གཞུང་པ་ཚེ་དབང་བསོད་ནམས།
སྐད་ཡིག་རིག་གཞུང་གླེང་མཁན་མང་ན་ཡང་།།
རྒྱུན་འཛིན་ཐུབ་པའི་འགན་འཁུར་ཉིན་སྐར་ཙམ།།
སྐད་ཡིག་རིག་གཞུང་ཟབ་སྦྱོང་མང་ན་ཡང་།།
ལག་བསྟར་ཐུབ་པའི་ལས་འཆར་ཉིན་སྐར་ཙམ་།།
རང་བཙན་དབུ་མ་ཁ་དང་ལྕེ་རྩེར་བཟུང་།།
རང་དོན་སྒྲུབ་་པའི་གདམས་ངག་མིན་ན་དགའ།།
རང་བཙན་དབུ་མའི་ཟབ་སྦྱོང་མང་ན་ཡང་།།
རྩ་དོན་འགྲུབ་པའི་ཐབས་བྱུས་ཉིན་སྐར་ཙམ།།
ས་ཆའི་བདག་དབང་རྩོད་ལེན་མི་བྱེད་ན།།
གནས་ཡུལ་ལུང་པའི་མི་སེར་བཟོས་ན་དགའ།།
ཆོས་མེད་ཀླ་ཀློའི་རྒྱལ་ཁོངས་འཛུལ་བ་ལས།།
འཕགས་ཡུལ་མང་གཙོའི་རྒྱལ་ཁོངས་བསྡད་ན་དགའ།།
ཕ་མེས་བརྒྱུད་པའི་སྐད་ཡིག་ནོར་བུ་ལ།།
སྦྱངས་བརྩོན་མི་བྱེད་འཚོ་བའི་འགན་ལ་ཐུག །
ཕ་མེས་བརྒྱུད་པའི་ཆས་གོས་འཕྱོར་པོ་ལ།།
དགའ་ཞེན་མེད་ན་དུས་རབས་འགྱུར་བའི་རྟགས།།
ཆོལ་གསུམ་མཐུན་སྒྲིལ་གླེང་མཁན་མང་ན་ཡང་།།
དེ་ལ་འགན་འཁུར་བཞེེས་མཁན་ཉིན་སྐར་ཙམ།།
ཡ་རབས་བཟང་སྤྱོད་གླེང་མཁན་མང་ན་ཡང་།།
དེ་ལ་བརྩི་སྲུང་ཞུ་མཁན་ཉིན་སྐར་ཙམ་།།
གཞན་ལ་ཕན་དགོས་གསུང་མཁན་མང་ན་ཡང་།།
ཕན་པའི་བྱ་བ་བསྒྲུབ་མཁན་ཉིན་སྐར་ཙམ་།།
ཕ་མའི་བྱམས་སྐྱོང་དྲན་མཁན་མང་ན་ཡང་།།
ཕ་མར་བལྟ་སྐྱོང་གནང་མཁན་ཉིན་སྐར་ཙམ་།།
ཤེས་ཡོན་གལ་ཆེའི་ངོ་སྤྲོད་མང་ན་ཡང་།།
དེ་ལ་འགན་ཁུར་ལེན་མཁན་ཉིམ་སྐར་ཙམ་།།
དགེ་རྒན་བཀྲིན་བསམ་མཁན་མང་ན་ཡང་།།
ཆེ་མཐོང་གུས་བརྩི་ཞུ་མཁན་ཉིན་སྐར་ཙམ་།།
གཞིས་ཆགས་སྲ་བརྟན་གླེང་མཁན་མང་ན་ཡང་།།
འཛུགས་སྐྲུན་ལས་གཞི་སྤེལ་མཁན་ཉིན་སྐར་ཙམ་།།
སྟོན་འབྲས་འདེབས་ལས་ཟབ་སྦྱོང་མང་ན་ཡང།།
དེ་ལ་འགན་འཁུར་ལེན་མཁན་ཉིན་སྐར་ཙམ།།
རང་བཙན་ངོ་སྤྲོད་ཐུབ་མཁན་མང་ན་ཡང་།།
ས་ཆའི་བདག་དབང་གླེང་མཁན་ཉིན་སྐར་ཙམ།།
དབུ་མའི་ལྟ་སྒྲུབ་ངོ་སྤྲོད་མང་ན་ཡང་།།
བོད་རྒྱའི་འབྲེལ་བར་ནུས་པ་ཉིན་སྐར་ཙམ།།
མང་གཙོ འི་གོ་རྟོགས་སྤེལ་མཁན་མང་ན་ཡང་།།
ཁྲིམས་ལ་གུས་བརྩི་ཞུ་མཁན་ཉིན་སྐར་ཙམ།།
གྲོས་ཚོགས་ལས་རིམ་གཟི་བརྗིད་ཆེ་ན་ཡང་།།
ཁྲིམས་ལ་འགན་ཁུར་ཐུབ་མཁན་ཉིན་སྐར་ཙམ།།
འཛིན་སྐྱོང་ལས་འཆར་ངོ་སྤྲོད་མང་ན་ཡང་།།
སྤྱི་ཚོགས་འཚོ་བར་འགན་འཁུར་ཉིན་སྐར་ཙམ་།།
ཤོག་སྟེང་བཀོད་པའི་ལས་འཆར་མཛེས་ན་ཡང།།
མི་མང་ཁྲོད་དུ་ནུས་པ་ཉིན་སྐར་ཙམ་།།
གཞན་བསྟེན་བསམ་བློའི་བག་ཆགས་གཏིང་ཟབ་ལ།།
རང་ཁ་རང་གསོའི་བསམ་བློ་ཉིན་སྐར་ཙམ།།
དེང་རབས་ཞིང་ལས་སྔོན་ཐོན་མགྱོགས་པོའི་མདུན།།
སྲོལ་རྒྱུན་ཞིང་ལས་རེ་བའི་ནང་དུ་ཉལ།།
རྫས་ལུད་ཞིང་ལས་བཅུ་ཕྲག་བཞི་ཡི་ནང་།།
ས་གནས་གཞིས་མིའི་འཚོ་བའི་འགན་འཁུར་བླངས་།།
འཐོན་འབབ་མེད་པའི་སྲོལ་རྒྱུན་ཞིང་ལས་འདིའི།།
ས་ཞིང་སྟོང་པར་ལྷག་པའི་ལམ་སྟོན་གནང་།།།
ཤེས་ཡོན་སྲིད་བྱུས་བཅའ་ཁྲིམས་དགོངས་དོན་ལ།།
འགན་ཁུར་བླངས་པར་དགའ་བསུའི་འཚམས་འདྲི་དང་།།
ལག་ལེན་དོན་དུ་འཁེལ་བ་ཁྲིམས་ཀྱི་འགན།།
སྤྱི་ཚོགས་ཡོངས་ལ་འཁྲི་བའི་ལས་འགན་ཆེ།།
ས་ཆའི་བདག་དབང་ཐུབ་ན་རང་བཙན་ཡིན།།
ཁྲིམས་ལ་འགན་འཁུར་ཐུབ་ན་རང་དབང་ཡོད།།
བོད་རྒྱའི་དཀའ་རྙོག་ཆབ་སྲིད་མདུད་ནག་ལ།།
མདུད་ནག་དཀྲོལ་རྒྱུའི་ཐབས་དང་ཤེས་རབ་འཚོལ།།
ཁ་དམག་བརྒྱབ་ནས་དུས་ཚོད་བསྐྱེལ་བ་ལས།།
ཕར་་བཤད་ཚུར་ཉན་བརྒྱུད་ནས་མདུད་ནག་འཁྲོལ།།
བོད་རྒྱ་ས་སྦྲེལ་ལས་སྨོན་མཐུ་ཡིས་སྦྱིན།།
མི་འདོད་གཞན་དུ་སྤོ་ནུས་གླིང་འདིར་མེད།།
ས་ཐག་འགྱངས་པའི་གྲོགས་གསར་འཚོལ་བ་ལས།།
ས་སྦྲེལ་ཁྱིམ་མཚེས་གྲོགས་སུ་བཀུག་ན་བཟང་།།
ཆོས་སྲིད་བཟུང་དུ་སྦྲེལ་བ་མེས་པོའི་སྲོལ།།
སྲོལ་བཟང་བརྒྱུད་ནས་བོད་ཀྱི་བསྟན་སྲིད་དར།།
དར་བ་ཡུན་དུ་མ་གནས་བོད་མིའི་ལས།།
ལས་ངན་བསགས་པའི་འབྲས་བུ་དུས་འདིར་སྨིན།།
འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ།།
མ་འོངས་མདུན་བསུ་བྱེད་པ་རྒན་ཁོག་བློ།།
ད་ལྟ་ལག་ལེན་བསྟར་བ་མཁས་པའི་བློ།།
དུས་གསུམ་མཉམ་བསྲེས་བྱེད་པ་རྩིས་མཁན་བློ།།
ལས་པ་མཐོང་མེད་ཀུན་གྱི་སྐྱོན་འཛུགས་མང་།།
མ་ལས་སྤྲོ་འཁྱམས་ཀུན་གྱི་བསྟོད་པའིི་ཡུལ།།
གོ་ལ་གཅིག་གྱུར་སྤྱི་ཚོགས་ཧྲིལ་པོ་འདིར།།
རང་བདེན་གཞན་རྫུན་སྨྲ་བའི་གོམས་གཤིས་དར།།
རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།།
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་རྣམས།།
ཆབ་སྲིད་རིག་པའི་གོ་རྟོགས་མ་ཐུབ་ནས།།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ།།
མང་མང་འཚོ་བའི་མདུན་ལམ་ཡངས་པོ་རུ།།
ཆབ་སྲིད་མི་སྣའི་གསར་གཏོད་མ་མང་ཞིག །
མང་མང་འཚོ་བའི་ཐབས་ལམ་བཟང་པོ་ལ།།
ཆབ་སྲིད་མི་སྣའི་བར་ཆད་མ་གཏོང་ཞིག །
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་དང་།།
སྤྱི་རྒྱུ་ཧམ་བཟོས་ལྐོག་ཟ་རུལ་སུངས་གཉིས།།
དོན་གཅིག་བསམ་ནས་གྲོས་ཚོགས་གླེང་པ་འདི།།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ།།
བསམ་བཟང་གཏིང་གི་བསམ་ཚུལ་གླེང་པ་འདི།།
གོ་བརྡ་འཕྲོད་པའི་རེ་བ་ཆེ་ཙམ་ཡོད།།
མེད་རབས་མུག་རབས་བཤད་ནས་གཞན་སེམས་གསོད།
གང་ཅི་མི་འཇོན་ཟེར་ནས་ངུ་ངག་འདོན།
གངས་ཅན་རེ་བ་གཅོག་པའི་གཞུང་བ་བས།།
འོད་ཆེན་མཁའ་ན་ཉིན་སྐར་མེད་ཉམས་སྣང་།། ཧ་ཧ་ཧ།
ཀླད་པའི་ནང་ན་རྣོ་མེད་ཀི།
ལྕེ་ལུའི་ཁུག་ན་ལྡེམ་མེད་ཀི།
སོར་མོའི་བར་ན་དོན་མེད་ཀི།
སེམས་པའི་ནང་ན་བོད་མེད་ཀི། ཧ་ཧ་ཧ།
་་་་་་་་་་་་་
ས་ཆའི་བདག་དབང་རྩོད་ལེན་མི་བྱེད་ན།།
གནས་ཡུལ་ལུང་པའི་མི་སེར་བཟོས་ན་དགའ།།
ཆོས་མེད་ཀླ་ཀློའི་རྒྱལ་ཁོངས་འཛུལ་བ་ལས།།
འཕགས་ཡུལ་མང་གཙོའི་རྒྱལ་ཁོངས་བསྡད་ན་དགའ།།
ཞེས་དང་།
བོད་རྒྱའི་དཀའ་རྙོག་ཆབ་སྲིད་མདུད་ནག་ལ།།
མདུད་ནག་དཀྲོལ་རྒྱུའི་ཐབས་དང་ཤེས་རབ་འཚོལ།།
ཁ་དམག་བརྒྱབ་ནས་དུས་ཚོད་བསྐྱེལ་བ་ལས།།
ཕར་་བཤད་ཚུར་ཉན་བརྒྱུད་ནས་མདུད་ནག་འཁྲོལ།།
་་་་་་་་་་་་་་་
་་་་་
ས་ཆའི་བདག་དབང་རྩོད་ལེན་མི་བྱེད་ན།།
གནས་ཡུལ་ལུང་པའི་མི་སེར་བཟོས་ན་དགའ།།
ཆོས་མེད་ཀླ་ཀློའི་རྒྱལ་ཁོངས་འཛུལ་བ་ལས།།
འཕགས་ཡུལ་མང་གཙོའི་རྒྱལ་ཁོངས་བསྡད་ན་དགའ།།
དང་།
བོད་རྒྱའི་དཀའ་རྙོག་ཆབ་སྲིད་མདུད་ནག་ལ།།
མདུད་ནག་དཀྲོལ་རྒྱུའི་ཐབས་དང་ཤེས་རབ་འཚོལ།།
ཁ་དམག་བརྒྱབ་ནས་དུས་ཚོད་བསྐྱེལ་བ་ལས།།
ཕར་་བཤད་ཚུར་ཉན་བརྒྱུད་ནས་མདུད་ནག་འཁྲོལ།།
་་་་་་་་
རྩོམ་གནད་ལ་འཁེལ་བ་འགའ་འདུག་པས་དགའ་བསུ་ཞུ། མུ་མཐུད་ནས་རྩོམ་རོགས།
ལས་མེད་འགན་མེད་དྲང་འབུ་མང་།
སྤྱི་ཚོགས་འཚོ་བར་སྒོམ་འདྲིས་ཆུང་།
གཞན་གྱི་གཏམ་ལ་ཤོག་པ་གར་།
རང་དོན་ཨེ་འགྲུབ་མ་ྱུགས་མཁན་ཚོ་།
ལྷག་བསམ་རྨ་མེད་ཡིན་ན་དངོས་མིང་བཀོད་་།
ལྷག་བསམ་འགན་འཁུར་ཡིན་ན་མདུན་དུ་འཐོན་།
ལྷག་བསམ་མེད་པའི་མཛུབ་བརྡ་མང་བ་འདི་།
ལྷག་བསམ་མེད་པའི་དྲང་འབུ་མང་བའི་སྐྱོན་།
ྒགཞན་ཟེར་བྱེས་འབྲང་ཅན་གྱི་དྲང་འབུ་མང་།
གཞན་ལ་གནོད་པའི་བྱ་བ་རྩོམ་མཁན་མང་་།
གཞན་གྱི་རྩོམ་ལ་མ་བཟོད་ངུ་མཁན་མང་།
གཞན་ཕན་བྱ་བ་མིན་པ་མཁྱེན་པ་མཛོད་།