ཆུ་སྐྱེས་སྒྲོལ་མ།
དེབ་འདི་ནི། ཕྱི་ལོ་ 1979 ལོ་སྟེ། རྒྱལ་ཡུམ་ཆེན་མོ་དགུང་གྲངས་དོན་དགུ་བཞེས་པའི་སྐབས་ལ་བཀའ་འདྲི་ཞུས་ཤིང་ཡི་གེར་བཀོད་པ་ཞིག་རེད། དེ་ནས་ལོ་ངོ་ཉེར་གཅིག་གི་རྗེས་ཏེ་ཕྱི་ལོ་ 2000 ལོར་ཨིན་སྐད་ནང་རྩོམ་སྒྲིག་པར་སྐྲུན་གནང་འདུག སླར་ཡང་ལོ་ངོ་ཉི་ཤུའི་རྗེས་ཏེ་འཆར་ལ་ཉེ་བའི་ཕྱི་ལོ་ 2020 ལོ་མགོར་བོད་འགྱུར་དེབ་འདི་ཡོངས་ཁྱབ་ཏུ་འགྲེམས་སྤེལ་ཞུ་ཡི་ཡོད།
དེབ་འདིར་བསྡོམས་པས་ལེའུ་ 28 དང་ཤོག་ངོས་ 318 ཡོད་པའི་ནང་།མདོ་སྨད་ལ་འཁྲུངས་ཤིང་རྒྱ་གར་ནང་བཙན་བྱོལ་དུ་འཚོ་གནས་བར་གྱི་སྤྱི་ཚོགས་གནས་སྟངས། སྲོལ་རྒྱུན་ནས་དེང་རབས་བར་གྱི་སྤྱི་ཚོགས་བསམ་བློ། མི་ཚེ་དང་འཚོལ་སྙེགས་བར་གྱི་རེ་བ་སོགས་ནང་དོན་སྣེ་མང་འདུས་ཡོད།
འགྱུར་དེབ་འདིའི་ནང་། སྒྱུར་མཁན་གྱི་ངོས་ནས་ཉེ་རབས་ཀྱི་ལོ་རྒྱུས་དཔེ་དེབ་མང་པོ་ཞིག་བཀླགས་ཏེ། མཆན་ཡིག་རིང་ཐུང་བརྒྱ་ཕྲག་གཅིག་དང་ཕྱེད་ལ་ཉེ་བ་བཀོད་ནས་གནད་འགག་དང་དོན་དག་མང་པོ་ཞིག་ཁ་གསབ་དང་གསལ་པོ་ཡོང་ཐབས་བྱས་ཡོད།
ང་ཚོའི་སྤྱི་ཚོགས་ཀྱིས་རྒྱལ་ཡུམ་ཆེན་མོ་ནི་བུད་མེད་སྤྱིར་བཏང་བ་ཞིག་མ་ཡིན་པར་ངོས་འཛིན་དང་འབྲེལ། རྒྱལ་ཡུམ་ཆེན་མོའི་འཁྲུངས་ཚེས་ཕྱི་ཟླ་ 3 ཚེས་ 5 ཉིན་དེ་བཞིན་༼བོད་ཀྱི་ཕ་མའི་ཉིན་མོ༽རུ་སྲུང་བརྩི་དང་། དེ་དང་ཕྱོགས་མཚུངས་༼རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོ་འགྲན་བསྡུར༽གོ་སྒྲིག་ཞུས་དང་ཞུ་བཞིན་པ། རྒྱལ་ཡུམ་ཆེན་མོའི་མཚན་ཅན་༼བདེ་སྐྱིད་ཚེ་རིང་ཚོགས་ཁང་༽ཞུ་བ་ཡོད་པས་མཚོན་རྒྱལ་ཡུམ་ཆེན་མོའི་སྐོར་སྤྱི་ཚོགས་ཀྱི་དྲན་པའི་ནང་གསོན་པོར་གནས་པ་དང་བྱམས་བརྩེའི་ནུས་པ་སྤེལ་བར་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད། ད་རེས་ངས་རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་འདི་བོད་སྐད་དུ་བསྒྱུར་བ་ཡང་རྒྱལ་ཡུམ་ཆེན་མོ་དམ་པའི་བྱམས་བརྩེའི་མཛད་པ་བསྐལ་པའི་བར་གནས་པའི་ཕན་གྲོགས་སུ་འགྱུར་བར་སྨོན་པ་ཡིན།
མངགས་ཉོའི་འབྲེལ་གཏུགས།
གློག་ཡིག lugyal@gmail.com
ཁ་པར། +91 9816702953
ཆེས་ཐོག་མར་མངགས་མཁན་ང་ཡིན།
སྐུ་ཁམས་བཟང་། དགོངས་དག མངགས་ཉོ་མནང་མཁན་དང་པོ་དེ་མ་རེད། གཉིས་པ་རེད།
རྒྱལ་ཡུམ་ཆེན་མོའི་མཛད་རྣམ་དེབ་འགྲེམས་སྤེལ་ལ་རྟེན་འབྲེལ་ཞུ།
བོད་ཀྱི་བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ་ལགས་ཀྱིས་མི་ལོ་དུ་མའི་རིང་ལ་སོ་སོའི་ཕྱག་ལས་ཀྱི་ཞར་དང་ཞོར་ནས། དཀའ་ཚེགས་དང་སྐུ་ངལ་ལ་མ་འཛེམས་པར་རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་དེ་བོད་སྐད་དུ་བསྒྱུར་བ་ནི། ཁྱད་དུ་འབར་བའི་གཟི་བརྗིད་དང་། བྱས་རྗེས་ཆེན་པོ་ཞིག་བཞག་པ་གདོན་མི་ཟའོ།།
བོད་ཀྱི་བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ་ལགས་ཀྱིས་མི་ལོ་དུ་མའི་རིང་ལ་སོ་སོའི་ཕྱག་ལས་ཀྱི་ཞར་དང་ཞོར་ནས། དཀའ་ཚེགས་དང་སྐུ་ངལ་ལ་མ་འཛེམས་པར་རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་དེ་བོད་སྐད་དུ་བསྒྱུར་བ་ནི། གཟི་བརྗིད་འབར་བའི་བྱས་རྗེས་ཆེན་པོ་ཞིག་ཡིན་པ་གདོན་མི་ཟའོ།།
མཁྱེན་ལྡན་པ་ཆུ་སྐྱེས་སྒྲོལ་མ་ལགས་ཀྱིས་རྩ་ཆེའི་དུས་ཚོད་ཟུར་བཅད་ཀྱིས་སྐུ་ངལ་ཁྱད་བསད་གནང་སྟེ། ༧སྐུའི་༧རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་དཔེ་དེབ་བོད་སྒྱུར་གནང་བར་བཀའ་དྲིན་ཆེ། མི་འགྱངས་པར་དེབ་མཆོག་ལ་མཇལ་བའི་སྐལ་བ་ལྡན་རྒྱུར་རེ་བས་སྒུག་ནས་འདུག
སྒྲ་སྒྱུར་མ་ཁྱེད་ཀྱི་མ་འོངས་བྱ་གཞག་རྣམས་ལ་འོད་སྟོང་ལྡན་པར་སྨོན།
ཧ་ལས་པ་དང་རྗེས་སུ་ཡི་རངས་ཞུ།
ཨ་ལག་ཀླུ་སྨྱོན་ཚང་ང་འཛིན་ཆེ་བ་ལའང་། ཁྱོད་དེབ་ཉོ་མཁན་ཐོག་མ་དེ་རེད་མི་འདུག་མོད་གལ་ཏེ་ཡིན་ན་ཡང་ཅི་ཕན། དེ་ལས་དེབ་ཀློགས། ནང་དོན་ལོངས། ཁྲི་དང་ང་འཛིན་གྱི་མཐོ་དམན་འགྲན་གི་མ་འདུག འེ་གོ་ཐལ།
བཀྲིན་ཆེ་ཐུགས་རྗེ་ཆེ་རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་དེ་མ་རག་པར་བསྡད་ཡོད་ན་སླར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡོད།
ང་ལ་གཅིག་དགོས་འོག་གི་ཁ་པར་ཨང་གྲངས་ཐོག་འབྲེལ་བ་བྱས་ན་འགྲིག་གི་ཡོད་པ་རེད་དམ།
ལགས་འོང་། གོང་གི་དེབ་སྒང་ལ་འཁོད་པའི་ཞལ་པར་ཨང་གྲངས་ལ་མངགས་ཉོ་གནང་ན་འགྲིག
རྒྱལ་ཡུམ་ཆེན་མོའི་སྐུ་ཚེའི་ལོ་རྒྱུས་བོད་སྒྱུར་གནང་བར་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས།