ཁྲོ་གཏུམ།
བློ་རྩེ་མ་འཁྱོལ་བར་ཁྱོད་རང་བརྗེད་དེ་ལོ་མང་འགོར
དོ་ནུབ གནས་ལུགས་མེད་ལ ད་དུང་རྒྱུ་མཚན་ཡང་མེད་པར
ཁྱོད་རང་རྨི་ལམ་དུ་གསལ་ཞིང ད་དུང་དྲོད་ཁོལ་འཛོམས
ཁྱོད་རང་མ་གཞི་ངའི་སེམས་གཏིང་ནས་བརྗེད་ཚར་ཡོད
བྱ་དངོས་གང་རུང་ཞིག་ཁྱོད་དང་འབྲེལ་ནས་གླེང་སློང་མ་བྱས་རུང
དོ་ནུབ ཁྱོད་རང་སེམས་ཀྱིས་གཏོང་མ་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་སྟེ
ད་རུང་བསམ་དེ་མ་ཡིན་པར་ཁྱོད་རང་དྲན
ཁྱོད་རང་གཏིང་ཟབ་དང་དྭངས་གཙང་གིས་བདག་གི་རྨི་ལམ་དུ་ཇི་ལྟར་འཛུལ་ཡིན
རྨི་ལམ་དུ་བསམ་བཞིན་ཁྱོད་རང་གི་ངོ་མ་ཆོད་ལ
ཁྱོད་ཀྱིས་ཕྱི་མིག་ཕྲག་སྟེང་ལ་འཕངས་ཏེ
ཡུན་རིང་མ་མཇལ་བའི་ཁྱོད་རང་ཡིན་ནམ་ཟེར
མཚན་དཀྱིལ་དུ་སད་དེ་དོ་ནུབ་ཀྱི་ཁེར་རྐྱང་ལ་རོལ
ལོ་བཅུའི་ཡར་སྔོན་གྱི་དཔྱིད་ཀ་དེ་རུ་ཡང་བསྐྱར་བསྐྱོད
རླུང་བུ་ལྡིང་བའི་དགའ་སྤྲོའི་ཁྲོད
དོ་ནུབ ཁྱོད་རང་དྲན་པའི་ཚོར་བ་ཟབ
བསིལ་རླུང་གི་དུས་ཚིག་དེ་ནི
རིང་རྒྱུ་མེད་ལ ཐུང་རྒྱུ་ཡང་མི་འདུག
སེམས་ཀྱིས་བཟོད་མི་ནུས་པའི་ཁྱོད་ཀྱི་མཛེས་སྡུག
བདག་དང་མཉམ་དུ་ཕན་ཚུན་ངོ་ཤེས་པའི་དོ་ནུབ་ཀྱི་དགའ་སྡུག་ཁྲོད
ཡུན་ཐུང་གི་དུས་ཚོད་དེར
ཧ་མ་མ་གོ་བ་ནི་ཁྱོད་རང་གཙང་མར་བརྗེད་པ་ཞིག
སེམས་སྐྱ་མོའི་ཟབ་ས་ནས་དྲན་བྱུང
དོ་ནུབ རྨི་ལམ་མིན་པར་ཁེར་རྐྱང་གིས་ཁྱོད་ཁོ་ན་དྲན་པ་ཞིག
2012/10/18ཉིན་བསྒྱུར།
རྒྱ་ཡིག་གི་རང་མོས་ཤིག་ལས་བསྒྱུར་བ་དང་དགོངས་དག་ཞུ་བ་ཞིག་ལ་རྩོམ་པ་པོ་སུ་ཡིན་གྱི་མིང་རྙེད་མ་སོང་།
ད་ངོ་མ་ཁྱོད་སྡུག་ཐ་ལས་ངན་པ་ཁྱོད་ཀྱི་ངོ་ཤེས་མཛེས་ལྡན་དེ་ཉིད་ཁྱོད་དང་འཕྲད་འཕྲད་པར་
ཡོང་བར་ཤོག། ཅེས་ངས་འདི་ནས་མཆན་ཞིག་འགོད་རོགས་བྱས་ཡོད་ཁྱོད་སེམས་མ་ཕམ།