ཀླུ་སྨྱོན།
དོ་དགོང་གི་ཚོར་བ་འདི།
ཆ་རྒྱུས་མེད་པའི་གྲོང་ཁྱེར་ཆེན་པོ་ཞིག་གི་དཀྱིལ་ནས་ལས་ཀ་འཚོལ་བ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
བག་གསར་ཞིག་གི་ཁྱོ་ཀ་རླངས་འཁོར་བརྡབ་སྐྱོན་གྱི་ཆག་སྒོར་འཕྲད་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
རྒྱ་མཚོ་ཆེན་པོ་ཞིག་གི་དཀྱིལ་ནས་གླིང་ཕྲན་ཞིག་འཚོལ་བ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
གཞས་པ་གྲགས་ཅན་ཞིག་གི་མགྲིན་པ་འགག་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
ཚོང་བ་ཕྱུག་པོ་ཞིག་གི་མ་རྩ་བརྡིབས་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
ནང་ལ་ལོག་དུས་ཆུང་མར་གཞན་གྱིས་བཙན་གཡེམ་བྱས་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
དྲག་ཆར་འབབ་མཚམས་བཞག་མ་ཐག་ས་ཡོམ་བརྒྱབ་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
མི་ལ་རས་པ་ལོ་མང་རྗེས་སུ་གཞི་ནས་ཕ་ཡུལ་དུ་བསླེབས་དུས་དང་འདྲ།
དོ་དགོང་གི་ཚོར་བ་འདི།
འབྲུག་པ་ཀུན་ལེགས་ཀྱིས་ཐེངས་དང་པོར་རྒྱོ་ས་མ་རྙེད་པའི་དགོང་མོ་དེ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
ཚངས་དབྱངས་རྒྱ་མཚོས་པོ་ཏ་ལའི་རྡོ་སྐས་སྟེང་དུ་ཆེས་མཐའ་མའི་ཞབས་རྗེས་འཇོག་དུས་དང་འདྲ།
དོ་དགོང་གི་ཚོར་བ་འདི།
དགེ་འདུན་ཆོས་འཕེལ་ར་བཟི་མ་དྭངས་གོང་བཙོན་ཁང་དུ་འགྲོ་དུས་དང་འདྲ།
དོ་དགོང་གི་ཚོར་བ་འདི།
ས་ཁིར་ཁྲེས་བདེན་དོན་གྱི་ཆེད་དུ་དུག་ཆང་འཐུང་དུས་དང་འདྲ།
དོ་དགོང་གི་ཚོར་བ་འདི།
སྦི་རི་ནོ་རང་དབང་མེད་པར་གསོན་སྲེག་སྟེགས་བུར་བསྐྱལ་བ་དང་འདྲ་།
དོ་དགོང་གི་ཚོར་བ་འདི།
མཛེས་མ་ཞིག་གི་ལང་ཚོ་རྒུད་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
བསྐལ་པ་འཇིག་པའི་སྔ་ནུབ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
གོས་ཆེན་ཞིག་གློ་བུར་དུ་རྙིང་བ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
མཛའ་མོར་མ་སྤྱད་གོང་ཁུ་བ་ཤོར་བ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
མཛའ་བོར་མ་འགྲོག་གོང་མིག་གཉིས་ཞར་བ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
སྙན་ངག་མ་བྲིས་གོང་སེམས་པ་སྨྱོས་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི་ཨ་མའི་ཤུག་དམར་བཞོ་ཟེའུ་འོ་མས་གཏམས་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི་ཡ་དོའི་ཀོ་སྒམ་བརྗིད་པོ་མར་གྱིས་བརྒྱངས་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི་སྙན་ངག་མཁན་པོ་འཆར་ཡན་གྱིས་བཟི་བ་དང་འདྲ།
དོ་དགོང་གི་ཚོར་བ་འདི་མུན་ནག་གི་ཁམས་སུ་ཟླ་དཀར་གྱི་ཚོན་གྱིས་གསལ་བའི
སྤྲིན་དཀར་གྱི་ཆུ་ཚོན་རི་མོ་ཞིག་དང་ཡང་འདྲ།
དོ་དགོང་གི་ཚོར་བ་འདི་ཉལ་ཐ་ཡི་ལྷ་བྱའི་གཤོག་ཁུག་ཏུ་ཁྱེར་ནས
ཟླ་བ་དང་སྤྲིན་དཀར་གྱི་ཞིང་ཁམས་ལ་ལྗོངས་རྒྱུ་བྱེད་པ་དང་འདྲ།
ཨ་མའི་གསེར་ཞལ་མཇལ་བ་དང་འདྲ་བའི་དེ་དགོང་གི་ཚོར་བ།
སྤང་ལྗོངས་སྔོན་མོར་སླེབས་པ་དང་འདྲ་བའི་དེ་དགོང་གི་ཚོར་བ།
ཨ་སྔོན་དགུང་ལ་འཕུར་བ་དང་འདྲ་བའི་དེ་དགོང་གི་ཚོར་བ།
སྙིང་སྡུག་ཡིད་ལ་བསྒོམ་པ་དང་འདྲ་བའི་དེ་དགོང་གི་ཚོར་བ།
དོ་དགོང་གི་ཚོེར་བ་འདི་ཁ་བ་ལྷབ་ལྷུབ་ཁྲོད་རྒྱང་འགྲུལ་བྱེད་དང་མཚུངས།
དོ་དགོང་གི་དྲན་སྣང་འདི་ལ་ཁ་ན་དར་ལྕོག་ལྷབ་ལྷབ་གཡོ་དང་འདྲ།
དོ་དགོང་གི་སེམས་པ་འདི་སྦྲ་ནག་གི་ཆོན་ཐག་ཐོལ་གྱིས་ཆད་དང་མཚུངས།
དོ་དགོང་གི་འདུན་པ་འདི་གདུང་སེལ་གྱི་གངས་རི་ལ་རབ་ཏུ་སྙེག་པ་འདྲ།།
དེ་དགོང་གི་ཚོར་བ་འདི་དབུལ་བོ་ནོར་དང་འཕྲད་པ་འདྲ།
དེ་དགོང་གི་ཚོར་བ་འདི་ཉ་མོ་ཆུ་དང་འཕྲད་པ་འདྲ།
དེ་དགོང་གི་ཚོར་བ་འདི་བུ་ཆུང་མ་དང་འཕྲད་པ་འདྲ།
དེ་དགོང་གི་ཚོར་བ་འདི་ལོང་བ་མིག་དང་འཕྲད་པ་འདྲ།
རྣམ་པ་ཚོས་ཀྱང་རང་རང་གི་སེམས་ཚོར་བརྗོད་པར་ཐུགས་རྗེ་ཆེ་ཞུ། ངས་ཡང་སྐྱར་རང་གི་སྙན་ངག་དེར་སྣོན་མ་ཞིག་བཏབ་ཡོད།
དོ་དགོང་གི་ཚོར་བ་འདི།
དགའ་མར་འོ་བྱེད་བཞིན་པའི་སྐབས་སུ་གཞན་བཙན་འཕྲོག་བྱས་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
ཆུང་མའི་བྱིས་པ་སྐྱེས་མ་ཐག་མ་བུ་གཉིས་ཀ་ཤི་བ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
དོ་དགོང་གི་ཚོར་བ་འདི་་་་་་ད་མི་འབྲི
འདི་མོ་འདི་བྲིས་ནས་སེམས་མི་སྐྱིད་པ་ཁོ་ན་རེད།
དོ་དགོང་གི་ཚོར་བ་ཌྷའདི།
གཉིད་མཐུག་པོའི་ཁྲོད་དུ་ཐིམས་པ་དང་འདྲ།
དོ་དགོང་གི་ཚོར་བ་འདི།
རྒྱོ་བརྒྱབ་ཚར་རྗེས་དང་འདྲ།
དོ་དགོང་གི་ཚོར་བ་འདི།
བཟི་ཁབ་བརྒྱབ་པ་དང་འདྲ།
དྲ་གྲོགས་ཁ་ཕྱོགས་མེད་ཡིན་ན་འདིས་ད་སོ་མ་བྱ་བ་ངན་པ་ཞིག་བྱས་ཟིན་མ་ཡིན་པ་འདྲ། ཧཧཧཧ
ཇི་སྐད་དུ་སྡུག་བསྔལ་མེད་ལ་ངེས་འབྱུང་མེད་ཅེས་པ་ལྟར་ཞུས་ན། །
ཨེ་མ་ཧོ།
དོ་དགོང་གི་ཚོར་བ་འདི།
ཡུན་རིང་སྒུག་པའི་རེ་བ་དེ་ཡིད་བཞིན་དུ་འགྲུབ་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
ལོ་མང་དྲན་པའི་དྲིན་ཆེན་ཨ་མ་མ་འཕྲད་ནས་ཐུག་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
བརྩེ་གདུང་ཅན་གྱི་བླ་མ་འདས་ནས་སླར་འཇིག་རྟེན་དུ་ཕེབས་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
དབུལ་པོ་ཉམས་ཐག་ཞིག་གི་ཡིད་བཞིན་གྱི་ནོར་བུ་རྙེད་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི། །
ཀུན་གྱི་སྨད་པའི་ཉམ་ཆུང་ཞིག་གི་རྒྱལ་ཁ་ཐོབ་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
སྐྱེ་རྒ་ན་འཆི་མ་དགོས་པའི་བཙན་ས་ཟིན་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
རང་ཆོས་དགྲ་ལ་ཤོར་ཡང་ཞི་བདེ་ངང་དུ་རྒྱལ་ཁ་་ལོན་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
དགའ་སྤྲོའི་བདེ་བ་ནི་ཟླ་བ་ཆ་ཤས་ཡོངས་སུ་གང་བ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
མི་ལ་རས་པས་སེམས་ཁུང་གི་བླ་མ་མར་པ་མཇལ་བ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
འབྲུག་པ་ཀུན་ལེགས་ཀྱིས་སྣང་སྲིད་མངའ་དབང་བསྒྱུར་བའི་གྲུབ་རྟགས་ཐོབ་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
རིག་འཛིན་ཚངས་དབྱངས་རྒྱ་མཚོས་རང་བྱུང་ཕྱག་རྒྱ་ཆེན་པོའི་གནས་ལུགས་རྟོགས་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྨིན་གླིང་རྒྱལ་སྲས་མཇལ་བ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
དེ་ཉིད་བདེན་པའི་ཕུ་ཐག་ཆོད་ནས་རང་ངོ་ཤེས་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
བདེ་གསལ་མི་རྟོགས་པའི་ཉམས་མཐར་ཕྱིན་པའི་དགའ་སྤྲོ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
ཉི་མ་ཤར་ན་དངོས་པོ་མཐོང་བ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
ཟླ་བ་ཤར་ནས་ཀུ་མུད་བཞད་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
གཡུ་འབྲུག་གྲགས་པ་རྨ་བྱས་ཐོས་པ་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
རྒྱལ་སྲས་གཞོན་ནུ་ཞིག་རྒྱལ་སར་ཐོན་དང་འདྲ། །
དོ་དགོང་གི་ཚོར་བ་འདི།
རིག་འཛིན་འཇིགས་མེད་གླིང་པས་ཀུན་མཁྱེན་བླ་མ་སྒྲུབ་ནས་མཇལ་བ་དང་འདྲའོ། །
མདོར་ན་བླ་མ་ལ་དད་གུས་ཡོད་པ་དང་རང་གི་སེམས་པ་དོན་མེད་ཀྱིས་མ་སྨྱོས་པ་ཡིན་ན་དགའ་བ་འདི་འདྲ་བ་དག་ཀྱང་འབྱུང་བ་འདྲ་ཞིག་འདུག ། ཅེས་གོང་གི་ཀླུ་སྨྱོན་གྱི་གསུང་དང་འདྲ་བར་ཡར་དཔེ་མཚོན་པའི་བརྡ་ཙམ་དུ་ཤྲྰི་སྨྱོན་པས་གང་ཤར་བྲིས་པ་དགེའོ། །ཤྲྰི་སརྦ་བི་ཛ་ཡནྟུ། །
མཚམས་རེར་ངས།་་་་་་རྒྱ་མཚོ་ཆེན་པོའི་འགྲམ་ནས་ཆིག་ལབ་བྱས།
མཚམས་རེར་ངས།་་་རི་བོ་མཐོན་པོའི་རྩེ་ནས་དབུགས་རིང་བཏང།
མཚམས་རེར་ང་།་་་ནགས་ཀློང་སྟུག་པོའི་ཁྲོད་དུ་ཁེར་བགྲོད་བྱས།
འདང་ནུབ་ཉིད་ཀྱིས་ཚོར་བ་དེ
སྲོག་ཐག་གཅོད་བཞིན་པའི་བུ་ཆུང་ཞིག་གི་ཨ་མའི་སེམས་ཁམས་དང་འདྲ
དོ་དགོང་གི་ཚོར་བ་འདི།
ཁྲིམས་ཐག་གཅོད་ཚེ་གུ་ཡངས་བཏང་བ་བཞིན།
དོ་དགོང་གི་ཚོར་བ་འདི།
ལྗིད་ཀོག་ཆེ་བའི་ཁུར་བོ་བོར་བ་བཞིན།
དོ་དགོང་གི་ཚོར་བ་འདི།
ཉེན་ཕྲེང་ཡོལ་ནས་བདེ་ཐང་སླེབས་པ་བཞིན།
དོ་དགོང་གི་ཚོར་བ་འདི།
ཆུ་བོར་ཁྱེར་ཚེ་གྲུ་དང་འཕྲད་པ་བཞིན།
དོ་དགོང་གི་ཚོར་བ་འདི།
བུ་ཆུང་སྟོར་བ་སླར་ཡང་རྙེད་པ་བཞིན།
དོ་དགོང་གི་ཚོར་བ་འདི།
མུན་པའི་ནང་དུ་སྒྲོན་མེ་ཐོབ་པ་བཞིན།
དོ་དགོང་གི་ཚོར་བ་འདི།
དཔྱད་པ་བྱེད་ཚེ་གོ་བ་རྙེད་པ་བཞིན།
དོ་དགོང་གི་ཚོར་བ་འདི།
དོན་ཆེན་གཉེར་པ་ཡིད་བཞིན་འགྲུབ་པ་བཞིན།
དོ་དགོང་གི་ཚོར་བ་འདི།
གདོས་བཅས་ལུས་འདི་སྟོང་པར་གྱུར་བ་བཞིན།
དོ་དགོང་གི་ཚོར་བ་འདི།
ཐོགས་པ་མེད་པ་མཁའ་ལ་རྒྱུ་བ་བཞིན། །
དོ་དགོང་གི་ཚོར་བ་འདི།
ཁྲིམས་ཐག་གཅོད་ཚེ་གུ་ཡངས་བཏང་བ་བཞིན།
དོ་དགོང་གི་ཚོར་བ་འདི།
ལྗིད་ཀོག་ཆེ་བའི་ཁུར་བོ་བོར་བ་བཞིན།
དོ་དགོང་གི་ཚོར་བ་འདི།
ཉེན་ཕྲེང་ཡོལ་ནས་བདེ་ཐང་སླེབས་པ་བཞིན།
དོ་དགོང་གི་ཚོར་བ་འདི།
ཆུ་བོར་ཁྱེར་ཚེ་གྲུ་དང་འཕྲད་པ་བཞིན།
དོ་དགོང་གི་ཚོར་བ་འདི།
བུ་ཆུང་སྟོར་བ་སླར་ཡང་རྙེད་པ་བཞིན།