དཀའ་སྤྱད་སྡུག་རུས་ཀྱིས་གྲུབ་པའི་དེབ་འདི་ཀློག་འདོད་ཡོད་མཁན་ཚོ། དེབ་འདི་དཔར་བསྐྲུན་ཟིན་ཡོད། ཉོ་འདོད་ཡོད་ན་རྡོར་གདན་གྱི་དུས་དབང་སྐབས་དང་། དེ་རྗེས་སུ་རྡ་སར་བཙོང་རྒྱུ་ཡོད། སྡེབ་ཉོ་བྱེད་མཁན་ཡོད་ན། བརྒྱ་ཆ་སུམ་བཅུ་ཁེ་བ་ཡོད། གཅིག་རེ་གཉིས་རེ་ཉོ་མཁན་ཡིན་ན། དེབ་གཅིག་ལ་ཧིན་སྒོར་ཉིས་བརྒྱ་ཡིན། ཤོག་གྲངས་དྲུག་བརྒྱ་ལྔ་བཅུ་ཡོད།
མིག་ཤེལ་མང་པོ་དེ་འདྲ་གྱོན་ནས་ཡི་གེ་གཟིགས་གི་འདུག་གས། ལན་པོ་ཁྱོན་ནས་མི་འདུག ཕྱི་ཤོག་མཐོང་བ་ཙམ་གྱི་ཀློག་བྲོ་བ་ཞིག་མིན་འདུག
དེབ་ཀྱི་རྒྱབ་ཤའི་ངོར་ཕོ་སར་རྩ་མི་ཚང་བ་ཞིག་གི་དཔར་འདུག དེ་ཚོའི་རིགས་སྲོལ་རྒྱུན་མ་རེད་ལ། དེང་རབས་ཀྱང་མ་རེད། སྨྱོན་པ་འདྲ་བ་ཞིག་གི་པར་མཐོང་སོང་།
འོ་བསྐྱལ་ཞིབ་ལྟ་བྱས་དུས་ཤ་ཁྲག་རུས་གསུམ་ཟེར་བ་དེ་རེད། ཡང་རྒན་མོ་མ་རག་པའི་དཀའ་ངལ་སྐོར་ཡིན་ངེས།
དེབ་འདིའི་ནང་དོན་དང་བརྗོད་བྱའི་སྐོར་ངོ་སྤྲོད་ཅིག་བྱེད་རོགས། དེ་མིན་དེབ་ཀྱི་མདུན་ངོས་ལ་བལྟས་ན་ཀློག་སྤྲོ་བ་ཞིག་མི་འདུག
ཡང་ཕལ་ཆེར་བླ་གྲྭ་དང་ནང་ཆོས་སྐོར་གྱི་རྙོག་ཟིང་འདྲ་མིན་འགྲོ དེང་སང་བླ་གྲྭ་དང་ནང་ཆོས་ཀྱི་བྱེད་སྟངས་ཁག་ཅིག་རྒྱངས་འབུད་གཏང་གྲབས་བྱེད་ཀྱིན་འདུག་བ།
གང་ལྟར་བྱེས་འབྱོར་བ་ཕལ་ཆེར་མཛུབ་ལྡུམ་ཤ་སྟག་ཡིན་པས་རིན་ཐང་ཅན་གྱི་རྩོམ་ཡིག་ཅིག་མིན་ཐག་ཆོད།
དེབ་ངོའི་པར་མཐོང་བ་ཙམ་གྱིས་རྩ་མ་ཚང་བར་འདྲ་པོ་ཞིག་འདུག འདིའི་རིགས་ཀྱིས་དེང་རབས་དང་རང་དབང་ཁར་ཁྱེར་ནས་དགོན་པ་དང་གྲྭ་པ བླ་མ་དང་སྤྲུལ་སྐུ གཞུང་དང་དཔོན་པོ་སོགས་ལ་ཁ་གཏོང་མཁན་འདྲ་པོ་འདུག དེབ་འདིའི་བརྗོད་བྱ་རགས་ཙམ་གསལ་བཤད་བྱེད་ན་དེབ་ཉོ་ཡ་ལ་ཕན་ཐོགས་འདུག་གཞན་དངུལ་འཕྲོག་རླག
འདིར་བྲིས་པ་དག་དེབ་བདག་དེས་མཐོང་གི་མེད་པར་འདྲ།
གལ་ཆེན་གྱི་རྩོམ་པ་པོ་ངོ་སྤྲོད་དང་དཔེ་དེབ་ནང་གི་བརྗོད་བྱ་ངོ་སྤྲོད་མི་བྱེད། མི་དགོས་པ་གོང་ཚད་དང་བཙོང་ས་ངོ་སྤྲོད་བྱེད་ལུགས་ལ་བལྟས་ན་བྱ་རོག་སོ་རྟོགས་ཀྱི་རྗེས་སུ་རྒྱུག་གི་མེད་དམ། ཨ་ལ་ཀུ་རེ་ཡིན།
དེབ་ཀྱི་བརྗོད་བྱ་སྙིང་བསྡུས་ཤིག་དང་རྩོམ་པོའི་ལོ་རྒྱུས་ཤིག་འགོད་ཐུབ་ན་ཉོ་དགོས་མིན་ལྟ་ཆོག་གི་མ་རེད་དམ།
དེབ་འདིའི་དོན་གྱི་རོ་མ་མྱོང་བར་དུ་ཕྱིའི་གཟུགས་ལ་བལྟས་ན་ཉོ་འདོད་ཡོང་ས་མ་རེད།འདྲ་པར་དེ་གློག་ཀླད་ནང་དཔར་བཟོ་རྒྱུ་སྦྱོང་མཁན་ཞིག་གིས་རྩེད་མོ་བྱས་པ་འདྲ
ད་ཧ་ལམ་དེབ་ཀྱི་ཁ་བྱང་ལ་བལྟས་ན་བསྟན་འཛིན་གྱི་སྐྱེས་བུ་དང་བསྟན་པའི་སྦྱིན་བདག་གཉིས་ཀ་མི་དགོས་ཞེས་ཡང་དམྱལ་བ་དང་ལེན་བྱས་ཡོད་པའི་ཚོད་དུ་སྣང་།
དེས་ཤུགས་ལ་སྐྱབས་མགོན་རིན་པོ་ཆེ་དང་ཟམ་གདོང་བླ་རྒན་སོགས་བོད་ཀྱི་བླ་གྲྭ་རྣམས་ཀྱི་ཞབས་འདྲེན་ཞུ་འདོད་མིན་འགྲོ་དེང་སང་དེ་འདྲ་མང་པོ་འདུག་གཱ།
མ་གཞི་ལྐུགས་པ་དེས་རྩོམ་པ་པོ་དང་དེབ་ཀྱི་བརྗོད་གཞི་ངོ་སྤྲོད་མི་བྱེད་པར་རིན་གོང་ངོ་སྤྲོད་གནང་བ་དེས་ཁོ་རང་དེབ་ཉོ་སྐབས་མཁོ་མིན་དང་གལ་ཆེ་མིན་ལ་མི་ལྟོས་པར་གོང་ཚད་ཁོ་ན་ལྟ་མཁན་ཞིག་ཡིན་ཐག་ཆོད་རེད་།
དེབ་མཐུག་ཚད་བལྟས་ན་རྒད་པོས་དཀའ་ལས་བརྒྱབས་ཡོད་ས་རེད། མ་ཟད་འབྲི་མཁན་ཁོ་རང་ཡིན་ན་དམིགས་གསལ་ཀི་ཀློག་ཉན་འདྲ་འདོད་མ་སོང་། ནམ་རྒྱུན་ཁོའི་དྲ་རྩོམ་དང་མཆན་བུར་བལྟས་པས་ཀྱང་ཤེས་ཐུབ་ཀི དགོངས་པ་མ་ཚོམས་ཟེར་ཡ་ཡིན།
ཁྱུང་དཀར་ལགས་ཀྱིས་རྩོམ་པ་པོ་དེ་ངོ་ཤེས་ཀྱི་ཡོད་པ་འདྲ་སུ་ཟེར་བ་ཞིག་རེད།བོད་ཤ་ཁྲག་རུས་གསུམ་ཞེས་པ་དེ་དེ་ཁོའི་སྨྱུག་མིང་ཡིན་ནམ།སྤྱིར་དེང་སང་བརྗོད་བྱས་སྟོང་ཞིང་རྗོད་བྱེད་ཀྱི་ཚིགས་ཚོགས་མང་བའི་དེབ་དེ་དག་ཀློག་འདོད་མི་འདུག་ལ།དེང་རྩོམ་མང་ཤོས་བླ་མ་གྲྭ་བའི་དབྱུག་པ་ལེབ་རྡུང་གིས་བྱས་ཉེས་བགྲང་མི་ཚར་བ་དེ་རེད།དོན་ལ་རེ་ཟུང་མ་གཏོགས་ཁོང་རྣམ་པའི་མི་རིགས་ལ་བཅངས་བའི་འཛད་མེད་ཀྱི་ལྷག་བསམ་དང་࿋࿌࿋ཞུམ་མེད་སྙིང་སྟོབས་ལ་ལྟོས་དང་ཤེས་ངེས་རེད།
དཔར་ལ་བལྟས་ན་ལི་ཐང་བ་འདྲ་པོ་འདུག
ལི་ཐང་རྒྱ་བོ་འདྲ་པོ་འདུག
ཡིན་ནའང་ཁྱེད་རང་གི་དེབ་འདིའི་སྦྱིན་བདག་མང་བ་གྲ་བ་ཡིིན་རྒྱུ་རེད་དྲན་གྱི་རེད་།
གྲོགས་པོ་ཚོ། ལི་ཐང་བ་ཚོ་འདི་ལྟར་མདོག་ངན་འདུག་གམ། ཁྱེད་ཚོས་ལི་ཐང་བ་ལ་དམན་ར་མ་གཏོང་རོགས། ང་ཚོ་ལི་ཐང་བ་ལ་ཤེས་ཡོན་ཡོད་མདོག་གི་འདི་ལྟར་རྩ་མ་ཚང་བ་མེད།
སྦྱིན་བདག་མི་དགོས་གྲ་པ་མི་བྱེད། དེ་ལས་སྔགས་རྒན་བྱས་ཏེ་རྒན་མོར་འཛགས་ཆོག་པ་དང་། ཆོས་གསུངས་ནས་དངུལ་གསོག་ཐུབ། ཐབས་ལམ་ཤིན་ཏུ་ལེགས།
དེབ་རེག་ན་ཀློག་འདོད་འདུག། བརྗོད་བྱའི་སྐོར་ངོ་སྤྲོད་ཞིག་གནང་རོགས།
པར་འདི་མཐོང་བ་ཙམ་ནས་ཟ་ལེ་རྒྱ་ཞིག་མིག་ངོར་འཆར་ནས་ཀློག་འདོད་ཀྱི་བྲོ་བ་མ་བྱུང་། བདེ་མོར་བཞུགས།། །།
དང་པོར་དེབ་འདི་བཀླགས། དེ་ནས་ཡག་ཉེས་བརྗོད་ན་ག་འདྲ་འདུག བདུད་རྒྱལ་མའོ་ལྟ་བུས་ཀྱང་། བརྟག་དཔྱད་མེད་པར་གཏམ་བཤད་མེད། ཅེས་བརྗོད་པ་རེད་ཟེར་སྲོལ་འདུག་ད།
དེབ་འདི་ཙམ་འབྲི་བ་ལ། དཀའ་མོའི་ཚགས། དཀོན་པོའི་རྒྱུ། ཡོ་བྱད་ཀྱི་འགྲོས་སོགས་མང་པོ་མང་པོ་མ་བཏང་འགྲུབ་ཐབས་མེད་པ་ཞིག་རེད། དེར་བརྟེན་དེབ་རྒན་མ་ལེགས་གྲུབ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བྱས་བསགས་འདི་ཙམ་གྱིས་ཀྱང་ཁ་བ་རི་པའི་རིག་གཞུང་ནོར་བུའི་མཛོད་ཁང་ལ་ཞབས་འདེགས་མི་དམན་པ་རེ་ཞུ་ཐུབ་པའི་དགེ་མཚན་ཡོད་པ་སྲིད་པས། གྲོགས་པོ་ཚོས་བརྗོད་བྱའི་ནང་དོན་ལ་མི་ལྟ་བར་ཁ་ཚོན་གཅོད་སྔའི་ཁ་རྡུང་དེ་རིགས་མ་གནང་ན་སྙམ། གལ་སྲིད་དེབ་དེའི་བརྗོད་བྱའི་རིགས་ལ་ཐལ་ཆ་ཆེ་བ་དང་འབྲེལ་མེད་དོན་གཞན་སོགས་སྤུས་མ་གཙང་བ་དག་མཆིས་ཚེ་དེ་ལུགས་ཀྱིས་དགག་སྒྲུབ་གནང་ཡང་འཕྱི་མེད་པས་དེ་ལུགས་ཀྱིས་སྤངས་བླང་ན་མི་ཆོག་གམ།
དཀའ་སྤྱད་སྡུག་རུས་ཀྱིས་གྲུབ་པའི་དེབ་འདི་སྤར་བསྐྲུན་ཟིན་པ་ཙམ་གྱིས་རྗེས་སུ་ཡི་རང་ཡོད་ལགས།
གནད་ལ་འཁེབ་པའི་དེབ་མིང་ཡག་པོ་བཏགས་འདུག ཐུགས་རྗེ་ཆེ། སྐྱོན་བརྗོད་བྱེད་མཁན་རྣམས་གྲྭ་གཙུན་རེ་ཟུང་ཡིན་ངེས་རེད།
རྟེན་འབྲེལ་ཞུ། རྩོམ་ཡིག་འདི་ཚི་དེ་སྔ་ཁྱེད་ཀྱི་དུས་བབ་ཟིན་བྲིས་ནས་བཀླགས་མྱོང་།
འདི་ཚོ
ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་ཀྱིདྲྭ་རྩོམ་དང་མཆན་བུ་ཁག་ལ་ཡིག་ནོར་ཤིན་ཏུ་མང་པོ་འདུག་པས་དེབ་འདི་ལའང་དེའི་ཤུགས་རྐྱེན་མེད་དམ་སྙམ་ནས་ཞེད་སྣང་ཞིག་འདུག དེ་མིན་བསམ་འཆར་ཅང་བཤད་རྒྱུ་མེད། བལྟས་ཚར་བའི་རྗེས་ལ་བསམ་འཆར་འདྲ་འདུག་ན་ཞུ་ངེས་ཡིན།
ཉིད་ཀྱི་དཔེ་དེབ་ལེགས་འགྲུབ་བྱུང་བ་བཀྲ་ཤིས་བདེ་ལེགས། སྐུ་གཟུགས་ལ་བདག་སྐྱོང་ཡོང་བ་ཞུ། ས་མཐའ་ནས་ང་ཚོ་ཚང་མས་རང་ཉིད་ཀྱིས་རང་ལུས་ལ་དོ་བདག་མ་བྱེད་ན་གཞན་གྱི་བྱེད་མཁན་མེད་པས་དུས་ཀུན་སྐུ་གཟུགས་བདེ་ཐང་ཡོང་བ་སྨོན།
དཔེ་དེབ་འདི་ཉོ་འདོད་ཧ་ཅང་ཆེ་བས་གཅིག་ཉོ་རྒྱུ་ཡིན།
རིག་པའི་བུ། རྒྱ་ནག་གིས་བོད་ན་གྲ་བཙུན་གཙང་བཟོ་བྱས། བྱེས་འབྱོར་བ་༷ཚོས་རྒྱུད་ལམ་ཁག་ནས་གྲ་བཙུན་རྣམས་ས་འོག་ཏུ་གཡུག གྲ་བཙུན་གྱི་སྐྱོན་བརྗོད་གོ་ནས་ཡི་ཤུ་ཆོས་ལུགས་ལ་ཞུགས་མཁན་ལ་ཇི་ལྟར་གནང་ངམ། ཡག་པོ་འདུག ཡག་པོ་འདུག་ བོད་པ་ཚང་གི་རྣམ་དཔྱོད། ཧ་ལས་པའི་ཡར་རྒྱས་དང་མཐུན་སྒྲིལ་འདུག
སྨྲ་བརྗོད་རང་དབང་རེད། རང་སྐྱོན་ངོས་ལེན་ཀྱང་བྱེད་ཤེས་པ་དགོས། དེ་མིན་ན། ཡར་རྒྱས་མེད་སར། ཕན་ལས་གནོད་ཆེ་བ་ཡོད།
མཆན་བུའི་ནང་དོན་ཕྱོགས་སུ་བསྡོམས་ན། ང་ཚོ་བོད་པའི་སྨྱུག་འཛིན་པའི་བསམ་བློའི་འདུ་ཤེས་བླང་སྟངས་ཀྱི་ཁ་ཕྱོགས་ཆ་ཚང་འདི་རུ་གསལ་ལེར་བཤམས་ནས་འདུག
མ་བརྟག་མ་དཔྱད་མ་མཐོང་སྦར་མྱུག་འོལ་ཚོད་རྐྱང་གིས་ལོང་བྲིས་འདི་དག་མཐའ་གཅིག་ཏུ་སྤོངས་ཤིག་རིགས་ཀྱི་བོད་པ་ཚང་ལགས།
རྩོམ་པ་པོར་བཀྲིས་བདེ་ལེགས། འདི་ཐེངས་ཀྱི་དུས་དབང་དང་བསྟུན་ཏེ་ཤེས་ཡོན་གྱི་བྱ་འགུལ་མང་དག་ཅིག་ཀྱང་མཇལ་རེ་འདུག
གོ་ཐོས་ལྟར་ན། མ། དང་། བོད་ཁམས་ཉུལ་བ། རྩོམ་པ་པོ་གྲགས་ཅན་ཨ་འཇམ་ལགས་ཀྱིས་ཀྱང་དུས་སྐབས་བྱུང་ན། སྙན་ངག་གི་འགྲེམས་སྟོན་ཅིག་གནང་བརྩི་ཡོད་པ་འདྲ།
ཤིན་ཏུ་ལེགས། རྗེས་སུ་ཡིད་རང་ཡོད། སྐུ་ཁམས་བཟང་། ཚེ་རིང་།
མེ། རུ་བཅོས་རོག ཐུགས་རྗེ་ཆེ།
རྒན་ཁོང་གིས་མིག་ཤེལ་མང་པོ་འདི་འདྲ་རྒྱག་དགོས་བྱུང་ཡང་དཀའ་ལས་བརྒྱབས་ནས་བརྩམས་པ་ཞིག་རེད་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད་རྡོ་རྗེ་གདན་དུ་སླེབ་དུས་གཅིག་ཉོས་ནས་བཀླག་རྒྱུ་ཡིན་གདའ།
ཨ་ཡ་མཚན་ནི རེད། མིག་ཤེལ་ནག་པོ་མང་པོ་མགོ་ལ་བཞག་ཡོད་ལུགས་དེ་ལ་བལྟས་ན་མི་ཀླད་པ་ཐང་པོ་མེད་པའི་རྟགས་ཚན་འདྲ་བོ་འདུག དགོས་རྒྱུ་དེབ་ནང་བརྗོད་བྱ་དང་རྩོམ་པ་པོ་ངོ་སྤྲོད་མེད་པར་། མི་དགོས་རྒྱུ་ཞེད་སྣང་སློང་བྱེདད་འདྲ་བོ་པར་སྦྱར་བ་དེ་སེམས་འཁྲུགས་ཡོང་ས་རེད ། ཀླད་པ་ཐང་ཐང་ཡིན་ནམ?
ཁྱེད་རང་གི་སྨྱུག་མིང་ངམ། དྲྭ་ཚིག་མིང་ག་རེད་དམ
མ་གཞི་འདིའདྲ་ཅང་མ་མཛེས་པ་བྱེད་ཡོང་དུས་ག་ཚོ་ལ་ད་དུང་ཀ་ཙ་ཟེར་ཡོང་འདུག་ག་།
ཁ་བརྡ་ཚང་གིས་རྒྱུ་མཚན་མི་ལྡན་པའི་ལསཀར་དགའ་བསུ་མེད།
དེབ་འདི་ཕྱི་རྒྱལ་ནས་ག་འདྲ་རག་གི་རེད
མཆན་འགོད་པ་རྣམས་ཀྱིས་མིག་ཤེལ་ནག་པོ་གསུམ་རྩེག་དེར་དོགས་སློང་གནང་གི་འདུག
ཁོང་གིས་ཉིན་མཚན་མེད་པར་གློག་ཀླད་མདུན་མིག་ཅེ་རེར། ཤོག་གྲངས་དྲུག་བརྒྱ་ལྔ་བཅུ་ཐམ་པའི་དེབ་དེ་བརྩམས་གནང་སྐབས། ཆུ་ལྦུར་མིག་གིས་མ་ཐེག་པར། མིག་ཤེལ་ནག་པོ་གཅིག་བེད་སྤྱད། དེས་ཀྱང་མ་ཐུབ་པར་མིག་ཤེལ་ནག་པོ་གཅིག་སྤྱད། དེས་ཀྱང་མ་ཐུབ་པར། ཡང་བསྐྱར་མིག་ཤེལ་ནག་པོ་གཅིག་སྤྱད། ཁྱོན་བསྡོམས་གསུམ་རྩེག་ཏུ་གྱུར་པ་རེད། འགྲེལ་བཤད་དེ་གང་འདྲ་འདུག
སྤུན་ཟླ་ཚོ། རང་རང་གི་གང་འདོད་པ་དག་ལྷུག་པོར་སྨྲས་པའི་བསླབ་བྱ་དེ་དག་ལ་སྙིང་ནས་མོས་ཤིང་གུས། དེབ་འདི་ཀློག་ནས་བསམ་མྱོང་གི་བྲོ་བ་བལྟ་འདོད་མཁན་སུ་ཞིག་ཡོད་ན། རྡོར་གདན་གྱི་དུས་དབང་ལ་སླེབས་ཡོད་ཚེ། དེབ་འདི་མཆོད་རྟེན་རྒྱབ་དུ་བཙོང་བཞིན་ཡོད། དེ་དོན་ཐུགས་འཇག་ཞུ། ད་དུང་། དུས་དབང་རྗེས་སུ་རྡ་ས་ནས་ཀྱང་རེག་གི་ཡོད། དྲ་ཐོག་ནས་མངགས་ཉོ་བྱེད་མཁན་ཕྱི་རྒྱལ་ཁག་གི་སྤུན་ཟླ་འདྲ་ཡོད་ན། བདག་གི་གློག་འཕྲིན་དུ་འབྲེལ་བ་བྱོས་དང་། དེ་ནས་ལན་འདེབས་བྱེད་ཆོག souloflove538@gmail.com
དེབ་འདི་ད་དུང་རེག་མ་སོང་། མཐུག་ཚད་ལ་ལྟས་ན་དཀའ་ལས་ཤུགས་ཆེར་རྒྱག་པར་འདྲ་ཡག་པོ་རེད།
ཚེ་རིང་ལགས། སྐུ་ཉིད་དུས་དབང་དུ་སླེབས་ཡོད་པའི་མི་འདྲ་ཡིན་ན། རྡོར་གདན་གྱི་མཆོད་རྟེན་རྒྱབ་ངོས་སུ་བཙོང་གི་ཡོད་ལ། བཙོང་ཡུལ་ལག་པར་མ་རེག་ཚེ། ཉོ་འདོད་ཡོད་ན་ཁ་པར་ཨང་གྲངས་༠༧༢༠༩༡༤༦༧༡༠འདིས་སྟེང་དུ་འབྲེལ་བ་བྱོས་དང་འགྲིག་གི་ཡོད།