འཇིགས་མེད་ཐོས་པ་རང་གྲོལ།
འཕགས་བོད་ཀྱི་མཁས་གྲུབ་དུ་མ་ཞིག་གི་གསུངས་འབུམ་ཁག་ན་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་མེད་ཀྱི་སྐོར་ལ་གསུངས་རྒྱུན་ཁ་ཤས་ཡོད་པ་བཞིན། ད་དུང་ང་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ལྷ་ཕོ་མོ་གང་མང་ཞིག་ཡོད་པ་མ་ཟད་ད་དུང་རྗེ་བཙུན་སྒྲོལ་མ་དང་དབྱངས་ཅན་མ་སོགས་ནི་ཧ་ཅང་རྒྱུགས་ཆེ་བའི་གྲས་ཡིན། གཞན་གསང་སྔགས་ཀྱི་ཆོ་ག་མང་ཆེ་བའི་བསྐྱེད་རྫོགས་ཁག་གི་ནང་དུ་སྐྱེས་པ་གཙོ་བོ་ཡིན་པའི་རྣམ་པ་ཡོད་པ་སྟེ། དཔེར་ན། དབང་ཕྱི་མ་བཞིའི་གསང་དབང་སོགས་ཀྱི་སྐབས་སུ་ལས་རྒྱ་དང་ཕྱག་རྒྱ་གང་རུང་འདེམས་ཚུལ་གསུངས་ཡོད་པ་མ་ཟད། ད་དུང་བུད་མེད་ཕྱག་རྒྱ་མ་གང་ཞིག་ལ་དགོས་པའི་ཁྱད་ཆོས་ཁག་ཀྱང་རྩལ་ཏུ་བཏོན་ནས་གསུངས་ཡོད་པ་མ་ཟད། མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྐབས་སུ་སྐྱེས་པ་ཕོ་རྟེན་ཡིན་པ་གཞིར་བཞག་ལྟ་བུ་བྱས་ནས་ཡོད་པ་རེད།
གནད་དོན་འདིས་སྐབས་མང་བོ་ཞིག་ལ་བདག་གི་སེམས་པ་འཕྱང་མོ་ཉུག་ཏུ་བྱས་པ་མ་ཟད་གཞན་ལ་འགྲེལ་བཤད་སྐབས་སུ་ཡང་དཀའ་ངལ་རབ་དང་རིམ་པ་འཕྲད་མྱོང་། དེར་བརྟེན། གནད་དོན་འདིའི་ཐོག་ལ་གལ་སྲིད་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་ན་ཡོད་པའི་རྒྱུ་མཚན་དང་མེད་ན་མེད་པའི་རྒྱུ་མཚན་རེ་གསུང་རོགས་ཞུ།
བན་དྷེའི་འདུལ་ཆོག་འགའ་ཞིག་ནས་བུད་མེད་ཀྱི་རྟེན་ལ་འཚངས་རྒྱ་བ་མེད་པར་མ་ཟད་བོད་གངས་ཅན་གྱི་ལྗོངས་འདིར་བུད་མེད་དགེ་སློང་མི་རུང་བ་སོགས་བཤད་པ་ཞིག་མཐོང།
ཤཀྱ་ཐུབ་པའི་གྲུབ་མཐའའི་ལུགས་ལ་བུད་མེད་རྟེན་ལ་འཚང་རྒྱ་བ་མེད། རྒྱུ་མཚན་ཐུབ་པའི་དགེ་སློང་སྡོམ་པའམ་དགེ་ཚུལ་སྡོམ་པ་གསུངས་པའི་ཡིག་ཆ་གང་ཡང་གསལ་མེད། བོན་པོ་སྟོན་པ་གཤེན་རབ་མི་བོའི་ལུགས་ལ་བུད་མེད་རྟེན་ལ་འཚང་རྒྱ་བ་ཡོད། རྒྱུ་མཚན་བོན་པོའི་ལུགས་ལ་དགེ་སློངས་མའི་སྡོམ་པ་ཡོད་པ་མ་ཟད་ད་ལྟའི་བར་འཚངས་རྒྱ་བའི་མི་གྲངས་མང་ཙམ་བྱུང་མྱོང་།
ཐོས་པ་རང་གྲོལ་ལགས་ཁྱེད་ལ་ཁག་མི་འདུག་ཟེར་དགོས་སྙམ། སྤྱི་རང་ལུགས་ལ་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་མེད་མ་ཤེས་ན་དཀའ་ངལ་འཕྲད་དང་འཕྲད། སྤྱི་ཡོད་ཀྱང་ཐུབ་པའི་ལུགས་ལ་མེད་ཞུ་འདོད་བྱུང་ལགས།
བདེ་གཤེགས་སྙིང་པོ་འགྲོ་བ་ཡོངས་ལ་སམ
འགྲོ་ཡོངས་ལ་མ་ཁྱབ་སམ་
བདེ་གཤེགས་སྙིང་པོ་འགྲོ་བ་ཡོངས་ལ་ཁྱབ་པ་ཙམ་གྱིས་བུད་མེད་རྟེན་ལ་འཚང་རྒྱ་བའི་ངེས་པ་ཡོད་ན། ཕལ་ཆེར་ཡོད་རྒྱུ་མ་རེད།
གལ་སྲིད། ནང་བསྟན་ཆོས་ལུགས་སུ་བུད་མེད་ཀྱི་རྟེན་ལ་འཚང་མི་ཐུབ་ཚེ། སེམས་ཅན་ཡིན་ན་འཚང་རྒྱ་རུང་ཡིན་པའི་ཁྱབ་ཅེས་པའི་གཏན་ཚིགས་རིག་པའི་སྡོམ་ཚིག་དེ་ད་ལྟ་རང་ནས་འདོར་དགོས་པར་སྙམ། འོ་ན། བོད་ཡུལ་གྱི་མ་ཅིག་ལབ་སྒྲོན་དང་རྡོ་རྗེ་ཕག་མོ་སོགས་གསང་སྔགས་ཉམས་སུ་བཞེས་མཁན་མཁའ་འགྲོ་མ་དེ་དག་གིས་ཕྱག་ལེན་ཅི་ལྟ་བུ་ཞིག་གནང་ཡོད་དམ།
དེ་བཞིན་སྒྲོལ་མ་སོགས་སངས་རྒྱས་མོ་ལུས་ཅན་ཧ་ཅང་མང་བོ་ཞིག་ཡོད་པ་དེ་དག་ཐོག་མར་ཕོའི་རྟེན་ལ་སངས་རྒྱས་ནས་དེའི་རྗེས་སུ་མོའི་རྣམ་པར་མངོན་པ་ཡིན་ནམ།
གསང་སྔགས་ཀྱི་ཆོ་ག་གང་མང་མང་ན་་་་བུད་མེད་སྨོད་པར་མི་བྱ་སྟེ།། ནམ་ཡང་དོར་བར་མི་བྱའོ།། ཐབས་གཞན་གྱིས་ནི་འཚང་མི་རྒྱ།། གསུངས་ཡོད་པ་ཞིག་དྲན་སོང་བས་དེ་ལྟར་ན་སྐབས་དེར་བུད་མེད་ཚོ་སྐྱེས་པ་ཚོ་འཚང་རྒྱ་ཐུབ་པའི་ལག་ཆ་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱས་ཡོད་པ་འདྲ།
གསང་འདུས་པའི་ལུགས་ལ་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་པར་གསུངས་ཏེ། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པ་ལས་བྱུང་བའི་བདེ་ཆེན་་ཡེ་ཤེས་སྐྱེ་བ་ལ་ཕོ་མོ་ལ་ཁྱད་པར་མེད། དེ་ཡང་མིའི་ལུས་རྟེན་ལ་མ་གཏོགས་ལྷའི་རྟེན་ལ་འཚང་རྒྱ་ཚུལ་མེད། དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་པའི་གང་ཟག་ཅིག་དགོས་པས་ཕོ་མོ་གཉིས་ཀ་ལ་ཁྱད་པར་མེད། མདོ་ལུགས་ལ་ལྷའི་རྟེན་ལ་འཚང་དགོས་པས་དེ་ལྟར་མི་རུང་།
འཇུ་མི་ཕམ་གྱི་མཁས་འཇུག་སུ།
གཞན་ལ་དབང་བ་བུད་མེད་རྟེན་ལ་རང་སངས་རྒྱས་མི་ཐོབ། ཟེར་བ་ལྟ་བུ་ཞིག་ཡོད་པ་དྲན་སོང་བས་དྲ་གྲོགས་ཚོས་ཚིག་ཟིན་དག་དག་འགྲིག་མིན་ལ་བལྟ་རོགས། གཞན་ལ་དབང་ས་དེ་སུ་རེད?
ད་འོ་ན་གནད་དོན་འདི་དག་ལ་འགྲེལ་ཇི་ལྟར་བྱེད་དགོས་པ་རེད།
འཚང་རྒྱ་བ་ལ་ངེས་བར་ཕྱག་རྒྱ་མ་ལ་བསྟེན་དགོས་པས་ཁྱབ།
དཔལ་གསང་བ་འདུས་པའི་ལུགས་ལ་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་ཡོད་ཟེར་ན་ཅུང་ཟད་ཐེ་ཚོམ་གྱི་གནས་རེད། གང་ཡིན་ཟེར་ན་རིམ་ལྔ་གསལ་སྒྲོན་དང་བསྐྱེད་རིམ་དམར་ཁྲིད་སོགས་ཚང་མར་རྣལ་འབྱོར་བ་རང་ཉིད་སྐྱེས་པ་ཕོ་ཡིན་པ་གཞིར་བཞག་བྱས་ནས་གསུངས་འདུག་པ་ལས། བུད་མེད་རྟེན་ལ་འགྲིག་ཚུལ་གྱི་གསུང་འདུས་ཀྱི་བསྐྱེད་རྫོགས་ཀྱི་གཞུང་ཞིག་ད་བར་མིག་ལ་མ་ཐོགས།
དཔལ་གསང་བ་འདུས་པའི་བསྐྱེད་རིམ་སྐབས་ཀྱི་དབང་བཞི་དང་བདག་བསྐྱེད་བཅས་ཀྱི་ཆོ་ག་ལ་བལྟས་པ་ཙམ་གྱིས་ཀྱང་ཤེས་ཐུབ་པ་འདུག
འོན་ཀྱང་། ཡིག་ཆ་གསལ་བོ་གཞན་པ་རེ་ཡོད་ན་གསུངས་རོགས་ཞུ་ཞུ།
གཞན་ལ་དབང་མི་དབང་ཅི་རིགས་རེད། གཙོ་བོ་ཕོ་མོ་སུས་བྱས་ཀྱང་ཁྱད་པར་མེད། སུས་འཇོན་ན་དེ་གཙོ་བོ་རེད།
བདག་བསྐྱེད་སྐབས་སུ་ཕོ་གཙོ་བོ་བྱས་ནས་གསུངས་པ་ནི་གདུལ་བྱའི་བསམ་ངོ་ལ་བལྟས་པ་རེད། དཔེར་ན་སངས་རྒྱས་སྟོང་གི་ནང་དུ་མོ་ཡིན་པ་གཅིག་ཀྱང་མེད་གི །
འཇིགས་མེད་ཐོས་པ་རང་གྲོལ་ལགས།
རང་ལུགས་ལ་བུད་མེད་ཀྱི་རྟེན་ལ་སངས་རྒྱ་བ་ཡོད། དེ་ཡང་ལམ་དུས་ལ་བཤད་ཀྱིན་ཡོད། འབྲས་དུས་ལ་སྒྲོལ་མ་སོགས་བུད་མེད་ཀྱི་ལུས་རྟེན་ཅན་ཡིན། འདི་ནི་གཙོ་བོ་གདུལ་བྱའི་སྣང་ངོ་དང་ཐུགས་བསྐྱེད་པའི་སྐབས་ཀྱི་སྨོན་ལམ་གྱིས་སྟོབས་ཀྱིན་ཡིན། བུད་མེད་ཀྱི་ལུས་རྟེན་ཅན་ཡིན་ན་བུད་མེད་ཡིན་མི་དགོས། བུད་མེད་ཡིན་ན་མིའི་ལུས་རྟེན་ཅན་ཐ་མལ་བའི་རྣམ་པ་ཅན་ཡིན་དགོས།
མདོ་ལུགས་ལ་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་ནས་སངས་རྒྱས་པ་ལ་ཕོ་མོའི་ཁྱད་པར་མེད། ཁྱབ་ཆེས་ཆུང་གིས་དབང་གིས་ཕོ་རྣམས་གཙོར་འདོན་བྱས་ཏེ་རྒྱ་གཞུང་ན་གསུངས་པ་མང་བ་བདེན་ལགས། ཡིན་ན་ཡང་དོན་ལ་ཁྱད་པར་མེད།
སྔགས་ལུགས་དང་ཁྱད་པར་དུ་བླ་མེད་ལུགས་གཞིར་བཞག་བྱས་ཏེ་བཤད་ན་མཐར་ཐུག་རྫོགས་པའི་རིམ་པ་ལྔ་ལ་བསྟེན་ནས་ལམ་བགྲོད་དགོས་དུས་བླ་མེད་ཀྱི་ལམ་ལ་མ་ཞུགས་པར་རྒྱུད་སྡེ་འོག་མ་ཁོ་ནས་སངས་རྒྱས་པའི་སྐབས་མེད་པས་འདི་ལ་དཔྱད་པ་ཕྲན་ཙམ་ཡོད ། ཡིན་ཡང་རང་ལུགས་ལ་དབེན་པ་གསུམ་གྱིས་སྐབས་སུ་ཕོ་ལ་ཚང་བའི་རྩ་དང་རླུང་ཐིག་ལེ་སོགས་ཕོ་ལ་ཅི་ཡོད་བུད་མེད་ལ་ཡང་ཡོད་པས་གནད་བཅོས་ཚུལ་ལ་སྐྱོན་མེད། མ་མཐའ་ཡང་དོད་ཐུབ་ཡོད། བུད་མེད་ཚང་མ་ལ་མ་ངེས་ཏེ་ཟ་མ་དང་མ་ནིང་དེ་ཚོ་ལ་གྲུབ་མཐའ་འོག་མ་ལ་ཡང་དཔྱད་དགོས། རྫོགས་རིམ་གྱི་སྐབས་སུ་འོད་གསལ་དང་སྒྱུ་ལུས་སྒྲུབ་པའི་ཐབས་དེ་ཚོ་ལ་ཡང་བདེ་སྟོངས་སྦྱོར་བ་བུད་མེད་ལ་ཡང་ཡོད་པས་ལམ་སྒྲུབ་པ་ལ་བཀག་མི་བྱེད། ཀློང་བརྡོལ་བླ་མ་ཡིན་ནམ། ངས་གསལ་བོ་ཞིག་དྲན་མ་སོང་། ཚིག་རིས་མ་མཐུན་པ་འགའ་ཤས་ཡོད། བླ་མའས་དབང་ཐོབ་པ་དང་གོང་ལ་མཉམ་པར་བཞག་པ་དང་སྲོལ་ལ་བདུད་བཏུལ་བ་ཐོ་རངས་ལ་མངོན་པར་རྫོགས་པར་སངས་རྒྱས་དགོས་པས་རྩོད་ཚུལ་ཡོད། གལ་ཏེ་དགོས་པ་ཡིན་པའི་དབང་དུ་བཏང་ན་ཡང་ལུས་བསྒྱུར་ཆོག་པ་དང་འོད་ཟེར་ཆེན་པོའི་དབང་ཐོབ་པ་སོགས་རུང་བར་བཤད། འདི་ནི་ཚེ་གཅིག་ལ་སངས་རྒྱས་པའི་དབང་དུ་བཏང་ནས་བཤད་པ་ཡིན།
གཙོ་བོ་དེ་བདེ་སྟོང་དང་ཟུང་འཇུག་གི་ལམ་རང་རྒྱུད་ལ་སྐྱེས་པར་བཀག་ཡོད་མེད་ཀྱི་སྒོ་ནས་བཤད་དགོས་སྙམ།
དཔེར་ན་རྣལ་འབྱོར་མ་འམ་མཁའ་སྤྲོད་མའི་བསྐྱེད་རྫོགས་ཆ་ཚང་ཡོད། ངས་བལྟས་ན་དེ་ལ་དེ་ཙམ་གྱིས་དོགས་པ་མི་དགོས་པ་འདྲ།
ཡེ་རྒྱ་དང་ལས་རྒྱ་ཡིས་ཁྱད་པར་གྱིས་མིན། ལས་རྒྱ་ནི་སྤྱི་ཁྱབ་ལ་དགོངས་པ་དང་ཡེ་རྒྱ་ནི་དམིགས་བསལ་ཅན་ཡོད་པས་གྲུབ་དབང་ནོར་བཟང་རྒྱ་མཚོས་གསུངས་པ་མད།
དགེ་ལྡན་པའི་ཕྱོགས་ལ་གྲགས་པའི་དཔྱད་པ་མང་ཡང་སྐབས་མིན་པས་བཞག་གོ།།།།
སངས་རྒྱས་ཆོས་ལུགས་ནང་དུ་བུད་མེད་ལ་ཐོབ་ཐང་མེད་པར་བཤད་པ་ལོག་བཤད་རེད། འདུལ་བའི་རྒན་རིམ་ནི་བསླབ་པ་རྒན་རིམ་རེད། ལོ་རྒན་རིམ་མ་རེད།
ཨ་་ཁ་ཁ་་
དེ་རིང་བགྲོ་གླེང་ཡག་པོ་དང་ཐུག་པ་ཞིམ་པོ་དེའི་ནང་བན་དེ་བ་སོགས་བསླེབས་ནས་ཁ་ཆུ་དང་སྣ་ཆུ་འཛར་ནས་ཡོངས་རྫོགས་བླུག་འདུག་་
ཕེ་ཕེ་ཕེ་རྫོབ་པ་ལ།
ལྟ་ལོག་དེ་ཚོ།
འདུན་དགེ་རྒྱ་མཚོ་ཟེར་མི་འདི་ལ་ཉིན་རེ་ནས་ཉིན་སྐྱུག་མེར་ལངས་བའི་སྐད་ཆ་ཇེ་མང་རེད་འདུག ཆོས་ལུགས་ཀྱི་གནད་དོན་དང་ཐུག་དུས་མི་རིགས་ཀྱི་ལ་རྒྱ་ཁྱིའི་སྐྱག་གཡུགས་གཡུགས་བྱེད་མཁན་ཞིག་རེད་འདུག མི་འདིའི་རིགས་ཀྱིས་བོད་མི་རིགས་སྡུག་ལ་སྦྱར་བ་རེད། ་་་ད་་་གང་དྲགས།
ནང་བའི་ཆོས་ལ་ཕོ་མོར་དབྱེ་བ་མེད། ཕོ་ཡིས་འདི་བྱེད་ཆོག་ལ་མོ་ཡིས་འདི་བྱེད་མི་ཆོག་ཅེས་པ་ཞིག་གཏན་ནས་མེད། དགེ་སློང་མའི་སྡོམ་རྒྱུན་ནི་འདི་དང་འབྲེལ་བ་ཡོད་པ་མ་རེད། སངས་རྒྱ་རུང་བའི་ས་བོན་སེམས་ཅན་ཀུན་ལ་ཡོད་ཀྱང་། དལ་འབྱོར་ཚང་བའི་མི་ལུས་རིན་པོ་ཆེ་ནི་མདོ་སྔགས་གཉིས་ཀ་བསྒྲུབ་པའི་རྟེན་མཆོག་ཏུ་གྱུར་བ་ཡིན་པ་དྲྭ་གྲོགས་ཆོས་མཁྱེན་གསལ་རེད།།
དེང་རབས་གསར་པའི་ནང་གི་རྣམ་དཔྱོད་འགྲན་ཟླ་བྲལ་བའི་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱིས་འདི་ལྟར་གསུངས་སོ།།
ཕྱོགས་ཞེན་ཅན་གྱི་ཆོས་པ་ཚོས། ང་ཚོ་ལ་ལྟ་ལོག །དམ་ཉམས། བསྟན་བཤིག་སོགས་ཀྱི་མིང་ངན་འདོགས་ཤིང་དམྱལ་བ་ཟངས་དམར་མའི་མཐིལ་དུ་འབྱར་འགྲོ་ཚུལ་སོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་མོད། ང་ཚོས་མིང་ངན་འདི་དག་དགའ་བཞིན་དང་དུ་ལེན་འདོད་ཅིང༌། དམྱལ་བ་ཟངས་དམར་མའི་མཐིལ་དུ་སྤྲོ་བཞིན་འགྲོ་བར་ཕོད།
སྐད་ཆ་འདི་དག་གིས་ནུས་པ་མ་ཐོན་པ་ཤེས་རྗེས། ཁོ་ཚོས་དེང་སང་དམར་སྲུང་མི་སྣ་དང༌། སྲིད་གཞུང་གི་རྒྱུག་ཁྱི། དངུལ་ལོའི་བྲན་གཡོག །ཨ་མའི་ནུ་མ་འཆའ་མཁན་སོགས་དཔྱིད་ཉི་རིང་མོ་ལ་དྲན་མི་དགོས་སྟོན་གནམ་ཁྲ་མོ་ལ་ རྨིས་ཀྱང་མ་མྱོང་བའི་ནག་ཉེས་དང་གླེང་ཕྱོགས་སྙིང་ལ་གྲི་ཡོག་པ་ལྟ་བུ་རེ་བཟོ་ འོང་གི་འདུག །
ནག་ཉེས་དང་གླེང་ཕྱོགས་ཇི་ཙམ་མང་བ་དེ་ཙམ་གྱིས་ང་ཚོའི་འགྲོ་སྟངས་འདི་འགྲིག་བསྡད་ཡོད་པའི་དཔང་རྟགས་བསྟན་པ་ཡིན། རྒྱུ་མཚན་ནི་ང་ཚོས་མི་མ་བསད། རྟ་མ་བཅག །བླ་མ་བཙོངས་ན་ཡང་དྲན་ཚུལ་ཁ་ནས་ཐལ་བ་ཙམ་གྱིས་ང་ཚོས་ནག་ཉེས་འདི་ཙམ་ཞིག་ཁུར་དགོས་བྱུང་བ་རེད། འདིས་ང་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ནི་མ་རུང་པ་ཞིག་དང༌། ང་ཚོས་མ་རུང་བའི་གནས་བབ་འདི་ལ་རྒོལ་འཛིང་བྱེད་པ་ནི་དོན་སྙིང་རི་བས་ཀྱང་ཆེ་ངེས་པའི་དངོས་ར་འཕྲོད་པ་ཡིན།
ཆོས་ལུགས་ཀྱི་ལྟ་བ་ཏོག་ཙམ་མཐུན་མིན་བྱུང་འཕྲལ་ཁོ་ཚོས་མི་རིགས་ཀྱི་བརྩེ་ སེམས་སྐྱག་པ་བསྐྱུར་བསྐྱུར་བྱས་ནས་ང་ཚོ་ཕྱིར་འབུད་གཏོང་ཐབས་བྱེད་ཀྱིན་འདུག །འདིས་ཀྱང་དོན་དུ་སུ་ཞིག་གིས་མི་རིགས་དང་རྒྱལ་ཁབ་འཚོང་རྩིས་ཡོད་པ་ཤེས་ཐུབ།ཅེས་གསུངས་ཡོད་དོ།།
ཟླ་བ་བཟང་མོའི་ལོ་རྒྱུས་ཤེས་སམ། སྒྲོལ་མ་ཉེར་གཅིག་ལ་གསོལ་བ་འདེབས་ཀྱིན་ཡོད་དམ། འཁོར་ལ་སྒྲོལ་མ་དེ་སྐྱེས་པ་མ་རེད་གདའ། ཡུམ་ཆེན་མོ་དང་རྒྱལ་ཡུམ་འཕགས་མ། སེམས་མ་ཆེན་མོ། མཁའ་འགྲོ་མ། ཨ་མ་དང་ཨ་ཕྱི་དྲིན་མོ་ཆེ་སོགས་ལ་སྐྱེས་པ་ཕོ་རྣམས་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད། དལ་འབྱོར་བཅོ་བརྒྱད་ཀྱི་མི་ལུས་ལ་ཕོ་མོ་གང་ན་བྱེས་འདུག ཡང་འདི་ན་བོན་ཚོས་ངུ་འབོད་ཀྱིས་རྫུན་བཟོ་རྒྱབ་བཞིན་འདུག ཤ་ཁྲག་དམར་པོ་ཁྱོས་རོ་འདོགས་སྟོན་སོང་ངོ་། བོན་པོས་སྐྱག་རྫུན་གྱིས་སངས་རྒྱས་འཐོབ་པར་འདོད་ན་ཤེས་རབ་མཆོག་གི་རང་བཞིན་ཅན་གྱི་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་ཐུབ་བམ་མི་ཐུབ་ཀྱི་དྭོགས་པ་ཙམ་མི་དགོས་སོ། ། ཨ་རོགས་འཇིགས་མེད་ཐོས་པ་རང་གྲོལ།། ཐེ་ཚོམས་མ་བྱེད་ཅིག རྗེ་བཙུན་འཕགས་མ་སྒྲོལ་མ་བཞིན་ནོ། །
མོ་དཔའ་མོ་ཡོད་ན་རེ་རེས་ཆོག། ཕོ་སྐྱེས་པ་བརྒྱ་ཡི་དོ་ཟླ་དཀའ།
ཨ་ཕྱི་ཁྲོས་པའི་ངར་ལམ་ན། དགྲ་འཆི་བདག་ཡིན་ཀྱང་ཐལ་བར་བརླགས།
ཅིག་གིས་གསུངས་སོང་་་ལུང་འདིའི་ནང་ན་གསུངས་འདུག་ཅེས་པར་ལྟ་རྒྱ་དང་ཐོས་རྒྱའི་དབང་དུ་བྱས་ན་ཡག་པོ་ཅིག་རེད་དེ། རང་གི་རིག་ཤེས་བེད་དཔྱོད་གནང་རྒྱུ་དེ་ལས་ཀྱང་གལ་ཆེན་རེད་འདོད།
དེ་ཕྱིར་བུད་མེད་ཀྱི་ལུས་རྟེན་ཐོག་ལ་སངས་རྒྱས་ཀྱི་ཡོད་མེད་འདི་ཡང་། ཕོ་ཡི་ལུས་རྟེན་ལ་སངས་རྒྱས་ཀྱི་ཡོད་ན་བུད་མེད་ལ་ཅིའི་ཕྱིར་མེད་སོང་བ་རེད། འདི་ཡང་དྲི་བ་ཞིག་རེད། དྲི་བ་འདིའི་ཐོག་ལ་རང་གི་རིག་སྟོབས་བེད་སྤྱོད་གནང་སྟེ་གནད་དོན་འཚོལ་དགོས་པ་རེད། ཕོ་མོ་གཉིས་ཀྱི་ནུས་སྟོབས་མི་འདྲ་བས་རེད་དམ། ཡང་ན་ཕོ་མོ་གཉིས་ལ་འདུག་སའི་མཐོ་དམན་དང་། མཚན་མ་མི་འདྲ་བས་རེད་དམ། གནད་དོན་འདི་ཚོགས་མ་རེད་ཟེར་ན། འོ་ན་ཅི་རེད་་་་ཕོ་ཡི་གང་འཇོན་པ་མོས་མ་ཐུབ་པ་ཅི་འདུག ཕོ་བཤད་ཕོག་ན་མོས་བཤད་མི་ཐུབ་པའི་རྒྱུན་མཚན་ཅི་ཡོད།
དོན་མེད་ཀྱི་སེམས་ཁྲལ་ལངས་པ་ལས་གསང་སྔགས་ལ་སློབ་སྦྱོང་མང་ཙམ་བྱོས་དང་། ངེས་པ་རྙེད་རྒྱུ་ཡོད། རྣལ་འབྱོར་པ་སྐྱེས་པ་ཕོ་ཞིག་ཡིན་ན་ཡང་མཁའ་སྤྱོད་མ་ཉམས་སུ་ལེན་པའི་སྐབས་སུ་མཁའ་སྤྱོད་མའི་ངོ་བོར་བསྐྱེད་དགོས་པ་འདིས་དོགས་པ་ཡོངས་སུ་རྫོགས་པ་སེལ་མི་འགྲོ་འམ། ད་དུང་གསང་སྔགས་བླ་མེད་ལ་གཙོ་བོ་བསྐྱེད་རྫོགས་གཉིས་རེད། བསྐྱེད་རིམ་སྐབས་སུ་སྐུ་གསུམ་སྐྱེས་ཕོ་མོ་གཉིས་ཀས་ཉམས་སུ་ལེན་ཆོག་ལ། རྫོགས་རིམ་སྐབས་ཀྱི་རྩ་རླུང་ཐིག་ལེ་ཡང་དེ་བཞིན་རེད། ལྷག་པར་དུ་དཔལ་གསང་བ་འདུས་པའི་ཡས་བབས་མས་བརྟེན་གྱི་དགའ་བ་བཅུ་དྲུག་ནི་སྐྱེས་པ་ཕོ་གཅིག་བུའི་དབང་དུ་བྱས་ན་བཅུ་དྲུག་ཅི་ལྟར་འབྱུང་སོམས་ཤིག དེ་སོགས་གྲངས་ལས་འདས་པ་ཡོད་ན་ཡང་། ལོག་རྟོག་གི་བྱ་བརྒྱ་འུར་རྡོ་གཅིག་གིས་བདས་པ་ཡིན་ནོ།།
ད་དུང་འབྲས་བུ་སངས་རྒྱས་པའི་སངས་རྒྱས་དེ་ཉིད་ཕོ་རེད་དམ་མོ་རེད་ཟེར་ན། ཕོ་ཡི་འགྲོ་ཡང་མ་རེད་ལ། མོ་ཡི་འགྲོ་བ་ཡང་མ་རེད། འགྲོ་བ་རིགས་དྲུག་ལས་ཕ་རོལ་ཏུ་ཕྱིན་ཚར་བ་རེད། འོན་ཀྱང་ལྷ་ཕོ་མོའི་མིང་གིས་བསྟན་ཡོང་བ་ཅི་རེད་ཟེར་ན། སྔར་སློབ་པ་ལམ་གྱི་སྐབས་ཀྱི་ལུས་རྟེན་དེའི་དབང་དུ་བྱས་ནས་མིང་འདོགས་པ་འམ། རང་གི་ཉམས་ལེན་གྱི་གཙོ་བོའི་དབང་དུ་བྱས་ནས་བཤད་ཡོང་གི་ཡོད་པ་རེད། དཔེར་ན་ང་རང་སྐྱེས་པ་ཕོ་ཞིག་ཡིན་ན་ཡང་། མཁའ་འགྲོ་མ་རྡོ་རྗེ་ཕག་མོ་ལ་རྟེན་ནས་སངས་རྒྱས་པ་ཡིན་ན། དེའི་ངོ་བོར་སངས་རྒྱས་དགོས་པ་ལོས་ཡིན།
གསང་སྔགས་ཀྱི་ལམ་ལ་སློབ་ན། རྒྱུད་འཆད་མཁན་གྱི་བླ་མ་མཁས་པ་བརྟེན་ནས་གསང་སྔགས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་བྱེད་དགོས། དེ་བཞིན་དུ་བླ་མ་ཉམས་མྱོང་ཅན་ཞིག་བརྟེན་ནས་ཉམས་ལེན་གྱི་གནད་ལ་སྦྱང་དགོས། དེ་བཞིན་དུ་བླ་མ་རྟོགས་པ་མཐོན་པོ་ཞིག་ལས་དབང་ལུང་གསན་ནས་དེ་ནས་ཉམས་སུ་ལེན་དགོས་པ་ལས། དཔེ་ཀློག་ཙམ་དང་ངག་བགྲོས་ཐན་ཐུན་གྱིས་སྒྲོག་འདོགས་གཅོད་རྒྱུ་ཟེར་ན། འདི་འདྲ་མ་གཏོགས་ཡོང་རྒྱུ་ཅི་ཡང་མེད། དོགས་པའི་སྟེང་དུ་དོགས་པ་བསགས་ནས་དལ་འབྱོར་ཆུད་ཟོས་སུ་གཏོངས་རྒྱུ་རེད་ཡ།
དྲ་གྲོགས་ཅོ་རི་ལགས་ཀྱིས་གསུངས་པ་བཞིན་དགེ་འདུན་རྒྱ་མཚོ་ཟེར་བ་དང་པོ་ཡོང་དུས་སྤམ་མདོག་དང་དྲང་མདོག་བྱས་ནས་སླེབས་སོང་དེ་རྗེས་ཆོས་ལུགས་ཀྱི་ཆགས་སྡང་ཇེ་སྡུག་ན་ཇེ་སྡུག་དུ་ཕྱིན་སོང། མི་ཁྱོད་ལ་ཞེ་གཏིང་ནས་ལོག་ཡོང། དེ་རིང་ནས་ཡ་བྱེད་ཀྱི་མིན། དང་པོ་གསང་སྔགས་གསང་བ་རེད་འདི་ན་མི་བཤད་ཅེས་རང་གིས་ཤེས་པ་དེ་བཤད་མི་ཤེས་པའི་རིགས་གསང་བ་རེད་ཅེས་ནས་བཞག་སོང། ད་ནི་གསང་སྔགས་ཀྱི་གསང་རྒྱུ་ཡོད་ན་མེད་ན་ལས་རྒྱ་དང་ཡེ་རྒྱའི་སྐོར་ལ་བཤད་ཡོང་གི་འདུག བུད་མེད་རྟེན་ལ་སངས་རྒྱ་པ་ཡོད་དམ་མེད་ཅེས་དྲིས་དུས་བུད་མུད་ལ་རྒྱོ་རྒྱབ་པ་ཡོད་དམ་མེད་ཅེས་པའི་སྐོར་ལ་ལན་བྲིས་འདུག
བན་དེ་བ་ཁྱོད་བདེན།
ཀླུ་སྨྱོན་གྱིས་དྲི་བ་ནི་བླ་མེད་དང་འབྲེལ་བའི་ཟབ་ས་ཞིག་རེད། བཤད་ཉེས་ཤོར་ན་ཉེན་ཁ་ཆེན་པོ་རེད།
བྱས་ཙང་ཁ་གསལ་ན་འགྲིག་གི་ཡོད་མ་རེད། ཟ་ཟུར་ཙམ་བསྟན་ནས་སྤྱི་ལ་གོ་བ་ཆགས་པར་བྱེད་ཀྱི་ཡོད་རེད།
འདི་གསང་སྔགས་ལ་ཅུང་ཟད་གོ་བ་ཡོད་པའི་དྲི་བ་རེད། ཡིན་ན་ཡང་དམར་ཁྲིད་བྱེད་རྒྱུ་དེ་ང་ལྟ་བུའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་མཁན་ཞིག་གི་ངོས་ནས་ཁག་པོ་ཆགས་སོང་།
འཇིགས་མེད་ཐོས་པ་རང་གྲོལ་གྱི་དྲི་བ་ནི་སྤྱི་བཏང་གི་དྲི་བ་ཞིག་རེད།
ཁྱད་པར་དུ་སློབ་གྲྭ་བ་དང་ཕྱི་རྒྱལ་བའམ་ལས་དང་པོ་བ་སྐྱེ་བ་ཕོ་མོ་ཚོས་ཀྱང་དྲི་བ་འདི་འདྲ་རྟག་ཏུ་དྲི་ཡོང་གི་འདུག ལོ་བཅུ་གསུམགྱི་སྔོན་ནས་ང་ལ་དྲི་བ་འདི་བཏོན་བྱུང་།
གོ་བདེ་བ་དང་ཁ་གསལ་བའི་ལན་ཞིག་བཏབ་ཀྱང་མི་ཆོག་པ་ཆེར་མེད། ང་རང་སློབ་གྲྭ་དགེ་རྒན་ཞིག་གི་དངོས་ནས་དྲི་བ་དྲིས་ལན་འདིར་རྒྱུས་ཡོད་ངེས་ཡིན།
ཡིན་ན་ཡང་འཇིགས་མེད་ཐོས་པ་རང་གྲོལ་གྱིས། བུད་མེད་ཕྱག་རྒྱ་མ་གང་ཞིག་ལ་དགོས་པའི་ཁྱད་ཆོས་ཁག་ཀྱང་རྩལ་ཏུ་བཏོན་ནས་གསུངས་ཡོད།
ཚིག་འདི་ལ་བསྟན་ནས་འདྲི་བ་པོ་ནས་སྔགས་ལ་ཅུང་ཟད་རེ་བལྟ་བཞིན་མེད་དམ་སྣམ་པ་ཞིག་ཡིད་ལ་ཤར། དེས་རྐྱེན་གྱིས་ཚིག་ཁ་ཤས་ཁ་བསྣོན་གྱི་བརྡ་ཙམ་བསྟན་པ་ཡིན། འོན་ཀྱང་གསང་བ་གསལ་བ་དང་ཕྱི་ལ་བཏོན་མེད་ལགས།
དོན་དངོས་པོ་གནས་ཚུལ་ལ་ལབ་སྒྲོན་དང་ཕག་མོ་སོགས་སངས་རྒྱས་ཡིན་མིན་གང་ཤེས། ཡིན་ན་སངས་རྒྱས་ལ་ཕོ་མོ་གི་དབྱེ་བ་མེད་དོ།
གནས་གསུམ་པ་ནི་འཕོས་པ་ན།།ལུང་འདྲེན་པ་ནི་མཁས་པའི་ལུགས།།ཞེས་པ་ལྟར་གསང་སྔགས་རྙིང་མའི་སྐོར་བཤད་དུས་ཀློང་ཆེན་པ་དང་འཇུ་མི་ཕམ་སོགས་ཀྱི་ལུང་འདྲེན་དགོས་པ་ལྟ་བུ་རེད། ཁ་ཤས་ཀྱིས་ཚ་བ་མདའ་སྙིགས་དང་སེང་རྡོར་་ཀྱི་ལུང་འདྲེན་མང་པོ་བྱེད་གི་འདུག །ལུང་འདྲེན་མ་ཤེས་པའི་རྟགས་རེད། ཁོ་ཚོ་དེ་འདྲའི་མཁས་པ་ཡང་མ་རེད་ལ། དམར་ཕྱོགས་རིང་ལུགས་སྦྱང་བ་ཐོན་པའི་མི་སྣ་ཡང་མ་རེད། ལྷ་མེད་སྨྲ་བའི་ལུང་དྲངས་ན་དེ་ནི་ལྷ་ཡོད་སྨྲ་བའི་བསྒྲུབ་བྱ་དང་སྒྲུབ་བྱེད་གང་དུའང་འགྲོ་གི་མ་རེད། དཔེར་ན་འདྲེ་ཤར་སྒོ་གནས་པ་ལ་གླུད་ནུབ་སྒོར་གཏོང་བ་ལྟ་བུ་རེད། ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ནང་དུ་དངོས་གཙོ་དང་སེམས་གཙོ་སྨྲ་བའི་ཁྱད་པར་ཤེས་ན་ལྷ་ཡོད་དང་ལྷ་མེད་སྨྲ་བའི་ཁྱད་པར་ཤེས་ཐུབ་ཀྱི་འདུག །དེང་སང་འཛམ་གླིང་ན་ཆོས་ལུགས་ལ་ཡིད་ཆེས་བྱེད་མཁན་བརྒྱ་ཆའི་བརྒྱད་ཅུ་གྱ་བཞི་ཙམ་ཡོད་པ་རེད། དེ་འདྲའི་གྲངས་ཀ་མང་དགོས་པའི་རྒྱུ་མཚན་ག་རེ་རེད། དེ་ཚང་མ་རྨོངས་དད་ཡིན་སོང་ནི་ཨེ་རེད། ཁ་བརྡ་དྲ་བའི་ནང་དུ་ཚ་བ་འདའ་སྙིགས་ཀྱི་ལུང་མ་ནི་བཞིན་སྐྱོར་མཁན་ཡོད་ས་རེད། བླུན་པོ་ཆུ་སྣ་གར་ཁྲིད་ཟེར་བ་དེ་ཅིས་མ་བདེན།
བུད་མེད་ཀྱི་རྟེན་ལ་སངས་རྒྱས་པ་ཡོད་དེ་རྗེ་བཙུན་མ་རྒྱུན་མཐའི་བར་ཆད་མེད་ལམ་པ་དེ་བུད་ཅིག་ཡིན་པ་དགོས་པའི་ཕྱིར། བོད་ནང་དགེ་སློང་མའི་སྡོམ་རྒྱུནམེད་ཅེས་པ་ལས། བུད་མེད་ཀྱི་རྟེན་ལ་སངས་རྒྱས་པ་མེད་ཅེས་པའི་ཁུངས་གང་དུ་ཡང་མེད། ད་དུང་ཡོད་པའི་ཁུངས་མང་བར་ངེས་སོ།། །།
ཐེག་ཆེན་བྱང་སེམས་སྐབས་སུ་བསླབ་པ་དེ་གཙོ་བ་ཆེ་ལས་བྱང་སྡོམ་དེ་སེམས་ཁྲལ་དེ་ཙམ་བྱ་མི་དགོས། གསང་སྔགས་ལ་སྔགས་སྡོམ་ལས་དད་པ་དམ་ཚིག་དེ་གཞི་རྩ་གལ་ཆེ་བ་རེད། འོནད་ཀྱང། སོ་ཐར་ཐེག་དམན་སྐབས་སུ་དགེ་སློང་ཕ་དང་། དགེ་སློང་མའི་སྡོམ་རྒྱུན་དེ་ཤིན་ཏུ་གལ་ཆེ་བ་ཅིག་རང་བཞིན་གྱིས་ཆགས་བསྡད་ཡོད་རེད། དཔེར་ན། བསྟན་རྩ་དགེ་སློང་ཉིད་ན། །ཞེས་སོགས་ཀྱིས་ཀྱང་ཤེས་ཐུབ།
གསང་སྔགས་ཀྱི་སྐབས་སུ་ཕྱག་རྒྱ་མ་དང་། བུད་མེད་རྣམས་ནི་ཤེས་རབ་རང་བཞིན་དུ་གསུངས་པ་དེ་ཡང་བདེན་པ་རེད།
སྔགས་པ་ཕོ་མོ་ཚད་ལྡན་གཉིས་མཉམ་སྦྱོར་གྱིས། གསང་ཕོ་དེ་སྔོན་ལ་རྒྱས་པའི་ངེས་པ་ག་ལ་ཡོད། དེ་ཡོད་ན་་་་་་་ ད་མི་བཤད།། །།ངའི་བཤད་འཁྲིད་རྫོགས་སོ།། །།
༢༨༽ མིག་བརྒྱད་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༣ གི་ཆུ་ཚོད་ ༢༢ སྐར་མ་ ༥༤
གནས་གསུམ་པ་ནི་འཕོས་པ་ན།།ལུང་འདྲེན་པ་ནི་མཁས་པའི་ལུགས།།ཞེས་པ་ལྟར་གསང་སྔགས་རྙིང་མའི་སྐོར་བཤད་དུས་ཀློང་ཆེན་པ་དང་འཇུ་མི་ཕམ་སོགས་ཀྱི་ལུང་འདྲེན་དགོས་པ་ལྟ་བུ་རེད། ཁ་ཤས་ཀྱིས་ཚ་བ་མདའ་སྙིགས་དང་སེང་རྡོར་་ཀྱི་ལུང་འདྲེན་མང་པོ་བྱེད་གི་འདུག །ལུང་འདྲེན་མ་ཤེས་པའི་རྟགས་རེད།
ཟེར།
མིག་བརྒྱད་པའི་གསུངས་པ་ནི་བདེན་པ་རེད།
རྒྱུ་མཚན་ནི་དམར་བོ་ཆོས་མེད་ཚོས་རིགས་པ་ཁས་ལེན་གྱིས་མ་རེད།
ལུང་ནི་དེ་བས་ཀྱང་ཁས་མི་ལེན།
རྩོད་པའི་དབང་དུ་བཏང་ཡང་ལྷ་ཡོད་དང་ལྷ་མེད་གཉིས་ཀྱིས་རྩོད་པའི་ཆོས་ཅན་མཐུན་སྣང་བ་མེད། མཐུན་དཔེ་མེད་པས་ནམ་ཡང་གོ་བརྡ་འཕྲོད་མི་སྲིད། གཅིག་གིས་ས་བཤད་ན་གཞན་དེས་གནམ་བཤད་ཀྱིན་ཡོད་རེད།
རྒྱ་བོད་སྐད་བརྡ་མི་འཕྲོད་པའི་མི་གཉིས་ཀྱིས་རྣམ་འགྱུར་གྱིས་གླེང་མོལ་ཙམ་རེད། ངོ་མ་དགོད་བྲོ་བོ་རེད།
ཀ་མ་ལ་ཤི་ལ་བོད་ལ་ཕེབས་ནས་ཧ་ཤིང་ལ་རྩོད་པའི་ལོ་རྒྱུས་ལས། ཀ་མ་ལ་ཤི་ལས་དང་པོར་ཧ་ཤིང་གིས་རིགས་པ་ཁས་ལེན་མི་ལེན་ལ་བརྟག་ཡོད་རེད། རིགས་པ་ཁས་ལེན་ན་ལས་སླ་བ་ཡོད་རེད། རིགས་པ་ཁས་མི་ལེན་ན་རྒྱལ་བོའི་བཀའ་ལས་དབྱུགས་པ་བཙན་གི་རེད། ཧ་ཧ་ཧ་ཧ་ངོ་མ་དགོད་བྲོ་བོ་རེད།
དེང་སང་ཨ་ནེ་དགེ་བཤེས་མ་ཚོ་འུར་ལངས་པའི་སྒང་རེད་འདུག
ཨ་ནེ་བསམ་གཏན་ལགས
ཀ་མ་ལ་ཤི་ལས་དང་པོར་ཧ་ཤིང་གིས་རིགས་པ་ཁས་ལེན་མི་ལེན་ལ་བརྟག་ཡོད་རེད།
ཟེར་་དེ་ག་འདྲ་རེད།
གསུངས་རོགས་གནང་།
ཧ་ཤིང་ལ་རྩོད་པའི་ལོ་རྒྱུས་ལས།
ཟེར་།
ངག་རྒྱུན་ཙམ་ལས་ལོ་རྒྱུས་ཅང་ཨེ་ཡོད།
ཡོད་ན་གང་དུ་ཡོད་རེད།
གསུངས་དང་།
འཇིག་རྟེན་ཐ་སྙད་ལ་བརྟེན་ནས། ཆོས་གསུང་དགོས་པས། སྔོན་རྒྱ་གར་དང་བོད་སོགས་སུ་བོད་མེད་ལ་མཐོང་སྣང་རྩིས་མེད་པར་སོང་། ད་ལྟའི་དུས་འདིར་བུད་མེད་ལ་ཐོབ་ཐང་སྐྱེས་པ་དང་འདྲ་མཉམ་དགོས་པས། བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་ཅེས་ངེས་པར་དུ་དགོས་པར་མཐོང་། དེར་མ་ཟད་སྔོན་ནས་ཀྱང་། ཐེག་པ་ཆེན་པོའི་ལུགས་ལ་ཡུམ་ཆེན་མོ་དང་། རྗེ་བཙུན་སྒྲོལ་མ་སོགས་རྒྱུད་སྡེ་ཆེ་ཆུང་རྣམས་ན་གསལ་བ་ལྟར་ཡི་དམ་གྱི་ལྷར་འཛིན་པ་དེ་རྣམས་སངས་རྒྱས་མ་ཡིན་པའི་སྒྲུབ་བྱེད་ཡོད་དམ།
ཡི་དམ་གྱི་ལྷར་འཛིན་པ་ཞེས་པ་དེ། ཡི་དམ་གྱི་ལྷར་གཟུང་བའམ་བཟུང་བ་ཞེས་དགོས་པར་སེམས།
སྟོན་པས་གདུལ་བྱ་འདྲེན་པའི་སླད་ཐབས་སྣ་ཚོགས་ཀྱིས་ཆོས་ཕུང་འདྲ་མིན་གསུངས་ཡོད་ཅིང་དེ་ལའང་རྒྱུ་མཚན་མང་། མཐར་ཐུག་འཚང་རྒྱ་བའི་ཕྱིར་དུ་བུད་མེད་མ་བསྟེན་ཐབས་མེད་ལྟ་བུ་གསུངས་བ་ཡང་སྔགས་ལམ་དམིགས་བསལ་བ་ཞིག་ལ་བརྟེན་ཡོད། བུད་མེད་ལ་མ་བསྟེན་པར་རྡོ་རྗེའི་ལུས་དང་ཡེ་རྒྱ་སོགས་མྱུར་ལམ་དེ་དག་ལ་འཇུག་མི་ནུས་པའི་གདུལ་བྱ་ལ་དགོངས་ཏེ་སྟོན་པ་ཐུགས་རྗེ་ཅན་ཁོང་གིས་ཐབས་མཁས་ལམ་དུ་སྣ་ཚོགས་ཀྱིས་དཀྲི་བར་ཁོ་ན་ཡིན།
༣༣༽ ཀརྡོ་གཉེར་ཕྱག་པ་ནས།
སྔགས་པ་ཕོ་མོ་ཚད་ལྡན་གཉིས་མཉམ་སྦྱོར་གྱིས། གསང་ཕོ་དེ་་་་ སངས་ཕོ་དེ་ལ་བཅོས་ནས།
ཆོས་རྒྱལ་ཁྲི་སྲོང་གི་མ་ཡུམ་དེ། རྒྱ་ནག་བཙུན་མོ་ཀོང་ཇོ་གཉིས་པ་དེ་ཡིན་པས། ཕའི་ཆོས་དང་འབྲེལ་བའི་ཕ་ཆོས་རྒྱ་ནག་གི་སྒོམ་གྲུབ་པ་ཧ་ཤང་དེ་དུས་། བོད་ངེས་པར་དུ་ཡོད་དགོས་ལ། དེས་མ་ཚད་ཧ་ཤང་གི་ལྟ་གྲུབ་འགོག་ཕྱིར་སློབ་དཔོན་ཀ་མ་ལ་ཤི་ལ་གདན་འདྲེན་དགོས་དང་། སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་དགོས་པའི་རྒྱུ་རྐྱེན་དང་ཡང་འབྲེལ་བ་ཡོད་རེད་སྙམ་ལགས།
བོད་ཀྱི་ནང་ཆོས་འདི། ཁ་ཡོད་ལག་ཡོད་ཀྱི་ཕོ་མོ་འདྲ་མཉམ་གྱི་ཆོས་ཅིག་ཡིན་པ་ཙམ་མ་ཟད། གཉེན་སྒྲིག་ཆང་ས་ལ་ཡང་ཕོ་ཡི་དུས་གཅིག་ཏུ་བཟའ་ཟླ་མོ་གཉིས་ལྷག་ཉར་ཆོག་པ། མ་ཟད། བོད་ཀྱི་བུད་མེད་ཀྱིས་ཀྱང་རང་ལ་བཟའ་ཟླ་ཕོ་གཉིས་ལྷག་ཉར་ཆོག་པ་། འདིས་ཀྱང་མཚོན་པ་ཐུབ་རེད་དོ། བོད་བུད་མེད་ཚོས་ངར་ཤོག གོ་སྐབས་དམ་འཛིན་གྱིས། འཚང་མཉམ་པོར་རྒྱ་བ་ལ་བརྩོན་པ་མ་ལྷོད་ཅིག། །།
དགེ་འདུན་རྒྱ་མཚོ་ལགས། ཧ་ཤང་དང་ཀ་མ་ཤི་ལ་རྩོད་པའི་ལོ་རྒྱུས་ནི་སྦ་བཞེད་སོགས་སྔ་མོའི་དུས་ཀྱི་ལོ་རྒྱུས་ཕལ་མོ་ཆེར་རྒྱས་བསྡུས་ཅི་རིགས་པ་འདུག་ལགས།
ལགས་རེད། སྦ་བཞེད་ནང་ཧ་ཤང་རྩོད་པ་ཕམ་ནས་རྒྱ་ཡུལ་དུ་ལོག་འགྲོ་དུས་ཁོང་གི་ལྷམ་ཡ་གཅིག་བོད་ལ་ལུས་ཡོད་པ་འདིས། ཕྱིས་སུ་བོད་ལ་ཁོང་གི་ལྟ་གྲུབ་སླར་ཡང་དར་སྲིད་པའི་མཚོན་རྟགས་སུ་འགྲེལ་བ་ཅིག་ཀྱང་དྲན།
སྦ་བཞེད་དང་སྦ་བཞེད་ཞབས་བཏགས་མ་ཟེར་བའི་ལོ་རྒྱུས་རྙིང་བ་འགའ་ངས་ཀྱང་ལོ་ཉེར་གསུམ་ཡར་སྔོན་དུ་བཀླགས་མྱོང་། ད་ཆ་བརྗེད་འདུག
ངེད་ནས་དེབ་ཅིག་མཐོང་བའི་ནང་དུ་སྦ་བཞེད་འདི་རྗེས་སུ་གཏེར་ནས་བཏོན་པ་ཡིན་ཟེར། ང་ཡིད་ཆེས་མ་སོང་། ཡིན་ཡང་དེབ་དེ་སུའི་ཡིན་ངས་དྲན་གི་མི་འདུག
ཕོ་མོ་ཟེར་བ་ནི་རྟགས་ལ་བརྟེན་ནས་བཞག་པ་མ་གཏོགས་གཞན་ཅང་ཨེ་ཡོད་སྙམ།
རྟགས་དེ་ཡང་གསལ་མ་གསལ་གྱི་ཁྱད་པར་ཙམ་ལས་དོད་ཐུབ་ཡོད་ཅེས་སྔར་ཡང་ཞུས་ཟིན་པ་ཡིན།
འདི་དག་ནི་སྨན་གཞུང་གི་དཔེ་རིས་ལ་བལྟས་ན་ཡང་ཤེས་ཐུབ།
ཕོ་མོ་གཉིས་གང་ཡིན་ཡང་ཕྱི་ནང་གི་མཚན་ཉིད་གཉིས་ཀ་ཚང་དགོས། བུད་མེད་ཡིན་ཡང་ནང་གི་ཡོན་ཏན་ལ་མ་མཐའ་ཡང་བསྐྱེད་རིམ་གྱི་རྟོགས་པ་དང་མཉམ་མྱོང་ཅུང་ཟད་ཡོད་ན་མ་གཏོགས་ཕྱིའི་རིགས་བཞིའི་དབྱེ་བ་འབྱེད་ནུས་པ་ཙམ་གྱིས་མི་ཆོག
རབ་བྱུང་ན་བུད་མེད་རྟོགས་པ་མཐོན་པོ་ཅན་ཚོས་སྐྱེ་བ་ཕོ་སངས་རྒྱས་པ་ལ་ལམ་གྲོགས་བྱེད་པ་ཡོད་པས་གྲུབ་ཆེན་གྱི་རྣམ་ཐར་དག་ཀློག་ན་ཤེས།
ཕོ་ལ་རྟོགས་པ་ཡག་པོ་ཡོད་པས་བུད་མེད་རང་དགར་གྲོལ་ཐུབ་པ་ཡང་ཡོད་ཆོག་གི་རེད། དེ་ཚོ་རྗེ་རྫོགས་རིམ་རིམ་ལྔ་གསལ་སྒྲོན་སོགས་ལ་མཇལ་ན་གོ་བ་ལོན་ཐུབ།
ཡབ་ཡུམ་ཕོ་མོ་གཉིས་ཀ་དུས་མཉམ་དུ་སངས་རྒྱས་པ་ཡང་ཡོད་པས་གསང་སྔགས་ཀྱི་ལམ་འདི་ཤེས་ན་ཡ་མཚན་པ་མང་བོ་མྱོང་བས་གྲུབ་པ་ཡིན། བསམ་གྱིས་མི་ཁྱབ་པ་བཞི་གསུངས་པ་འདི་ལ་ཡང་མནོ་སེམས་རེ་བཞེས་རོགས།
རང་གིས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་ཁ་མ་གཏོང་རོགས། དེ་འདྲ་བྱས་ན་རང་གཞན་གཉིས་ཀ་ལ་ཕན་ཐོག་ཏིལ་འབྲུ་ཙམ་ཡང་ཡོད་མ་རེད། ད་དུང་དེ་ལས་སྡུག་པ་དམྱལ་བའི་རྒྱུ་བསགས་པ་རང་རེད་ལགས།
ཡ་ཡ་་བདེ་མོ་།
བརྒྱ་བཤད་སྟོང་གླེང་བྱས་མཐར་བུད་མེད་ཀྱི་རྟེན་ནས་སངས་རྒྱས་དགོས་ན་གསང་སྔགས་ལ་མ་བརྟེན་པར་གོམ་གང་འགྲོ་ས་མེད་པ་འདྲ། སྟོན་པ་ཐུབ་པའི་དབང་པོས་ཕོ་རྣམས་མདོ་ལུགས་ལ་བརྟེན་ནས་སངས་རྒྱས་རྒྱུ་ཡོད་པར་ལམ་བསྟན་ཡོད་ས་རེད། འོན་ཀྱང་མོ་རྣམས་ལ་དེ་ཙམ་དོ་སྣང་གནང་མེད་པ་འདྲ། མ་གཞི་ཁོང་གིས་ཁོང་རང་ཉིད་ཀྱི་ཡུལ་ལ་ “ངའི་བསྟན་པར་རྨ་བྱིན་སོང་” ཞེས་བཀའ་བཀྱོན་དང་གསུང་སྐད་ཤོར་བ་ཞིག་གོ་མྱངས་ཡོད། ད་བྱས་དུས་བུད་མེད་རྣམས་ཏག་ཏག་བཟོས་འདུག་བ།
དགེ་འདུན་རྒྱ་མཚོ་ཟེར་བ་འདི་དགོད་བྲོ་བ་ཞིག་འདུག ཕྱོགས་གཅིག་ནས་ཁོང་དགེ་རྒན་ཡིན་ཟེར། ཕྱོགས་གཅིག་ནས་ཆོས་ལུགས་ཆགས་སྡོང་གིས་བཟི་འཁྱོར་ཚད་མེད་རྒྱབ་ཀྱིན་འདུག དགེ་རྒན་ཞིག་གི་མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་རྒྱུན་དུ་འདི་ལྟར་སློབ་ཀྱིན་ཡོད་ན་ད་དཔེ་བསག་སོང་།
གསང་སྔགས་ནང་གསང་བ་མང་པོ་ཞིག་ཡོད་སྟབས་དེ་དག་ཁྲོམ་བསྒྲགས་བྱ་མི་ཉན་ཟེར། ད་དུང་ “ཡིན་ན་ཡང་དམར་ཁྲིད་བྱེད་རྒྱུ་དེ་ང་ལྟ་བུའི་ཚེ་སྲོག་ལ་གཅེས་སྤྲས་བྱེད་མཁན་ཞིག་གི་ངོས་ནས་ཁག་པོ་ཆགས་སོང་།” ཟེར། གལ་སྲིད་ཁྱེད་ཀྱིས་གསང་སྔགས་ཀྱི་གལ་གནད་རྣམས་དམར་ཁྲིད་བྱེད་པའི་བཏང་ཡང་དམར་ཁྲིད་བྱེད་མཁན་རང་ཉིད་ལ་དེ་འདྲའི་དམར་ཁྲིད་བྱ་ཐུབ་པའི་རྟོགས་པ་ཡོད་དགོས་ནི་རེད། དེ་ཁྱེད་ལ་ཡོད་བཟོ་མི་འདུག རྒྱུ་མཚན་ནི། ཁྱེད་རང་ཉིད་ཟག་བཅས་རྒྱུ་ལུས་ཤ་ཁྲག་དང་ “ཚེ་སྲོག་ལ་གཅེས་སྤྲས་བྱེད་མཁན་” གྱི་གང་ཟག་ཕལ་པ་ཞིག་ཡིན་པས་སོ།།
བན་དྷེའི་འདུལ་བའི་ལས་ཆོག་ཅིག་གི་ནང་དུ།
ཀུན་མཁྱེན་རིན་པོ་ཆེའི་བཞེད་པས། གངས་རིའི་ལྗོངས་འདིར་བུད་མེད་བསྙེན་བྱར་མི་རུང་ཞེས་གསུངས་པ་དང།
དུས་གསུམ་སངས་རྒྱས་ཐམས་ཅད་རབ་ཏུ་བྱུང་བའི་རྟེན་ཁོ་ནས་སངས་རྒྱས་པ་ཡིན་པར་གསུངས་པ་དང།
བོད་དུ་གྲགས་པའི་བོན་དང་དེ་བཞིན་མུ་སྟེགས་གཅེར་བུའི་རྒྱུད་ལ་སོར་སྡོམ་མེད་པར་གསུངས་པ་སོགས་ཡོད་འདུག
བོན་ལ་འདུལ་སྡོམ་མམ་སོར་སྡོམ་ཡོད་པ་ནི་གསལ་གསལ་ཐིང་ཐིང་ཡིན་པར་མ་ཟད་མུ་ཟི་གསལ་བཟང་འགོག་པར་བཞུགས་ཏེ་བླ་ཆེན་དགོངས་པ་རབ་གསལ་ལས་བརྒྱུད་པའི་འདུལ་བ་སྨད་ལུགས་ཀྱི་རྒྱུད་ད་ལྟའང་ཆད་མེད་པར་ཞུགས།
འོན་ཀྱང་འགའ་ཞིག་གིས་ཆགས་སྡང་གིས་དགོངས་པ་རབ་གསལ་བོན་པོ་མིན་པར་བཤད་པ་ནི་རྒྱུ་མཚན་མེད་པའི་གཏམ་དུ་ཟད་དེ།
ལྕད་སྐྱའི་རྣམ་ཐར་ལས། ཕྱི་ལོ་ཀླུ་མེས་ཀྱང་བོད་དུ་ཆས་ཏེ་ཕེབས་ཁར། བླ་ཆེན་ལ་མཆོད་གནས་ཤིག་ཞུས་པར། བོན་ཞྭ་འོབ་ཞུ་ས་སེར་གྱིས་ཁ་བསྒྱུར་བ་གསོལ་འཕྲོ་ཞིག་གནང་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས། དེ་བཞིན་རྒྱལ་ཁམས་རིག་པའ་བསྐོར་བའི་གཏམ་རྒྱུད་ལས་ཀྱང། བོན་ཞྭའི་སྐོར་བཤད་པས། དགོངས་པ་རབ་གསལ་བོན་དང་འབྲེལ་བ་མེད་ན་བོན་ཞྭ་ཕྱིས་ཅིར་བཀའ་དྲིན་མི་བརྗེད་རྗེས་སུ་དྲན་པའི་མཚན་མར་གནང་བ་རེད་དམ། འོན་ཀྱང་དེང་སང་བན་དྷེར་ཁས་འཆེ་བ་འགའ་ཞིག་གིས་སྔར་གྱི་བག་ཆགས་ཤུགས་རྐྱེན་གྱིས་བོན་པོས་ཅིག་བཤད་དུས་ལམ་སང་མུ་སྟེགས་རྐུན་མ་བོན་ནག་ཅེས་བཤད་ནས་ལུང་རིགས་ཀྱི་བདར་ཤ་གཅོད་ས་མེད། དུས་ཀྱིས་འགྱུར་ལྡོག་གི་དབང་གིས་རིམ་གྱིས་ཁ་གྲགས་ཡོང་བཞིན་འདུག
བོན་གྱི་འདུལ་གཞུང་དང་གསང་སྔགས་རྫོགས་ཆེན་སོགས་ནས་ཕོ་མོའི་དབྱེ་བ་ཁྱད་པར་མེད་པར་བཤད་པ་ནི།
བོན་གཞུང་ལས། རྒྱ་ཡི་གོང་བུ་རུ། བོན་མོ་དགུ་དུས་གཅིག་ཏུ་སངས་རྒྱས་པས་ཞེས་བཤད་པ་དང།
ཕོ་མོ་ལ་ཁྱད་ལར་མེད། དབང་པོ་ལ་རྣོ་རྡུལ་མེད་ཅེས་གསུངས་པས་སོ།
ངས་བཤད་པ་ནི་གསང་བ་ཅང་མ་རེད།
གཏིང་ཟབ་པོ་གང་ཡང་བྲིས་མེད། ཁ་བརྡ་ཙམ་བྱས་པ་དེ་རེད། གསང་བ་ཕྱི་ལ་བསྒྲགས་པའི་ཉེས་པ་དེ་ང་ལ་མི་འབྱུང་། ཐུགས་ཁྲལ་མ་གནང་རོགས།
བསྟན་འཛིན་རྒྱལ་བོ་དང་བསྟན་བཤིག་རྒྱལ་བོ་གང་ཡིན་ཆ་མ་འཚལ་ཡང་དོན་ལ་མི་འདི་བདག་ཅག་གི་སྟོན་པ་ལ་སྡང་ཟུག་བྱེད་མཁན་ཞིག་རེད།
བུད་མེད་ཀྱི་ཕྱོགས་བཟུང་བ་ཡིན་མདོག་གིས་སྟོན་པ་ལ་ཟུར་ཟ་དང་སྐྱོན་བརྗོད་དུ་འགྲོ་གི་ཡོད་ན་འགྲིག་གི་རེད།
སྟོན་པོས་ཕོ་མོ་དབྱེ་འབྱེད་བྱས་སོང་ཟེར་ནས་ནུབ་ཕྱོགས་ཀྱི་བུད་མེད་ཚོའི་རྗེས་སུ་རྒྱུག་ཀྱང་ཕན་ཐོག་ཡོད་མ་རེད།
འདི་ཐོབ་ཐང་རྩོད་ས་མ་རེད་ལ་རྩོད་སྟངས་ཀྱང་དེ་འདྲ་མ་རེད། ཁྱེད་ཀྱིས་རྩོད་སྟངས་དང་རྒྱབ་སྐྱོར་བྱེད་ས་ནོར་འདུག་ལགས།
བརྒྱ་བཤད་སྟོང་གླེང་བྱས་མཐར་བུད་མེད་ཀྱི་རྟེན་ནས་སངས་རྒྱས་དགོས་ན་གསང་སྔགས་ལ་མ་བརྟེན་པར་གོམ་གང་འགྲོ་ས་མེད་པ་འདྲ། སྟོན་པ་ཐུབ་པའི་དབང་པོས་ཕོ་རྣམས་མདོ་ལུགས་ལ་བརྟེན་ནས་སངས་རྒྱས་རྒྱུ་ཡོད་པར་ལམ་བསྟན་ཡོད་ས་རེད། འོན་ཀྱང་མོ་རྣམས་ལ་དེ་ཙམ་དོ་སྣང་གནང་མེད་པ་འདྲ། མ་གཞི་ཁོང་གིས་ཁོང་རང་ཉིད་ཀྱི་ཡུལ་ལ་ “ངའི་བསྟན་པར་རྨ་བྱིན་སོང་” ཞེས་བཀའ་བཀྱོན་དང་གསུང་སྐད་ཤོར་བ་ཞིག་གོ་མྱངས་ཡོད། ད་བྱས་དུས་བུད་མེད་རྣམས་ཏག་ཏག་བཟོས་འདུག་བ།
ཁྱོད་ཀྱི་སྐད་འདིར་ལྟོས་དང་། ཁྱོད་ཀྱི་གྲོགས་པོ་དང་ངོ་ཤེས་ཚོ་ངོ་ཚ་ནས་འབར་ལ་ཁད་ཡོད་རྒྱུ་རེད།
ཁྱེད་ཀྱི་ཕ་མ་གཉིས་ཀྱང་ཁྱེད་ལྟ་བུའི་ལས་ངན་གཉིས་རེད་འདུག
ཁྱེད་རང་ལྟ་བུ་ཞིག་སྐྱེས་དགོས་པ་ལས་ངན་གང་རེ་བསགས་པ་ཡིན་ནམ། སྙིང་རྗེ་བསོད་ནམས་ཀྱི་འཆིན་མི་
འདུག
བོད་ཀྱི་སློབ་དགེ་ཞིག་གིས་ཆོས་ལུགས་ཆགས་སྡང་གིས་བཟི་དུས་སློབ་ཕྲུག་ཚོའང་དེ་བཞིན་འགྱུར་ངེས་རེད། ད་དུང་ང་ལ་ཁ་བརྡའི་ནང་དུ་མ་ཡོང་ཟེར་ནས་ཚོགས་གཏམ་དང་གནམ་བཀའ་ཕབས་ཡོང་སྟངས་འདི་ལ་ལྟས་ན་ཁོས་སློབ་གྲྭར་འདི་འདྲ་རང་བྱས་ནས་བཤད་ཐག་ཆོད་རེད། བོད་དམངས་གཙོ་བོད་རང་དབང་གི་ཆེད་དུ་བོད་མི་ཡོད་དོ་ཅོག་གིས་ཤུགས་རྒྱབ་བཞིན་པའི་སྐབས་འདིར་ཁོ་ལྟ་བུ་བོད་པའི་དགེ་རྒན་ཞིག་གིས་མི་རིགས་དང་ཆོས་ལུགས་དབར་ལ་ཆགས་སྡང་བྱེད་པ་འདི་ལ་བློ་ཕམ་པོ་རེད། སུ་ཇའི་སློབ་གྲྭའི་ནང་དུའང་དགེ་རྒན་འགའ་ཞིག་གིས་བོན་ལ་སྡང་ཟུག་བྱེད་ཀྱི་ཡོད་པ་སློབ་མ་ཞིག་གིས་མིང་དང་བཅས་པ་བཤད་བྱུང་མིང་འདོན་མ་དགོས་པར་བཞག་ན་ལེགས་བསམ་ནས་ཅི་ཡང་སྨྲས་པ་མེད།
ད་ཨ་རིའི་VOA ཀུན་གླེང་ནི་ཀུན་གླེང་རང་རེད། བདུན་རེ་ནང་ཐེང་གཉིས། དེ་ཡང་དུས་ཡུན་ཆུ་ཚོད་གཉིས་མ་གཏོགས་མེད་པ་གང་ཞིག་ལ། དོ་དགོང་ནི་འབའ་ལཱ་ཁ་བླ་མ་ཡིན་ན་གཅིག སྐྱ་མིན་སེར་མིན་ཞིག་ལ། སྐད་ཆ་མགོ་མེད་འཇུག་མེད་གཅིག་འདྲི་བཞིན་བསྡད་འདུག དངོས་གནས་བོད་ཕྱི་ནང་གཉིས་ནང་ཛ་དྲག་གི་གནས་ཚུལ་འདི་ཙམ་ཡོད་བཞིན་ཁོང་ཚོ་ནི་བཤད་རྒྱུ་མེད་ནས་རྐྱག་བཤད་རང་རེད་འདུག
དེ་ལས་ཀྱང་གལ་ཆེ་བ་གླིང་ཚ་བུ་ཚེ་བརྟན་རྡོ་རྗེ་ཐེངས་གཅིག་གླེང་ནའང་མི་ཆོག་པ་འདུག་གས།
ད་ནི་དངོས་གནས་VOA འདི་ལ་ཞེན་པ་ལོག་ཡ་འདྲ་གཅིག་འདུག་་་་་་་་སེམས་སྐྱོ་བ་ལ།
ཁོང་སྟོད་གྲྭ་པ་འདྲ་པོ་ཞིག་ལ་ཁོག་སྨད་མི་སྐྱ་འདྲ་པོ། སྐད་ཆ་ནི་ཡ་མ་ཟུང་ཁོ་རང་སྤྲུལ་སྐུ་ག་དུས་བཟོས་ཡིན་པའང་ཧ་གི་ཡི་མི་འདུག ཞབས་འདྲེན་རང་རེད་་་་་་་་་་་
དགེ་འདུན་རྒྱ་མཚོ་ལགས་ཀྱིས་གླེང་སྟངས་དེ་དང་དཔྱད་སྟངས་འདིར་སྣང་བ་འགྲོ་སོང་། དྲང་བདེན་གྱིས་རྣམ་དཔྱོད་སྟོན་སར་རྫུན་པའི་དབུར་ཕོགས་དང་ཞབས་ཕོགས་འགྲོ་བ་ནི་འཇིག་རྟེན་ཕལ་པའི་གཤིས་ལུགས་རེད། ཁྱོད་ནི་ནང་པ་སངས་རྒྱས་པའི་གཞུང་ལ་སློབ་གོ་ཆོད་འདུག་ལ། བོད་ཀྱི་རིགས་གཞུང་གི་དགེ་རྒན་ཡང་ཡིན་རིན་ཆོག་འདུག།
ཧཧཧ་ཨ་ཕྱིས་བཤད་དུས་་་་་་་ཡང་གཞན་ལ་སྐྱོན་བརྗོད་ན་་་་་་ཧཧཧཧཧ
དགེ་འདུན་རྒྱ་མཚོ་ལ་དགོས་པ་དེ་མཁས་དབང་བན་དེ་བ་ནས་གནང་སོང་མོད། ཕྱོགས་རིས་ཀྱི་འདམ་རྫབ་ཏུ་ལྷུང་ཞིང་ཚིག་མཐོ་དམའ་ཟུར་ཙམ་ཡང་འགྲོ་ས་ཁྱོན་ནས་མེད་མཁན། ཁ་ནས་ཤི་ཤི་བརླག་བརླག་གི་དམོད་པ་ཆུ་རྒྱུག་རྒྱུག་གི་སློབ་དགེ་ཁྱོད་ལྟ་བུ་ཞིག་གིས་བོད་མི་རབས་གསར་པ་འདིའི་སྣེ་འཁྲིད་པ་ནི་བོད་འདི་བསོད་ནམས་ཉམས་པའི་རྟགས་ཞིག་དང་། “ཁྱོད་ཀྱི་གྲོགས་པོ་དང་ངོ་ཤེས་ཚོ་ངོ་ཚ་ནས་འབར་ལ་ཁད་ཡོད་རྒྱུ་རེད། ཁྱེད་ཀྱི་ཕ་མ་གཉིས་ཀྱང་ཁྱེད་ལྟ་བུའི་ལས་ངན་གཉིས་རེད་འདུག ཁྱེད་རང་ལྟ་བུ་ཞིག་སྐྱེས་དགོས་པ་ལས་ངན་གང་རེ་བསགས་པ་ཡིན་ནམ།”
ངས་བུད་མེད་ཚོའི་ཐོབ་ཐང་རྩོད་ཀྱིན་མེད་ལ་ཐོབ་ཐང་དེའི་ཆེད་དུ་སྟོན་པ་ཐུབ་པའི་དབང་པོ་ལའང་རྒོལ་གྱིན་མེད། ངས་གཤོད་ཀྱིན་པ་འདི་ནི་དོགས་གཞི་ཞིག་གི་འོག་ནས་གླེང་བཞིན་ཡོད། འཚམས་འཚམས་སུ་ནང་ཆོས་ནས་གཞི་བདེ་གཤེགས་སྙིང་པོ་དེ་འགྲོ་ཀུན་ཡོངས་ལ་ཁྱབ་པས་སེམས་ཅན་ཚང་མར་སངས་རྒྱས་པའི་རྟེན་ཡོད་པ་འདྲ་ཞིག་གླེང་གི་འདུག ཡང་འཚམས་ཞིག་ནས་བུད་མེད་དང་མ་ནིང་སོགས་ལུང་པ་གང་ཞིག་ཟུར་དུ་གཡུག་གིན་འདུག
ཁྱད་པར་དུ་སྟོན་པ་ཐུབ་པའི་དབང་པོས་གསང་སྔགས་ཀྱི་གཞུང་ལེའུ་གཅིག་ཀྱང་གསུངས་མེད་པ་ནི་ཚད་ལྡན་བཅོམ་ལྡན་འདས་ཀྱི་ཡང་དག་པའི་རྗེས་འཇུག་ཐ་ལེན་ཌ་དང་། འབར་མ། ཁམ་བྷོ་ཌི་ཡ་སོགས་ནང་ཡོད་པའི་ནང་པ་དངོས་གནས་པ་དེ་ཚོར་དྲིས་དང་ཧ་གོ་ཡོང་། སྟོན་པ་ཐུབ་པའི་དབང་པོས་གསུངས་པའི་མདོ་ལུགས་དབུ་འདུལ་ཚད་གཞུང་གང་ཞིག་ཏུའང་བུད་མེད་ཀྱི་རྟེན་ལ་སངས་རྒྱས་རྒྱུ་ཡོད་པར་གསུངས་པ་ཞིག་མཇལ་རྒྱུ་དཀའ། དེ་བཞིན་སྟོན་པ་ཞལ་བཞུགས་པའི་སྐབས་སུ་ནས་དགེ་སློང་མའི་སྐོར་གཏམ་རྒྱུད་རིང་ཐག་ཆོད་ཡོད་པ་དེ་དག་ལ་བསམ་བློ་གཏོང་དང་རང་བཞིན་གྱིས་དོགས་པ་ཡོང་རྒྱུ་ཞིག་རེད།
ཁ་གཅིག་གིས་མཁས་པ་ཀླུ་སྒྲུབ་བེད་སྤྱད་ནས་ཀླུ་ཡུལ་ནས་གཅིག་གཅིག་མིག་མིག་བླངས་རབས་བཤད་ནས་གསང་སྔགས་ཀྱི་གཞུང་དེ་དག་ཨུ་ཚུགས་ཀྱིས་ཐུབ་པའི་བཀའ་དགོངས་སུ་འཇུག་ཐབས་བྱས་པ་དེ་དག་ལ་བསམ་ན་དོགས་པ་ཇེ་ཆེ་ནས་ཇེ་ཆེ་རེད།
སྟོན་པ་ཤཀྱ་ཐུབ་པའི་ཅིག་གསུངས་མ་གསུངས་དང་། གཉིས་གསུངས་ཡོད་མེད་བཤད་ནས་ཅི་ཕན། ཤཀྱ་ཐུབ་པ་ཁོ་རང་ཡིག་རྨོངས་རེད། ཁོང་རང་གི་བྲིས་པའི་ཡི་གེ་ན་གཅིག་འཛམ་གླིང་ཐོག་ཏུ་མེད་པ་་་་་ཧཧཧ རྗེས་སུ་ས་དིང་བྷ་བྷ་རྫུན་རྐྱལ་བ་ཚོས་ཅིག་བྲིས་པ་དང་བཤད་པའི་སྐད་ཆ་ལ་ག་རེ་བལྟ་ཡ་ཡོད། རྒྱ་གར་བའི་ས་དིང་ཚོ་ནི་མི་གཞན་དག་མགོ་སྐོར་གཏོང་དགོས་ན་ཨང་ཀི་དང་པོ་རེད།
ཡ་ཡ་ ་་་ ་རྒྱལ་པོ་ལགས།
བུད་མེད་ཀྱི་རྟེན་ལ་སངས་རྒྱས་པ་ཡོད་པ་ནི་རྒྱུད་ཀྱི་དགོངས་པ་ཡིན།
གསང་འདུས་རྩ་རྒྱུད་་ལེའུ་བཅུ་གསུམ་པ་ལས། རིག་པ་ཆེན་མོ་སྤྱན་ལ་སོགས།། རྟག་ཏུ་འདོད་པའི་དོན་བརྩོན་པ།། འདོད་པའི་ལུང་སྤྱོད་དག་གིས་ནི།། ཇི་ལྟར་འདོད་པ་བསྟེན་ན་འགྲུབ།།
འདིའི་འགྲེལ་བ་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་དང་སྲས་མཆོག་སློབ་དཔོན་ཀླུ་ཡི་བྱང་ཆུབ་ཀྱི་མཛད་པའི་རྣམ་བཞག་རྣམ་བཤད་རིམ་པ་ལས། འཛམ་གླིང་མིའི་རྟེན་ཅན་ལ་སྐྱེས་པ་མ་ཟད་བུད་མེད་ཀྱི་སྤྱནས་པ་ལ་སོགས་ཀྱིས་སྒྲུབ་པོ།
དེའི་རྣམ་དཔྱད་དེབ་གཟིགས་ཤོག་གྲངས་༡༥༧་་་་་་དེ་ལ་ཡང་རྒྱུད་ཀྱི་སྒྲུབ་ཐབས་རྒྱ་གཞུང་ཕལ་མོ་ཆེར་སྐྱེས་པའི་དབང་དུ་བཅས་ནས་བསྟན་པ་མང་བར་སྣང་ན་ཡང་བུད་མེད་རྟེན་དུ་མི་རུང་བ་ནི་མ་ཡིན་ཏེ་ལེའུ་བཅུ་གསུམ་པ་ལས།
ཞེས་སྔར་དང་འདྲ་བར་གསུངས་འདུག
ཟླ་བ་གྲགས་པའི་སྒྲོན་གསལ་ལས།
འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་ནི་སྐྱེས་པ་འབའ་ཞིག་གིས་སྒྲུབ་པ་མ་ཟད་ཀྱིས་བུད་མེད་ཀྱིས་ཀྱང་བསྒྲུབ་པར་བྱེད་དོ། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་བ་་་་་་་་་་་་ཞེས་བསྟན་པར་བྱ་བའི་ཕྱིར་རིགས་པ་ཆེན་མོ་ལ་སོགས་པ་སྨྲས་སོ།
རྗེ་ཙོང་ཁ་བས་ཀྱང་གསང་འདུས་རྣམ་བཤད་ལས།
རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པར་འགྲེལ་བར་བཤད་པས་འཐོབ་བྱ་འདྲ་ལ།
ཞེསགསུངས་སོ། ངེད་ནས་བཤད་པའི་སྐད་ཆའི་ཁུངས་ནི་འདི་དག་ཡིན་ལགས།
རྒྱལ་བོ་ལགས།
ག་དུས་ཡིན་ན་རྒྱ་ལ་བསྟུན་དགོས་པའི་བཅོལ་ཆུང་དེ་འདྲ་མ་གནང་རོགས།
འབར་མ་དང་ཐེན་ལེན་ཀྲི། ཐའེ་ཝེན་སོགས་ཀྱི་ནང་བ་ཚོས་བོད་པའི་ནང་ཆོས་ཁས་ལེན་མིན་ལེན་ཅི་རིགས་ཡོད་རེད། དེ་ལ་ཧང་སང་དགོས་པ་མ་རེད། ཁོ་ཚོས་བཤད་ན་བདེན་པ་ཡིན་པ་དང་ང་ཚོའི་མཁས་པ་དག་གིས་གསུང་ན་རྫུན་ཡིན་དགོས་པའི་བྱབ་ཆུང་དེ་འདྲ་མ་རེད། སེམས་པ་གུ་དོག་དེ་འདྲ་མ་གནང་རོགས།
སྔོན་ཆད་ཁོ་ཚོའི་ལུང་བར་མདོ་སྔགས་ཅི་རིགས་དར་ཡོད་རེད། ཐེན་ལེན་ཀྲི་དང་འབར་མ་སོགས་ནས་སྣ་བོའི་རྡོ་རྗེ་སོགས་རྙེད་ཡོད་ནི་རེད།
མང་བོ་ཞིག་བོད་པ་ལ་འབྲེལ་བ་མི་བྱེད་པ་ནི་ཁོ་ཚོའི་སྐབས་ཀྱི་དགོས་མཁོ་དང་སྲིད་དོན་ཞིག་ཀྱང་རེད།
ཁོ་ཚོ་མང་བོ་ཞིག་གིས་ཐེག་ཆེན་ཁས་མ་བླངས་ཀྱང་སངས་རྒྱས་ལ་དད་པ་ཡོད་རེད། སངས་རྒྱས་ཀྱི་ཡོན་ཏན་ལ་དད་པ་བྱེད་ཀྱི་ཡོད་རེད། བོད་པའི་ནང་ཆོས་འདི་ཁོ་ཚོས་ཁས་མི་ལེན་པ་ལ་རྒྱུ་མཚན་གསང་སྔགས་དང་འབྲེལ་བ་ཡོ་པ་འདི་གཅིག་པུས་མ་རེད། གོ་བ་གནང་རོགས།
རྒྱ་ནག་གིས་མདོ་ཕལ་བོ་ཆེ་ལ་སོགས་པའི་ཐེག་ཆེན་གྱི་མདོ་མང་བོ་བསྒྱུར་བ་མ་ཟད་ཁས་ཡང་ལེན། དད་པ་ཡང་བྱེད། སྤྱིར་དེ་དག་མདོ་ལུགས་ཡིན་མོད་ཀྱང་ནང་དུ་གསང་སྔགས་མང་བོ་བསྟན་ཡོད། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དང་དེ་དག་ལ་དད་པའི་ཕན་ཡོན་སོགས་མང་བོ་གསུངས་ཡོད། ད་དུང་ཏིང་ངེ་འཛིན་གྱི་སྒོ་མང་བོ་གསུངས་ཡོད། ཏིང་ངེ་འཛིན་བརྒྱ་ཕྲག་དང་འབུམ་ཕྲག་དེ་ཚོ་སྔགས་ལ་མ་བསྟེན་པར་མདོ་རྐྱང་བ་ལ་བསྟེན་ནས་རྟོགས་མི་ཐུབ། དེས་ན་དོན་གྱིས་གསང་སྔགས་ཁས་བླངས་པ་དང་མི་ལེན་ཐབས་མེད་ཡིན།
རེ་ཞིག་བཞག་་་་་་་
དྲ་གྲོགས་ཚོའི་ནང་དུ་འཇུ་མི་ཕམ་གྱི་མཁས་འཇུག་ནང་གི་(གཞན་ལ་དབང་ལ་བུད་མེད་རྟེན་འཚང་མི་རྒྱ།།)ཟེར་བ་དེར་གསལ་བཤད་བྱེད་མཁན་རེ་ཨེ་ཡོད།
འོ་ན་ལུང་དེ་མདོ་ཕྱོགས་ཁོ་ནར་དགོངས་ནས་གསུངས་སམ།
ཟླ་བ་གྲགས་པའི་སྒྲོན་གསལ་ལས།
འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་ནི་སྐྱེས་པ་འབའ་ཞིག་གིས་སྒྲུབ་པ་མ་ཟད་ཀྱིས་བུད་མེད་ཀྱིས་ཀྱང་བསྒྲུབ་པར་བྱེད་དོ།་་་་་ཅེས་བཤད་པ་ནི་ཤཀྱའི་ཆོས་ལ་གོ་རྟོགས་བ་སྤུ་ཙམ་ཡང་མེད་པའི་སྐད་ཆ་རེད།་་་སྙིང་རྗེ། ལུང་འདི་བདེན་པ་ཡིན་མིན་ཡང་དོགས་གནས་རེད། དབུ་མ་ཐལ་འགྱུར་བའི་དཔལ་ལྡན་ཟླ་བ་གྲགས་པས་འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཡོད་ཟེར་ན་རྣམ་རྟོག་རེད། ཐན་རྟགས་རེད།
སྤྱིའི་ཆ་ནས་གོང་གི་འགྲོས་ལ་བལྟས་ན་རྫུན་རེད་བསམས་ཀྱི་འདུག སྐྱེས་པ་འབའ་ཞིག་གིས་སྒྲུབ་པ་མ་ཟད་བུད་མེད་ཀྱིས་ཀྱང་བསྒྲུབ་ཟེར་སྟངས་ལ་བལྟས་ན་འབའ་ཞིག་ཅེས་པའི་དོན་དག་ཡང་ཧ་གོ་མི་འདུག སྐྱེས་པ་འབའ་ཞིག་ཅེས་པ་ནི་སྐྱེས་པ་ཁོ་ན་ཞེས་པའི་དོན་རེད། སྐྱེས་པ་ཁོ་ནའི་སྒྲུབ་པའི་བྱ་བ་ཡིན་ན་བུད་མེད་ཀྱིས་མ་བསྒྲུབ་པའི་ཁྱབ་དགོས། དེ་མིན་ན་འབའ་ཞིག་ཅེས་པ་དོན་མེད་ཡིན་པའི་ཕྱིར།་་་ཧཧཧཧ
གལ་སྲིད་མདོ་ལུགས་གཅིག་པོར་བརྟེན་ནས་འཚང་རྒྱ་ཐུབ་ཚེ། གསང་སྔགས་ཀྱི་གཞུང་མང་ཆེ་བའི་ནང་དུ་མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་གསང་སྔགས་ཁོ་ན་ཉམས་སུ་བླངས་ནས་འགྲུབ་ཐུབ་པ་ལས་ཐབས་མེད་ཚུལ་བཤད་པ་དེའི་དོན་ག་རེ་ཡིན་ནམ།
ད་དུང་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་སོགས་དགེ་ལུགས་པའི་སྔགས་ཕྱོགས་ཀྱི་མཁས་གྲུབ་གང་མང་ཞིག་གིས་སྔགས་ཀྱི་ས་ལམ་ཁོ་ནའི་ཐོག་ཏུ་ཡང་། གསང་སྔགས་ལ་མདོ་ལུགས་ཀྱི་ས་བཅུའི་ཐོག་ཏུ་སླར་ཡང་ས་གསུམ་མམ་སྐབས་རེར་བཞི་བསྣན་ནས་གསང་སྔགས་ཀྱི་ཁྱད་ཆོས་རྩལ་ཏུ་བཏོན་ནས་བཤད་འདུག
བློ་མཐུན་ཅོ་རི་ལགས། སྐྱེས་པ་འབའ་ཞིག་གམ་ཁོ་ནས་བསྒྲུབ་ཐུབ་པའི་བྱ་བ་གཅིག་རང་གཅིག་ཡོད་པ་ནི་གཅིན་པ་ལངས་ནས་བཏང་རྒྱུ་དེ་རང་རེད། དེ་མིན་སྐུ་ཉིད་ཀྱིས་མཁྱེན་གསལ་རེད་ནུབ་ཕྱོགས་ཀྱི་བུད་མེད་དེ་ཚོ་རླིག་འབྲས་སམ་གོང་རིལ་ཡོད་པ་འདྲ་པོ་བྱེད་ཀྱི་འདུག་ག། ཧ་ཧ་ཧེ་ཧེ། ད་དུང་ནུབ་ཕྱོགས་བུད་མེད་ཚོས་སྐྱེས་པའི་ཀླད་པ་མཇེ་རྩེ་ལ་ཡོད་པ་རེད་ཟེར་བ་དེ་བདེན་བདེན་མི་འདུག་གས།
རྒྱུད་སྡེ་བཞིའི་ཡང་རྩེ་རྣལ་འབྱོར་བླ་མེད་ཀྱི་ལུགས་སུ་ཕ་རྒྱུད་མ་རྒྱུད་གཉིས་སུ་ཕྱེས་ཡོད་པ་ལས་གཙོ་ལྷ་གཉིས་( ཕ་རྒྱུད། གསང་འདུས་སོགས། མ་རྒྱུད། བདེ་མཆོག་སོགས།)ཀྱི་གཙོ་ལྷ་དེ་དག་སྐྱེས་པ་ཕོ་ཁོ་ནའི་རྣམ་པར་ཡོད་པར་དེ་ཡང་ཁྱད་མཚར་ཞིག་རེད།
གལ་སྲིད་དཔལ་འཁོར་ལོ་བདེ་མཆོག་དེ་ཤེས་རབ་སྟོང་བ་ཉིད་ཀྱི་མཚོན་དོན་ཡིན་ན་གཙོ་ལྷ་བུད་མེད་ཀྱི་རྣམ་པར་ཡོད་ན་བློ་ལ་འཆར་བདེ་བོ་མི་འདུག་གམ།
དེ་བཞིན་གསང་དབང་གི་སྐབས་སུ་རང་གི་རྡོ་རྗེའི་རྩེ་མོ་ཐིག་ལེ་བསགས་ནས་བདེ་སྟོང་མཉམ་སྦྱོར་སྦྱང་ཚུལ་གྱི་རིམ་པ་མང་བོ་ཞིག་བཤད་བཞིན་པ་དེ་ཡང། གསང་སྔགས་རྣལ་འབྱོར་མ་ཞིག་ལ་མཚོན་ན་ཁྱད་མཚན་ཞིག་ཡིན་རྒྱུ་རེད།
གལ་སྲིད་ལུང་རིགས་ཀྱི་རྒྱབ་རྟེན་དང་བཅས་པའི་རྣམ་དཔྱོད་ཅན་རེ་ཡོད་ན་ལན་རེ་འདེབས་རོགས་ཞུ། དེ་མིན་ཡིག་ཆ་རྫུན་མ་དང་ལུང་འདྲེན་རྫུན་མ་བྱེད་རོགས།
བདེན་བདེན་འདྲ་ཞེས་བཅོས་རོགས།
དེ་མིན་ཡིག་ཆ་རྫུན་མ་དང་ལུང་འདྲེན་རྫུན་མ་མ་བྱེད་རོགས།
དགེ་འདུན་རྒྱ་མཚོ་ལགས། སུམ་རྟགས་སྐབས་ཀྱི་སྒྲ་མཐུན་རྟགས་མཚུངས་སོགས་ཤེས་མོད། ཐོག་མར་ངའི་མིང་དེ་ཕ་མས་གནང་བའི་སོ་སོའི་ནོར་བསྐལ་ལྟར་“རྒྱལ་པོ་”ཡིན་པས་གང་བྱུང་དུ་“རྒྱལ་བོ”རུ་མི་བཅོས་རོགས་ཞུ།
ངས་འདིར་རང་རེ་ཐེག་པ་ཆེན་པོ་མདོ་ཕར་ཕྱིན་ཐེག་པའི་ལུགས་ལྟར་རྒྱ་གཞུང་ལས་བྱུང་བའི་རྩ་བ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་པ་གཞུང་དོན་གསེར་གཙོ་མ་ལྟ་བུ་འདིའི་ལུགས་ལ་གཤོད་ཀྱིན་ཡོད། ཁྱོད་ཀྱིས་འདིར་གསང་འདུས་རྩ་རྒྱུད་སོགས་ཐེག་པ་ཆེན་པོ་དབུ་མ་པའི་ལུགས་ལ་ནམ་ཡང་ཁས་ལེན་མི་ཐུབ་པའི་རྒྱོ་བཤད་དེ་དག་དྲངས་ཀྱང་ཕན་མི་ཐོག དེ་ནི་འདྲེ་ཤར་སྒོར་ཡོད་དུས་གླུད་ནུབ་སྒོར་བསྐྱལ་བའི་དཔེ་ཟླར་འཁུ།
ངས་དགེ་སློང་སེར་པོ་དེ་ཚོ་དང་ཁ་བརྡ་བྱས་མྱངས་ལ། དེས་མ་ཚད་འབར་མ་ལའང་ཕྱིན་མྱངས། བྷ་གྷོ་ཌའི་བླ་ཆེན་དེ་ཚོ་ལའང་མཇལ་མྱངས་ལ་བཀའ་མོལ་ཡང་ཞུས་མྱངས། ཁྱེད་རང་བདེན་པ་རེད། ཁོ་ཚོས་སངས་རྒྱས་ལ་དད་ཀྱིན་འདུག ད་དུང་ང་ཚོའི་སྟོན་པ་གཅིག་རེད་ཟེར་གྱིན་འདུག འོན་ཀྱང་གསང་སྔགས་ཀྱི་སྐོར་གླེང་དུས་ཁོ་ཚོ་གད་མོ་འཆོར་གྱིན་འདུག ཁོ་ཚོའི་ཉམས་ལེན་བྱེད་སའི་གཞུང་ཟེར་ནའང་འདྲ་དཔེ་ཆ་མང་ཕལ་ཆེར་པཱ་ལིའི་སྐད་ནང་རེད། དེ་ཚོའི་ནང་ལ་གསང་སྔགས་ཀྱི་སྐོར་ཏིལ་འབྲུ་ཙམ་ཡང་ཡོད་མ་རེད་ཟེར་གྱིན་འདུག ད་དུང་འཕགས་པ་ཀླུ་སྒྲུབ་སྐོར་བཤད་དུས་སྟོན་པ་ཐུབ་པའི་དབང་པོ་རང་ཉིད་ཐེ་རཱ་ཝ་རའི་(འབར་མའི་ནང་ཆོས)ལུགས་ལྟར་སངས་རྒྱས་ནུས་དུས་ཀླུ་སྒྲུབ་ཟེར་བས་ཐེག་ཆེན་ཟེར་བ་སོགས་སྒྲུང་མང་པོ་བཟོས་ན་སངས་རྒྱས་ཀྱི་རྗེས་སུ་འཇུག་གི་མ་རེད་ཟེར་གྱིན་འདུག འདི་ཚོ་མཐོང་དུས་ངའི་སེམས་པ་རྡེག་ཡོང་གིན།
ཁྱོད་ཀྱིས་འབར་མ་དང་ཐཱ་ལན་ཌའི་ནང་དུ་གནའ་བོའི་རྡོར་རྗེ་བརྙེད་པས་གསང་སྔགས་ཡོད་ནི་རེད་ཟེར་ནས་ང་ལ་སྡིག་སོང་མོད། དེ་ཁྱོད་རང་ལ་ལོ་རྒྱུས་ཐད་མཐོང་རྒྱ་ཆུང་བས་རེད། ད་ལྟའི་ཆར་ང་ཚོས་མཐོང་ཐོས་སུ་གྱུར་བའི་ཐཱ་ལན་ཌ་དང་འབར་མའི་མི་རིགས་“པྱུ”ཞེས་པ་དེ་ཕྱི་ལོའི་གོང་གི་དུས་རབས་གཉིས་པའི་ནང་ཙམ་ནས་་བོད་ཁམས་ཁུལ་ཡུ་ནན་ནས་ཆད་པའི་མི་རིགས་ཞིག་རེད། དེ་ཚོའི་རྒྱུད་འཛིན་ལའང་ད་ལྟའི་བར་བོད་ཀྱི་རིག་གཞུང་དང་དང་གོམ་སྲོལ་མ་ཉམས་པར་སྡད་ཡོད་པ་རེད། གནའ་བོའི་རྡོར་རྗེ་ཙམ་དང་ཨ་ཅང་ཅང་རེད།
ཡང་ཁྱོད་ཀྱིས་ “ཏིང་ངེ་འཛིན་བརྒྱ་ཕྲག་དང་འབུམ་ཕྲག་དེ་ཚོ་སྔགས་ལ་མ་བསྟེན་པར་མདོ་རྐྱང་བ་ལ་བསྟེན་ནས་རྟོགས་མི་ཐུབ།” ཟེར་ན། སྟོན་པ་ཐུབ་པའི་དབང་པོར་ངས་རྒོལ་བ་ཅང་མི་ཤེས་ཏེ་ཁྱོད་ཀྱིས་སྐྱེལ་ས་ཞིག་ལ་བསྐྱལ་ཚར་མ་སོང་བས།
བརྡ་སྤྲོད་ལས། མ་ལུས་འབའ་ཞིག་ཤ་སྟག་རྣམས། ཞེས་པའི་དོན་དགེ་རྒན་དྲིན་ཆེན་ཁྱོད་ཀྱིས་ཀྱང་ལུས་ཤེས།
ཤོས་དང་གསང་དབང་གི་སྐབས་ཟེར་བ་སོགས། སྐྱེས་པ་དང་བུད་མེད་ཁྱད་པར་ལྟོས།
http://www.youtube.com/watch?v=SITXp-jbp2U
རྣམ་དཔྱོད་ཅན་རྣམས་ལ་དྲི་བ་ཞིག་ཡོད། དཔལ་གསང་བ་འདུས་པ་ལ་མཚོན་ན། ཡབ་ཡུམ་གཉིས་གཅིག་ལ་གཅིག་འཁྱུད་ཡོད་པ། ཕོ་མོ་གཉིས་སུ་སྣང་བ་དེ། ཡབ་ཡུམ་གཉིས་རྒྱུད་གཅིག་པ་ཡིན་ནམ། སོ་སོ་བ་ཡིན། ཡབ་ཡུམ་གཉིས་འཁྱུད་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་མཐར་ཕྱིན་པ་དེ། སངས་རྒྱས་ཡིན་ཞེས་བདག་ཉིད་ཆེན་པོ་མཁན་ཆེན་ཞི་བ་འཚོས་མཛད་པའི་དེ་ཁོ་ན་ཡིད་གྲུབ་པ་ན་གསུངས་པ་དྲན། གལ་ཏེ་ཡབ་ཡུམ་གཉིས་རྒྱུད་སོ་སོ་བ་ཡིན་ན། གཅིག་སངས་རྒྱས་པ་ན། གཅིག་ཤོས་ཀྱང་སངས་རྒྱས་པ་དུས་མཉམ་ཡིན་ནམ། ཡང་ན། ལྷན་སྐྱེས་ཀྱི་བདེ་བ་བསྒོམས་ནས། ཡབ་ཡུམ་གང་རུང་ཞིག་སངས་རྒྱས་པ་ན། གཅིག་ཤོས་སངས་མ་རྒྱས་པར་ལུས་པ་ཞིག་ཡོད་དམ། འདི་ཉིད་ཤེས་པར་འདོད་ན་བཀའ་དྲིར་ཞུས་པ་ལགས་སོ།
ལ་དྭགས་པ་ལགས།
ལྷན་སྐྱེས་ཀྱི་བདེ་བ་བསྒོམས་ནས། ཡབ་ཡུམ་གང་རུང་ཞིག་སངས་རྒྱས་པ་ན། གཅིག་ཤོས་སངས་མ་རྒྱས་པར་ལུས་པ་ཞིག་ཡོད་དམ། འདི་ཉིད་ཤེས་པར་འདོད་ན་བཀའ་དྲིར་ཞུས་པ་ལགས་སོ།
ཕོ་མོ་གཉིས་རྟོགས་པ་སུ་མཐོ་ན་དེས་གཅིག་ཤོས་ལ་གྲོགས་བྱས་ཏེ་སངས་རྒྱས་ནི་རེད་།
མཉམ་པ་ལ་དུས་མཉམ་དུ་སངས་རྒྱས་པར་ངེད་ནས་གོང་དུ་བཤད་ཟིན།
གཅིག་སངས་རྒྱས་པ་ལ་གཅིག་ལྷག་མི་སྲིད་དོ།
གསར་དུ་སངས་རྒྱས་པ་ལ་ཡབ་ཡུམ་གཉིས་ངོ་བོ་གཅིག་ཡིན་མི་དགོས།
ད་གོ་སོང་པས་ལ་དྭགས་པ།
ཁ་དང་སྣ་སོ་སོར་བཤད་ཡོད་དོ།
རྒྱལ་བོ་ལགསའ
རྒྱལ་བོ་ལ་རྒྱལ་པོར་འབོད་པ་ནི་བརྡ་སྤྲོད་དང་འགལ་བས་ཁོས་བོས་བཅོས་སོ།
རབ་ཡིན་ན་གྲུབ་རྡོར་གྱི་སྡོམ་སྐྱོར་རོགས་གནང་།
རྒྱལ་བོ་ལགས།
ཀླུ་བྱང་གི་ལུང་སོགས་དྲངས་པ་ལས་འབའ་ཞིག་ཟེར་བའི་ཚིག་གཅིག་ཡོད།
འབའ་ཞིག་སྐབས་རེར་ཁོ་ན་ལ་གོ་བ་ཡོད།
ཁྱེད་ལ་ཁག་མི་འདུག
དོགས་པ་འདིར་བོད་སྔ་རབས་པའི་བཤད་ཡམས་མང་།
ཕ་རྒྱུད་དང་མ་རྒྱུད་འཇོག་ཚུལ་ལ་འཁྲུལ་བ་མང་དུ་བྱུང་བས་རྗེ་བླ་མས་འགྲེལ་བ་དག་ན་བཀག་པ་མང་།
འདི་ཡང་དཀྱིལ་འཁོར་ཅིག་གི་དབང་དུ་བྱས་ཏེ་གསུང་གི་ཡོད་ནི་རེད། དེས་རྐྱེན་གྱིས་ལྷ་ཕོ་མང་བའམ་ཐམས་ཅད་ཕོ་ལྷ་ཤ་སྟག་ཡིན་པ་ལ་ཕ་རྒྱུད་ཟེར་མཁན་ཡོད་ནི་རེད། དཔེར་ན་གསང་འདུས་ལྟ་བུའོ། མོ་ལྷ་མང་བ་དང་གཙོ་འཁོར་མོ་ཡིན་པས་མ་རྒྱུད་ཟེར། དཔེར་ན་བདེ་མཆོག་ལྟ་བུའོ།
གཉིས་ཀ་ཡིན་པ་ལ་གཉིས་མེད་ཀྱི་རྒྱུད་ཟེར། དཔེར་ན་དུས་འཁོར་ལྟ་བུའོ། ཡིན་ན་ཡང་ཕ་མའི་དོན་འདི་ལྟར་འཇོག་པ་ནི་རང་ལུགས་ལ་མི་འཐད། ཤེས་འདོད་ན་ཊིཀ་དག་ལ་གཟིགས་རོགས།
ཁྱེད་ཀྱི་འདིར་ཤེས་དགོས་པ་ནི་འབའ་ཞིག་གི་དོན་རེད།
ཕོ་ལྷ་གཙོ་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོ་འབའ་ཞིག་དང་མོ་ལྷ་མང་བོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོ་འབའ་ཞིག་ལབ་ཀྱི་ཡོད་རེད། འབའ་ཞིག་གི་དོན་དེ་ལྟར་བཞག་པ་རེད།
ཡིན་ན་ཡང་དེའི་ནང་དུ་ཕོ་མོ་གཞན་ཡོང་མི་ཆོག་པ་མ་ཡིན་དེ་ཁ་སྦྱོར་ཡོད་པའི་ཕྱིར། སྦྱར་བྱ་དང་སྦྱར་བྱེད་གཞི་གྲུབ་པའི་ཕྱིར་རོ། གཙོ་པོའི་དབང་དུ་བྱས་ནས་གཞུང་གི་ཡོད་རད་ལ། སྦས་པའི་ཚུལ་གྱིས་གསུང་གི་ཡོད་རེད།
གཞུང་དོན་ལ་གོ་བ་མེད་ན་བམ་བཤད་ཙམ་གྱིས་མི་ཡོང་ལགས།
དགེ་འདུན་རྒྱ་མཚོ་ལེགས།
གཅིག་སངས་རྒྱས་པ་ལ་གཅིག་ལྷག་མི་སྲིད་དོ། འདི་ལ་ཡང་སྐྱར་བཤད་པ་དགོས།
་
རྒྱལ་བོ་ལ་རྒྱལ་པོར་འབོད་པ་ནི་བརྡ་སྤྲོད་དང་འགལ་བས་ཁོས་བོས་བཅོས་སོ།
་
ཞེས་པ་ནི་ཁྱོད་ཀྱིས་ལུང་སྐད་གཙོ་བོར་འཛིན་ཅིང་། བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བཀོལ་སྤྱོད་ཀྱི་བརྡ་སྤྲོད་རིང་དུ་སྤངས་པར་མཐོང་བ་ཁྱོད་ཀྱིས་གོ་བར་གྱིས་ཤིག
རྒྱལ་བོ་རིན་པོ་ཆེ།
རྒྱལ་པོ་རིན་པོ་ཆེ།
རྒྱལ་པ་བསྟན་འཛིན།
རྒྱལ་བ་བསྟན་འཛིན།
ངལ་པ།
ངལ་བ།
མཇལ་པ།
མཇལ་བ།
པ་ཅན་ཚང་མ་ནོར་རེད། རྗེས་འཇུག་ལ་ལ་བ་ལས་པ་མི་ཐོབ་ཡང་། སྷ་སའི་མ་དག་པའི་སྐད་བརྡ་ལ་པ་སྦྱོར་བ་མང་། ཡིན་ན་ཡང་པ་བ་གཉིས་གཅིག་ཐོག་དུ་ནམ་ཡང་མི་འབབ་པར་གང་བདེ་གང་དྲེན་དུ་བཀོལ་ནས་བརྡ་སྤྲོད་ལ་གཞུང་མེད་པ་ཞིག་དུ་བསྒྱུར་ཡོད།
འབྲས་དུས་ཀྱི་གསང་བ་འདུས་པའི་ཡབ་ཡུབ་གཉིས་རྒྱུད་གཅིག་པ་རེད། ཡབ་ཐབས་དང་། ཡུམ་ཤེས་རབ་རེད། དེ་ལས་རག་ཙམ་བཤད་ན། ཡུམ་སྟོང་པ་ཉིད་རེད། ཡབ་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་ཤེས་རབ་བམ། རྣམ་མཁྱེན་རེད་དོ།། །།རིགས་ཀྱི་བུ་ཚོ།། ཨེ་མ་ཧོ། དགེའོ། །དགེའོ།། །དགེ་བར་འགྱུར་ཅིག། །།
ཧིན་དྷུ་མུ་སྟེགས་པའི་ལུགས་ཀྱི་་གསང་སྔགས་ལྟར་ན་བསྐྱེད་རིམ་གཙོ་བོར་སྟོན་པ་ཕ་རྒྱུད་དང་རྫོགས་རིམ་གཙོ་བོར་སྟོན་པ་མ་རྒྱུད་ལ་འཇོག་གི་རེད། དེ་མིན་སངས་རྒྱས་ཤཱཀྱ་ཐུབ་པས་གསང་སྔགས་གསུངས་པ་ནི་ང་ལ་རྒྱུས་མེད།
སྤོབས་པ་མཐའ་ཡས་ལགས
ཁྱོད་ཧིན་རྡི་ལ་རྒྱུས་ཡོད་པ་འདྲ།
ངས་མི་ཤེས།
ཧིན་རྡིའི་གཞུང་གང་ལ་བསྐྱེད་རྫོགས་བཤད་འདུག་གམ།
འདྲེན་ནུས་ན་ང་ཚོས་རྩད་གཅོད་བྱས་ཆོག་གི་རེད།
ང་ཚོའི་སློབ་གྲྭའི་དཔེ་མཛོད་ཀྱི་རྒན་ནི་ཧིན་རྡིའི་པཎ་ཊི་རྗེ་ཞིག་ཡིན། མཚན་ལ་ཤཱར་མ་ར་ཏི་ཟེར། ངས་
ཁོ་ལ་དྲིས་ཆོག ང་ཚོ་ག་ལེར་སྐད་ཆ་ཡོང་གི་རེད། དེ་འདྲ་བཤད་ན་ང་དགའ་བོ་བྱུང་།
ལ་དྭགས་པ་ལགས།
གཅིག་སངས་རྒྱས་པ་ལ་གཅིག་ལྷག་མི་སྲིད་དོ། འདི་ལ་ཡང་སྐྱར་བཤད་པ་དགོས་
ཟེར།
ལན་ནི།
ཡབ་སངས་རྒྱས་ནས་ཡུམ་སངས་མ་རྒྱས་པ་མེད་ལབ་པ་ཡིན།
ལ་དྭགས་པ་ལགས།
ཁྱོད་བདག་སྒྲ་ལ་པ་རྐྱང་འདོད་མཁན་དེ་ཡིན་པ་།
སུས་ཁྱོད་ཀྱི་འགྲན་ཟླ་བྱེད་ཕོད།
ལ་དྭགས་ཀྱི་ཕ་སྐད་དེས་བོད་ཀྱི་བརྡ་སྤྲོད་ལ་འགྱུར་བ་གཏོང་ཐུབ་པའི་རེ་བ་སྟོང་བ་ཡིན་ལོ།
ཐབས་ཤེས་དབྱེར་མེད་དུ་འགྲོ་བའི་སྐབས་ཅིག་ཡོད། དེ་ལ་ཐབས་ཤེས་ཟུང་འཇུག་གི་ཐ་སྙད་སྦྱར་བ་རེད།
ཡིན་ཡང་ཐབས་ཤེས་གཉིས་གཅིག་ག་ལ་ཡིན། ཡིན་ན་ལྟས་ངན་རེད།
ལམ་དུས་ལ་ཡབ་ཡུམ་གཅིག་མ་རེད་ལ། སྟོང་ཉིད་དང་སྟོང་ཉིད་རྟོགས་པའི་བློ་གཉིས་གཅིག་ཡིན་ན་རྩོད་ཟླ་མེད་པ་རེད།
རྒྱུས་མེད་ཅིག་གིས་བལྟས་ན་འདྲ་བོ་ཞིག་བཤད་ཡོད་རེད། ལས་དང་བོ་བ་སྔགས་གི་ས་ལམ་ལ་སྦྱངས་མྱོང་མཁན་ཞིག་ཡིན་ན་ཡང་གད་མོ་ཤོར་ངེས་ཡིན། མ་མཐའ་ཡང་འདི་ཙམ་ཤེས་ངེས་ཡིན།
ཧ་ཧ་དང་ཧེ་ཧེ་རེད་ལོ་།
དགེ་འདུན་རྒྱ་མཚོ་ལགས། ངས་ཉི་མ་ཁ་ཤས་སྔོན་ནས་དྲི་བ་འདི་འདྲ་ཞིག་ཡོང་རོགས་བྱས་ན་བསམ་ནས་བརྒུགས་བསྡད་ཡོད། དེ་རིང་རྣག་ཐུམ་དེ་རལ་བའི་དུས་ལ་སླེབས་སོང་། ཧིན་དིའི་བསྐྱེད་རྫོགས་སྐོར་གསུངས་པའི་གཞུང་ནི་ང་ཚོའི་མཆོད་ཁྲིའི་སྟེང་ན་དར་གྱིས་དྲིལ་ཡོད་པའི་བདེ་གསང་འཇིགས་གསུམ། དུས་ཀྱི་འཁོར་ལོ། མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལ་སོགས་པ་རེད། ཁྱེད་ཀྱི་ཧིན་དྷུའི་དགེ་རྒན་པན་དི་ཏ་མཆོག་ལ་ཡང་དེ་ལུགས་ཞུ་རོགས།
སྤྱིར་ན་ཧིན་དྷུའི་གསང་སྔགས་ཟེར་བ་དེ་ཧ་ཅང་གི་རྒྱ་ཆེན་པོ་ཞིག་རེད། ང་ཚོའི་བཀའ་བསྟན་འགྱུར་ནང་ན་ཡོད་པ་དེ་དག་ནི་དེའི་ཆ་ཤས་ཤིག་རེད། དེ་ལ་བོད་ཀྱི་མཁས་པ་ཚོས་འགྲེལ་བ་མང་པོ་བྲིས་ཡོད་པ་དེ་ཚོ་བསྡོམས་ན་ང་ཚོ་ལ་ཡང་ཉུང་ཉུང་གཏན་ནས་མིན།
དགེ་འདུན་རྒྱ་མཚོས་དོགས་པ་དང་ཞེད་སྣང་གཏན་ནས་མི་དགོས། སྐྱེས་པ་བུད་མེད་སུ་སངས་རྒྱས་མི་རྒྱས་དེ་ཁྱེད་རང་ཚོའི་རྩོད་པ་རེད། དེར་ངས་ཇུས་གཏོགས་བྱེད་མི་ཡོང་། ངས་བཤད་འདོད་པ་དེ་ནི་སྔགས་རྒྱུད་འདི་རིགས་སངས་རྒྱས་ཀྱིས་མ་གསུངས་པ་ལ་མ་གསུངས་པར་ངོས་ལེན་བྱེད་རོགས། ལྷ་སྐུ་འདི་འདྲ་བཙོག་པ་དེ་ཚོ་སངས་རྒྱས་ཀྱི་སྐུ་རེད་ཟེར་ནས་སྟོན་དགོས་ན་ང་གཉའ་ཞུམ་གི་འདུག ཐ་སྙད་འདི་འདྲ་ཛོར་བོ་དེ་ཚོ་སངས་རྒྱས་ཀྱི་གསུང་རེད་ཟེར་དགོས་ང་སྤོབས་པ་ཆག་གི་འདུག ལས་སྟངས་འདི་འདྲ་འཆལ་པོ་དེ་ཚོ་སངས་རྒྱས་ཀྱི་མཛད་པ་རེད་ཟེར་དགོས་ན་ང་དཔའ་ཞུམ་གི་འདུག སྐུ་མཁྱེན། གསུངས་མཁྱེན། ཐུགས་མཁྱེན།
སྤོབས་མཐས་གསང་སྔགས་ཀྱི་སྐོར་འདི་ཧིན་དྷུ་ལས་བྱུང་རབས་དང་ཧིན་དྷུ་བའི་ཡིན་རབས་གསུངས་པར་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན། ཧིན་དྷུ་བའི་ཆོས་ལུགས་ཀྱི་སྒྲུང་དེ་ཚོའི་ནང་དུ་ལྷ་དམག་རྒྱབ་རབས་དང་རྫུ་འཕྲུལ་བསྟན་རབས་རྐྱང་བཤད་ཀྱི་འདུག མ་གཞི་ནས་ཧིན་དྷུའི་ཆོས་ལུགས་འདི་ནི་འཛམ་གླིང་གི་ཆོས་ལུགས་ནང་ནས་ཆེས་སྔ་ཤོས་དེ་ཡིན་བཟོ་འདུག གཞན་ཡང་གསང་སྔགས་ཀྱི་ལྷ་ཕོ་མོའི་རྒྱན་དང་ཆ་ལུགས་དེ་ཚོ་ནི་ད་ལྟ་དངོས་སུ་མཐོང་དུ་ཡོད་པའི་ཧིན་དྷུའི་ཆོས་ཉམས་ལེན་བྱེད་མཁན་དེ་ཚོ་དང་གཅིག་པ་རེད་འདུག མཁའ་འགྲོའི་ཆས་ནི་་་ད་ལྟ་ཧིན་དྷུའི་མངའ་སྡེ་བྷི་ཧར་གྱི་བུད་མེད་རྣམས་ཀྱི་ཆ་ལུགས་ཨ་ན་མ་ན་རེད་འདུག ཕྱག་གདུབ་དང་ཞབས་གདུབ་སྨད་ཤམ་སོགས་ནི་དེ་ག་རང་རེད་འདུག མ་ཟད་བོད་ཀྱི་དགོན་པའི་སྟེང་གི་གསེར་ཏོག་དང་གྷན་ཇི་ར་ཟེར་བ་སོགས་ནི་ཧིན་དྷུའི་ཡིན་ཐག་ཆོད་འདུག དེ་བཞིན་ཧོམ་དང་སྦྱིན་བསྲེགས་སོགས་ཀྱི་རྫས་རྣམས་ཀྱི་མིང་ཀྱང་ཧིན་དྷུའི་སྐད་རང་དུ་འདུག དཔེར་ན་ཏིལ་དང་ལ་དུ་༼ལ་ཌུ་མངར་ཟས༽ ལས་སོགས་ནི་ཁོང་ཚོས་ད་ལྟའང་ཉམས་མེད་བེད་སྤྱོད་ཀྱིན་འདུག
གཞན་ཡང་མཁར་རྨེའུས་་་སྟོན་པ་གཤེན་རབས་དང་སངས་རྒྱས་བཅོམ་ལྡན་འདས་གཉིས་ཀྱིས་གསུངས་ཤིང་བརྩམས་པ་ཡི་གེ་ཤོ་ལོ་ཀ་གཅིག་ཡོད་པ་མ་རེད་ཟེར། དེ་ལའང་རྒྱུ་མཚན་ལོས་ཡོད། ཁོས་བཤད་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་པར་གྲགས་པའི་བཀའ་འགྱུར་དེ་ཚོ་རྒྱ་གར་གྱི་རིག་གཞུང་གི་ཤན་ཞུགས་དགོས་པ་དང་་་་སྟོན་པ་གཤེན་རབ་ཀྱིས་གསུངས་པར་གྲགས་པའི་བཀའ་འགྱུར་དེ་ཚོར་ཧི་མ་ལའི་ཤན་ཞུགས་དགོས་པར་གསུངས། དེ་ལའང་དཔྱད་གཞི་ལོས་ཡོད། དེང་སང་བྱེས་བསྡོད་ཀྱི་རྩོམ་པ་པོའི་སྙན་རྩོམ་གྱི་ནང་དུ་་་འབྲས་དང་དྷ་ལི་སོགས་ཀྱི་མིང་མང་ཙམ་ཡོད། བོད་ནང་གི་རྩོམ་པ་པོའི་བརྩམས་ཆོས་ནང་དུ་གཡག་དང་འབྲི་རྩམ་པ་མར་གངས་རི་གཡའ་རི་ལས་སོགས་ཀྱི་ཚིག་མང་ཙམ་དུ་ཡོང་བཞིན་ཡོད་པའང་དེ་ལྟར་རེད།
ངས་ངོ་མ་ན་ནིང་བོན་གྱི་སྐོར་ལ་ཏོག་ཙམ་རེ་བཤད་པ་རེད། ཡིད་ཚིམ་པ་ཞིག་བཤད་ས་ཡང་རག་མ་སོང་། གསང་སྔགས་ཀྱི་སྐོར་འདི་ཡང་རེད། ལོ་རྒྱུས་ཀྱི་སྐོར་མང་པོ་ཞིག་ཀྱང་རེད། ངས་ཧོལ་རྒྱུག་གིས་ཁ་ནས་གང་བྱུང་དང་སེམས་ལ་ཅི་དྲན་ཐོལ་བྱུང་དུ་འབྲི་གི་མེད། དཔེ་ཆ་ལག་སྣེ་ན་ཡོད་མེད་གང་ལྟར་ཡང་བརྟག་དཔྱད་གང་ཤེས་བྱས། ཡུན་རིང་པོར་དཔེ་ཆ་བལྟས། ཤེས་མཁན་མང་པོར་སྐད་ཆ་དྲིས། དེ་ཡང་དྲང་ཕྱོགས་དང་ལྡོག་ཕྱོག་ནས་ཅི་བཤད་བལྟས། དཔེ་ཆ་གཅིག་པོ་མིན་པར་ལོ་རྒྱུས་སྤྱི་འགྲོས་ལ་ཡང་བསམ་བློ་བཏང་ནས་སྤྱི་སྡོམ་ལ་སྐད་ཆ་འདི་ཚོ་བཤད་གི་ཡོད།
ངས་ངོ་མ་ཡིན། ང་ཚོའི་མི་ཚེ་ཟེར་བ་འདི་རྩ་བ་ཆེན་པོ་རེད། ཧ་ཅང་ཐུང་ཐུང་ཞིག་ཀྱང་རེད། ང་ཚོ་ནམ་ཡིན་ཡང་སྤྱི་ཚོགས་དང་། ཁྱིམ་ཚང་། ཆོས་ལུགས་ཆོས་རྒྱུད། སྒྲིག་འཛུགས་ཟེར་བའི་གཟེབ་དྲའི་ནང་དུ་ཚུད་ནས་མང་པོ་ཞིག་རང་རང་གི་ཤེས་གིན་ཡོད་པ་མ་རེད་ལ་མང་པོ་ཞིག་ཤེས་འདོད་ཀྱང་བྱེད་ཕོད་ཀྱིན་ཡོད་པ་མ་རེད། ཁ་ཤས་རེ་ཤེས་ན་ཡང་ཡིད་ཆེས་མི་ཕོད་པ་དང་། ཡིད་ཆེས་ན་ཡང་ཁ་ནས་ཐོན་ཕོད་གི་ཡོད་པ་མ་རེད།
ང་ཚོའི་མི་ཚེ་འདི་ལ་རྫུན་ལ་ཡིད་ཆེས། རྫུན་ལ་བློ་གཏད། མི་གཞན་ཡང་རྫུན་གྱི་ལམ་དུ་ཁྲིད། རྫུན་གྱི་སྟེང་དུ་རྫུན་གྱི་རྣམ་བཞག་བྱས་ནས་མི་ཚེ་འདི་རྫོགས་སོང་ན་གྱོང་གུད་ཆེན་པོ་རེད།
ང་ཡང་ཁྱེད་ཚོ་དང་གཅིག་མཚུངས་ཡིན། ང་ལ་ཡང་ཐོག་མར་ཕྱོགས་རིས་ཡོད། ཆགས་སྡང་ཡོད། རྨོངས་དད་ཡོད། ང་རང་གི་སྐྱོན་དེ་ཚོ་ཐོག་མར་ང་རང་གིས་ངོ་རྒོལ་བྱེད་དུས་ཧ་ཅང་ཁག་པོ་འདུག ན་ཚ་གཏོང་གིན་འདུག འདི་གཅིག་བཤད་མ་དགོས་ན་བསམ་གི་འདུག མི་གཞན་གྱིས་ཀྱང་འདི་གཅིག་བཤད་མ་ཡོང་ན་བསམ་གི་འདུག ཡིན་ན་ཡང་འགག་སྒོ་རེ་རེེ་ལས་གྲོལ་སོང་དུས་བདེ་བ་དེ་བསམ་གྱིས་མི་ཁྱབ་པ་ཞིག་རེད།
སྤོབས་པ་མཐའ་ཡས་ཀྱི་ཡག་པོ་བཤད་འདུག
ནང་ཆོས་ཡག་པོ་མེད་སྟངས་དེ་ཧིན་རྡིའི་ཤན་ཞུགས་པ་དེས་རེད།
ཧིན་རྡིའི་ཡག་པོ་མེད་པ་ནི་འབྲས་དང་རྡ་ལི་ཟ་བའི་རྐྱེན་གྱིས་རེད།
ཁྱེད་ཀྱི་བློ་རྒྱ་ནི་དེ་ཙམ་རེད།
ནང་ཆོས་ཀྱི་ཟབ་ཚད་མཇལ་བ་ལ་ནང་ཆོས་ལ་དོ་སྣང་དང་རྒྱུས་ཡོད་ཅིག་གིས་བཤད་ན་རེད། པགས་པ་མཉེད་ས་ན་སྡེར་མོ་ཅན་ལ་ལས་ཀ་མེད་ལོ།
ཆོས་དད་རང་མོས་རེད། རང་ལ་ཇུས་གཏོགས་ཡོད་མ་རེད། ང་ཚོས་ཁྱེད་རང་གི་སྒོ་བརྡུང་མི་ཡོང་།
བོད་རྒྱ་ཆེ་མི་དམངས་ཀྱི་དད་མོས་ལ་གནོད་པ་མ་སྐྱེལ་རོགས། ང་ལྟ་བུ་ལ་མཚོན་ན་མི་གཅིག་རེད། སྐྱིད་རུང་སྡུག་རུང་མི་ཚེ་ཕྱེད་ཀ་རྫོགས་སོང་། ཁྱད་པར་དུ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཚང་མ་རྒྱུས་ཡོད་ཡིན། ག་རེ་བྱེད་ཀྱང་སེམས་ན་གདེང་ཚོད་ཡོད། ལོ་ངོ་སུམ་བཅུ་ལ་སྦྱངས་པའི་མཉམ་མྱོངས་ཡོང་ཡོད། གསང་སྔགས་ལ་རྒྱུས་གང་མཚམས་ཡོད། བདེན་པའི་ལམ་སྣེ་ཞིག་ལ་བསྙེགས་ཟིན་པ་ཡིན། ཡིད་ཆེས་ཀྱི་ཀློང་ན་འདོད་པ་ཚིམ་ནས་ཡོད། ཁྱེད་ཀྱི་ཕ་རྒྱ་གར་རེད། ཨ་མ་རྒྱ་ནག་རེད། ཇོ་ཇོ་ཨ་མེ་རི་ཀ་རེད། ཨ་ཅེ་ནེ་པ་ལེ་རེད། ག་ཚད་ལབ་ཀྱང་སྐྱོན་མེད། ངའི་ཁྱིམ་དང་ནང་མི་ལ་ང་རྒྱུས་ཡོད་།
ཁྱེད་རང་གིས་བན་དེ་ཅན་དགེ་རྒན་དུ་བསྟེན་ནས་བོན་ཆོས་བྱེད་པའམ་ཡང་ན་ཚ་སྨྱུག་གི་རྗེས་སུ་འབྲངས་ཏེ་ཆོས་མེད་བྱས་ཏེ་བསྡད་ཀྱང་ང་ཚོ་དང་འབྲེལ་བ་ཡོད་མ་རེད།
བོད་པ་ཡིན་ན་ཆོས་པ་ཡིན་དགོས་པ་མ་རེད་ལ་ནང་བ་ནི་དེ་བས་ཀྱང་ཡིན་དགོས་དོན་མེད། ཁྱོད་ན་དམར་བོའི་ཤན་ཞུགས་ཡོད་པ་ལ་སུ་ཡིས་ཇུས་གཏོགས་བྱེད་པར་ཕོད། མའོ་ཙེ་ཏུང་གི་ཆོས་མེད་སྨོས་པ་རེད། ཕན་ཐོག་ག་རེ་བྱུང་སོང་། བོད་ཀྱི་རིགས་གཞུང་རྩ་གཏོར་དུ་བཏང་ནས་འཛམ་གླིང་གི་མིག་མདུན་ནས་ངོ་ཚ་མེད་པའི་བྱ་སྤྱོད་དམར་རྗེན་མ་དེ་བཏོན་པ་རེད། བོད་མི་རིགས་ལ་གྱོང་ག་ཚད་རེག་ཡོད་རེད། རྒྱ་ནག་གི་རིག་གནས་གསར་བརྗེ་དེར་ཁྱོད་ཀྱིས་འདོད་པ་ཁེངས་ཡོད་པ་འདྲ། ཡིན་ཡང་འཛམ་གླིང་མི་དམངས་དང་ཁྱད་པར་དུ་བོད་མི་རིགས་རང་དབང་ལ་དགའ་བ་ཚོས་ནམ་ཡང་བརྗེད་མི་སྲིད་། ད་དུང་ཁྱོད་དང་ཁྱོད་ཀྱི་གྲོགས་པོ་ཚོས་དེ་འདྲ་བཤད་ནས་བོད་མི་དམངས་ཀྱི་སེམས་ལ་ན་ཚ་མ་བཟོ་རོགས། ཁྱེད་ཀྱི་ཕ་མ་གཙོ་བོའི་བོད་མི་དད་པ་ཅན་དེ་ཚོ་སྙིང་རྗེ་རེད། རྒྱ་ནག་གིས་ནང་ནས་དད་པ་བཙན་གྱིས་བཀག་པ་རེད། ཁྱོད་ཀྱིས་ཕྱི་ནས་སྐད་ངན་བསྒྲགས། ད་དུང་ཤུགས་རྒྱོབས་དང་བོད་མི་ས་ཡ་དྲུག་གི་ནང་ནས་ཁྱོད་གཅིག་པུ་ཕོ་རོགས་དཀར་པོ་ཆགས་ན་ཐང་།
སྔོན་བྱོན་མཁས་པ་དེ་ཚོ་ཁྱོད་ནང་བཞིན་ལྐུག་པ་དེ་འདྲ་མི་རེད་ལོ། དཔྱད་པ་ག་ཚད་བྱས་ཡོད་མེད་ཁོ་ཚོའི་གསུངས་རྩོམ་དག་ལ་གཟིགས་ན་ཧ་གོ་གི་རེད།
ངུ་ལ་སྐྱེན་པའི་བྱིས་པ་ཁྱོད་སྙིང་རྗེ།
ཧ་ཧ་ཧ་།
སྤོབས་པ་ནི་གླེན་པ་དང་ཨ་ཚུགས་ཀྱི་དོན་རེད། སྤོབས་པ་ཁྱོད་ཀྱིས་ཅང་མི་ཤེས། བོད་པ་སྤྱི་ལ་ཤ་ཚ་མདོག་ཡོད།
དེ་འདྲ་ཡིན་ན་བོད་དོན་གྱི་ཆེད་དུ་རང་ལུས་མེ་མཆོད་ལ་ཕུལ་རོགས། ཁྱོད་ལ་དཔའ་མིང་ཐོབ་ངེས་རེད། དེ་མིན་ལ་ཁྱོད་ཀྱིས་ལྕེ་བརྒྱར་སྤྲུལ་ནས་བཤད་ཀྱང་བོད་མི་སུས་ཀྱང་མཁས་ལེན་གི་མ་རེད་ལོ། སོ་སོའི་རང་མགོ་ཐོན་གི་མེད་པ། ད་དུང་ཅིག་བཤད་ཁ་བྱེད་། ཆོས་ལ་ཁ་གཏོང་ན་ཁྱོད་འདྲ་བས་གཏོང་ཐུབ་ཀྱི་མ་རེད།
ཆོས་ལ་ཁ་བཏང་ན་ཁྱོད་ལ་ངོ་སོ་འཐོབ་ཡ་ཅང་ཡོད་མ་རེད་ལོ།
ཁྱོད་ལ་དགོས་པ་ནི་སྔོ་ལོ་རྒྱལ་མཚན་རེད།
ང་ལྟ་བུའི་ཡང་སྙིང་རྗེའི་ཡུལ་རེད།
སྐྱ་ཀ་ཕྲ་མོའི་ཚང་ནང་ནས། མ་ཁྲ་བུ་ནག་ཅིག་བྱུང་འདུག
མི་འདི་ལ་ཕོ་ཞིག་གི་བཟོ་ལྟ་འདུག་གམ། ཧེ་ཧེ་ཧེ་
ལ་དྭགས་པའི་ཕལ་སྐད་ལ་སྤུ་ཉག་གཅིག་ཙམ་ཡང་ཆགས་ཞེན་མེད། བོད་སྤྱིའི་སྐད་དེ་རང་རེ་རྣམ་དཔྱོད་ལྡན་པ་དག་གིས་སྲུང་དགོས་པ་ཡིན། སྔར་གྱི་བོད་ཀྱི་མཁས་པ་ལྟ་ཅི། ཉེ་དུས་ཀྱི་ལ་དྭགས་པའི་མཁས་པ་རི་རྫོང་སྲས་སྐུ་གོང་མ་དང་། ད་ལྟ་བཞུགས་པའི་བཀྲ་ཤིས་རབ་རྒྱས་དང་། མདོ་སྨད་པ། བོད་ཀྱི་མཁས་པ་དགེ་བཤེས་རབ་རྒྱ་མཚོའགསུང་འབུམ་དང་། དགེ་འདུན་ཆོས་འཕེལ་ཀྱིས་བྲིས་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་སོགས་ན། བདག་སྒྲ་ལ་པ་འདུག་གམ བ་འདུག བློ་གཟུ་བོར་གནས་པས་བརྟག་དགོས། མཁས་པ་དེ་དག་གིས་རང་གི་ལུང་པའི་ཁ་སྐད་མ་ཤེས་པ་ཡིན་ནམ། དེ་འདྲ་ག་ལ་ཡིན། ཤེས་བཞིན་དུ་རང་གི་ཁ་སྐད་མ་བཀོལ་བར་བོད་སྤྱི་ལ་ཁྱབ་པའི་རིག་གཞུང་སྐད་དམ། ཡིག་སྐད་དུ་བྲིས་པ་ལ་བོད་ཀྱི་མི་རིགས་ཡོངས་སྐད་ཀྱི་སྒོ་ནས་གཅིག་ཏུ་སྒྲིལ་བའི་དགོས་པ་ཁྱད་པར་ཅན་ཡོད་པས། དེ་ལྟར་འབད་པ་མཛད་པ་ཤེས་དགོས། བོད་སྤྱིའི་སྐད། ལྷག་པར་བོད་སྔ་རབས་པའི་སྐད་དེ་བོད་ཡོངས་སུ་མ་ཟད་ཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་ཡོད། སྔར་གྱི་སྐད་ཀྱིརྗེས་སུ་འབྲངས་ཏེ། མཁས་པ་དག་གིས་ས་སྐྱོང་ལ་རྒྱལ་པོ། ཞེས་བྲིས་ཀྱི་རྒྱལ་བོ། ཞེས་བྲིས་མེད་པ་ནི། འཇིག་རྟེན་ཡོངས་ཀྱི་དཔེ་མཛོད་ཁང་ན་ཡོད་པའི་སྔར་གྱི་བོད་དཔེ་ཀུན་ལ་བལྟས་པས་ཀྱང་ཤེས། བོད་ཀྱི་རིག་གཞུང་བརྟན་པོར་ཆགས་པ་ལ་བོད་ཀྱི་སྤྱིའི་སྐད་བརྟན་པོར་ཆགས་དགོས། བོད་ཡུལ་ཙམ་དུ་མ་ཟད་འཇིག་རྟེན་ལ་ཁྱབ་པའི་སྔར་བྲིས་ཀྱི་དཔེ་ཆ་དག་ན་བོད་སྤྱིའི་སྐད་ཡོད་པ་ཤེས་དགོས། དེ་མིན་ལ་དྭགས་པ་སོགས་ཀྱི་སོ་སོའི་ཁ་སྐད་གཙོ་བོར་འཛིན་ཏེ། སོ་སོའི་ཁ་སྐད་དུ་འབྲི་ན། བོད་ཀྱི་རིག་གཞུང་ཆེས་ཆེར་ཉམས་པའི་རྒྱུ་རྐྱེན་དུ་འགྱུར་བ་མི་འདུག་གམ། རྣམ་དཔྱོད་ལྡན་པ་རྣམས་ཀྱིས་འདི་ལ་བསམ་བློ་གཏོང་དགོས་སོ།
ང་ཚོས་འདི་ན་དོ་སྣང་ཆེན་པོས་གསང་སྔགས་ཀྱི་གཞུང་ལུགས་སྐོར་གྱི་བགྲོ་གླེང་དོན་སྙིང་ལྡ་ནཔ་ཞིག་བྱེད་བཞིན་པའི་སྐབས་སུ་ཡང་ལ་དྭགས་པ་སོགས་ཁ་ཤས་ཀྱིས་པ་བའི་སྐོར་གྱི་རྙོག་དྲ་དེ་ཚོ་སྤུངས་མ་ཡོངས་རོགས། རྟ་བཤད་སར་བོང་བུ་བཤད་ཅེས་པ་ཅི་མ་བདེན་ནོ།།
ལར་བརྡ་སྤྲོད་སྐོར་གྱི་བརྗོད་གཞི་དེ་འདྲ་སླེབས་སྐབས་ང་ཚོ་ཚང་མས་གླེང་ཆོག
བན་དེ་ཚང་གིས་་་མདོ་ལ་སྤངས་ལམ། གསང་སྔགས་ལ་བསྒྱུར་ལམ། སེམས་ཕྱོགས་ལ་གྲོལ་ལམ་་་ཞེས་སུ་གསུམ་དུ་བཞེད་སྲོལ་ཡོད་དམ། །
བན་དེ་ཚང་གིས་་་མདོ་ལ་སྤངས་ལམ། གསང་སྔགས་ལ་བསྒྱུར་ལམ། སེམས་ཕྱོགས་ལ་གྲོལ་ལམ་་་ཞེས་སུ་གསུམ་དུ་བཞེད་སྲོལ་ཡོད་དམ། །
ཞེས་པ་ལ།
ཚིག་གཞན་གྱིས་བདེ་མོར་བཀྲལ་ན། འདུལ་བ་ལ་ལས་ངན་བྱེད་མི་ཆོག་པའི་ཚུལ་ཁྲིམས་དང་། བྱང་སེམས་སྐབས་སུ་བསམ་མི་ཆོག་པའི་བསླབ་པ་བསྲུང་དགོས། གསང་སྔགས་ལ་སྣང་མི་ཆོག་པའི་དམ་ཚིག་སྲུང་དགོས་པ་གསུངས་ཡོད་རེད། སྤོངས་ལམ་གསུམ་ག་ལ་ཡོད་དགོས། བསྒྱུར་ལམ་གཙོ་བོ་སྔགས་དང་གཞན་གཉིས་ལ་ཡང་ཡོད་དགོས། གྲོལ་ལམ་འཁོར་བའི་གྲོལ་བ་ལ་སྦྱར་ན་ནི། གསུམ་ག་ལ་ཚང་དགོས་རེད་སྙམ་མོ།།
སྤང་ལམ་ཞེས་པ་ནི་ཕྱི་མདོ་ལུགས་ལ་ཉོན་མོངས་དང་སྒྲིབ་པ་ཐམས་ཅད་གཉེན་པོ་ཡེ་ཤེས་ཏེ་ཞི་གཉེན་དང་དངོས་གཉེན་གཉིས་བསྟེན་ཏེ་སྤོང་བའི་ལམ་དུ་བྱས་པས་ན་སྤང་ལམ་དང། བསྒྱུར་ལམ་ཞེས་པ་གོང་དུ་མདོ་ལུགས་ཀྱིས་སྤང་བྱར་གྱུར་བ་རྣམས་གསང་སྔགས་ཀྱི་ལུགས་ལ་དེ་དག་སྤོང་བ་ལ་མི་བརྩོན་པར་གཉེན་པོ་ཡེ་ཤེས་སུ་བསྒྱུར་བའི་ལམ་དུ་བྱེད་པས་ན་བསྒྱུར་ལམ་དང།
གྲོལ་ལམ་ཞེས་པ་རྫོགས་པ་ཆེན་པོའི་ལུགས་ལ་གོང་གིས་སྤང་བྱ་དང་བསྒྱུར་བྱ་དེ་དག་སྤང་བསྒྱུར་གང་ལའང་མི་བརྩོན་པར་རང་གྲོལ་ཆེན་པོ་ལམ་དུ་བྱེད་པས་ན་གྲོལ་ལམ་ཞེས་བཤད་པ་རེད། དཔེར་ན། བཙན་དུག་དེ་ཉིད་སྤང་ལམ་པས་གཉེན་པོ་མེ་ཆུར་གཡེང་སྟེ་རྩ་མེད་དུ་བཟོ་བ་དང། བསྒྱུར་ལམ་པས་དེ་ཉིད་སྨན་ཨ་རུ་དང་བ་རུ་ལས་སོགས་ཀྱིས་བསྡེབ་སྦྱོར་གྱིས་དུག་ཉིད་སྨན་དུ་བསྒྱུར་བ་དང། གྲོལ་ལམ་པས་དེ་ལྟར་གང་ཡང་མི་བྱེད་པར་རང་སར་འཇོག་པ་ལ་ཟེར་བ་རེད།
ཀརྡོ་ལགས་Bonpo དྲི་བ་དེ་གསུམ་ལ་ཡིན་ས་རེད། ཕལ་ཆེར་ཆོས་རྒྱུད་རྙིང་མ་བ་ཚོར་དེ་ལྟའི་ཐ་སྙད་ཡོད་སྲིད། དེ་ནི་མདོ་སྔགས་སེམས་གསུམ་དུ་འདོད་པས་སོ།
སྐུ་ཞབས་དགེ་འདུན་རྒྱ་མཚོ་ལགས། ཁྱེད་ཀྱིས་ང་དང་མའོ་ཙེ་ཏུང་ལ་མཚུངས་རྟགས་བཀོད་པ་དེ་ཁྱད་མཚར་རེད། མའོ་ཙེ་ཏུང་ངེད་གཉིས་ཀ་ཆོས་དད་ཡོད་མེད་ལ་ཁྱད་པར་མེད་དུ་ཆུག་ཀྱང་མའོ་ཙེ་ཏུང་གིས་རྒྱ་དམག་བཏང་ནས་མེ་མདའི་ཁ་ནས་བོད་ཀྱི་ཆབ་སྲིད་རང་དབང་ཚུད་པའི་ཡོད་ཚད་བཙན་འཕྲོག་བྱས་པ་རེད། ང་བོད་མི་ཞིག་གིས་བོད་ཀྱི་རིག་གནས་ལ་དག་ཐེར་བྱེད་ཀྱི་ཡོད། ཁྱེད་སློབ་སྦྱོང་གིས་མི་ཚེ་བསྐྱལ་མཁན་ཞིག་གིས་འདི་གཉིས་ལ་ཁྱད་པར་འབྱེད་མ་ཐུབ་ན་སློབ་སྦྱོང་གི་གཞི་རྩ་དེ་ཅུང་ཟད་འཆུག་ཡོད་པ་རེད།
གསང་སྔགས་ནི་ཧིན་དྷུའི་རིག་གནས་ཤིག་རེད། གསང་སྔགས་ཟེར་བ་དེ་རྒྱ་ཆེན་པོ་རེད། དེ་ལ་ཡག་བཙོག་གི་སྡོམ་ཚིག་ངས་ཀྱང་འགོད་གི་མེད། ཡག་དུས་ཡག་གི་རེད། བཙོག་དུས་བཙོག་གི་རེད། བོད་ཡུལ་འདིར་བསམ་བློ་བཏང་ན་ཡང་གསང་སྔགས་གི་བྱེད་སྒོར་བསྙད་ནས་མི་གསོན་པོ་དམར་མཆོད་ལ་འབུལ་མཁན་ཡང་བྱུང་བ་རེད། དེ་ལྟ་བུ་ལ་གཟིགས་ནས་བཙན་པོའི་དུས་སུ་སྔགས་མ་རྒྱུད་མི་སྒྱུར་བའི་ཁྲིམས་བཞག་པ་དང་མངའ་རིས་ཆོས་རྒྱལ་ཚོས་ཀྱང་དམ་དྲག་ཆེན་པོ་གནང་བ་རེད། བཀའ་གདམས་པའི་ཡབ་རྒན་འབྲོམ་སྟོན་པས་ཀྱང་ཨ་ཏི་ཤ་ལ་གསང་སྔགས་མི་གསུངས་བའི་འབོད་སྐུལ་ཞུས་པ་རེད། ཁྲི་སྲོང་ལྡེའུ་བཙན་ལས་མཁས་པའི་བོད་ཀྱི་བཙན་པོ་བྱུང་མ་མྱོང་བ་རེད། ཁོང་ཡང་གསང་སྔགས་ལ་ཐུགས་དགྱེས་པོ་མེད་པ་ཐ་ན་བཀའ་ཐང་ཁག་གི་ནང་དུ་ཡང་ཐེངས་མང་པོར་བྲིས་ཡོད་པ་རེད།
ང་ཡང་སངས་རྒྱས་པ་ཡིན་ཟེར་མཁན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་། ངའི་ཁྱིམ་དུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ཞིག་ཡོད་པ་གཏན་ནས་མི་དྲན། སྤྱན་རས་གཟིགས་སོགས་བྱང་ཆུབ་སེམས་དཔའ་དང་་གསང་སྔགས་ཀྱི་ལྷའི་སྐུ་བརྙན་ཧ་ཅང་མང་པོ་ཡོད། ལྷའི་སྐུ་བརྙན་ཞི་ཞིང་བརྗིད་པོ་དེ་ཚོས་ང་ལ་རོགས་རམ་བྱེད་ཀྱི་རེད་བསམ་ནས་བསླུ་བྲིད་དང་སྟོང་བསམ་གྱིས་མགོ་སྐོར་མང་པོ་ཐེབས་མྱོང་། ལྷའི་འདྲ་གཟུགས་བཙོག་པ་དེ་ཚོས་ཉེས་ཆད་གཅོད་གི་རེད་བསམ་ནས་མི་དགོས་པའི་འཇིགས་སྣང་ཡང་མང་པོ་བྱས་མྱོང་། དེ་ཚོས་དོན་མེད་དུ་མིའི་སེམས་ཁམས་ལ་དཀའ་ངལ་དང་བསླུ་བྲིད་ཐེབས་ཀྱིན་འདུག ངས་མ་འོངས་པའི་བོད་ཀྱི་མི་རབས་འདི་ཚོས་ང་དང་འདྲ་བའི་མི་དགོས་པའི་སེམས་ཁམས་ཀྱི་དཀའ་ངལ་མི་མྱང་བའི་ཆེད་དུ་སྐད་ཆ་འདི་དག་བཤད་ཀྱིན་ཡོད།
ཁྱེད་ཀྱིས་གསང་སྔགས་ལ་ཡིད་ཆེས་ངེས་པ་བསྒྱུར་དུ་མི་བཏུབ་པ་ཞིག་ཡོད་ཚུལ་འདི་ལ་ཧ་ལས་རྒྱུ་ཅི་ཡང་མེད། ཨི་ཟི་ལམ་གྱི་ལྷ་དམག་ཏུ་བསྙད་པའི་འཇིགས་སྐུལ་རིང་ལུགས་པས་ཀྱང་ཨལ་ལ་སྲུང་སྐྱོབ་ཏུ་བསྙད་ནས་ལུས་འབར་རྫས་ཀྱི་ཁྲོད་དུ་གས་གཏོར་གཏོང་མཁན་ཧ་ཅང་མང་པོ་རེད། ཉེ་བའི་ལོ་ཤས་སྔོན་ལ་ནོར་ཝེ་རུ་ཡེ་ཤུའི་ཆོས་ལུགས་པར་ཁེ་འཆེ་མཁན་ཞིག་གིས་ཀྱང་ཡེ་ཤུའི་ཆོས་ལ་སྲུང་སྐྱོབ་བྱེད་པར་བསྙད་ནས་སློབ་ཕྲུག་ཉེས་མེད་བཅུ་ཕྲག་མང་པོ་སྡེབས་གསོད་བྱས། དེ་ལྟ་བུ་དེས་མི་དེ་ཉིད་ཀྱི་རྨོངས་དད་། ཨུ་ཚུགས། འཁྲེགས་འཛིན་སོགས་ཀྱི་རང་གཤིས་མཚོན་པ་ཙམ་ལས་ལྟ་གྲུབ་དེ་ཡང་དག་ཅིག་ཡིན་པ་མཚོན་མི་ཐུབ།
ངས་ཉེ་སྔོན་སངས་རྒྱས་པའི་བཀའ་བསྡུ་བ་དང་འབྲེལ་བའི་ལོ་རྒྱུས་སྤྱི་ཁོགས་རགས་པ་ཞིག་དང་འབྲེལ་ནས་སྟོན་པས་གསང་སྔགས་མ་གསུངས་ཚུལ་ངོ་སྤྲོད་བྱས་ཡོད། སྟབས་ཉེས་པ་ཞིག་ལ་ཁྱེད་རྣམ་པས་མཐར་ཐུག་དུས་དེ་ལ་ལོ་རྒྱུས་དང་འབྲེལ་བའི་ལན་གང་ཡང་མ་བཏབ་པར་དམྱལ་བར་ལྷུང་བའི་འཇིགས་སྐུལ་ཙམ་གྱིས་མཇུག་བསྡུས་སོང་། སྟོན་པ་ཤཱཀྱ་ཐུབ་པའི་ཆོས་ཀྱི་དངོས་ཡོད་ལོ་རྒྱུས་དང་འབྲེལ་བའི་སྒོ་ནས་བགྲོ་གླེང་མུ་མཐུད་དུ་བྱེད་འདོད་ཡོད་ན་ངས་ངལ་བ་མི་འཛེམ་ཐག་ཆོད་ཡིན།
དེ་ལས་ཀྱང་ཁྱད་མཚར་བ་ཞིག་ལ་ཁྱེད་ཀྱིས་བོད་མིའི་དད་མོས་ལ་ཕོག་ཐུག་མ་གཏོང་ཟེར་བ་དེ་རེད། ང་ཡང་བོད་མི་ཞིག་ཡིན། ང་ཡང་གསང་སྔགས་འདི་སྟོན་པ་ཤཱཀྱ་ཐུབ་པའི་གསུང་དུ་རློམ་མྱོང་མཁན་ཞིག་ཡིན། ངས་སློབ་སྦྱོང་བྱས། ཉམས་མྱོང་ཐོབ། མཐོང་རྒྱ་ཐོས་རྒྱ་ལ་བརྟེན་ནས་སྟོན་པས་སྔགས་རྒྱུད་མ་གསུངས་བར་རྒྱུ་མཚན་དཔང་རྟགས་དང་བཅས་པ་རྙེད་ནས་བོད་མི་དད་ལྡན་མང་ཚོགས་ཀྱི་ཆེད་དུ་སྐད་ཆ་འདི་ཚོ་བཤད་ཀྱིན་ཡོད། དེ་ལ་བཀག་འགོག་བྱ་ཐབས་དེ་ཆོ་མེད་རེད།
ང་ཚོས་སེམས་ལ་ངེས་དགོས་པ་ཞིག་ནི་འཇིགས་མེད་ཐོས་པ་རང་གྲོལ་གྱིས་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་ཐུབ་བམ་ཟེར་བ་དེ་རེད།
དྲི་བ་འདིར་བལྟས་ཚོད་ལ་ནང་ཆོས་དང་བླ་མེད་ཁས་ལེན་པ་མ་ཟད་ཕོ་ལ་འཚང་རྒྱ་བ་ངེས་ནས་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་མེད་ལ་དོགས་པ་ཡོད་པའི་རྒོལ་པ་ལྟ་བུ་ཞིག་རེད། དེས་རྐྱེན་གྱིས་ངེད་ནས་སངས་རྒྱས་ཀྱི་གསུང་གསང་འདུས་རྒྱ་རྒྱུད་ལེའུ་གཅུ་གསུམ་པ་དང་ཀླུ་སྒྲུབ་ཀྱི་མདོར་བྱས་དང་མདོ་བསྲེ། ཨརྱ་དེ་ཝའི་བསྡུས་དོན། ཀླུ་བྱང་གི་གསང་འདུས་སྒྲུབ་ཐབས་དག་རིམ། ཟླ་གྲགས་ཀྱི་གསལ་སྒྲོན། རྗེ་ཙོང་ཁ་བའི་སྒྲོན་གསལ་དང་རྣལ་འབྱོར་དག་རིམ་གྱི་འགྲེལ་བ་སོགས་དྲངས་ཏེ་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་པར་བཤད་པ་ཡིན།
སྐབས་འདིར་བན་དེ་བ་དང་སྤོབས་པ་མཐའ་ཡས་སོགས་ཡོང་ནས་འབྲེལ་མེད་དོན་གཞན་མང་བོ་བཤད་ནས་འཇིགས་མེད་ཐོས་པ་རང་གྲོས་ཀྱི་དྲི་བ་ཕན་མེད་དུ་གཏོང་གྲབས་བྱས་སོང།
་་་་་ ང་ཡང་སངས་རྒྱས་པ་ཡིན་ཟེར་མཁན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་། ངའི་ཁྱིམ་དུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་ཞིག་ཡོད་པ་གཏན་ནས་མི་དྲན། སྤྱན་རས་གཟིགས་སོགས་བྱང་ཆུབ་སེམས་དཔའ་དང་་གསང་སྔགས་ཀྱི་ལྷའི་སྐུ་བརྙན་ཧ་ཅང་མང་པོ་ཡོད། ལྷའི་སྐུ་བརྙན་ཞི་ཞིང་བརྗིད་པོ་དེ་ཚོས་ང་ལ་རོགས་རམ་བྱེད་ཀྱི་རེད་བསམ་ནས་བསླུ་བྲིད་དང་སྟོང་བསམ་གྱིས་མགོ་སྐོར་མང་པོ་ཐེབས་མྱོང་། ལྷའི་འདྲ་གཟུགས་བཙོག་པ་དེ་ཚོས་ཉེས་ཆད་གཅོད་གི་རེད་བསམ་ནས་མི་དགོས་པའི་འཇིགས་སྣང་ཡང་མང་པོ་བྱས་མྱོང་། དེ་ཚོས་དོན་མེད་དུ་མིའི་སེམས་ཁམས་ལ་དཀའ་ངལ་དང་བསླུ་བྲིད་ཐེབས་ཀྱིན་འདུག ངས་མ་འོངས་པའི་བོད་ཀྱི་མི་རབས་འདི་ཚོས་ང་དང་འདྲ་བའི་མི་དགོས་པའི་སེམས་ཁམས་ཀྱི་དཀའ་ངལ་མི་མྱང་བའི་ཆེད་དུ་སྐད་ཆ་འདི་དག་བཤད་ཀྱིན་ཡོད། ་་་་་་་་ཟེར།
སྤོབས་མཐའ་བོན་པོ་མ་ཡིན་པ། ཁོ་རང་གི་མཆན་བུ་༩༠པས། ངོ་སྤྲོད་གནང་འདུག ངས་ཁོང་བོན་ཡིན་ནམ། སྙམ་ནས་བསྡད་ཡོད་ཀྱང་་་་ ཡ་ཡ། ལགས། ལགས་སོ།། །།
རེད་རེད་སྔགས་ཀྱི་ཆོ་ག་འདི་ཚོ་ཧེན་དྷུའི་ཆོས་རེད། བསྒོམ་རྒྱག་ཡག་འདི་ཡང་ཧེན་དྷུ་ཆོས་རེད། ཕྱག་འཚལ་ཡག་འདི་ཡང་ཧེན་དྷུའི་ཆོས་རེད། མཆོད་མེ་འབུལ་ཡག་འདི་ཡང་ཧེན་དྷུའི་ཆོས་རེད། འདོན་པ་གདོན་ཡག་འདི་ཚོ་ཧེན་དྷུའི་ཆོས་རེད། དགོན་པ་ལྷ་ཁང་འདི་ཚོ་ཧེན་འདུ་ཆོས་རེད། གོས་སེར་པོ་འདི་ཡང་ཧེན་དྷུའི་གོས་རེད། འཕྲེང་བ་འདི་ཡང་ཧེན་དྷུའི་ཆོས་རེད། བྱམས་སྙིང་རྗེ་འདི་ཚོ་ཧེན་དྷུའི་སྐད་ཆ་རེད། ནང་པ་ལ་ག་རེ་ཡོད་པ་རེད་ཧཧཧ
མཚོ་མོ་ནས། རྒྱུད་སྡེ་བཞིའི་ཡང་རྩེ་རྣལ་འབྱོར་བླ་མེད་ཀྱི་ལུགས་སུ་ཕ་རྒྱུད་མ་རྒྱུད་གཉིས་སུ་ཕྱེས་ཡོད་པ་ལས་གཙོ་ལྷ་གཉིས་( ཕ་རྒྱུད། གསང་འདུས་སོགས། མ་རྒྱུད། བདེ་མཆོག་སོགས།)ཀྱི་གཙོ་ལྷ་དེ་དག་སྐྱེས་པ་ཕོ་ཁོ་ནའི་རྣམ་པར་ཡོད་པར་དེ་ཡང་ཁྱད་མཚར་ཞིག་རེད།་་་་་ཟེར།
མཚོ་མོ་ལགས་ཁྱེད་ལ་སྔགས་ཀྱི་སྐོར་ཡག་པོ་རྒྱུས་མི་འདུག གསང་བ་འདུས་པ་ལ་ལྷ་ཕོ་ཁོ་ན་གཙོ་བོ་མ་རེད། ལྷ་སོ་གཉིས་པོ་ཚང་མ་གཙོ་བོ་བྱེད་ཡག་ཡོད་པ་རེད། གཙོ་འཕོ་བའི་སྐབས་ཡོད་པ་རེད། སྤྱན་མ་གཙོ་བོར་སོང་བའི་ཚེ་དེ་ལ་རྣམ་སྣང་གིས་མཁྱུད་ཅིང་རྣམ་སྣང་གི་གནས་སུ་མི་སྐྱོད་པ་བཞུགས་ཡོད་པ་རེད། སྤྱན་མའི་གནས་སུ་རེ་བྱ་རྡོ་རྗེ་མ་བཞུགས་ཡོད་པ་རེད། དེ་བཞིན་གཟུགས་རྡོ་རྗེ་མ་གཙོ་བོར་སོང་བའི་ཚེ་དེ་ལ་ས་སྙིང་གི་མཁྱུད་པ་དང། ནམ་སྣང་དེ་རིགས་བདག་ལ་སྟིམས་ནས་རྣམ་སྣང་གི་གནས་སུ་མི་བསྐྱོད་པ་བཞུག་ཤིང། གཟུགས་རྡོ་རྗེ་མའི་གནས་སུ་རེག་བྱ་རྡོ་རྗེ་མ་དང་ས་སྙིང་གི་གནས་སུ་རང་འདྲ་གཉིས་པ་གཅིག་བཞུགས་ཡོད་པ་རེད། བྱས་ཙང་གསང་འདུས་ལ་ལྷ་ཕོ་ཁོ་ན་གཙོ་བོ་མ་རེད། ང་ཚོའི་སྲིད་སྐྱོང་གི་ཞབས་སྟེག་ནང་བཞིན་རེད།
ཁ་བརྡ་ཚང་གིས་བཀའ་དྲིས་ལ་ང་ཚོ་ཁ་བརྡ་ཚང་ལ་འཛོམས་ནས་ཁ་བརྡ་མང་བོ་ཞིག་བྱས་པ་རེད།
མཆན་བཀོད་མིན་ལ་མ་ལྟོས་པར་ལྟ་ཀློག་བྱེད་མཁན་མང་བོ་ཞིག་ཡོད་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། དེས་རྐྱེན་གྱིས་ངས་ཀྱང་རང་གིས་གང་ཤེས་བྲིས་ནས་གཞན་དང་བགྲོ་གླེང་བྱེད་ཨེ་ཐུབ་ལྟ་གི་ཡོད།
ངའི་ཁ་པར་འདི་ཡང་དྲྭ་གྲོགས་འགའ་ཤས་དང་འདྲ་བར་ཐང་ཐང་ཡོད་མ་རེད། དེས་རྐྱེན་གྱིས་རང་གིས་འདོད་པ་ཚིམ་པ་ཞིག་འབྲི་དཀའ་བ་དང་འབྲི་ཐུབ་མེད་པ་ཁྱེད་ཚོས་ཀྱང་མཁྱེན་གསལ་རེད། ཡིན་ན་ཡང་ང་ངོ་མ་ཚ་བར་མུ་མཐུད་ནས་བྲིས་པ་ཡིན། ངས་བཤད་ཡ་དེ་ཐེག་ཆེན་བཀར་སྒྲུབ་ཀྱིན་ཡོད་མ་རེད་ལ། གསང་སྔགས་ཐུབ་པའི་གསུང་ཡིན་པར་དེ་བས་ཀྱང་སྒྲུབ་ཀྱིན་ཡོད་པ་མ་རེད།
ཆོས་དད་མེད་པ་ཚོར་ཆོས་བཤད་ཀྱིན་ཡོད་མ་རེད་ལ་ཆོས་ལོག་སྤྱོད་མཁན་ལ་དེ་བས་ཀྱང་ལབ་ཀྱིན་ཡོད་མ་རེད།
ངས་བཤད་ཡ་དེ་ནང་ཆོས་ལ་རྒྱུས་ཅུང་ཟད་ཡོད་མཁན་དང་དཔྱད་ནས་དོགས་པ་ཡོད་མཁན་དེ་ཚོར་ལབ་ཀྱི་ཡོད་རེད། འཇིགས་མེད་ཐོས་པ་རང་གྲོལ་གྱིས་དྲི་བར་ལན་བརྒྱག་གི་ཡོད་རེད། མི་འདི་བོན་པོ་ཞིག་ཡིན་ན་ཡང་ཐང་། གཅིག་བྱས་ན་མི་འདི་ཡང་ཆོས་མེད་སྨྲ་བ་ཞིག་ཡིན་ཡང་སྲིད། གང་ལྟར་ཁོ་ཁོ་ནའི་ཆེད་དུ་བགྲོ་གླེང་བྱས་པ་མིན་པས་སྐྱོན་མེད། མི་འགའ་ཤས་ཕྲག་དོགས་སམ་དོན་མེད་ལ་བར་དུ་འཚང་ནས་ཡོང་གི་ཡོད་རེད། ཆོད་ག་རེ་ཡོད་རེད།
སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་དུས་ཀྱང་རྒོལ་བ་ཡོད་རེད། གྲུབ་མཐའ་བཞི་དེ་དུས་ནས་བྱུང་ཡོད་པར་རྡོ་རྗེ་སྙིང་འགྲེལ་ལ་གཟིགས་ན་གསལ། མདོ་འགྲེལ་མང་བོ་ཞིག་ཐེག་ཆེན་བཀའ་སྒྲུབ་རེད། ཀླུ་སྒྲུབ་སོགས་ཀྱིས་དེའི་ཆེད་དུ་བསྟན་བཅོས་མང་བོ་བརྩམས་ཡོད་རེད། བཀའ་མ་རེད་ཟེར་མཁན་དེ་དུས་ནས་ཡོད་རེད།
དེ་ང་ཚོའི་མི་རེ་གཉིས་ཀྱིས་ལབ་ལབ་ཙམ་མ་རེད། གསང་སྔགས་ཧིན་རྡི་ཡིན་མིན་དང་ཡིན་ལ་སྐྱོན་ག་རེ་ཡོད་མེད་ངས་མི་ཤེས། ང་ལ་དེའི་བློ་སྟོབས་མེད་ལ་འགན་ཡང་མེད། ངས་ཤེས་པ་ནི་ཡིག་ཐོག་གི་བརྫོད་དོན་དེ་ཚོ་དང་དེ་དང་འབྲེལ་བའི་རང་གི་མཉམ་མྱོང་ཚད་མ་དེ་ཚོ་ཡིན། དེ་ནི་རི་རབ་ལྟར་བརྟན་བརླིང་དུ་གནས་ཡ་ཡིན་པས་སུས་ཀྱང་བསྒུལ་མི་ཐུབ།
ཐེག་ཆེན་བཀར་ཁས་ལེན་པ་ཞིག་དང་གསང་སྔགས་ལ་སློབ་སྦྱོང་བྱེད་འདོད་ཡོད་མཁན་ཞིག་ལ་བཤད་ཡ་ཡིན།
གསང་སྔགས་ནི་གསང་བ་རང་ཡིན་པས་སྣོད་ལྡན་མི་པ་ལ་བཤད་མི་སྲིད། བདག་ཅག་གི་བླ་མ་བཀའ་དྲིན་ཆེན་ཚོའི་བཀའ་དྲིན་ལས་ང་ཚོ་ནི་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལྟ་བུ་དང་བོད་གངས་ཆེན་ནི་རྒྱལ་བ་གཅིག་གི་དཀྱིལ་འཁོར་ལྟར་གྱུར་འདུག་བསམ་ཡོད། དེ་ངས་བསམ་ཚུལ་རེད། དེས་རྐྱེན་གྱིས་བགྲོ་གླིང་འདིར་ཞུགས་པ་ཡིན། ཞིབ་ཏུ་ལྟ་དུས་ནང་ན་དད་ལོག་དང་ལྟ་བ་ཕྱིན་གྱི་ལོག་མང་བོ་ཡོད་པ་མཐོང་།
རྒྱུ་མཚན་དེས་རྐྱེན་གྱིས་དེ་རིང་ནས་བཟུང་སྟེ་ངས་གསང་སྔགས་སྐོར་བཤད་རྒྱུའི་མཚམས་བཞག་པ་ཡིན།
ཚང་མ་ལ་བདེ་མོ་ཞུ་ལབ་ཡ་ཡིན།
དགེ་འདུན་རྒྱ་མཚོ་ཟེར་བ་འདིས་ཅི་ཞིག་བཤད་ཀྱི་ཡོད་དམ། རྩོམ་འདི་སྤེལ་བ་པོ་བོན་པོ་ཡིན་དང་ཡང་ན་ཆོས་མེད་པ་ཞིག་ཡིན་མིན་གྱི་སྐད་ཆ་ཤོད་པ་ནི་འགན་མེད་པའི་སྐད་ཆ་རང་རེད། བན་དྷེ་བ་ཞིག་གིས་དེ་ལྟར་འབྲི་མི་སྲིད་པའི་རྒྱུ་མཚན་གང་ཡོད་དམ། མི་ཁྱོད་ཀྱིས་དགེ་ཕྲུག་རྣམས་ལ་དེ་ག་རང་ཤོད་ཀྱི་ཡོད་པར་ཐག་ཆོད། མི་རིགས་དང་ཆོས་ལུགས་དབར་ལ་འཁྲུགས་པའི་སློབ་གསོ་དེ་དུས་རབས་གསར་པའི་བོད་རིགས་གཞོན་སྐྱེས་ཚོར་བསླབ་བྱ་མ་གནང་རོགས་ཞེས་ངས་འབོད་བསྐུལ་ཞུ་གི་ཡོད། རྗེས་སུ་རིམ་པས་དམར་བརྗེན་དུ་ཐོན་ངེས་རེད། དུག་གི་སྡོང་པོ་ལ་ཡོན་ཏན་གྱི་མེ་ཏོག་འཁྲུངས་ཀྱང་དགོས་མེད་རེད།
སློབ་ཕྲུག་བུ་མོ་མཛེས་མ་སྣོད་རུང་འདྲ་ཡོད་ན་གསང་སྔགས་བཤད་ནས་བཏུལ་རོགས་བྱོས། དྲ་ཐོག་གི་རིག་རྒོད་ཚོ་ལ་ཁྱོད་ཀྱི་གཏམ་དེས་ཅང་འཇོན་ནི་མ་རེད།་་་་ཧཧཧཧ
ཅོ་རི་ལགས།
འཇོན་ནི་མ་རེད། མ་རེད། འཐོན་བགྱིད་མ་རེད་ཅེས་འབྲི་དགོས་རེད།
བུད་མེད་རྟེན་སངས་རྒྱས་པ་ཡོད་དོ་
དགེ་འདུན་རྒྱ་མཚོ་ལགས།
བོན་པོ་དེ་ཚོ་ཁྱེད་རང་གི་ཕ་ཡུལ་གཅིག་པ་རེད་དོ།
གཟབ་ཙམ་གནང་རོགས།
ཆོས་ལ་དམའ་འབབ་གཏོང་ཆེད་བོན་པོའི་གདོང་འབག་གྱོན་ཡོད་ཤ་སྟག་རེད།
མི་འདི་ཚོས་ག་རེ་ཡིན་ཡང་འབྲི་སྲིད་པ་རེད།
འདི་ཚོ་ལ་སྐད་ཆ་བཤད་ཡ་དེ་སྡིག་པ་བསགས་ཡ་རེད།
ང་ཁྱེད་རང་ལྟ་བུ་ཡིན་ན་སློབ་གྲྭ་ན་ཡོད་པའི་བོན་ཕྲུག་ཚོ་ཕྱིར་བཏོན་ངེས་ཡིན།
དེ་ཚོ་ཆེན་པོ་ཆགས་ན་བོད་པའི་སྤྱི་ཚོགས་ཁྲོད་རྙོག་གྲ་བཟོ་གྲབས་རེད།
ངས་སེམས་གཏམ་བཤད་པ་ཡིན།
བགྲོ་གླེང་ལེགས་པོ་དེ་ཡང་བསྐྱར་བརླགས་ཐལ།
བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་དེ། ས་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་ཐོབ་པ་ཡོད་གང་ཞིག མོས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ན། རྒྱུ་མ་ཚང་བ་མེད་པ་ཚང་ན། འབྲས་བུ་སངས་རྒྱས་ཐོབ་པ་ལ་སུས་བཀག་ཐུབ་བམ། འབྲས་བུ་གང་གིས་ལྡོག་པར་བྱེད། །གསུངས་པ་བཞིན་ནོ།། འདི་པད་མཚོའི་ཆེད་དུའོ།།
དེས་ན་སེམས་ཉིད་ཀྱི་ངོ་བོ་ཤེས་ན་མྱ་ངན་ལས་འདས་པཐོབ་ཡག་དང།
སེམས་ཉིད་ཀྱི་ངོ་བོ་མ་ཤེས་པ་ལ་བརྟེན་ནས་འཁོར་བ། འཁྲུལ་གྲོལ་གཉིས་ཀྱི་ས་མཚམས་འདེ་སེམས་ཀྱི་རང་སོ་དང་ཟིན་དང་མ་ཟིན་པ་ལ་ཐུག་སོང་བ་ལས་ཕོ་མཚན་ཟིན་དང་མ་ཟིན་རྩ་བ་ཉེད་ནས་མིན། གང་ལྟར་རྟེན་མི་ལུས་རིན་ཆེན་དང་ལྡན་ན་མཚན་གཉིས་མ་ནིང་དང་མཚན་མེད་མ་ནིང་ཡིན་་ཀྱང་སེམས་ངོ་ཤེས་ན་འཚངས་རྒྱ་བར་འགྱུར།