དེབ་འདི་འདི་དགེ་ཆོས་ཀྱི་མིན་པའི་སྐོར་ལ། ན་ནིང༼༢༠༡༠ལོ༽སྤྱི་ཟླ༡༡པའི་ཚེས་༡༦ཉིན་གུས་པས་དབྱིན་ཡུལཨོཀ་ཁེ་སེ་ཧྥོརདྷེ་Oxfordསློབ་ཆེན་དུ་བཤད་པ་ཞིག་ཕུལ་དུས། ད་བར་སྤྱི་གསལ་་བྱུང་མེད་པའི་དགེ་ཆོས་ཀྱི་ཕྱག་བྲིས་བསྟར་མ་དང་འདྲ་པར་མང་པོ་དང་བཅས་ཏེ་བཤད་པ་ཞིག་ཕུལ་བ་ཡིན་མོད། དེ་དུས་དུས་ཚོད་དབང་གིས་ཁ་གསལ་པོ་ཞུ་ཐུབ་མ་སོང་། དེབ་དེ་དགེ་ཆོས་སྐུ་གྲོངས་པའི་རྠེས་ལ་ཐོན་པ་ཡང་མངོན་གསལ་དང་ཀ་སྦུག་ནས་སྐབས་འཚོལ་པ་ཞིག་གིས་པར་ཏུ་བཏབ་པ་ཡང་མངོན་གསལ་རེད། དེ་དང་པོ་རྡོ་རྗེ་རྒྱལ་ལགས་ལ་རེག་དོན་ནི་ཧོར་ཁང་ཚང་བརྒྱུད་ནས་མདོ་སྨད་ལ་སླེབས་པ་ཞིག་རེད། དེབ་དེའི་སྒང་ལ་ཧོར་ཁང་སྲས་བྱམས་པ་བསྟན་དར་གྱིས་མཚན་བཀོད་ས་ཡིག་བསྐྱོན་གནང་གི་ཟླ་ཚེས་ནི་སྤྱི་ལོ༢༠༠༠ལོ་་རེད། རྡོ་རྗེ་རྒྱལ་ལགས་ཀྱིས་གཞི་འཛིན་གནང་སའི་་དེབ་དེ་ག་རང་གི་པར་ཁ་ཤས། པར་པ་ནི་མཐར་ཕྱིན་བྷ་བྷུ་ཡིན་པ་འཁོད་འདུག ལོ་ཟླ་འཁོད་འདུག དྷརྨའི་མིང་ཅན་ནས་ཞེས་པ་དེ་རྫུན་བཟོ་རེད། མ་ཡིག་ལ་ཁྱོན་ནས་མཇལ་རྒྱུ་མི་འདུག
དེ་ཡིན་དུས་ཧོར་ཁང་པ་ཧོལ་རྒྱུགས་བྱས་པའི་སྐྱོན་རེད་འདུག ཧོར་ཁང་དང་རག་ར་སོགས་སྐུ་དྲགས་ཀྱི་ཕྲུ་གུ་འདི་ཚོས་དགེ་མི་སྐྱོབ་པའི་ཡིད་ཆེས་སྔོན་ནས་ཡོད། ད་གསུང་རྩོམ་རྫུན་བཟོ་བྱེད་མཁན་འདི་ཚོ་ངོ་མ་ལས་ཀ་ཐབས་སྡུག་རེད་ཡ།
It understands from literary writing.
please dont fight for that.
དགེ་ཆོས་ཡག་འདུག་ཟེར་དུས།།
ཧོར་ཁང་རག་རག་ཟེར་གྱིས།།
དགེ་ཆོས་སྡུག་འདུག་ཟེར་དུས།།
སྐུ་དྲག་མི་ངན་ཟེར་བྱུང་།།
དེབ་འདི་དགེ་ཆོས་ལགས་ཀྱི་ཡིན་པ་ལ་སྐྱོན་ཅི་ཞིག་ཡོད། ཁོང་གིས་བརྩམས་ཡོད་མེད་ནི་མི་ཤེས།
༡ དེབ་དེའི་ཡོང་ཁུངས་ཙམ་ཞུས་པ་ལས་ཧོར་ཁང་སྲས་ནས་ཧོད་རྒྱུགས་གནང་སོང་ཟེར་ལབ་མེད་ལགས།
༢ རྩོད་གཞི་མེད་པའི་རྩོད་པ་མི་སློང་རོགས་ཞུ།
༣ འདི་ལ་སུ་བཀྱགས་ཤིང་སུ་སྨད་པའི་ཆ་ཅི་ཡང་མེད་བསམ།
༤ འདི་དགེ་ཆོས་ཀྱིས་མཛད་པ་མིན་པའི་གསལ་ཁ་ཐོན་ཡང་ཤེས་ཆུང་ང་འདྲར་ཕན་ཐོག་ཡོད་པའི་དེབ་ཅིག་རེད།
ལྗང་བུ།
kalsang dorjee
yes you are right,it’s just that: i had found the proof so i wanted to share it.
རེད། སྡུག་པ་ཐམས་བཅད་དགེ་ཆོས་མིན་པ་དང་ལེགས་པ་ཐམས་བཅད་དགེ་ཆོས་རེད་ཟེར་བ་འདིས་གང་མཚོན་ཟེར་ན་ངེད་ཚོའི་རང་བྱུང་གི་གཤིས་ཀ་དེ་མཚོན།
ངེད་ཚོ་སྨྱུག་འཛིན་པ་མང་པོ་ཞིག་དགེ་ཆོས་ཀྱི་བྱུང་རབས་བཤད་ནས་ལྟོ་གོས་གཏམ་གསུམ་སྒྲུབ་དགོས། དགའ་རེས་དགེ་ཆོས་སྡུག་རབས་བཤད་ནས་ལྟོ་གོས་སྒྲུབ། དགའ་རེས་དགེ་ཆོས་ཡག་རབས་བཤད་ནས་ལྟོ་གོས་སྒྲུབ་ མདོ་དོན་ཐུག་ས་དེ་དགེ་ཆོས་མིན་པར་ངེད་ཚོ་ནུབ་གླིང་ན་ཡོད་པའི་སྨྱུག་མིང་འཛིན་པ་ཚོའི་ལྟོ་གོས་དེ་རེད།
བློ་ཕམ་དགོས་པ་འདི་བློ་གཟུ་བོར་གནས་མི་ཐུབ་པའི་དགེ་ཆོས་ཀྱི་རྗེས་བྲངས་པ་དང་ཁོང་ཚོའི་ཁ་གཏད་རྣམས་རེད། དགེ་ཆོས་ཀྱི་སྙིང་སྟོབས་གཙོ་བོ་གཅིག་ནི་བློ་གཟུ་བོར་གནས་ནས་རིག་པ་གཏོང་བ་དེ་རེད། དགེ་ཆོས་ཀྱི་རྗེས་བྲངས་པ་སུའི་ནང་ལ་འདི་ལྟ་བུའི་སྙིང་སྟོབས་འདུག
དེབ་འདི་དགེ་ཆོས་ཀྱི་མ་རེད་གསུང་པ་ཙམ་ལས། མིན་ཚུལ་གསལ་བོ་མི་འདུག དེ་གསལ་བོ་ཞིག་གསུང་ཐུབ་ན་ཡག་པོ་ཡོང་ས་རེད།
བདག་གིས་བསམ་ན་ད་དུང་དཔྱད་དགོས་འདུག་སྙམ། བོད་ནི་མ་གཞི་ནས་རྫུན་བཟོ་ལ་ཞེ་དྲག་དགའ་བོ་འདུག་མོད། ཡང་རྫུན་བཟོ་འབའ་ཞིག་ལ་ཁ་གཡར་ནས་རྫུན་མ་ཡིན་པར་སྒྲོག་པ་ཡང་དཔྱད་བརྗོད་པ་ཞིག་གི་ལས་མ་རེད་སྙམ། དེ་ནས་སྐུ་ཞབས་ལྗང་བུ་ནས་མུ་མཐུད་དུ་དཔྱད་པ་གནང་རོགས། ད་དུང་ང་ཚོ།
སློབ་དཔོན་ལྗང་བུ་ལགས།
ཨ་ལགས་དོར་ཞི་ཚང་ལ་འབྲེལ་གཏུགས་བྱེད་སའི་ཁ་བྱང་ཞིག་མི་རེག་ཨ།
ང་དངོས་ནས་དགོས་མཁོ་ཆེ་བས། ཐུགས་རྗེས་གཟིགས།
དེབ་དེ་དགེ་ཆོས་ཀྱི་མ་རེད་ཞེས་པ་ནི་བསྒྲུབ་བྱ་ཙམ་རེད་འོན་ཀྱང་སྒྲུབ་བྱེད་མ་གསུངས་ན་རེད་དང་མ་རེད་གཉིས་ཀ་མ་གསུངས་པ་དང་འདྲའོ།