ངོ་སྤྲོད་བྱེད་མཁན་ཀླུ་སྨྱོན།
དེབ་སྔོན་དབྱིན་སྒྱུར་མའི་མདུན་ཤོག
“It has been a source of much satisfaction to me that I was able to discuss the entire translation with the Rev. dGe-‘dun Chos-‘phel, the well-known Tibetan scholar, and I gratefully acknowledge here his very helpful guidance.”
རྗོར་རྗེ་རོལ་རིག
ཐུགས་རྗེ་ཆེ་སྐུ་ཞབས་ཀླུ་སྨྱོན་ལགས། འདི་ནི་དཔང་རྟགས་ཁུངས་བཙན་ཞིག་ཡིན་མོད། འོན་ཀྱང་རྟོག་གེ་མགོ་མཁྲོགས་པར་འདིས་མི་ཕན་པས་མ་ཚད་དེ་ལས་ལྡོག་སྟེ་དེ་ནི་
དགེ་ཆོས་གཅིག་པུས་དབྱིན་བསྒྱུར་གནང་བའི་དཔང་རྟགས་སུ་གོ་ཉེན་ཤིན་ཏུ་ཆེ་སྟེ་ མི་དེ་དག་གིས། སྲིད་དོོན་རྒྱལ་རབས་དང་། དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་༼བརྡ་དག་མིང་ཚིག་གསལ་བ་༽ཞེས་བྱའང་
དགེ་འདུན་ཆོས་འཕེལ་ལགས་ཀྱིས་རྩོམ་པ་རེད་ཅེས་མཁྲེགས་འཛིན་བྱེད་མཁན་འདུག་ཀྱང་། དེ་དག་ནི་རྩོམ་པ་པོ་གཞན་ཁྱད་དུ་གསོད་པའི་ཚིག་ཙམ་དུ་མངོན་པ་ལས་རྒྱུ་མཚན་ཡང་དག་གཅིག་མེད་པ་ར་སྤྲོད་བྱུང་ཡོད།།
“It has been a source of much satisfaction to me that I was able to discuss the entire translation with the Rev. dGe-’dun Chos-’phel, the well-known Tibetan scholar, and I gratefully acknowledge here his very helpful guidance.”
ངེས་པ་དོན་གྱི་བོད་རིགས་མཁས་པའི་དབང་པོར་གྲགས་པ་སྟེ་དགེ་འདུན་ཆོས་འཕེལ་དང་ལྷན་དུ་བསྒྱུར་ཡིག་ཆ་ཚང་བགྲོ་གླེང་བྱ་རྒྱུ་བྱུང་བ་ནི། ངའི་འདོད་བློ་ཡོངས་སུ་ཁེངས་སོང་། འདིར་ངས་ཁོང་གིས་ལམ་སྟོན་རམ་འདེགས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
ངེས་པ་དོན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་ལ་སྙིང་ནས་གུས་སོ།
དགེ་ཆོས་མཁས་དབང་ཡིན་ན་བོད་ཁ་བ་ཅན་གྱི་མཁས་དབང་ཡོད་དོ་ཅོག་འཛད་སོང་བས་ཁྱབ།
རང་གྲོལ་རྩོམ་པ་པོ་དཔལ་ལྡན་ཡིན་དུས་བོད་ན་རྩོམ་མཁན་དཔལ་ཅན་མ་བྱུང་བས་ཁྱབ།
ཕྱག་རྒྱ་མང་མོད་གཉིས་ཀྱིས་ཆོག
འཁྲུགས་བཅོས་སྒྱུར་ཏེ་བདག་ཡིད་པད་མ་འཁྲུགས
ཁ་བརྡ་ཉུལ་ནས་བདག་ཁ་མདའ་མོ་འཕང་།
མཁས་དབང་དགེ་འདུན་ཆོས་འཕེལ་ནི། རྩོད་མེད་ཡོངས་གྲགས་ཀྱི་ལོ་ཙྭ་བ་ཆེན་པོ་ཞིག་དང་གསར་གཏོད་པ་ཞིག་རེད། འོན་ཀྱང་། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོ་བཟོས། ཞེས་པ་ལྟར། ཕྱོགས་ལྷུང་ཅན་གྱིས་དགེ་ཆོས་ཕལ་པའི་སྐྱེ་བོར་བཟོ་ཉེན་གདའ། དགེ་ཆོས་མཁས་པ་ཡིན་པའི་རྒྱུ་མཚན་གྱིས་གཞན་གྱིས་བརྩམ་ཆོས་རྣམས་དགེ་ཆོས་ཀྱི་ཡིན། ཞེས་བཤད་ན། ལྐུགས་པའི་ཞེན་འཁོགས་རེད་དོ། ཀླུ་སྨྱོན་དྲང་ཚུགས་ཐུབ་པར་དཀའ་དྲིན་ཆེ།
རོལ་རིག་དང་དགེ་ཆོས་གཉིས་མཉམ་དུ་ལོ་གསུམ་བསྡད་རབས་འདུག །ཀུ་ལུའི་ལུང་བའི་ཕར་ངོས་ཀྱི་ནགས་ཚལ་ཞིག་ཏུ་སྔོན་མ་རོལ་རིག་གི་གཟིམས་ཆུང་ཧ་ཅང་སྐྱིད་པའི་གནས་དེ་དེང་སང་འགྲེམས་སྟོན་ཁང་དུ་བསྒྱུ་ནས་ལྡུམ་ར་དང་སྐྱེད་མོས་ཚལ། རླངས་འཁོར་ཆུང་བ་ཞིག །བོད་ཀྱི་ཐང་ག་སྣ་ཚོགས །རི་མོ་སྣ་ཚོགས། དཔེ་ཆ་སྣ་ཚོགས་ཤིག་འདུག །ཡིན་ཡང་དགེ་ཆོས་སྐོར་གྱི་དཔེ་དེབ་བརྙེད་མ་སོང་། དགེ་ཆོས་ཀྱི་མགུར་ཞིག་ཏུ། ལོ་གསུམ་སྡུག་ལས་བྱས་པའི་ཨ་ཐང་ནི་ཆད་སོང་། ཞེས་པ་སྐུ་དྲག་རོལ་རིག་གིས་ཁོང་ལ་ཡག་པོ་བྱས་མེད་ཚུལ་གསལ།
ཀླུ་སྨྱོན་དྲ་རྒྱར་མ་ཕེབས་ཡུན་རིང་སོང་བས་སྒེར་ལ་སྐུ་ངལ་འདྲ་འཕྲད་མིན་ནམ་སྙམ་ཡང་སྐྱར་དུ་ཕེབས་པར་དགའ་བསུ་ཡོད།
ཀླུ་སྨྱོན་གྲོག་མའི་འཁོར་གྱིས་བསྐོར། །ནམ་ལང་ཉི་ནུབ་གྲོག་མའི་གཡོག །གྲོག་མའི་གར་སྟབས་བསྒྱུར་བ་ན། །ཁོང་གིས་སྙན་ངག་ཐར་ཐོར་ཤོར། །ཧཧཧཧ
མ་རྒན་གྲོག་མའི་འཁོར་དུ་སྐོར།
ཕ་རྒན་ཕུག་རོན་མདས་མཆོད་སྒྲུབ།
བོད་དོན་སྨྱུག་གུས་རྩེ་ནས་བྲོས།
ཚོགས་དྲུག་ཚེ་རིང་སྐྱིད་ལ་ཤོར།
ཆགས་སྲེད་ཡིད་དྭགས་རིན་པོ་ཆེ།
མགོན་པོས་ཁྱད་མཚར་ཞིག་བྲིས་འདུག་ག
ཧ་ཧ་ཧ།
ཧཧ། གཡུ་ཐོག་གིས་བོད་སྒྱུར་བྱས་བ་ནི་གད་མོ་ཤོད་པའི་གནས་ཤིག་རེད། ཚིག་ཉུང་དེ་འདྲ་ཞིག་ཡག་པོ་སྒྱུར་ཐུབ་འདུག ཡིན་ཡང་ཚོད་ལྟ་གནང་བ་ཡག་བྱུང་།
རེད་ཡ། རིག་པའི་བུས་བཤད་པ་བདེན། ངས་གོང་གི་ཨིན་ཡིག་དུམ་བུ་དེར་ཚོད་ལྟའི་ཚུལ་དུ་བསྒྱུར་བ་ཡིན། ཁྱེད་རང་གིས་བསྒྱུར་ནས་ཁོ་བོར་དཔེ་མཚོན་ཞིག་སྟོན་ན་གང་འདྲ་འདུག་གམ།
“It has been a source of much satisfaction to me that I was able to discuss the entire translation with the Rev. dGe-’dun Chos-’phel, the well-known Tibetan scholar, and I gratefully acknowledge here his very helpful guidance.”
བོད་ཀྱི་མཁས་པ་གྲགས་ཅན་སྐུ་ཞབས་དགེ་འདུན་ཆོས་འཕེལ་དང་ལྷན་དུ་འགྱུར་ཆ་ཚང་བ་ལ་བགྲོ་གླེང་བྱེད་ཐུབ་པ་བྱུང་བ་དེ་ནི་ང་ལ་ཧ་ཅང་ཡིད་ཚིམ་པ་སྟེར་བའི་རྒྱུ་ཞིག་ཏུ་གྱུར། ངས་ཧ་ཅང་ཕན་ཐོགས་ཅན་གྱི་ཁོང་གི་ལམ་སྟོན་ལ་འདིར་བཀའ་དྲིན་རྗེས་དྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
རྡོ་རྗེ་དོན་གྲུབ་ཀྱིས་ཀྱང་ཚོད་ལྟ་གནང་བ་ཡག་བྱུང་།
“It has been a source of much satisfaction to me that I was able to discuss the entire translation with the Rev. dGe-’dun Chos-’phel, the well-known Tibetan scholar, and I gratefully acknowledge here his very helpful guidance.”
བོད་ཀྱི་སློབ་དཔོན་གྲགས་ཅན་ཆོས་བ་དགེ་འདུན་ཆོས་འཕེལ་མཉམ་དུ་བསྒྱུར་ཆ་ཚང་གི་ཐད་བགྲོ་གླེང་བྱེད་ཐུབ་སོང་བ་དེ་ངའི་འདོད་པ་ཁེངས་བྱེད་ཀྱི་རྒྱུ་མང་ཤས་དེ་ཆགས་བསྡད་པ་དང་ཁོང་གི་ཕན་ཐོགས་ཆེ་བའི་ལམ་སྟོན་དེ་ངས་འདིར་ངོ་ཤེས་བའི་སྒོ་ནས་བཀའ་དྲིན་ཞུ་བ་ཡིན།
ངས་ཡང་འདི་ནས་ཚུགས་ཀ་ཞིག་བྱས་ཡོད། རྡོ་རྗེ་དང་གཡུ་ཐོག་གཉིས་ལགས།
སྤྱིར་ར་ཤི་ཡའི་མི་འདི་ཚོ་ཁེ་བཟང་དང་མི་གཞན་བེད་སྤྱོད་གཏོང་བར་གོམས་པའི་མི་རིགས་ཞིག་ལ་ཆ་འཇོག་གི་ཡོད་པ་བཞིན་རྗོར་རྗི་རོ་རིག་འདི་ཡང་མི་འཁྲེལ་གཞུང་མེད་མཁན་ཞིག་དང་། སྐབས་འཚོལ་བ་ཞིག་ཡིན་པ་གསལ་བོ་རེད། དགེ་ཆོས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རོ་རིག་གི་དེབ་སྔོན་དབྱིན་བསྒྱུར་གྱི་རྨི་ལམ་མངོན་གྱུར་བྱུང་རེད།།
དགེ་ཆོས་ཀྱིས། འབྱོར་ཚེ་ཉེ་བའི་དྲུང་ན་གུད་གུད་ཀྱིས་འགྲོ་ཞིང ། །རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ། །ཞེས་པ་འདི་གསུང་ཡུལ་དམིགས་བསལ་ཡོད་དམ། །
གནམ་ཅན་པོས་ཀྱང་བོད་བསྒྱུར་བྱས་པར་བཀྲིན་ཆེ། ངོ་མ། བསྒྱུར་གཞི་གཅིག་ལ་བསྒྱུར་མཁན་སོ་སོའི་གོ་རྟོགས་དང་བོད་སྐད་ཤེས་ཚད་ཀྱིས་མི་གཅིག་པར་འདུག་པས་ཚིག་ཟུར་རེ་རེ་ནས་བློ་བསྐྱེད་བསྟེར་བྱུང་། ཕྱིས་སུ། ཁ་བརྡ་ཚང་གིས་སྐད་གྲགས་ཆེ་བའི་རྩོམ་ཐུང་དེ་འདྲ་བསྒྱུར་གཞིར་བཞག་ནས་མཐའ་མ་བསྒྱུར་ལ་བྱང་ཆ་ཡོད་མཁན་ཨཅརྱ་ཀརྨ་སྨོན་ལམ་དང་། ཆུང་ཚེ་རིང་སོགས་གདན་ཞུས་ཀྱིས་སྡོམ་ཚིག་བཀོད་ཐུབ་ན་ཕན་ཐོགས་ཆེ་བར་འདོད།
མ་གཞི་རྕོམ་ཡིག་གང་ཞིག་སྒྱུར་ཡང་རབ་བྱུང་ན་རོའོ་རིའི་ཆི་ལྟར་དཀའ་གནད་ཀུན་སྒྱུར་ཡུལ་གྱི་པཎྜི་ཏ་ཞིག་དང་གྲོས་བསྡུར་བྱེད་ཐུབ་ན་དགེ་མཚན་ལྡན་པ་མཐོང་། མ་མཐའ་ཡང་སྒྱུར་ཡུལ་གྱི་མཁས་པ་ཞིག་དང་གྲོས་བསྡུར་བྱེད་གལ་ཤིན་ཏུ་ནས་ཆེ། དེ་མིན་སྒྱུར་བ་པོས་གང་འདོད་དུ་སྒྱུར་ཆོག་ཅིང་གནད་དོན་མང་པོ་ཞིག་གསལ་ཁ་མ་དོད་ཀྱང་འོལ་ཚོད་ཀྱིས་སྒྱུར་དུ་ངེས་བས་ཡིན།
དེབ་སྔོན་དབྱིན་སྒྱུར་བྱེད་པར་དགེ་ཆོས་ཀྱི་དབྱིན་ཡིག་ཡག་པོ་མཁྱེན་མི་དགོས་ཤིང་ཤེས་མཁན་གྱི་བོད་རིག་པ་སྟེ་ལོ་ཙ་པRoerich ཡོད་པས་ཡིན། དགེ་ཆོས་ཀྱི་ཕྱག་ལས་གཙོ་བོ་ནི་བོད་ཡིག་ཡག་པོ་མཁྱེན་ཡ་དེ་རེད། Roerich་ནི་སྐད་གྲགས་ཅན་གྱི་ཨུ་རུ་སུའི་ཚན་རིག་པ་ཞིག་ཡིན་པ་མ་ཟད་བོད་རིག་པ་ཞིག་ཡིན་ལ་ཁོང་གིས་སྐད་གྲགས་ཆེ་བའི་བོད་དང་ཨུ་རུ་སུའི་ཚིག་མཛོད་ཆེན་པོའང་བརྩམས་འདུག དེ་ནས་ཡིག་རིགས་དུ་མར་བསྒྱུར་བའི་གནས་ཚུལ་འདུག
གཞན་སྐད་བོད་དུ་སྒྱུར་སྐབས་གཞན་ཡིག་གི་གོ་དོན་ཡག་པོ་ཞིག་རྟོགས་ཚེ། འགྱུར་ཡག་མིན་ནི་སྒྱུར་མཁན་གྱི་བོད་ཡིག་གི་ཤེས་བཟང་ངན་ཁོ་ན་ལ་རག་ལས་བ་ལས་ཅི་ཡང་མིན། གོང་དུ་བསྒྱུུར་པ་པོས་ཚིག་ལ་ཧེ་བག་དོད་པའང་ཁོང་ཚོའི་བོད་ཡིག་གི་གནས་ཚད་དང་འབྲེལ་བ་དམ་ཟབ་ཡོད། དེ་ནི་དབྱིན་སྐད་ཡག་པོ་ཤེས་ཤིང་བོད་སྐད་དེ་ཙམ་མི་ཤེས་མཁན་ཞིག་ལ་དབྱིན་ཡིག་གི་གནད་དོན་བྲིས་དང་། བོད་སྐད་ཐོག་འགྲེལ་བཤད་ཡག་པོ་རྒྱག་མི་ཐུབ་པའི་དེ་ཉིད་ཀྱིས་གསལ་བཤད་ཐུབ།
མཁྱེན་ཡངས་དྲི་མེད་ལྷག་བསམ་ལགས།
ངས་གོ་ཚོད་དང་དགེ་ཆོས་ཀྱི་རྣམ་ཐར་ཁག་ལས་དཔག་ན། དེ་དག་དངོས་སུ་གསུངས་ས་ནི་སྐུ་ངོ་བཀའ་ཤོད་པ་རྗེས་འབྲངས་རྣམས་ལ་གསུངས་པ་མིན་ནམ་སྙམ་པ་ཞིག་འདུག་པས། དོན་དངོས་ཐོག་ཤུགས་ལ་མི་བྱས་པ་དྲིན་དུ་མི་གཟོ་མཁན་གྱི་གཡོ་སྒྱུ་ཅན་ང་དང་ང་
འདྲ་བ་རྣམས་ལ་ཡང་གསུངས་པར་གདོན་མི་ཟ་སྟེ།
དེ་དག་ནི་སྤྱི་ཚོགས་གསར་རྙིང་དང་གཞི་བྱེས་ཀྱི་ཁོར་ཡུག་གང་དུ་བསྡད་ཀྱང་ཀེར་རེར་ལངས་སྟེ་འགྲོ་བའི་ཁྱི་དང་ཝ་མོའི་སྤྱོད་ཚུལ་ལས་མ་འདས་པས་སོ།
བླ་བྲང་བཀྲ་ཤིས་འཁྱིལ་ལ་བསྐུར་བའི་ཀ་རྩོམ་ནི།
༡༽ཀ་ཡེ་ཁོ་བོ་གཞན་དུ་སོང་རྗེས་སུ།།
ཁ་ནས་ཅི་བཤད་མེད་པའི་ཨ་ཁུ་འགས།།
ག་ཡང་གནས་ཆུང་འཕྲིན་ལས་རྒྱལ་པོ་ཡིས།།
ང་རྒྱལ་ཆེ་བས་སྡོད་དུ་མ་བཅུག་ཟེར།
༢༽ཅ་དག་བྱེད་པའི་ཆོས་སྐྱོང་ཞིག་ཡིན་ན།།
ཆ་རྒྱུས་ཡོད་མེད་ས་ཆ་ཀུན་འགྲིམས་ནས།།
ཇ་ཆང་སྐམ་ལུག་སོགས་ཀྱི་ཚོང་བྱེད་པའི།།
ཉ་ཉོག་དེ་ཚོ་སྡོད་དུ་ག་ལ་བཅུག །ཅེས་སོགས་གསུངས་སོ།
དཔྱོད་ལྡན་སྣྲོན་ངག་ཁྲི་ལགས་ཀྱིས་གསུང་པ་དེ་ཡིན་སྲིད། རྭ་སྟག་དོན་རྐྱེན་ལ་ཀ་ཤོད་ཀྱིས་འདྲེ་ལག་བསྐྱང་ཡོད་ཚུལ་ཡང་། ལྷ་སའི་དམངས་གཞས་སུ། ཀ་ཤོད་ཆོས་རྒྱལ་ཉི་མ། །ཕྱོགས་གཉིས་ལྷ་འདྲེའི་གདོང་པ། །སྟ་ཆེན་ངར་མ་དྲངས་ཏེ། །རྭ་ཕོའི་མགོ་ལ་གཞུས་སོང་། །ཀ་ཤོད་ཌཱ་རུ་མགོ་དེས། །ཕུ་དཀྲུགས་མདའ་དཀྲུགས་བྱས་པས། །ལྷ་སའི་ཉི་མ་སེར་པོ། །དམར་པོ་ཁྲག་གིས་སྦགས་ཤག །སོགས་ཁོ་དང་འབྲེལ་བ་ཡོད་ཚད་ཕལ་མོ་ཆེར་ཆག་སྒོ་བྱུང་ཚུལ་གླེང་རྒྱུ་མང་། །
ཀླུ་སྨྱོན་གྱིས་འདི་དེབ་སྔོན་དགེ་ཆོས་ཀྱིས་སྒྱུར་བ་མིན་པའི་དཔང་རྟགས་ཡིན་ཁུལ་རེད་འདུག་ཀྱང་། དགེ་ཆོས་ནས། ཁྲམ་དང་གཡོ་སྒྱུའི་རྩེ་མོ་དགུ་སྒྲིག་ཏུ་བྱས་ཏེ། །འབད་པ་རྒྱ་ཡིས་སྒྲུབ་པའི་འཇིག་རྟེན་གྱི་འདུན་མས། །ཡུན་རིང་སྒུགས་པའི་མཐའ་ལ་སྟོང་བསླུས་སུ་བྱས་པས། ལོ་གསུམ་སྡུག་ལས་བྱས་པའི་ཨ་ཐང་ནི་ཆད་སོང་།། ཞེས་པའི་གསུང་འདི་ལ་བལྟས་ན་དགེ་ཆོས་ཀྱིས་དཀའ་ལས་རྒྱབ་པའི་འབྲས་བུ་དེ་རོལ་རིག་གིས་ལོངས་སུ་སྤྱོད་ཤོར་བ་གསལ་པོ་རེད། དེ་མིན་དཀའ་ལས་རྒྱབ་པའི་གླ་ཆ་མ་རག་པ་ཙམ་ལ་མཁས་དབང་ཁོང་ལྟ་བུ་ཞིག་གིས་སྡུག་སྐད་འདི་འདྲ་ཤོར་མི་སྲིད། ད་དུང་མི་རྒན་ཤེར་རྒྱམ་པའི་དགེ་ཆོས་རྣམ་ཐར་ལས། གང་ལྟར་རང་གི་མཁས་འདོད་དང་སྐྱིད་འདོད། དངུལ་དངོས་འབྱོར་ཐབས་ཀྱི་རེ་དོགས་རྩ་བ་ནས་བཅད་པ་ཡིན། དགེ་ཆོས་ཤི་རྗེས་མིང་ཤུལ་གཙང་མ་གཙང་རྐྱང་ཡིན་ཨང་གསུངས་ཀྱི་ཡོད། ཞེ་པ་འདི་ལ་བལྟས་ན་ཡང་ཁོང་རྒྱུ་དངོས་ཀྱི་ཆེད་དུ་སྡུག་སྐད་ཤོར་མཁན་ཞིག་མིན་པ་མཐོང་ཐུབ།