བོད། ལྷ་ཀླུ་གཉན་གསུམ།
བོད་གནའ་བོའི་རི་གྲོང་དེ་ནས
སུ་ཞིག་བོར་སོང་བ་རེད
སུས་ཀྱང་མ་ཤེས་ཟེར
གང་ལྟར ངས་བོད་པ་མཐོང་མ་མྱོང་ཟེར
བོད་མི་གནས་ཡུལ་དུ་བོད་པ་མི་འདུག
གང་ཡིན དཔེ་མི་སྲིད་ཅེས་ངས་ཁོ་ལ་དྲིས
སྐྲ་སེར་བོ་བོད་སྐད་ཆུ་བཞུར་བཞུར་དུ་བཤད་མཁན་དེས
ཇོ་བོ་རིན་པོ ངས་སྐྱག་རྫུན་བཤད་ནས་གང་བྱེད
ངས་རིག་རིག་ལ བོད་སྐད་བཤད་ཀྱང་
ཚང་མས་ང་ལ་མགོ་བོ་ཐད་དུ་གཡུགས
གཞི་ནས་ང་རང་ས་མཐའ་ཞིག་ནས
ཡུན་རིང་བོར་འདང་རྒྱགས་ཀྱི་ནང་དུ་གཡུགས
ངའི་ཕ་ཡུལ་ན་བོད་མི་མི་འདུག
དཔེ་མི་སྲིད བོད་མི་ཡོད་ཁོ་ཐག་ཡིན
ལྷག་པར་དུ་ལྷ་ས་ན་བོད་མི་ཡོད་ཁོ་ཐག་ཡིན
ངའི་ག་ལེར་ཨམ་ཕྲག་ལས
ལྷ་སའི་གྲོགས་པོ་ཞིག་ལ་ཁ་པར་བཏང་
སྐུད་སྣེ་གཞན་ཞིག་ནས
ལན་འདེབས་མཁན་ནི་ངའི་གྲོགས་པོ་རེད་འདུག
འོན་ཀྱང་། ངས་ཞིབ་དུ་ཉན་དུས་སུ
ད་གཟོད་ངའི་གྲོགས་པོའི་ང་ལ་བཤད་བཞིན་པ་ནི
བོད་སྐད་རེད་དམ་ཟེར་ནས
སྟིག་སྒྲ་ལྕི་མོ་ཞིག་ངའི་རྣ་བའི་བུ་གར་འཛུལ་སོང་
ངས་ད་གཟོད་སྐྲ་སེར་དེ་ལ་ཁག་མེད་པ་ཤེས
ཡིན་ཡང་ ཕྱིར་ཉིན་དེར་ངེད་གཉིས་སླར་ཡང་ཐུག
ངས་ཁོ་ལ་བདེན་ཁ་སྤྲོད་མ་ཐུབ་ཀྱང་
ངའི་སེམས་ནང་དུ་སྣང་འགྱོད་དང་ངོ་ཚ་ཤུགས་ཀྱིས་བྱུང་
དེ་ནས་བཟུང་
ཁོ་ནི་ངའི་གྲོགས་པོ་ཉེ་ཤོས་སུ་གྱུར་སོང་
ཕལ་ཆེར་ད་སྐབས་མགོ་སེར་བོ་དག་བོད་པ་ལས་བོད་ཀྱི་སྐད་ཡིག་ལ་མཁས་ས་རེད།
སེམས་མ་སྐྱོ་ང་ཚོས་ཁོ་ཚོ་ལས་ལྷག་པའི་མགོ་སེར་སྐད་ཡིག་བཤད་ཆོག
རང་སྐད་བོར་ནས་གཞན་སྐད་ཤེས་ཀྱང་རང་།།
དགའ་བསུ་ཞུ་ཐུབ་སྟོང་སོང་རིགས་ཀྱི་གྲོགས།།
རང་ཡིག་བོར་ནས་གཞན་ཡིག་བྲིས་ཀྱང་རང་།།
བསྟོད་འདོད་མི་འདུག་སྙིང་གི་རིགས་མཐུན་ལགས།།
༼བོད་ལ་རིག་གཞུང་མང་བས་དགའ་བ་ལ།།
སྦྱངས་ཀྱང་མཁོ་མེད་ཟེར་ན་སེམས་པ་སྐྱོ།།
སྐད་རིགས་སྣ་མང་ཤེས་པས་དགའ་བ་ལ།།
བོད་ཡིག་བོད་སྐད་མི་ཤེས་སེམས་པ་སྐྱོ།།༽
འདི་བྱིས་དུས་ནས་གོ་བའི་རྡུང་ལེན་ཞིག་རེད་ཡ། དངོས་ནས་འདི་འདྲ་ཞིག་ཡིན་པ་འདྲ།
སྔོན་བསག་ལས་ཀྱི་དབང་གིས།
རང་ཡུལ་བཞག་དགོས་ཐུག་སོང་།
མི་ཡུལ་མི་ཚེ་སྐྱོང་སྐབས།
རང་སྐད་སྤྱོད་ཡུལ་མི་འདུག
ལྷ་ས་ན་བོད་པ་མི་འདུག ནང་མ་ཁང་དང་བར་སྐོར་སོགས་སུ་ཨ་མདོ་བའི་ཁེངས་འདུག
བཙན་བྱོལ་བའི་བཤད་སྲོལ་ཞིག་ལ་༼་སྣེ་ལེན་ཁང་དུ་མི་མི་འདུག གསར་འབྱོར་ཚོ་ལས༽ གོང་གི་ཚིག་དེ་དང་གཤམ་གྱི་ཚིག་དེ་གཉིས་ལ་ཁྱད་པར་ཅི་ཡོད།
ངས་དེང་དུས་སུ་ལྷ་ས་ན་བོད་མི་མེད་པའི་སེམས་ཁྲལ་ཞིག་བྱེད་ཀྱི་ཡོད་ཀྱང་། སྤུན་ཟླ་རེ་ཟུང་གིས་དེ་ཡི་སྐོར་ནས་མི་འབྲི་བར་ཀྱོག་འབྲི་བྱེད་ཀྱིན་པ་དེ་ནི་དེ་བས་ཀྱང་། བོད་མི་ཉུང་དུ་སོང་བ་ལྟ་བུའི་ཚོར་སྣང་ཞིག་སྟེར་གྱི་འདུག དེ་ལ་སྐྱོ་སྣང་འདུག བོད་ཟེར་བ་ནི། གཅིག་ལས་གཉིས་མེད། མདོ་སྟོད་སྨད་གསུམ་ལས་འགྲུབ་པའི་ཡུལ་དེ་ལ་བོད་ཀྱི་ལྗོངས་ཟེར་བ་ཡིན། གངས་ཅན་པ། ཁ་བ་ཅན། གདོང་དམར་བ་སོགས་སུ་འབོད་པ་ཡིན།