ཆབ་ཚང་འཇམ་དཔལ།
༼ཀ༽
ཀ༽ དགེ་རྒན་གྱི་སྐྱོན།
གཅིག) སྤྱི་ཡོངས་ཀྱི་ཆ་ནས་དགེ་རྒན་མང་ཆེ་བ་ཞིག་གི་ཤེས་ཡོན་གྱི་གནས་ཚད་སྐྱོ་བོ་ཡིན་པ།
གཉིས།) རྒྱལ་རབས་ལྟ་བུའི་བསླབ་གཞི་གཅིག་གི་ཐོག་ཆེད་ལས་ཀྱི་དགེ་རྒན་ཤིན་ཏུ་ཉུང་བ།
གསུམ།) ལས་ཞོར་མ་གཏོགས་ཆེད་ལས་དགེ་རྒན་དཀོན་པ།
བཞི།) རྒྱུས་མངའ་མེད་པའི་བསླབ་གཞི་འདྲ་མིན་ཐད་ཧམ་པ་ཆེན་པོས་སློབ་ཁྲིད་ཀྱི་བྱ་བ་གཉེར་བ་མང་བ་མ་ཟད། དངོས་ཁམས་ཚན་རིག་ལྟ་བུའི་གལ་ཆེའི་བསླབ་གཞིའི་རིགས་ལའང་དངོས་ཁམས་ཚན་རིག་ཐོག་ཤེས་ཚད་དེ་ཙམ་གཏིང་ཟབ་པོ་མེད་མཁན་ཚོས་ཀྱང་གཏིང་མི་ཟབ་པའི་སློབ་ཁྲིད་ཀྱིས་སློབ་མའི་རྩ་ཆེའི་དུས་ཚོད་འཕྲོ་བརླག་ཏུ་བཏང་དང་གཏོང་བཞིན་པ།
ལྔ་།) ཚད་ལྡན་གྱི་དགེ་རྒན་འོས་སྦྱོང་དང་། ཡང་ན་རྩ་བ་ནས་དགེ་རྒན་འོས་སྦྱོང་བརྒྱུད་མ་མྱོང་བའི་དགེ་རྒན་གྱི་གྲངས་འབོར་མང་བ།
དྲུག) སློབ་ཚན་གྱི་ནང་དོན་ཁག་ཁ་གསལ་གོ་བདེ་དང་། རྒྱུ་མཚན་ལྡན་པའི་སྒོ་ནས་སློབ་ཁྲིད་གནང་ཐུབ་ཀྱི་མེད་པ་མ་ཟད། སློབ་ཚན་དངོས་དང་རྦད་དེ་འབྲེལ་མེད་སྣ་ཚོགས་སྤྲོས་བཤད་དང་། སློབ་མའི་ཤེས་ཚད་དང་མི་མཐུན་པའི་ཐ་སྙད་དང་། གོ་དཀའ་བའི་ཡུལ་སྐད་བྱེ་བྲག་པ་བཀོལ་སྤྱོད་ཀྱིས་སློབ་ཁྲིད་བྱེད་པ།
བདུན།) བསླབ་གཞི་ཁྲིད་ཐབས་ཡང་དག་པ་ཞིག་མེད་པ་མ་ཟད། བསླབ་གཞི་ཁྲིད་ཐབས་ག་རེ་ཡོད་པ་དེ་ཡང་དབང་པོ་རྣོ་རྟུལ་དང་སློབ་སྦྱོང་ལེགས་ཞན་ཚང་མར་འཚམས་པའི་བཟོ་ལྟ་མེད་པ།
བརྒྱད།) དགེ་རྒན་གྱིས་སློབ་ཁྲིད་བྱེད་རྐྱང་ལས། དགེ་སློབ་ཕན་ཚུན་དང་། སློབ་ཕྲུག་ནང་ཁུལ་དུ་ཁྲིད་གཞིའི་ནང་དོན་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་གྱི་རྣམ་པ་མེད་པ།
དགུ།) དགེ་རྒན་གྱིས་སློབ་ཕྲུག་ཚོར་དཔེ་ཀློག་གི་གོམས་གཤིས་འཇགས་ཐབས་ལ་མི་བརྩོན་པ་མ་ཟད། སློབ་ཚན་དང་འབྲེལ་ཡོད་ཀྱི་ཟུར་བལྟའི་དཔེ་དེབ་རིགས་གང་ཡང་ངོ་སྤྲོད་མི་བྱེད་པ་དང་བྱེད་མི་ཐུབ་པ།
བཅུ།) སློབ་ཕྲུག་ཚོར་རང་སྟོབས་ཀྱིས་མནོ་བསམ་གཏང་རྒྱུའི་གོ་སྐབས་མི་འབྱིན་པ་མ་ཟད། ནང་སྦྱོང་མི་སྤྲོད་པ་དང་། ཡང་ན་སྤྲོད་སྟངས་མི་ཤེས་པ། ལྷག་པར་དུ་སློབ་མ་ཚོས་ཁྲིད་གཞིའི་ནང་དོན་ཐད་རང་རང་གི་ལྟ་ཚུལ་ཤོད་སྐབས། དགེ་རྒན་གྱིས་སློབ་མ་དེར་དམའ་འབེབས་དང་། མཐོང་ཆུང་། ཟུར་ཟའི་ཚིག་ངན་འཕེན་པ།
བཅུ་གཅིག) སློབ་ཁྲིད་སྐབས་ཁྲིད་ཆས་གང་ཡང་མི་སྤྱོད་པ་མ་ཟད། སློབ་ཁྲིད་ཀྱི་སྐད་བརྡ་དག་པ་དང་། སྐད་བརྡ་གསལ་བ། སྐད་བརྡ་གོ་བདེ་བ་སོགས་ལ་མི་འབད་པའི་ཐོག ཁྲིད་གཞིའི་ནང་དོན་གོ་བདེ་སར་སྤྲོས་བཤད་སྣ་ཚོགས་དང་། གོ་དཀའ་སར་གཡོལ་ཐབས་བྱེད་པ།
ཁ༽ ཁོར་ཡུག་གི་སྐྱོན།
གཅིག) དེང་སྐབས་དགེ་རྒན་གྱི་ལས་རིགས་དེ་ལས་རིགས་གཞན་ལས་མཐོང་དང་ཆ་འཇོག་ཆུང་དུ་འགྲོ་བཞིན་པ་དང་། དགེ་རྒན་མང་ཆེ་བའི་གླ་ཕོགས་དང་སྡོད་གནས་ཀྱི་མཐུན་རྐྱེན་ཞན་པོ་ཡིན་སྟབས། ཤེས་ཡོན་དང་ཉམས་མྱོང་ཚད་ལྡན་ཡོད་པའི་དགེ་རྒན་མང་ཆེ་བས་དགེ་རྒན་གྱི་ལས་གནས་བཞག་ནས་ཁེ་ཕན་ཆེན་པོ་ཡོད་པའི་ལས་དོན་གཞན་ལ་ཞུགས་བཞིན་པ།
གཉིས།) སློབ་ཕྲུག་མང་ཆེ་བས་དགེ་རྒན་གྱི་སློབ་ཁྲིད་ལ་ཚུལ་བཞིན་མི་ཉན་པ་དང་། རྒྱུན་དུ་འཛིན་གྲྭར་དུས་ཐོག་ཏུ་མི་འབྱོར་བ།སློབ་ཁྲིད་ཀྱི་ནང་དོན་ལ་ནང་སྦྱོང་དུས་ཐོག་ཏུ་མི་བྱེད་པ་སོགས་ཀྱིས་སློབ་གྲྭའི་ཁོར་ཡུག་དང་འཛིན་གྲྭའི་ཁོར་ཡུག་ཚང་མར་ཤུགས་རྐྱེན་མི་ལེགས་པ་ཐེབས་བཞིན་ཡོད་སྟབས། དགེ་རྒན་གྱིས་རང་གི་ལས་གནས་ལ་སྤྲོ་སྣང་མི་བྱེད་པ།
གསུམ།) ཤེས་ཡོན་དང་། ལྷག་བསམ། ཉམས་མྱོང་ཆེན་པོ་ཡོད་པའི་དགེ་རྒན་དག་མཐོ་རིམ་འཛིན་གྲྭ་རྐྱང་རྐྱང་ལས་སྔོན་འགྲོ་དང་གཞི་རིམ་འཛིན་གྲྭ་སོགས་སུ་མི་གཏང་བ།
བཞི།) དཔེ་ཆ་དང་། ཁྲིད་ཆས་སོགས་སློབ་ཁྲིད་དང་འབྲེལ་ཡོད་ཀྱི་མཐུན་རྐྱེན་གང་དགོས་དུས་ཐོག་ཏུ་མི་སྦྱོར་བ་དང་། ཚད་ལྡན་མི་སྦྱོར་བ། རྩ་བ་ནས་མི་སྦྱོར་བ།
ལྔ་།) འབྲེལ་ཡོད་སྡེ་ཁག་གིས་སློབ་སྦྱོང་དང་འབྲེལ་མེད་ཀྱི་བྱེད་སྒོ་འདྲ་མིན་གོ་སྒྲིག་གིས་སློབ་མ་ཚོའི་སློབ་སྦྱོང་གི་རྒྱུན་མུ་མཐུད་ནས་བསྐྱང་ཐུབ་པར་འགལ་རྐྱེན་སྣ་མང་བཟོ་བཞིན་པ་མ་ཟད། དེས་དགེ་རྒན་གྱིས་རང་གི་འཆར་འགོད་ལྟར་སློབ་ཁྲིད་དུས་བཅད་ནང་རྫོགས་ཐུབ་ཀྱི་མེད་སྟབས། རང་བཞིན་གྱིས་སློབ་ཁྲིད་ཀྱི་སྤུས་ཚད་དང་། སློབ་མའི་སློབ་སྦྱོང་གི་སེམས་ཤུགས་དང་། སློབ་སྦྱོང་ཡར་རྒྱས་འགྲོ་བ་སོགས་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་པ།
དྲུག) རི་མོ་དང་། ཚོན་མདངས། སློབ་དེབ་ཀྱི་ཕྱི་ནང་གི་བཟོ་བཀོད་སོགས་ཀྱི་ཐད་སྐྱོན་ཆ་ཆེན་པོ་ཡོད་སྟབས། སློབ་དེབ་དེ་རིགས་མཐོང་མ་ཐག་ཉོབ་སྣང་སྐྱེ་བ་དང་། ལྷག་པར་དུ་སློབ་ཕྲུག་ཚོ་སྔོན་འགྲོ་ནས་གཞི་རིམ་དང་། གཞི་རིམ་ནས་མཐོ་རིམ་སློབ་གསོའི་བར་ལས་སླ་བ་ནས་དཀའ་བ་དང་། དཀའ་བ་ནས་དཀའ་བའི་བར་ཐེམ་སྐས་ཀྱི་རིམ་པ་ལྟར་བདེ་བླག་ངང་ཁྲིད་ཐུབ་པའི་ནང་དོན་ཅན་གྱི་སློབ་དེབ་ཚད་ལྡན་སྒྲིག་སྦྱོར་བྱས་པ་མེད་པ།
ག༽ ཕ་མའི་སྐྱོན།
གཅིག) ཕྲུ་གུའི་དགའ་ཕྱོགས་དང་མི་མཐུན་པའི་སློབ་སྦྱོང་གི་རིགས་ལ་བཙན་གྱིས་འདེད་པ།
གཉིས།) ཕྲུ་གུས་རང་གི་དགའ་ཕྱོགས་ལྟར་སློབ་སྦྱོང་བྱེད་པར་རྒྱབ་སྐྱོར་མི་བྱེད་པ།
གསུམ།) ཕྲུ་གུ་ནང་དུ་འབྱོར་སྐབས་སློབ་སྦྱོང་གི་ཁོར་ཡུག་ངེས་ཅན་ཞིག་བསྐྲུན་ཐུབ་ཀྱི་མེད་པ།
བཞི།) ཤེས་ཡོན་ལས་ལག་འཁྱེར་གལ་ཆེ་ཚུལ་གྱི་ངན་ལབ་སྣ་ཚོགས་བྱེད་པ།
ང་།༽ སློབ་མའི་སྐྱོན།
གཅིག) ཤེས་ཡོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་མེད་པ།
གཉིས།) ཤེས་ཡོན་སློབ་སྦྱོང་བྱེད་པ་འདི་ལག་འཁྱེར་གྱི་ཆེད་དུ་ཡིན་བསམ་པ།
གསུམ།) ཕ་མའི་རེ་འདོད་ལྟར་ལས་རང་ཉིད་ལ་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་ཆུང་བ།
༼ཁ༽
ཀ༽ དགེ་རྒན་ཚོར་ཚང་དགོས་པའི་ཆ་རྐྱེན།
གཅིག) ཁྲིད་བྱེད་སྐད་ཡིག་གི་གནས་ཚད་མཐོ་དགོས་པ།
གཉིས།) བརྡ་སྤྲོད་ཀྱི་ཚད་གཞི་ངེས་ཅན་དགོས་པ།
གསུམ།) ཚད་མ་རིགས་པའི་རིགས་ལམ་གྱི་འགྲོས་ལ་ངེས་ཆ་གང་འཚམས་ཡོད་དགོས་པ་བཅས་ཡིན། ཆ་རྐྱེན་འདི་གསུམ་ལྡན་པའི་དགེ་རྒན་ཞིག་ཡིན་ན། བསླབ་གཞི་གང་ཞིག་བསླབས་ཀྱང་བསླབ་གཞི་དེའི་ཚིག་དོན་གཉིས་ཆར་མི་རྨོངས་པ་དང་། ལྷག་པར་དུ་བསླབ་གཞིའི་ནང་དོན་སློབ་ཁྲིད་སྐབས་སློབ་ཕྲུག་ཚོས་བདེ་བླག་ངང་གོ་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པ།
ཁ༽ སློབ་ཕྲུག་ཚོར་ཚང་དགོས་པའི་ཆ་རྐྱེན།
གཅིག) ཅི་ཞིག་ལ་ཤེས་ཡོན་ཟེར་གྱི་ཡོད་པ་དང་། ཤེས་ཡོན་ཡོད་ན་རང་གི་མི་ཚེར་ཕན་ཐོགས་གང་ཡོད་དང་། མེད་ན་སྐྱོན་ཅི་ཡོད་ཐད་ངེས་ཤེས་གཏིང་ཟབ་ཡོད་དགོས་པ།
གཉིས།) གཞན་གྱིས་སྐུལ་མིན་ལ་མ་ལྟོས་པར་གང་ཟག་རང་ཉིད་ལ་དམིགས་ཡུལ་ངེས་ཅན་ཞིག་གི་འོག་ནས་ཤེས་ཡོན་སྦྱང་འདོད་ཀྱི་འདུན་པ་བརྟན་པོ་ཡོད་དགོས་པ།
གསུམ།) ངང་རྒྱུད་རིང་པོས་རང་གི་ཤེས་ཡོན་ཡར་རྒྱས་འགྲོ་བར་འབད་པ་ལྷོད་མེད་བྱེད་འདོད་ཀྱི་ཆོད་སེམས་ལྡན་དགོས་པ་དང་བརྟན་དགོས་པ་བཅས་ཡིན་སྙམ་མོ།།
མདོར་བསྡུས་ནས་བཤད་ན། ཤེས་ཡོན་དང་སྤྱོད་པ་གཉིས་ཐད་ནས་སློབ་ཕྲུག་ཚད་ལྡན་ཞིག་ཡོང་མིན་དེ་དགེ་རྒན་ལྟ་བུའི་ཕྱོགས་གཅིག་ཁོ་ན་ཡག་ཉེས་ལ་རག་མ་ལས་པར་དགེ་རྒན་དང་། ཕ་མ། ཁོར་ཡུག སློབ་ཕྲུག་བཅས་ཚང་མའི་ཐུན་མོང་གི་ནུས་པ་ལ་རག་ལས་པ་ཞིག་རེད་དོ།།
སྤྱིར་བཏང་དགེ་རྒན་གྱི་ལས་ཀ་ནི་ལས་རིགས་གཞན་དང་མི་འདྲ་བར་གང་ཟག་ཞིག་གི་བློ་སྒོ་ཕྱེད་རྒྱུའི་འགན་གཙོ་བོ་ཡོད་པས། དེ་འདྲའི་གང་ཟག་དེ་ནི་ཕྱི་རྐྱེན་དང་ནང་རྐྱེན་མང་པོ་ཞིག་ལ་རྟེན་ནས་ཡོད་པས་ཧ་ཅང་ལས་ཀ་དཀའ་ལས་ཁག་པོ་ཞིག་རེད། ལས་རིགས་གཞན་དང་མི་འདྲ་བར་མི་མཐོང་ལག་ཟིན་གྱི་བསྒྲུབ་འབྲས་ལམ་སེང་སྟོན་རྒྱུ་ཞིག་མེད་པས་ཡུན་རིང་ངལ་རྩོལ་བྱེད་ཐུབ་པའི་རང་ཉིད་ལ་བསམ་བློ་དང་སེམས་ཤུགས་དགོས།
ཁྱེད་ཀྱིས་གསུངས་པ་མང་ཆེ་བ་བདེན་མོད་ཀྱང་མགོ་ལ་བསྡོད་མཁན་གྱི་ལས་སྣེ་ཚོས་དེ་ལྟར་མཐོང་ཁག་པོ་རེད། ཁོང་ཚོའི་འབད་པ་ནི་འཛིན་རིམ་བཅུ་པ་དང་བཅིུས་ཀྱི་བརྒྱ་ཆ་ཙམ་ཞིག་ལས་མཐོང་གི་མེད། དོན་སྙིང་ལྡན་པའི་སློབ་གསོ་སྤྲོད་འདོད་ཡོད་ན་འགྱུར་བ་གཏོང་ཐུབ་པའི་ཐབས་ལམ་འགའ་ཞིག་ནི།
ད་ཡོད་དགེ་རྒན་རྙིང་པ་ཚོའི་སློབ་སྦྱོང་སྤྲོད་བཏང་གི་འཆར་སྒོ་གསར་པ་ཞིག་བསྐྲུན་ཐུབ་པ་བྱེད་དགོས། དེ་ལྟར་ཡོང་བར་ནད་འགོག་སྨན་ལྟར་ལོ་རེར་ཉིན་རེ་གཉིས་གཟབ་སྦྱོང་སྤྲད་ནས་འགྱུར་བ་འགྲོ་རྒྱུ་ཧ་ཅང་ཁག་པོ་རེད། དགེ་རྙིང་དེ་དག་ལ་དེང་དུས་དང་མཐུན་པའི་སློབ་ཁྲིད་ཀྱི་སློབ་གསོ་ཟབ་སྦྱོང་སྐབས་སྤྲད་པ་ཙམ་མིན་པར། དངོས་སུ་འཛིན་གྲྭའི་ནང་འགྱུར་བ་གང་དང་གང་བཏང་ཡོད་མིན། བཏང་མཁན་ཚོར་ངོ་བསྟོད་དང་མི་བཏང་མཁན་ཚོར་ཉེས་ཆད་གཏོང་དགོས། ད་དུང་སློབ་གྲྭ་གཞན་ནས་དམིགས་དཔེར་འོས་པའི་དགེ་རྒན་དེ་འདྲ་ཚུར་མགྲོན་འདོད་བྱེད་ན་རེད་ཡང་ན་ཕར་སྤྱར་ནས་ཟླ་ཤས་རིང་སློབ་ཁྲིད་འཆར་འགོད་དང་ལགས་བསྟར་དང་རྒྱུན་ཁྱོངས་བྱེད་ཐབས་སོགས་ལ་དམར་ཁྲིད་བྱེད་དགོས།
དེ་ནས་དགེ་རྒན་གསར་པ་མང་ཆེ་བར་འཛིན་ཁང་གི་ཉམས་མྱོང་ཁྱོན་ནས་མེད། ཁོ་ཚོས་དེ་སྔ་སོ་སོར་ཇི་ལྟར་སློབ་ཁྲིད་བྱས་པ་དེ་བཞིན་སློབ་མ་ཚོར་སློབ་ཁྲིད་བྱེད་ངེས་རེད། སོང་ཙང་ད་ཡོད་དགེ་རྒན་འོས་སྦྱོང་བྱེད་སའི་བསྟི་གནས་དེ་དག་གི་སླབ་གཞི་འགྱུར་བཅོས་དང་འཛིན་ཁང་དངོས་སུ་སྤྱར་ནས་སློབ་ཁྲིད་ཀྱི་ཉམས་མྱོང་སྤྲོད་དགོས། ད་དུང་ཁོང་ཚོ་དགེ་རྙིང་མཉམ་དུ་ཟླ་ཤས་རིང་མཉམ་དུ་སློབ་ཁྲིད་བྱེད་རྒྱུའི་ཆ་རྐྱེན་བསྐྲུན་དགོས། ད་དུང་བསམ་འཆར་མང་པོ་ཡོད་པས་རྗེས་སུ་ཞུ་ཆོག
ཐོས་དགའི་བསམ་ཚུལ་ཡག་པོ་འདུག ཐུགས་རྗེ་ཆེ། དྲྭ་གྲོགས་གཞན་ཚོས་ཀྱང་རང་རང་གི་བསམ་ཚུལ་གསུང་བའི་རེ་བ་ཡོང།
སྤྱི་ཚོགས་འཕེལ་རིམ་དང་དུས་ཀྱི་འགྱུར་བ་སོགས་ལ་བསྟུན་ནས་སློབ་གཞིའི་སློབ་དེབ་ཕྱོགས་སྒྲིགས་དགོས་པ་དེ་དུས་རབས་ཀྱི་ངོ་སྤྲད་པའི་བསླབས་བྱ་ནན་མོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།
གཞུང་པ་ཚེ་དབང་བསོད་ནམས་ཀྱིས་བཤད་པར་རྒྱབ་སྐྱོར་ཡོད།
གཞི་རིམ་སློབ་གྲ་ལ་ཚད་མ་རིགས་པའི་རིགས་ལམ་གྱི་འགྲོས་ཞིག་ད་དགོས་གལ་མ་མཐོང་། གལ་ཆེ་ཤོས་ནི་དགེ་རྒན་རྣམས་གྲ་བ་དང་གྲ་ལོག་རིགས་མ་ཡིན་པར་ཚད་ལྡན་གྱི་སློབ་གྲ་འགྲིམས་མྱོང་མཁན་ཡིན་དགོས།
ཇོ་སྲས་ངག་དབང་། ཧ་ཧ་ཧ། མི་རེ་ལ་བསམ་པ་རེ། མཛོ་རེ་ལ་རྭ་ཅོ་རེ།
བསམ་ཚུལ་ཡག་པོ་བྲིས་འདུག
ཡིན་ན་ཡང་སྐད་ཆ་རྙིང་བ་བསྐྱར་བཟློས་བྱས་པ་ཤ་སྟག་རེད། བོད་རྒྱལ་ཡོངས་ཤེས་ཡོན་ཚོགས་ཆེན་ཐེངས་གསུམ་པའི་སྐབས་བཤད་ཟིནད་ཀྱང་ད་ལྟའི་བར་ཡར་རྒྱས་ཅི་ཡང་ཕྱིན་མེད་པ་གསལ་བོ་རེད། དགེ་རྒན་དང་ཕ་མ་སློབ་ཕྲུག་སྤྱི་ཚོགས་དང་ཁོར་ཡུག་དགོས་མཁོ་སོགས་རྣམ་་གྲངས་མང་བོ་ཞིག་གླེང་ནས་ཕན་ཚུན་ལ་ཁག་དཀྲིས་རེ་བྱེད་པ་ལས་དགེ་མཚན་ཅི་ཡང་མཐོང་མ་སོང་། མ་ཤེས་ན་གླེང་ཆོག་མོད། མ་བསྒྲུབ་ན་ཐབས་ཤེས་ཅི་ཡང་ཡོད་མ་རེད།
འོ་རེད། ད་དུང་འཛིན་སྐྱོང་གིས་མ་འདང་བའི་སྐོར་ཇེ་གསལ་དུ་བཏང་ནས་གླེང་དགོས་པ་བརྗེད་འདུག
དགེ་འདུན་རྒྱ་མཚོ་ལགས། ཁྱེད་རང་གིས་འདིར་འཛིན་སྐྱོང་གི་སྐོར་ཇེ་གསལ་དུ་བཏང་ནས་གླེང་རྒྱུ་ངའི་རེ་བ་ཡིན།
སྤྱིའི་ཆ་ནས་བསམ་ཚུལ་ཡག དགེ་རྒན་ལ་མཐུན་རྐྱེན་བཟང་དུ་བཏང་ན། སློབ་གསོ་བཟང་དུ་འགྲོ དེ་སོང་ན་སློབ་ཕྲུག་ཡང་སློབ་སྦྱོང་ཡག་ཏུ་ཡོང་བ་ལྟོས་འཇོག་རེད། སློབ་གྲྭར་ཆོས་སྦྱོང་དགོས་ ཆོས་ཞེས་པ་ནི་བདེ་སྐྱིད་སྒྲུབ་བྱེད་ཡིན་པས་དེ་དགོས་མཁོ་ཆེ། ཡིན་ནའང་ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་དགོས་ཟེར་བ་དང་། ཁ་ཤས་ཀྱིས་ཆོས་ཤེས་པར་རྐང་རྡེབ་དང་ལག་རྡེབ་སྦྲགས་ཏེ་བསྡུས་རིག་མ་སྦྱོང་ན་ཆོས་མི་ཤེས་སྐད་དེ་མཐའ་ལྷུང་གི་སྐད་ཆ་རེད། སློབ་གྲྭ་ཁག་ཏུ་འདི་སྦྱོང་བཅུག་ཡ་དེ་དུས་ཚོད་ཆུད་ཟོས་སམ་འཕྲོ་བརླག་རེད། བརྡ་ཤན་འབྱེད་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་རལ་གྲི་ལས། བསིལ་ལྡན་འདི་ན་ཆོས་སེང་སོགས། །རིག་པ་རྣོ་བའི་འཕྲུལ་གར་གྱིས། །བློ་གསལ་རྨོངས་སུ་བཅུག་པའི་ངག །ད་ནི་གཞུང་སྨྲ་རྒད་པོས་ཀྱང༌། །རྗེས་བརྗོད་སྨྲ་བས་གཞུང་བཟད་བསླད། །སྨྲ་བ་འདི་འདྲའི་མཁས་རློམ་པ། །མགུ་ཡང་བདག་ཅག་འདི་རྗེས་སུ། །བྲག་ཆ་བཞིན་དུ་མ་ཞུགས་སོ། །ཞེས་གསུངས་པ་ལྟར་དངོས་ནས་བློ་གསར་རྨོངས་སུ་འཇུག་སྤྱད། ས་ཁུག་མེད་སར་གོམ་ལྷག་ཅེས་པ་ལྟར་འཇིག་རྟེན་ཁྱིམ་པའི་འཚོ་གནས་པ་དག་ལ་འདི་དག་བསླབ་པ་ལ་མོས་མཐུན་རྩ་བ་ནས་མེད། འདི་འདྲའི་ཟེར་སྒྲོས་ཉོག་པོའི་སློབ་གསོ་དེས་ལུགས་གཉིས་མེད་ཀྱི་ལམ་དུ་ཁྲིད་ཀྱིན་ཡོད། བོད་ལ་སློབ་གསོ་འདི་དར་ནས་ལོ་སྟོང་ཕྲག་གཅིག་ལྷག་སོང་ཡོད་ཀྱང་། མང་ཚོགས་བརྒྱ་ཆ་༩༠ ཆོས་མི་ཤེས་འཇིག་རྟེན་མི་ཤེས་པའི་གནད་དོན་དེ་ཐག་གཅོད་ཐུབ་མེད་ཅིང་། རང་ས་རང་ཡུལ་སྲུང་སྐྱོབ་ཤེས་པའི་མི་གཅིག་ཀྱང་སློབ་གསོ་འདིས་སྐྱེད་སྲིང་ཐུབ་མེད། གསར་གཏོད་ཤེས་མཁན་མི་གཅིག་སྐྱེད་སྲིང་ཐུབ་མེད། སློབ་གསོ་འདིར་སྐྱར་ཞིབ་ཏན་ཏན་དགོས་ས་འདུག ད་ནས་བཟུང་རང་རྟུག་གསེར་དུ་མི་སྒོམ་པར་བོད་ཀྱི་སློབ་གསོ་རིག་པ་ལ་སྐྱར་ཞིབ་བྱེད་རེས་འདུག
མྱི་ལགས་ཀྱིས་བསམ་ཚུལ་བརྗོད་པར་ཐུགས་རྗེ་ཆེ།
ཡ་ཧུ་དཱ་པ་དང་དཔེ་ཀློག- དཔེ་ཀློག་གི་རོ་བཅུད།
རྩོམ་ཁུངས། 犹太人与读书【读书趣闻】ཟེར་བ་ལས་གདམ་སྒྱུར་བྱས།
སྒྲ་སྒྱུར་བ། མང་གངས་ཕྲུག
ཡ་ཧུ་དཱ་པའི་ལོ་རྒྱུས་སྟེང་སློབ་གྲྭར་སྲོལ་བཟང་ཞིག་ཡོད་པ་འདི་ལྟ་སྟེ། ཆེས་ཐོག་མར་སློབ་གཉེར་ལ་འཇུག་པའི་སློབ་ཆུང་སློབ་མ་ཚོའི་སློབ་ཁྲིད་དང་བོ་ནི་ལུས་ལ་གྱོན་པ་གཙང་མ་བགོས་ནས་ཆོས་དཔོན་ནམ་ཤེས་ཡོན་ཅན་གྱི་མིས་ཁྲིད་པའི་སྤྲོ་སྣང་དང་བྲོ་བ་ཞིམ་པའི་སློབ་ཁྲིད་ལ་ཞུགས་རྒྱུ་དེ་རེད། ཉིན་དེར་སློབ་ཁང་སློབ་མ་རེ་རེའི་མདུན་དུ་ངོས་གཙང་བའི་རྡོ་ལེབ་ཅིག་གི་སྟེང་སྦྲང་རྩིས་བྲིས་པའི་ཞིས་པའོ་ལེའི་དབྱངས་གསལ་དང་གོ་བདེ་བའི་༼དམ་པའི་གསུང་རབ༽ཀྱི་གསུང་ཚིག་ཁ་ཤས་བྲིས་ཡོད་ལ། བྱིས་པ་ཚོར་དབྱངས་གསལ་གྱི་སྦྱོར་ཀློག་ཁྲིད་པའི་ཞོར་ལ། སྦྲང་རྩིས་བྲིས་པའི་ཡི་གེ་རེ་ལྕེ་འདག་བྱེད་དུ་འཇུག་པར་མ་ཟད། ད་དུང་སིལ་ཏོག་མངར་མོ་སྟར་ཀ་དང་ཀ་ར་ཞིམ་པོ་མེས་ཀའོ་སོགས་ཟ་རྒྱུ་སྟེར་ངེས། འདི་དག་ཡོད་ཚད་ནི་བྱིས་པ་ཚོར་ཆེས་ཐོག་མར་སློབ་གཉེར་ལ་འཇུག་དུས་ཀྱི་ཚོར་སྣང་ནི་མངར་ཞིང་འཇམ་པ་ཞིག་ཡིན་པའི་ངེས་ཤེས་སྐྱེས་སུ་འཇུག་པ་ཁོ་ནའོ། །ད་ལྟ་ཁོ་ཚོའི་སྲོལ་བཟང་འདི་དེ་འདྲའི་དར་ཁྱབ་མི་ཆེ་རུང་། དེའི་རྒྱབ་ལོགས་སུ་ཡ་ཧུ་དཱ་པས་ཤེས་བྱ་ནི་རོ་མངར་ལྡན་པའི་སྦྲང་རྩི་དང་མཚུངས་པས་བྱིས་པ་ཚོས་མོས་པ་དང་སྤྲོ་སྣང་ཡོད་ཚད་བཏེགས་ཏེ་རྐང་དྲུག་བུང་བ་བཞིན་དུ་སྣ་བརྒྱའི་མེ་ཏོག་གི་དགའ་ཚལ་དུ་ཤེས་བྱའི་སྦྲང་རྩི་གཞིབས་དགོས་པར་གདམས་པའི་སློབ་གསོའི་ལྟ་བ་ཞིག་ངང་ངམ་ཤུགས་ཀྱིས་མཚོན་ཡོད་པ་རེད།
ཡ་ཧུ་དཱ་པས་གནའ་ནས་ད་ལྟའི་བར་སློབ་གསོ་ལ་མཐོང་ཆེན་དང་། དཔེ་དེབ་ལ་གཅེས་སྤྲས། ཤེས་ཡོན་ལ་བརྩི་མཐོང་དང་། ཤེས་རབ་ལ་གོང་བཀུར་བྱེད། ༼ཡ་ཧུ་དཱ་པའི་ཁྲིམས་གཞུང༽སྤེལ་བའི་དུས་སྐབས་སུའང་། ཤེས་བྱ་ཡོན་ཏན་ནི་ཧ་ཅང་གལ་ཆེན་དུ་བཟུང་ཞིང་། མཁས་པ་ཚོའང་ནན་ཏན་གྱིས་ཤེས་རིག་གི་གནས་ལ་ཞུགས་ཏེ་ད་གཟོད་ཡ་ཧུ་དཱ་པའི་སྤྱི་ཚོགས་ཁྲོད་ཀྱི་མཁས་པ་རུ་གྱུར་བ་རེད། ད་དུང་སྤྱི་ཚོགས་ཀྱི་རིམ་གྲལ་དང་འཚོ་བའི་མ་ལག་ཁྲོད། ཤེས་ཡོན་པ་དང་དགེ་རྒན་གྱི་གོ་གནས་ནི་དཔའ་རྟུལ་དང་རྒྱལ་སྲས་སོགས་ལས་ཀྱང་མཐོ་ལ། དབང་ཆའང་དེ་དག་ལས་ཆེ། ཐ་ན་མཐོ་རིམ་སྐུ་དྲག་གི་སྲས་མོའང་མང་ཆེ་ཤོས་ཤེས་ཡོན་ཅན་གྱི་མི་དང་གཉེན་བསྒྲིག་པ་ལས་ཚོང་དཔོན་དང་ཕྱུག་བདག་ལ་གཉེན་བསྒྲིག་རྒྱུའི་རེ་འདུན་གཏན་ནས་མེད། གལ་ཏེ་ཁོ་ཚོའི་དགེ་རྒན་དང་ཡབ་ཆེན་གཉིས་མཉམ་དུ་བཙོན་ལ་བཅུག་པ་ཡིན་ན། ཡ་ཧུ་དཱ་པའི་བྱིས་པས་སྔོན་ལ། རང་གི་དགེ་རྒན་སྐྱོབ་ངེས། དེ་ལས་ཀྱང་ཡ་ཧུ་དཱ་པའི་སྤྱི་ཚོགས་ཁྲོད་ཤེས་བྱ་བསྒྲོགས་སྤེལ་མཁན་གྱི་ཤེས་ཡོན་པ་དང་དགེ་རྒན་གྱི་གོ་གནས་ཧ་ཅང་མཐོ་བ་མཚོན་ཐུབ།
དེར་མ་ཟད། ཡ་ཧུ་དཱ་པས་གཏན་ནས་དཔེ་ཆ་གང་ཡང་བསྲེགས་མི་སྲིད། ཐ་ན་རང་མི་རིགས་ལ་དགག་རྒྱག་གཏོང་བའི་དཔེ་ཆ་ཡིན་ཡང་བསྲེགས་པ་ནི་དཔེ་མི་སྲིད་པ་ཞིག་གོ། ། ཡ་ཧུ་དཱ་པའི་ཆོས་གཞུང་གི་གཏན་འབེབས་ལྟར་ན། གཟའ་འཁོར་རེའི་གཟའ་པ་སངས་དང་གཟའ་སྤེན་པ་གཉིས་ཏེ་ངལ་གསོའི་ཉིན་མོར། བྱ་བ་དང་བྱ་འགུལ་གང་ཞིག་ཡིན་རུང་མཚམས་འཇོག་དགོས་མོད། དཔེ་ཁང་སོ་སོ་ནི་སྔར་བཞིན་སྒོ་ཕྱེས་ཡོད་པར་མ་ཟད། ཉིན་མཚན་དབྱེར་མེད་དུ་མི་ཚོགས་ལང་ལོང་དང་འདུས་ནས་འདུ་འཛིས་ཁེངས་ཡོད་ངེས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་རྩ་འཛུགས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན། ཡ་ཧུ་དཱ་པའི་མི་རེས་ཆ་སྙོམས་ཀྱི་དཔེ་ཀློག་གི་ཚད་ནི་འཛམ་གླིང་གི་ཡང་རྩེར་གནས་པའི་སྡོམ་ཚིག་ཐོབ། དབྱི་རག་གི་གྲོང་རྡལ་མང་ཆེ་བའི་ནང་དུ་གནས་ཀྱི་བཀོད་པ་ལེགས་ལ་རང་བྱུང་ཁོར་ཡུག་མཛེས་པ། དཔེ་ཆ་ཁྲི་སྟོང་བརྩིགས་པའི་དཔེ་མཛོད་ཁང་དང་ལྟ་ཀློག་ཁང་བཙུགས་ཡོད། མི་གྲངས་ས་ཡ་ལྔ་མ་གཏོགས་མེད་པའི་རྒྱལ་ཁབ་ཆུང་ཆུང་འདིར། དུས་དེབ་འདྲ་མིན་དགུ་བརྒྱ་ལྷག་དཔར་དུ་སྐྲུན་ཡོད་པས་སློབ་གཉེར་ལ་མོས་ཤིང་། དཔེ་ཀློག་ལ་ཕྱོགས་པའི་རྣམ་པ་ཞིག་ཤར་བའི་མོད་ལ། ཡ་ཧུ་དཱ་པ་ཚོར་དཔེ་ཀློག་གི་གོམས་གཤིས་བཟང་བོ་ཞིག་ཤ་གསེང་རུས་གསེང་དུ་འཐིམས་ཡོད། ཁོ་ཚོས་སློབ་གཉེར་དང་ཤེས་བྱར་མཐོང་ཆེན་བྱེད་པའི་མོད་ལ། དངོས་ཡོད་འཚོ་བའི་ཁྲོད་ཀྱི་ནུས་པ་གསོ་སྐྱོང་ལའང་མཐོང་ཆེན་བླ་མེད་བྱ་ངེས། ཁོ་ཚོས་ཤེས་བྱ་ཡོན་ཏན་ཡོད་ཀྱང་དོན་དངོས་ཀྱི་ནུས་པ་མེད་པའི་མི་དེ་དཔེ་དེབ་མང་བོ་ཁུར་བའི་བོང་བུ་ཞིག་དང་དབྱེར་མེད་ཡིན་ཚུལ་བཤད་ཡོད་ལ། ཁོ་ཚོས་བསམ་པར། སྤྱིར་བཏང་གི་སློབ་སྦྱོང་ནི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཡིན་ལ། གསར་གཏོད་བྱེད་པར་ངེས་པར་དུ་བསམ་གཞིགས་ཀྱི་རྨང་རྡོ་བརྟན་དགོས། གསར་གཏོད་ཀྱང་དོགས་སློང་དང་གནད་དོན་གང་རུང་ཐག་གཅོད་བྱེད་པའི་ཐབས་ལམ་ལ་བསམ་གཞིགས་གཏོང་བ་ལ་བརྟེན་དགོས་ཚུལ་གསུངས། ཡ་ཧུ་དཱ་པའི་བྱིས་པ་རེ་རེར་ཁྱིམ་བདག་གིས་ཆེས་མ་མཐའ་ཡང་དྲི་བ་འདི་འདྲ་ཞིག་བཏོན་ཡོད་དེ། གལ་ཏེ། ཉིན་ཞིག་གློ་བུར་དུ་འུ་ཚང་གི་ཁང་བ་མེ་ཡིས་ཚིགས་པ་ཡིན་ན། ཁྱོད་ཀྱིས་ཅི་ཞིག་ཁྱེར་ནས་འགྲོ་རྩིས་ཡོད། ཞེས་འདྲི་སྲིད་ལ། གལ་ཏེ་བྱིས་པས་ལན་འདེབས་མ་ཐུབ་ཚེ། ཁྱིམ་བདག་གིས་༼ཁྱོད་ཀྱིས་ཁྱེར་ནས་འགྲོ་དགོས་པ་གསེར་དངུལ་མིན་ལ། རྒྱུ་ནོར་དེ་བས་ཀྱང་མིན་པར། ཤེས་རབ་རེད། ཤེས་རབ་ནི་མི་གཞན་གྱིས་རྐུ་འཕྲོག་བྱ་མི་ཐུབ་པའི་ཚེ་གང་བོའི་རྩ་ཆེན་གྱི་རྒྱུ་ནོར་གཅིག་པུའོ། །འོ་ན་ཤེས་རབ་འཕེལ་དགོས་ན་དཔེ་དེབ་དང་འབྲལ་ག་ལ་རུང་༽ཅེས་ཁ་ཏ་བྱེད་སྲིད།
ཡ་ཧུ་དཱ་པར་མི་རབས་ནས་མི་རབས་བར་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་བཟང་མཆིས་པས། ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་གྱི་ཁུགས་སོ་བར་ནས་རླབས་ཆེན་གྱི་མི་སྣ་མང་དུ་བྱོན་ཡོད་དེ། ཕུལ་ཏུ་བྱུང་བའི་སྒྱུ་རྩལ་པ་དང་ཚན་རིག་པ། བསམ་བློ་བ་སོགས་རྩེར་སོན་གྱི་སྐྱེས་བུ་མང་བོ་སྟེ། མར་ཁི་སུ་དང་། ཨེ་དབྱིན་སི་ཐན། མིན་ཏིག་ཨར་སུང་ལ་སོགས་ནི་མཚོན་བྱེད་ལྟ་བུར་སྣང་། ནོར་བྷེལ་བྱ་དགའ་ཐོབ་པའི་མི་སྣའི་ཁྲོད། ཡ་ཧུ་དཱ་པའི་ཟིན་ཚད་ཀྱིས་ཧ་ལས་སུ་འཇུག་ངེས། ཡ་ཧུ་དཱ་པས་སྔོན་ཆད་བྱུང་མ་མྱོང་བ་དག་འབྱུང་དུ་བཅུག་ལ་སྔོན་ཆད་བསྐྲུན་དཀའ་བ་དག་གསར་དུ་སྐྲུན། སྔོན་ཆད་ཁོ་ཚོར་གཅེས་པའི་རྒྱལ་ཁབ་མེད་ལ། ཕྱུག་པོའི་ཐོན་ཁུངས་དེ་བས་ཀྱང་མེད་པའི་ཁར། སྔོན་ཆད་ལོ་ངོ་སྟོང་ཕྲག་མང་བོའི་རིང་དམག་འཁྲུག་དང་གོད་ཆག་མང་བོ་བརྒྱུད་མཐར་རྒྱལ་ཁབ་སླར་གསོའི་རྣམ་པ་བྱུང་། ༼འཇར་མན་གྱི་གཙོ་འཛིན་ཧེ་ཐི་ལིར་གྱིས་ཡ་ཧུ་དཱ་པ་ཁྲི་དྲུག་བརྒྱ་ལྷག་དམར་གསོད་བྱས་མྱོང༽ད་ལྟ་འཛམ་བུ་གླིང་འདིར་བྱེ་བ་གཅིག་དང་ས་ཡ་ལྔ་ལས་མེད་ལ། འཛམ་གླིང་སྤྱིའི་མི་འབོར་གྱི་བརྒྱ་ཆའི་0.3མ་གཏོགས་མི་ཟིན་མོད། ཨ་རིའི་ནོར་བྷེལ་བྱ་དགའ་ཐོབ་མཁན་མི་བརྒྱའི་ཁྲོད་དུ་ཡ་ཧུ་དཱ་པས་ཕྱེད་ཀ་ཟིན་ལ། ཨ་རིའི་སྐད་གྲགས་ཅན་གྱི་སློབ་ཆེན་ནང་གི་སློབ་དཔོན་ཚོའི་ནང་དུའང་ཡ་ཧུ་དཱ་པས་སུམ་ཆའི་གཅིག་ཟིན། ཨ་རིའི་ཕྱུགས་བདག་ཁྲི་བརྒྱ་ཅན་ཁྲོད་གསུམ་ཆའི་གཅིག་ཟིན། ༼ཧྥུ་པའོ་སི༽ཨ་རིའི་ཕྱུགས་བདག་ཆེན་པོ40ཡི་ཁྲོད་མི18་ནི་ཡ་ཧུ་དཱ་པ་ཡིན་པས། ཨ་རིའི་ཚན་རིག་དང་རྒྱུ་ནོར་ལ་བདག་པོ་རྒྱབ་ཡོད་ཅེས་བཤད་ཆོག་ཆོག་རེད།
གོང་དུ་བཤད་པར་བདེན་ཆ་འགའ་རེ་འདུག་ཀྱང་། ཞིབ་ཚགས་པོས་ཞིབ་འཇུག་བྱས་པ་ཞིག་རེད་མིན་འདུག ད་ལྟ་དགེ་རྒན་གྱི་ཤེས་ཚད་སྐྱོ་བོ་ཡིན་པ་ཡོད་ལ་ཡག་པོ་ཡོད་པའང་ཡོད། འོན་ཀྱང་ད་ལྟ་བོད་པའི་སློབ་གྲྭ་ཁག་གི་ནང་དུ་དགེ་རྒན་གྱི་ཕོགས་དང་ཐོབ་ཐང་། ལས་འབོར། ཚོགས་ཐུན་མང་ཉུང་། འཛིན་གྲྭ་གཅིག་གི་ནང་དུ་སློབ་ཕྲུག་མང་ཉུང་སོགས་ལ་ཞིབ་ཚགས་བྱས་ནས་ཞིབ་འཇུག་གྱིས་དང་།
དཔེ་རེ་ཟུང་བཤད་ན།
འབྲིང་རིམ་དགེ་རྒན་གྱི་གླ་ཆ་དེ་གཞུང་ཞབས་ཀྱི་ལས་བྱ་གད་ཡིག་གི་གླ་ཕོགས་ལས་སྐྱོ་བ།
བོད་པའི་ཕྲུ་གུ་ཉུང་དུ་སོང་ཡང་འཛིན་གྲྭ་ཉུང་དུ་གཏོང་བ་མ་གཏོགས་འཛིན་གྲྭ་གཅིག་གི་ནང་དུ་ད་དུང་ཡང་ཕྲུ་གུ་ཅུམ་ཅུ་བཞི་བཅུ་ཡོད་པ།
དགེ་རྒན་ལ་ཉིན་གཅིག་ལ་ཚོགས་ཐུན་བདུན་དང་དྲུག་ཙམ་ཡོད་པ་དེས་སློབ་ཁྲིད་གྲ་སྒྲིག་བྱེད་རྒྱུའི་དུས་ཚོད་མི་འདེང་བ།
གོང་རིམ་ནས་ཕན་ཐོགས་ཡོད་མིན་ལ་མ་ལྟོས་པར་སློབ་གྲྭའི་ནང་ལས་གཞི་སྣ་ཚོགས་སྤེལ་བ་དེས་སློབ་ཁྲིད་ཀྱི་དུས་ཚོད་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ།
ཤེས་ཡོན་གཙོ་བོ་ཡིན་ཟེར་སློབ་གྲྭའི་ནང་གི་མཐུན་རྐྱེན་ཧ་ཅང་ཞན་པ་སོགས་ཀྱི་གནད་དོན་དེ་ཚོར་དོ་སྣང་རེ་གྱིས་དང་མུན་ནག་ནང་དུ་མདའ་འཕངས་པ་ལྟ་བུ་རང་མི་ཡོང་།
Four basic foundation of education.ཤེས་ཡོན་གྱི་རྨངས་གཞི་བཞི་།
1 reading power .ཀློག་རྩལ་
2 writing power.་འབྲི་རྩལ་
3 speaking power. བཤོད་རྩལ་
4 listening power .ཉན་རྩལ་
ཤེས་ཡོན་སློབ་གསོའི་རྨངས་གཞི་བཞི་འདི་ལ་འགན་མ་ཁུར་བའི་
མཁས་པ་ནམ་ཡང་སྐྱེས་སྲིངས་བྱེད་མི་ཐུབ་།
༡་་ཡིག་གེ་ཀློག་རྩལ་
༢་་ཡིག་གེ་འབྲི་རྩལ་
༣ སྐད་ཆ་བཤོད་རྩལ་
༤ སྐད་ཆ་ཉན་རྩལ་བཅས་ལ་བཞི་ལ་འགན་ཁུར་ནས་ཕྲུ་གུར་སློབ་
སྦྱོངས་སྤྲོད་དགོས་།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དགེ་རྒན་དང་སློབ་ཕྲུག་གཉིས་ཀ་ཚད་ལྡན་ཞིག་ཡོང་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཁག་ཅིག
བོད་རིགས་ས་ཡ་བདུན་བརྒྱད་ཡོད་ཀྱང་། དེ་དག་སྤྱི་ལཁྱབ་པའི་་བོད་སྐད་སློབ་སྤྱི་མཚུངས་ཞིག་མེད་པས་ལན་པ་རེད།
བསྐྱར་བཅོས།
་་་་་་་་་་་་་གཙོ་བོ་གཅིག ་ནི།
བོད་སྐད་ཤོད་མཁན་བོད་རིགས་ས་ཡ་བདུན་བརྒྱད་ཡོད་ཀྱང་། དེ་དག་སྤྱི་ལ་ཁྱབ་པའི་བོད་སྐད་སློབ་དེབ་སྤྱི་མཚུངས་ཞིག་མེད་པས་ལན་པ་རེད།