ཀོ་ལི་གྷ་གཞིས་ཆགས། གཞུང་པ་ཚེ་དབང་བསོད་ནམས།
སྐད་ཡིག་རིག་གཞུང་གླེང་མཁན་མང་ན་ཡང་།།
རྒྱུན་འཛིན་ཐུབ་པའི་འགན་འཁུར་ཉི་དཀར་ཙམ།།
སྐད་ཡིག་རིག་གཞུང་ཟབ་སྦྱོང་མང་ན་ཡང་།།
ལག་བལྟར་ཐུབ་པའི་ལས་འཆར་ཉི་ཀར་ཙམ།།
རང་བཙན་དབུ་མ་ཁ་དང་ལྕེ་རྩེར་བཟུང་།།
རང་དོན་སྒྲུབ་་པའི་དམ་ངག་མིན་དགའ།།
རང་བཙན་དབུ་མའི་ཟབ་སྦྱོང་མང་ན་ཡང་།།
རྩ་དོན་འགྲུབ་པའི་ཐབས་བྱུས་ཉི་ཀར་ཙམ།།
ས་ཆའི་བདག་དབང་བརྩོད་ལེན་མི་བྱེད་ན།།
གནས་ཡུལ་ལུང་པའི་མི་སེར་བཟོས་ན་དགའ།།
ཆོས་མེད་ཀླ་ཀློའི་རྒྱལ་ཁོངས་འཛུལ་བ་ལས།།
འཕགས་ཡུལ་མང་གཙོའི་རྒྱལ་ཁོངས་བསྡད་ན་དགའ།།
ཕ་མེས་བརྒྱུད་པའི་སྐད་ཡིག་ནོར་བུ་ལ།།
སྦྱང་བརྩོན་མི་བྱེད་འཚོ་བའི་འགན་ལ་ཐུག།
ཕ་མེས་བརྒྱུད་པའི་ཆས་གོས་འཕྱོར་པོ་ལ།།
དགའ་ཞེན་མེད་ན་དུས་རབས་འགྷུར་བའི་རྟགས།།
ཆོལ་གསུམ་མཐུན་བསྒྲིལ་གླེང་མཁན་མང་ན་ཡང་།།
དེ་ལ་འགན་འཁུར་བཞེེས་མཁན་ཉི་ཀར་ཙམ།།
ཡ་རབས་བཟང་སྤྱོད་གླེང་མཁན་མང་ན་ཡང་།།
དེ་ལ་བརྩི་སྲུང་ཞུ་མཁན་ཉི་ཀར་ཙམ།།
གཞན་ལ་ཕན་དགོས་གསུང་མཁན་མང་ན་ཡང་།།
ཕན་པའི་བྱ་བ་སྒྲུབ་མཁན་ཉི་ཀར་ཙམ།།
ཕ་མའི་བྱམས་སྐྱོང་དྲན་མཁན་མང་ན་ཡང་།།
ཕ་མར་བལྟ་སྐྱོང་གནང་མཁན་ཉི་ཀར་ཙམ།།
ཤེས་ཡོན་གལ་ཆེར་ངོ་སྤྲོད་མང་ན་ཡང་།།
དེ་ལ་འགན་འཁུར་ལེན་མཁན་ཉི་ཀར་ཙམ།།
དགེ་རྒན་བཀྲིན་བསམ་མཁན་མང་ན་ཡང་།།
ཆེ་མཐོང་གུས་བརྩི་ཞུ་མཁན་ཉི་ཀར་ཙམ།།
གཞིས་ཆགས་བསྲ་བརྟན་གླེང་མཁན་མང་ན་ཡང་།།
འཛུགས་བསྐྲུན་ལས་གཞི་སྤེལ་མཁན་ཉི་ཀར་ཙམ།།
སྟོན་འབྲས་འདེབས་ལས་ཟབ་སྦྱོང་མང་ན་ཡང།།
དེ་ལ་འགན་འཁུར་ལེན་མཁན་ཉི་ཀར་ཙམ།།
རང་བཙན་ངོ་སྤྲོད་ཐུབ་མཁན་མང་ན་ཡང་།།
ས་ཆའི་བདག་དབང་གླེང་མཁན་ཉི་ཀར་ཙམ།།
དབུ་མའི་ལྟ་སྒྲུབ་ངོ་སྤྲོད་མང་ན་ཡང་།།
བོད་རྒྱའི་འབྲེལ་བར་ནུས་པ་ཉི་ཀར་ཙམ།།
མང་གཙོའི་གོ་རྟོགས་སྤེལ་མཁན་མང་ན་ཡང་།།
ཁྲིམས་ལ་གུས་བརྩི་ཞུ་མཁན་ཉི་ཀར་ཙམ།།
གྲོ་ཚོགས་ལས་རིམ་གཟི་བརྗིད་ཆེ་ན་ཡང་།།
ཁྲིམས་ལ་འགན་འཁུར་ཐུབ་མཁན་ཉི་ཀར་ཙམ།།
འཛིན་སྐྱོང་ལས་འཆར་ངོ་སྤྲོད་མང་ན་ཡང་།།
སྤྱི་ཚོགས་འཚོ་བར་འགན་འཁུར་ཉི་ཀར་ཙམ།།
ཤོག་སྟེང་བཀོད་པའི་ལས་འཆར་མཛེས་ན་ཡང་།།
མི་མང་འཁྲོད་དུ་ནུས་པ་ཉི་ཀར་ཙམ།།
གཞན་བསྟེན་བསམ་བློའི་བག་ཆགས་གཏིང་ཟབ་ལ།།
རང་ཁ་རང་གསོའི་བསམ་བློ་ཉི་ཀར་ཙམ།།
དེང་རབས་ཞིང་ལས་སྔོན་ཐོན་མགྱོགས་པོའི་མདུན།།
སྲོལ་རྒྱུན་ཞིང་ལས་རེ་བའི་ནང་དུ་ཉལ།།
རྫས་ལུད་ཞིང་ལས་བཅུ་ཕྲག་བཞི་ཡི་ནང་།།
ས་གནས་གཞིས་མིའི་འཚོ་བའི་འགན་འཁུར་བླང་།།
འཐོན་འབབ་མེད་པའི་སྲོལ་རྒྱུན་ཞིང་ལས་འདིའི།།
ས་ཞིང་སྟོང་པར་ལྷག་པའི་ལམ་སྟོན་གནང་།།
ཤེས་ཡོན་སྲིད་བྱུས་བཅའ་ཁྲིམས་དགོང་དོན་ལ།།
འགན་འཁུར་བླང་པ་དགའ་བསུའི་འཚམས་འདྲི་དང་།།
ལག་ལེན་དོན་དུ་འཁེལ་བ་ཁྲིམས་ཀྱི་འགན།།
སྤྱི་ཚོགས་ཡོངས་ལ་འཁྲི་བའི་ལས་འགན་ཆེ།།
ས་ཆའི་བདག་དབང་ཐུབ་ན་རང་བཙན་ཡིན།།
ཁྲིམས་ལ་འགན་འཁུར་ཐུབ་ན་རང་དབང་ཡོད།།
བོད་རྒྱའི་དཀའ་སྙོག་ཆབ་སྲིད་མདུད་ནག་ལ།།
མདུད་ནག་དཀྲོལ་རྒྱུའི་ཐབས་དང་ཤེས་རབ་འཚོལ།།
ཁ་དམག་རྒྱབ་ནས་དུས་་ཚོད་བསྐྱེལ་བ་ལས།།
ཕར་བཤད་ཚུར་ཉན་བརྒྱུད་ནས་མདུད་ནག་འཕྲོལ།།
བོད་རྒྱ་ས་སྦྲེལ་ལས་སྨོན་འཐུ་ཡི་སྦྱིན།།
མི་འདོད་གཞན་དུ་སྤོ་ནུས་གླིང་འདིར་མེད།།
ས་ཐག་འགྱང་པའི་གྲོགས་གསར་འཚོལ་བ་ལས།།
ས་སྦྲེལ་ཁྱིམ་ཚེས་གྲོགས་སུ་བཀུག་ན་བཟང་།།
ཆོས་སྲིད་བཟུང་དུ་སྦྲེལ་བ་མེས་སྤོའི་སྲོལ།།
སྲོལ་བཟང་བརྒྱུད་ནས་བོད་ཀྱི་བསྟན་སྲིད་དར།།
དར་བ་ཡུན་དུ་མ་གནས་བོད་མིའི་ལས།།
ལས་ངན་བསགས་པའི་འབྲས་བུ་དུས་འདིར་སྨིན།།
འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ།།
མ་འོང་མདུན་བསུ་བྱེད་པ་རྒན་ཁོག་བློ།།
ད་ལྟ་ལག་ལེན་བལྟར་བ་མཁས་པའི་བློ།།
དུས་གསུམ་མཉམ་བསྲེས་བྱེད་པ་རྩིས་མཁན་བློ།།
ལས་པ་མཐོང་མེད་ཀུན་གྱི་སྐྱོན་འཛུགས་མང་།།
མ་ལས་སྤྲོ་འཕྱམས་ཀུན་གྱི་བསྟོད་པའིི་ཡུལ།།
གོ་ལ་གཅིག་བརྒྱུར་སྤྱི་ཚོགས་ཧྲིལ་པོ་འདི།།
རང་བདེན་གཞན་རྫུན་སྨྲ་བའི་སྒོམ་བཤིས་དར།།
རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།།
མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་རྣམས།།
ཆབ་སྲིད་རིག་པའི་གོ་རྟོགས་མ་ཐུབ་ནས།།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ།།
མང་མང་འཚོ་བའི་མདུན་ལམ་ཡང་པོ་རུ།།
ཆབ་སྲིད་མི་སྣའི་གསར་གཏོད་མ་མང་ཤིག།
མང་མང་འཚོ་བའི་ཐབས་ལམ་བཟང་པོ་ལ།།
ཆབ་སྲིད་མི་སྣའི་བར་ཆད་མ་གཏོང་ཤིག།
ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་དང་།།
སྤྱི་རྒྱུ་ཧམ་བཟོས་ལྐོག་ཟ་རུལ་སྲུང་གཉིས།།
དོན་གཅིག་བསམ་ནས་གྲོས་ཚོགས་གླེང་པ་འདི།།
ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ།།
བསམ་བཟང་གཏིང་གི་བསམ་ཚུལ་གླེང་པ་འདི།།
གོ་བརྡ་འཕྲོད་པའི་རེ་བ་ཆེ་ཙམ་ཡོད།།
xxརང་གིས། བོད་ཡིག་གི་དག་ཆ་ལ་ཡ་མེད་བཏང་འདུག་དོན་ག་རེ་ཡིན་པ་ཨ། བོད་ཡིག་ལ་མཐོང་ཆུང་ཡིན་པེ། དྲ་འབུ་ཚོ་ལ་མཐོང་ཆུང་ཡིན། གཟབ་གཟབ་བྱས་ནས་མ་བྲིས་ན། ཁྱེད་ཀྱི་ཁ་བླ་ཡིས་མི་བདག་པོ་གཉིས་ལ་ཕན་པ་མི་ཡོང་བ་གསལ་པོ་རེད། གོ་བྱུང་ངམ།
སྙན་རྩོམ་ལ་སྐད་ཆ་མི་འདུག
དག་ཆ་ལ་སྐད་ཆ་འདུག
དེ་བས་རྗེས་སུ་ནང་དོན་ཡག་ཉེས་གང་ཞིག་ཡིན་ནའང་དག་ཆ་ལ་དོ་སྣང་དགོས་གལ་ཆེ་བས་ཡིད་གཟབ་གནང་རོགས་ཅེས་རེ་སྐུལ་ཞུ་རྒྱུ་ཡིན།
ཉིན་སྐར་ལ་ཉི་ཀར།
ལག་བསྟར་ལ་ལག་བལྟར་ལྟ་བུ་མང་བས་སླར་ཡང་ཞིབ་ཀློག་དང་དག་ཡིག་གསར་བསྒྲིགས་ལག་ཏུ་བྲལ་མེད་ངང་འཛིན་རོགས།
་ཉི་དཀར་ཙམ།། ཉིན་སྐར་ཙམ།།
སྐད་ཡིག་རིག་གཞུང་ཟབ་སྦྱོང་མང་ན་ཡང་།།
ལག་བལྟར་ ལག་བསྟར།
དམ་ངག་ གདམས་ངག
བཀྲིན། བཀའ་དྲིན།
་བསྲ་ སྲ་བརྟན།
གཞན་བསྟེན་ གཞན་བརྟེན་
དགོང་དོན་ དགོངས་དོན
བོད་རྒྱའི་དཀའ་སྙོག་ དཀའ་རྙོག
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་བསྐྱེལ་བ་ལས།།
འཐུ་ཡི་སྦྱིན།།
་མེས་སྤོའི་སྲོལ།།
མ་འོང་
ད་ལྟ་ལག་ལེན་བལྟར་
མ་ལས་སྤྲོ་འཕྱམས་
གོ་ལ་གཅིག་བརྒྱུར་
སྒོམ་བཤིས་དར།།།
ཐ་སྙད་ཚད་སྒྲུབ་
མདུན་ལམ་ཡང་པོ་རུ།།
ས་ལྐོག་ཟ་རུལ་སྲུང་
ཆོས་ཀྱི་ཚིག་ལ་ཆགས་ཐོགས་མེད་ན་ཡང་།། དོན་གྱི་ཉམས་ལེན་རྒྱུད་ལ་སྦྱར་མཁན་ཉུང་།། སྲིད་ཀྱི་གཏམ་ལ་ཁ་བདེ་མང་ན་ཡང་།། འབངས་ཀྱི་བདེ་སྡུག་སེམས་ན་ཡོད་མཁན་ཉུང་།།
དྲ་གྲོགས་རྣམས་ཀྱིས་ལེགས་པར་དག་ཆ་ལ་ལམ་སྟོན་མཛད་པ་སེམས་ལ་བཅངས་ཏེ། བདག་སོགས་ཀྱིས་སྔ་དགོངས་དག་ཏུ་དཔེ་ཆ་དག་པ་གང་ཡིན་ཀློག་སྐབས་སུ་ཡི་གེ་དག་ཆ་ལ་ཡང་ལྟ་དགོས་པ་ཡིན་འདུག དེ་མིན་འོག་གི་ཚིགས་བཅད་ན་གསུངས་པ་ལྟར་བདག་སོགས་ལྷུང་ཞིང་ལུས་པར་འགྱུར་རོ།
་
མཛའ་བཤེས་ཕན་པར་འདོད་རྣམས་ཀྱིས།
སྨྲས་པ་གང་གིས་མི་འཛིན་པ།
རུས་སྦལ་ཁ་ནས་ཤིང་ཤོར་ལྟར།
དེ་ནི་ལྷུང་ཞིང་ལུས་པར་འགྱུར།།
་
ཚིགས་བཅད་འདི་འདུལ་བའམ་མདོ་སྡེ་གང་ན་ཡོད། གསུང་གྲོགས་མཛོད།
མཛའ་བཤེས་ཕན་པར་འདོད་རྣམས་ཀྱིས།
སྨྲས་པ་གང་གིས་མི་འཛིན་པ།
རུས་སྦལ་ཁ་ནས་ཤིང་ཤོར་ལྟར།
དེ་ནི་ལྷུང་ཞིང་ལུས་པར་འགྱུར།།
ཤོ་ལོ་ཀ་འདི། སྔར་ང་སློབ་གྲྭར་འགྲོ་དུས། འཛིན་གྲྭ་གསུམ་པ་བཞི་པ་གང་རུང་གི་གཅིག་གི་ནང་ལ་དེའི་སྒྲུང་དང་རི་མོ་བཅས་ཡོད་པ་དེ་དྲན་པ་ཙམ་ལས། མདོ་སྡེའི་ཁུངས་མི་དྲན།