུང་བ་འདོད་པ་མ་ཟད། མིའི་རིན་ཐང་གི་ཀུན་སྤྱོད་བརླགས་ཚུལ་གྱི་རིག་གཞུང་དང་བསམ་ཚུལ་ཁྲི་ཁྲག་མང་པོ་ཡོད་པ་ནི་ཕྱོགས་རིས་བའི་ལྟ་སྟངས་སམ། རང་ཉིད་ཀྱི་ཞེ་འདོད་དམ་ཁེ་ཕན་ཁོ་ནར་ཞེན་རྒྱུ་མང་དྲག་པས་རེད། རྒྱུ་མཚན་ནི། དགེ་འདུན་པ་བརླགས་ན་བོད་ཡིག་བརླགས་ཚེ་དགེ་འདུན་པའི་གྲངས་འབོར་ཉུང་བའི་རྒྱ་ནག་དང་ཡོ་རབ་སོགས་རྒྱལ་ཁབ་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་སྐད་ཡིག་སྔ་ས་ནས་བརླགས་ཆོག་ཀྱང་དེ་ལྟས་ལྡོག་སྟེ་ཁོང་ཚོའི་རིག་གཞུང་དར་རྒྱས་དང་འཕེལ་རྒྱས་འགྲོ་དགོས་བ་ཅི་ཡིན་ནམ།
གྲྭ་བ་དགོས་དང་མི་དགོས་ཟེར་ན་དགོས་དང་དགོས། གྲྭ་བ་ག་ཚོད་མང་ན་དེ་ཚོད་ཆོས་སྲིད་ཀྱི་བསྟན་པ་རྒྱས་པར་སྣང། གོང་དུ་ཨ་ནུ་ཐང་བསོད་ནམས་ཞེས་པ་ནས་རྒྱུ་མཚན་མེད་པའི་གཏམ་བཤད་བྱས་འདུག། ། ༼ལོ་ངོ་མང་པོའི་རིང་དུ་བོད་ཡིག་ནི་ཆོས་གཅིག་བུ་བེད་སྤྱོད་དང་དྲིལ་བསྒྲགས་བྱེད་ཀྱི་ལག་ཆ་ལྟ་བུ་ཆགས་པས་བདག་དབང་དང་ཐོབ་ཐང་། དཔལ་འབྱོར་དང་དམག་དོན་སོགས་ཆེས་གལ་འགངས་ཆེ་བའི་གནད་དོན་ཀུན་སྣང་མེད་དུ་བཞག་པས་བོད་སྐད་དང་བོད་ཡིག བོད་རྒྱུད་ནང་བསྟན་སོགས་གྲྭ་འབོར་འཕེལ་བའི་ཉེར་ལེན་གྱིས་ཉམས་རྒུད་དུ་ཕྱིན་པ་རེད།༽ཟེར་བ་དེ་བོད་ཡིག་དེ་གྲྭ་བ་བླ་མས་མ་གཏོག་སྦྱོང་མི་ཆོག་པའི་སྒྲིགས་ཁྲིམས་བླ་མ་སུས་བཞག་འདུག་ལ་དཔོན་པོ་སུས་བཟོས་འདུག། གཙོ་བོ་དེ་མི་སྐྱ་རང་ཉིད་ཀྱི་མ་འཇོན་ནས་མཐུས་ཤོར་ཕྱིན་པ་ཞིག་ལས་གྲྭ་བ་བླ་མ་ལ་ནོར་འཁྲུལ་མི་འདུག། དམག་དོན་སོགས་ཆེས་གལ་འགངས་ཆེ་བའི་དོན་ཀུན་སྣང་མེད་སོགས་ཟེར་བ་ནི་མི་ཅོལ་ཆུང་གི་གཏམ་བཤད་རེད། དམག་དོན་སོགས་སུ་བོད་ཡིག་བཀོལ་སྤྱོད་བྱེད་མི་ཆོག་སུས་ལབ་འདུག། མི་སྐྱ་རང་གི་མ་ཐུབ་མ་ནུས་མ་འཇོན་པའི་དབང་གིས་གྱུར་པ་ལས་གྲྭ་བ་བླ་མ་ལ་ལེ་ལན་བརྡར་ན་ནོར་འཁྲུལ་རེད། བོད་ཡིག་སྦྱོང་དང་མ་སྦྱོང་སོ་སོའི་འདོད་པ་ཡོད་དུས་མ་སྦྱོང་ན་མི་སྐྱ་ཚོས་སྡུག་གྱོང་རེད། གྲྭ་བ་བླ་མས་མི་སྐྱ་ཚོས་བོད་ཡིག་སྦྱོང་མི་ཆོག། བོད་ཡིག་འདི་ང་ཚོ་བླ་མ་གྲྭ་པ་ཁོ་ནའི་བེད་སྤྱོད་ཆེད་ཡིན་གསུངས་འདུག་བས། གྲྭ་བ་བླ་མས་སྦྱོང་ནས་གྲུབ་འབྲས་དོན། མི་སྐྱ་ཚོས་མ་སྦྱོང་ནས་གྲུབ་འབྲས་མ་དོན་དུས་མ་དགའ་ན་ཕྲག་དོག་ལས་གཞན་ཅི་ཁྱོད་རང་མ་དགའ་ན་ཡང་སྡུག་གྱོང་རེད། ཁྱོད་ཀྱི་ཟེར་སྟངས་ལ་ལྟས་ན་མའོ་ཙེ་ཏུང་དེ་བླ་མ་དང་ཀྲུང་གོའི་དམག་མི་དེ་ཚོ་གྲྭ་བ་ཡིན་ཚོད་རེད། བོད་པའི་གནས་སྟངས་འདི་ལ་ཐུག་པའི་རྒྱུ་མཚན་ཁོང་ཚོ་རེད། ད་ལྟའི་དུས་འདིར་ལ་གྲྭ་བ་བླ་མ་ལས་ལྡབ་དགུ་འགྱུར་གྱི་མི་སྐྱ་མང་བའི་དུས་རེད། ག་རེ་བྱེད་རྒྱུ་འདུག་ཆང་རག་ཤོ་བག་གིས་དུས་འདའ་བ་ལས་མི་སྐྱ་མང་ན་ལེགས་པའི་རྒྱུ་མཚན་ག་རེ་འདུག། གྲྭ་བ་བླ་མ་ནི་ཆོས་སྲིད་གཉིས་ཀའི་ཐད་ལ་མི་སྣ་གལ་ཆེན་ཞིག་རེད་འདུག། སྲིད་གི་ཐོག་ནས་ལྟས་ན་བཤད་མ་དགོས་པ་བོད་ཟེར་མཁན་ཞིག་ཡོད་པ་སྟོན་པའི་ཆེད་ག་རེ་བྱེད་གི་འདུག་ཕར་བོད་ལ་ལྟོས་དང། ཆོས་ཀྱི་ཐོག་ནས་བཤད་ན་ཤཱཀྱ་ཐུབ་པས་དཀའ་ལས་རྒྱབ་ནས་ད་བར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གནས་པའི་རྩ་ཆེའི་ནོར་བུ་རིན་པོ་ཆེ་ལྟར་བུ་མི་ལ་ངོམ་རྒྱུ་དང་རང་ལ་བསྒོམ་རྒྱུ་རྩ་ཆེན་འདི་གནས་ཐུབ་པར་དེ་གྲྭ་བ་བླ་མ་ཁོ་ནའི་རྒྱུན་འཛིན་བྱས་པའི་དབང་གིས་གནས་པ་ལས་མི་སྐྱ་སུས་བདག་པོ་རྒྱབ་ནས་གནས་རེད། བོད་ཀྱི་ཆོས་དང་རིགས་གཞུང་ཟེར་བའི་ཚིག་གཉིས་པོ་དེའི་ནང་ཆོས་ནི་མེད་དུ་མི་རུང་བ་ཞིག་ཚེ་འདི་ཕྱི་གཉིས་ཀྱི་གལ་ཆེ་ཤོས་དེ་ཆགས་ཡོད། བདག་ཅག་སྟོན་པ་བཀའ་དྲིན་ཅན་དེས་སྐྱེ་བར་མང་པོས་བར་དུ་དཀའ་ལས་རྒྱབ་ནས་བྱམས་སྙིང་རྗེ་སོགས་སེམས་ཅན་ལ་ཕན་པར་དམིགས་ནས་ད་བར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་འགྲོ་གི་ཡོད་རེད། ད་དེ་ཡག་པོ་མ་རེད་ཟེར་རྒྱུ་དང་གྲྭ་བ་བླ་མར་ཕན་ཐོག་མི་འདུག་ཟེར་མཁན་དེ་ཚོར་ངས་མི་ཚེ་འདིར་བཀག་འགོག་དང་ཁ་བཏད་བྱེད་རྐྱང་ཡིན། དགོས་ངེས་བྱུང་ན་བུ་དང་བུ་གཏུག་ནས་མགོ་བོ་སར་ཟག་ཀྱང་ཕྱི་འཐེན་མེད། མ་གཞི་ཁྱོད་ལ་ཤཱཀྱ་ཐུབ་པ་ལས་ལྷག་པའི་ཆོས་སྲིད་གི་མཛད་ཚུལ་དེ་འདྲ་སྟོན་རྒྱུ་ཡོད་ཚོད་འདུག་པས་སྟོན་དང་ངས་བལྟ་འདོད་ཡོད། གྲྭ་ལོག་དེ་ཚོ་ཡང་སྡུག་པོ་མིན་པ་ངས་ཁག་ཐེབ། སྟོན་པས། ང་ཡི་རྗེས་འཇུག་ཇི་ལྟར་ཞན་ན་ཡང། སྐྱེ་བོ་ཕལ་པ་བརྒྱ་ཡི་དོ་ཟླ་མེད་། གསུངས་འདུག། གྲྭ་བ་བླ་མ་མང་ན་སྐྱོན་འདུག་བསམ་མཁན་དེ་ཚོར་ངས་བསམ་ན་སོ་སོའི་སྔོན་བསགས་ཀྱི་བསོད་ནམས་ཟད་པའི་དུས་ལ་སླེབས་པ་གསལ་པོ་རེད། ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག གནས་པའི་ཆོས་དང་དེ་འཛིན་གྱི་སྐྱེས་བུ་བླ་མ་གྲྭ་བ་ཚོར་ཡང་གནས་ཡུན་གཅིག་འཚུངས་ཡིན་དུས། ད་དེ་ལ་མང་ཉུང་གི་ཚོད་འཛིན་དང་ཕན་པ་ལས་གནོད་རེ་ཆེ་བར་ཚོ་སྔོན་བསགས་ཀྱི་བསོད་ནམས་ཟད་ནས་དལ་རྟེན་ཐ་མ་ཡིན་པ་ངས་བརྗོད་ཐུབ། ཇི་སྐད་དུ། །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། བསྟན་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། སྟོན་པས། །ལྔ་བརྒྱ་ཐ་མའི་དུས་ཚོད་ལ། ང་ཡི་བསྟན་པ་ཟབ་མོ་འདི། གཞན་གྱི་འཇིག་པ་མི་ནུས་སྟེ། ང་མིན་ང་འདྲ་གཅིག་གིས་བཤིགས། གསུངས་བ་དེ་ནང་པ་སངས་རྒྱས་པའི་ནང་གི་མིས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་འཚེ་ཡོང་བར་གསུངས་དོན་ཡང་འདི་ལ་ཐུག་འདུག། ཕམ་པོ་རེད། བསམ་བློ་བྱབ་ཆུང་གཅིག་གིས་རང་ཡང་མུན་ནག་ནང་དུ་གནས་པ་མ་ཚད་གཞན་དག་ཀྱང་ཁྲིད་བརྩིས་འདུག་བ། སྙིང་རྗེ། ཨ་ནུ་ཐང་བསོད་ནམས་གཙོས་པའི་ཆོས་ལ་མ་དགའ་མཁན་དེ་ཚོ་རང་བྱས་ངན་པས་ལྷ་ལ་ལོག་བལྟ་མ་བྱེད་གི་ཡོད། མ་རིག་སྡུག་བསྔལ་གྱི་མུན་དོང་ནས་མྱུར་དུ་གྲོལ་སྟེ། ཕྱག་ན་པདྨོས་ཉི་འོད་ཀྱིས་འཁོར་དུ་སྐྱེ་ནས་ཕྱི་མི་ལྡོག་པའི་ཞིང་བཟང་རི་བོ་པོ་ཏ་ལ་རུ་སྐྱེ་བའི་སྨོན་ལམ་རྩེ་གཅིག་ཏུ་འདེབས་སོ།