ནམ་མཁའ།
དང་པོ། ཁྱེད་ཀྱིས་མི་ཡི་རིན་ཐང་རྒྱུ་ནོར་གྱི་སྒོ་ནས་འབྱེད་མི་རུང་། མི་ཡི་རིན་ཐང་བསམ་བློའི་སྒོ་ནས་འབྱེད་དགོས།
གཉིས་པ། སྐབས་རེ་ཁྱེད་རང་ཁེར་རྐྱང་དུ་ལུས་བའི་སྣང་བ་འཆར་སྲིད། ཡིན་ཡང་བློ་ཕམ་མི་དགོས། ཁྱེད་རང་སྐྱེ་དུས་གཅིག་པོ་ཡིན་ལ། འཆི་དུས་ཡང་གཅིག་པོ་ཡིན།
ཁྱེད་ཀྱི་མཉམ་དུ་དུས་ཚོད་ཉེར་བཞིའི་རིང་འཚོ་རོགས་ནི། ཁྱེད་ཀྱི་བསམ་བློའི་འཆར་སྒོ་ཡངས་མོ་དེ་ཡིན།
གསུམ་པ། ཁྱེད་ཀྱིས་དོན་སྣང་བྱེད་དགོས་ས་གཉིས་ཏེ། འཇའ་ཚོན་ལྟ་བུའི་ཕོ་མོའི་བརྩེ་དུང་གི་བསླུ་བྲིད་དང་། རྒྱུ་ནོར་གྱིས་བསླུ་བྲིད་གཉིས་ཡིན།
གལ་སྲིད་ཁྱེད་ཀྱིས་གང་གཟབ་མ་བྱས་ཚེ། འདི་གཉིས་ཀྱིས་ཁྱེད་ཀྱི་ཕ་མ་དང་གཉེན་ཉེ་རྒྱང་ཐག་རིང་དུ་གཏོང་སྲིད་ལ། ཁྱེད་ཀྱིས་བདེ་སྡུག་གླེང་སའི་སེམས་ཀྱི་གྲོགས་པོ་ཡང་ཁ་ཐག་རིང་དུ་གཏོང་ངེས་ཡིན།
འཇའ་ཚོན་ལྟ་བུའི་བརྩེ་དུང་དང་རྒྱུ་ནོར་གཉིས་ཀྱིས།ཁྱེད་ཀྱི་ཕ་མ་དང་གཉེན་ཉེ། ད་རུང་ཁྱེད་ཀྱི་སེམས་ཀྱི་གྲོགས་པོའི་ཚབ་ནམ་ཡང་བྱེད་མི་ཐུབ།
མ་ཟད། ཁྱེད་ཀྱི་མི་ཚེ་འདིའི་ཕ་མ་དང་གཉེན་ཉེ་སོགས། ཁྱེད་རང་འཆི་རག་བར་དུ་ནམ་ཡང་བརྗེ་བོ་རྒྱག་མི་ཐུབ།
བཞི་པ། མི་སྙན་གྲགས་ཅན་གྱི་ཟེར་སྒྲོས་ཁོ་ནའི་རྗེས་སུ་འབྲངས་མི་འོས། ཁྱེད་ཀྱི་རྣམ་དཔྱོད་དེ་བེད་སྤྱད་ནས། རྟོན་པ་བཞི་ཡི་རྗེས་སུ་འབྲངས་དགོས།
ལྔ་བ། ཁྱེད་ཀྱིས་གཞན་གྱི་སྡུག་བསྔལ་ལ་བསམ་གཞིགས་བྱེད་ཐུབ་དགོས། དེ་ཡང་སོར་མོ་བཅུ་བོ་བྲང་ལ་སྦྱར་རོགས། འདི་ནི་ཁྱེད་རང་ཡ་རབ་ཞིག་ཡིན་པའི་རྟགས་ཡིན།
དྲུག་པ། ཁྱེད་ཀྱིས་རྒྱུན་ཏུ་དྲན་ཤེས་བསྟེན་དགོས། ལྷག་པར་ཁྱེད་རང་མི་གཡོ་སྒྱུ་ཁྲ་གསུམ་འཛོམ་མཁན་ཞིག་ལ་འཕྲད་ཚེ། དྲན་ཤེས་ངེས་བར་དུ་བསྟེན་དགོས། དེ་མིན་གཡོ་འོག་ཏུ་ཚུད་པ་ཡང་མི་ཤེས།
བདུན་པ། ཁྱེད་ཀྱིས་སྙན་གྲགས་ཁོག་ཏུ་སྦས་ནས། གསར་བརྗེ་ཡི་དར་ཆ་དགུང་དུ་འཕྱར་ཡང་། དྭངས་སྙིགས་འབྱེད་ཐུབ་དགོས་པ་ལས། ཕ་མེས་ཀྱི་ཤུལ་བཞག་ཡོད་ཚད་གད་སྙིགས་ཀྱི་རྫས་སུ་གཡུགས་མི་རུང་།
རྒྱུ་མཚན་ནི། ཁྱེད་ཀྱི་ཕ་མ་གཉིས་ཡང་གད་སྙིགས་ཀྱི་རྫས་སུ་གཡུགས་ཡོད་པ་ཤེས་དགོས། མི་རིགས་གང་ཡིན་ཡང་ངོ་བོ་མཚོན་བྱེད་མི་འདྲ་བ་རེ་ཡོད་པ་ནམ་ཡང་བརྗེད་མི་རུང་།
བརྒྱད་པ། དེ་རིང་རྫོགས་ལ་ཉེ་བས། སང་ཉིན་ལ་བསམ་གཞིགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ།
༥/༨/༢༠༡༤ལ་ཡོ་རུབ་ནས་བྲིས།
འདི་དག་ནི་བོད་ཕྱི་ནང་གཉིས་གར་ཤེས་བླུན་གཉིས་ཀྱིས་མི་ཡི་རིན་ཐང་དངུལ་གྱིས་དབྱེ་ནས།དངུལ་གྱིས་གྲོགས་སྒྲིག་ཞོར།ཕ་མ་གཡས་བསྐྱུར་དང་གཡོན་བསྐྱུར་ཡིན།སྙན་གྲགས་ཀྱི་ཆེད་དུ་མཁས་རྟགས་བསྟན་དེ།དུས་དེབ་ཐོག་སོ་སོའི་བླུན་པོའི་གྲལ་དུ་བཞག་ཡོད།མིང་དགོས་བྲིས་ཆོག