འཇིགས་མེད་ཐོས་པ་རང་གྲོལ།
དེང་སྐབས་དྲ་རྒྱའི་བརྒྱུད་ལམ་འདྲ་མིན་ནས་ཚ་ཚ་འུར་འུར་དུ་གླེང་བཞིན་པའི་འཇམ་དབྱངས་ནོར་བུ་ཟེར་བ་དེ་དོན་ངོ་མར་སུ་རེད། དོན་ངོ་མར་མི་འདིའི་ལོ་རྒྱུས་དང་བྱ་བཞག་ལ་ཆ་རྒྱུས་ཟབ་མི་ཡོད་མཁན་ག་ཚོད་ཡོད་དམ། ཁོང་ནི་བོད་མི་རིགས་ཀྱི་མཐར་ཐུག་གི་ཐར་ལམ་ཉག་གཅིག་ནི་བོད་རང་བཙན་གྱི་གནས་བབ་ཁོ་ན་ཡིན་པར་འདོད་མཁན་ཞིག་རེད། དེར་བརྟེན། གནས་ལུགས་དེའི་ཆེད་དུ་ཁོས་རང་ཉིད་ཀྱི་སློབ་གྲྭ་བསྐྱུར་ནས་མོས་སུ་ཐང་དམག་སྒར་དུ་འཛུལ་ཞུགས་བྱས་ཤིང་། གནས་ལུགས་དེའི་ཆེད་དུ་ཁོ་ལ་རྒྱ་ནག་ཉིན་རེའི་ཚགས་པར་ཁང་གིས་དྲག་སྤྱོད་པ་དང་ཁ་བྲལ་བའི་ཉེས་མིང་བཏགས་མྱོང་། ད་དུང་གནས་ལུགས་དེའི་ཆེད་དུ་ཁོ་ལ་བཙན་བྱོལ་གཞུང་གི་ཆབ་སྲིད་པ་མགོ་བདེ་ཚོས་སྐྱོན་འཛུགས་ཀྱང་གང་མང་བྱས་དང་བྱེད་བཞིན་ཡོད། ཁྱེད་ཚོས་ཁོའི་མི་ཚེའི་བཞུད་ལམ་རིང་མོ་དེ་ཤེས་སམ། ཁོ་ནི་བཙན་བྱོལ་གཞུང་གི་རྒྱ་ནག་གི་ཉམས་ཞིབ་པ་ཐོག་མའི་གྲས་དང་དྭངས་བླངས་དཔྱ་ཁྲལ་ལག་དེབ་གསར་བཟོ་བྱེད་མཁན་གྱི་གྲས་ཡིན་ལ། ད་དུང་ཁོ་ནི་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ཐོག་མར་འཛུགས་མཁན་གྱི་གྲས་ཀྱང་ཡིན། ཁོང་ནི་མཐོ་སློབ་མཐར་མ་ཕྱིན་ཡང་བོད་དབྱིན་ཟུང་ལ་ཐོགས་པ་མེད་པའི་བཙན་བྱོལ་ཁྲོད་ཀྱི་བོད་རིགས་རྩོམ་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་༢༠༠༠ལོར་ཁོས་བྲིས་པའི་རྟོག་སྒྲུང་མན་སྒྲ་ལ་ཤེར་ལོག་ཧོམ་ལ་རྒྱ་གར་གྱི་ཆེས་སྐད་གྲགས་ཆེ་བའི་ཧོས་ཆུ་ཁུ་རོ་སུ་བྱ་དགའ་ཐོབ། དེ་བཞིན་ཕྱི་ལོ་༢༠༠༣ལོར་ཉི་ཧོང་གི་རྒྱལ་ཡོངས་ཚགས་པར་གྱི་དཔྱད་རྗོད་པ་ལེགས་ཤོས་ཀྱི་བྱ་དགའ་ཡང་ཐོབ། ཁོང་གིས་བོད་དོན་དང་འབྲེལ་བའི་དེབ་སྐད་གྲགས་ཅན་ཁ་ཤས་བྲིས་ཡོད་པ་ལས་རྒྱ་ནག་གཞུང་གི་དཔལ་འབྱོར་གནོན་ཤུགས་དང་ཅ་ལག་ཉོ་ཚོང་སྐོར་བྲིས་པའི་(འབྲུག་གི་སོ་ཉོ་བ།)ཞེས་པའི་དཔེ་དེབ་དེ་ནེའུ་ཡོག་དུས་བབ་ཀྱིས་ཀྱང་དཔྱད་དེབ་ལེགས་གྲས་སུ་བདམས་ཡོད། ད་དུང་རྒྱ་གཞུང་གི་དྲིལ་བསྒྲགས་རྫུན་མའི་རྒྱབ་རྩར་ལངས་ནས་བོད་ཀྱི་དངོས་ཡོད་དཀའ་ངལ་ལ་ལོག་འགྲེལ་བྱེད་མཁན་གྱི་ནུབ་ཕྱོགས་རྩོམ་མཁན་རྒྱ་ནག་གི་རྒྱུག་ཁྱི་ཁག་ཅིག་དང་རྩོམ་ཡག་གི་ལམ་ལས་དགག་རྒྱག་མཐར་ཕྱིན་པ་བྱས་ཡོད། དེ་བཞིན་ཁོང་ནི་བོད་སྤྱི་ཚོགས་ཁྲོད་དུ་ཀློག་མཁན་ཆེས་མང་ཤོས་དང་དབྱིན་ཡིག་ཐོག་བོད་ཀྱི་གནད་དོན་ཁག་ལ་འཁྱོག་བཤད་བྱེད་མཁན་རྣམས་ལ་ལན་འདེབས་བྱེད་མཁན་གྱི་ཟིན་བྲིས་མཁན་གཅིག་བུ་དེ་ཡང་ཡིན་པ་བཅས་སོ།།
གོང་ལ་བྲིས་པ་ཁ་ཤས་བདེན་པ་དང་། ཁ་ཤས་འུར། ཁ་ཤས་སྒྲོ་བཏགས་་རེད་ཤག ཡིན་ན་ཡང་འཇམ་ནོར་ཁོང་གིས་ཕྱི་རྒྱལ་བས་བོད་ཐོག་འཁྱོག་བཤད་ལ་ལན་འདེབས་བྱས་པ་དང་། རང་བཙན་ཁུངས་སྐྱེལ་གྱི་དཔང་རྟགས་འཚོལ་སྒྲུབ་བྱས་པ་སོགས་ཀྱིས་མཚོན་པའི་སྤྱི་ཚོགས་ནང་དངོས་སུ་བྱས་རྗེས་གང་བཞག་པ་རྣམས་ནམ་བརྗེད་མི་སྲིད་ལ་ནུབ་མི་སྲིད ཡིན་ན་ཡང་ཁོང་གིས་རྐང་རྗེས་ལག་བསུབ་ཀྱི་བྱ་བ་མང་པོ་རྩམས་དང་རྩོམ་བཞིན་པ་ཡང་སྤྱི་ཚོགས་ནང་གླེང་སློང་ཡོང་བཞིན་པ་རེད་ལ་ཡོང་དགོས་པ་ཆོས་ཉིད་རེད་ལགས།
རེད། རེད། འཇམ་ནོར་ཟེར་ཁོ། ༸གོང་ས་མཆོག་ལ་དྲིན་ལན་ལོག་འཇལ་བྱེད་མཁན་ཨང་དང་པོ་རེད། ཁོ་བཙན་བྱོལ་བོད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་པོ་དེ་རེད། ཁོ་རྡ་སར་གི་ཊར་ཅིག་ལག་པ་ལ་བཟུང་ནས་ཨིན་མོ་རྐྱུབ་ལ་རྒྱུགས་མཁན་ཨང་དང་པོའི་གྲས་རེད། ཁོ་ཨིན་ཇིའི་སློབ་གྲྭར་འཁྱུག་ཙམ་ཕྱིན་ཙང་བོད་ཀྱི་ནང་ཆོས་ལ་ཞེན་པ་ལོག་མཁན་ཨང་དང་པོ་དེ་རེད། ཁོ་ད་ལྟའི་བོད་མིའི་སྒྲིག་འཛུགས་རྩ་གཏོར་ཕྱིན་ན། ཁོ་རང་རང་བཙན་ལས་འགུལ་མིང་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལྟར་ང་ཚོ་བོད་མི་མངས་ཀྱི་མགོ་ལ་སྡོད་འདོད་ཡོད་མཁན་ཨང་དང་པོ་དེ་རེད། ཧ་ཧ་ཧ། ཕྱེད་ཀུ་རེའི་ཚུལ་དུའོ། །
དངོས་གནས་བྱས་ན། འཇམ་ནོར་ལ་སེམས་ཤུགས་དང་ཡོན་ཏན་མེད་པ་མིན་ན་ཡང་། ཁོང་གི་ཆང་རག་བཟི་བའི་རྩོམ་གྱིས་བོད་གཞུང་ལས་བྱེད་རྣམས་སེམས་ཤུགས་བཅག་པ་དང་གཅིག ཁོ་རང་ཆོས་དད་མེད་པའི་འཁང་རས་༸གོང་ས་མཆོག་ལ་མཚན་སྨོད་ཞུས་བཞིན་པ་དེས་ཁོ་བོད་མིའི་ནང་ལ་མི་ཡ་རབས་ཀྱི་མི་གྲལ་མ་ཚུད་པའི་རྒྱུ་མཚན་གཙོ་བོ་དེ་གཉེས་རེད། དེིང་སང་རྒྱུ་མཚན་གསར་པ་ཅིག་ཀྱང་གོ་རྒྱུ་འདུག་ཀྱང་། འདི་རིང་འདིར་གླེང་བར་མི་འདོད་ཁོ་ཡང་བདེ་བ་འདོད་པ་དང་སྡུག་མི་འདོད་པའི་བོད་པ་གཅིག་རེད། འོན་ཀྱངད་ཕྱིས་སུ་ཡང་་༸གོང་མཆོག་ལ་གཅིག་སྡིགས་དང་། ངས་ཀྱང་ཁོར་ཚར་གཉིས་སྡིངས་ངེས་སོ། །དེ་ད་ལྟ་ནས་དགོངས་གལ་མེད་པ་ཞུའོ། །
འཇམ་དབྱངས་ནོར་བུ་རང་བཙན་དགོས་ཟེར་མཁན་ཞིག་ཡིན་པ་ཤེས་ཡོད། དགོས་བ་ལག་ལ་ཨེ་རགས་ལྟ་མཁན་ཞིག་ཡིན་མིན་ལ་གསལ་ཆ་མེད།
ཁོ་ཤི་ཚར་དུས་ཡག་པོ་ཡོད་པའི་ཡོད་སྟངས་མང་པོ་ཞིག་གླེང་རྒྱུར་བཞག་ཡོད་པའི་ཚོད་དཔག་ཡོད།
ཀརྡོ་གཉེར་ཕྱག། དངོས་ཐོག་བདེན་འཚོལ་གྱི་གཏམ་སྨྲ་ཨེ་ཐུབ་བལྟོས། དེ་མིན་ཁྱོད་ཀྱིས་བུད་མེད་མཐའ་ཤལ་དང་ཁ་རྩོད་བརྒྱགས་པའི་གཏམ་འདི་ཚོར་བྲོ་བ་མེད་ཁོ་ཐག། བཙན་བྱོལ་སྒྲིག་འཛུགས་དང་༧རྒྱལ་བ་རིན་པོ་ཆེར་ཆབ་སྲིད་ཁེར་རྐྱང་ཐོག་ནས་སྐྱོན་བརྗོད་བྱས་མི་ཆོག་པ་ཞིག་རྩ་ཁྲིམས་དང་བཅའ་ཁྲིམས་གང་ན་གསལ་ཡོད་པ་རེད། དམངས་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ན་གཞུང་དང་གཞུང་འཛིན་མི་སྣར་སྐྱོན་བརྗོད་བྱེད་རྒྱུ་དེ་སྤྱིར་སྟངས་ཞིག་མ་རེད་པས། ཡང་གཅིག་མིན་ན་དམངས་གཙོ་མར་གནང་བ་དེ་ཡར་བསྡུ་གསོག་བརྒྱབ་ན་མ་རེད་པས། དེ་རྗེས་གཏམ་འདི་ཚོ་བསྒྲགས་ཡོང་ན་ད་གཟོད་མི་ཚང་མས་མགོ་བོ་འདུད་དེས་ཞུམ་ཞུམ་བྱེད་སྲིད་པ་རེད། ཡང་གཅིག་མིན་ན་གྲྭ་པ་དང་ཨ་ནི་ཚོའི་ལྟོ་འཕོར་དེ་བཅག་མི་ཡོང་ངམ་སྙམ་པ་མ་རེད་པས།
༥༽ གསེར་འབྲུག་སྡེར་ལྔ་ནས།
ཀརྡོ་གཉེར་ཕྱག། དངོས་ཐོག་བདེན་འཚོལ་གྱི་གཏམ་སྨྲ་ཨེ་ཐུབ་བལྟོས། དེ་མིན་ཁྱོད་ཀྱིས་བུད་མེད་མཐའ་ཤལ་དང་ཁ་རྩོད་བརྒྱགས་པའི་གཏམ་འདི་ཚོར་བྲོ་བ་མེད་ཁོ་ཐག། བཙན་བྱོལ་སྒྲིག་འཛུགས་དང་༧རྒྱལ་བ་རིན་པོ་ཆེར་ཆབ་སྲིད་ཁེར་རྐྱང་ཐོག་ནས་སྐྱོན་བརྗོད་བྱས་མི་ཆོག་པ་ཞིག་རྩ་ཁྲིམས་དང་བཅའ་ཁྲིམས་གང་ན་གསལ་ཡོད་པ་རེད། ་་་་ཟེར་བའི་ལན་དུ།
བོད་པ་འཇམ་ནོར་གཅིག་གིས་བཙན་བྱོལ་སྒྲིག་འཇུགས་གཏོར་མཁན་ལ། སྒྲིག་འཇུགས་དེ་སྐྱོབ་མཁན་བོད་པ་ང་ལྟ་བུ་ཡང་ཁ་གདངས་ཆོག་མདོག་ཁ་པོ་རེད། དེ་དོན་གནད་གཅིག་རེད།
གཉིས་ལ་༸གོང་ས་སྤྱི་ལོ་ ༢༠༡༡གམ། བློ་སེང་གིས་སྲིད་སྐྱོང་བྱས་ནས་བཟུང་། ༸གོང་ས་མཆོག་ལ་ཆབ་སྲིད་ཀྱིས་ཐོག་ནས་སྐྱོན་བརྗོད་བྱས་ན་རྩ་བ་ཉིད་ནས་སྒྲིག་བགྱིད་མ་རེད་དོ། །དེ་མཁྱེན་པར་མཛོད་ཅིག གསར་འབྲུག་ལགས།
འཇམ་ནོར་དོལ་རྒྱལ་བ་བདེ་ཆེན་སྤྲུལ་སྐུ་དང་མཉམ་དུ་ཡོད་པའི་པར་ཞིག་དྲ་ལམ་དུ་ཁྱབ་འདུག དེའི་སྐོར་ལ་ཅིག་གསུང་རོགས། གོང་གི་རྩོམ་དེ་ཕྱེད་ཀ་འུད་བསྟོད་རེད། ཕྱེད་ཀི་ཕྱེད་ཀ་བདེན་པ་རེད། དེ་མིན་འཇམ་ནོར་གྱི་ངན་ཕྱོགས་ནས་གླེང་ན་དེ་ལས་མང་བ་གླེང་རྒྱུ་ཡོད་པ་རེད།
འོ་ཙི། མི་བྱས་པ་ཅན་བོད་དང་བོད་མི་རིགས་ཀྱི་རྩ་དོན་ཆེད་ཁ་གདངས་ཆོག་དང་ཆོག་པ་མ་ཟད་ཁ་ནམ་མཁའ་ལྟ་བུ་གདངས་ན་ཡང་དགའ་བསུ་ཞུ་འོས་པ་རེད། འོན་ཀྱང་དད་འཚོར་གྱིས་་ལྷད་པའི་རང་མཆོག་གཞན་དམན་གྱིས་ཁ་བོ་ཆེ་གདངས་ཡོང་ན་དགའ་བསུ་མི་ཞུ་ཁོ་ཐག། འཇམ་ནོར་གྱིས་བཙན་བྱོལ་སྒྲིག་འཛུགས་གཏོར་གྱིན་པའི་སྒྲུབ་བྱེད་ཚད་མ་ཡང་དག་གཅིག་འཁྱེར་ཤོག་དང་བགྲོ་གླེང་བྱས་ཆོག། དེ་མིན་གོང་གི་མཚན་སྨོད་དང་ཟུར་ཟ་ཟེར་བ་དེ་ཚོ་དངོས་ཐོག་བདེན་འཚོལ་གྱི་གཏམ་ཞིག་ནམ་ཡང་མ་རེད་ལ་ཁྲིམས་ཐོག་ལ་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་གཏམ་ཞིག་རྩ་བ་ནས་མ་རེད། དེས་ན་འཇམ་ནོར་གྱིས་རང་གི་ཆབ་སྲིད་ཐོབ་ཐང་དང་ཁེ་དབང་ལོངས་སུ་སྤྱད་ནས་ནང་ཁུལ་གྱི་ལྟ་གྲུབ་མི་མཐུན་པར་འགག་བྱ་བྱེད་དབང་ཡོད་རྒྱུ་རེད་ལ། དབུ་མ་པ་ཚོས་རང་བཙན་པར་འགག་བྱ་བྱེད་དབང་ཡོད་པ་རེད་ལ་དེ་ནི་ནང་འགལ་མ་ཡིན་པར་སྒྲིག་འཛུགས་གཞུང་ཚག་ཚུད་ཡོང་བའི་མཐུན་རྐྱེན་ཡོད་ན་མེད་ན་གཅིག་རེད་ལ། དམངས་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་ཆབ་སྲིད་ཚོགས་པ་ཡོད་དགོས་པ་དང་ཡོང་ཆོག་པའི་ལམ་ལུགས་དེ་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་རེད།
ཡ་ཡ། ལགས་སོ། ལགས། སྡེར་ལྔ་ལགས།
བོད་རང་བཙན་ད་ང་ལ་ཡང་དགོས་འདུག་སྟེ། མགོ་འཁྲིད་འཇམ་ནོར་དང་ལྷག་བསམ་གྱིས་རང་བཙན་ལེན་འོག་ངས་དུས་ནམ་མི་འགྲོ་ལ། སྐུ་ཞབས་ཁྱེད་རང་བདེ་བར་གཤེགས་ཤིགུ
འཇིགས་མེད་ཐོས་གྲོལ་ནས་གསུང་པ་ལྟར་བདེན་པ་ཡིན་ཀྱང་དངོས་གནས་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏང་བ་དེ་ཁོང་རང་རྐང་རྗེས་ལབ་བསུབ་རང་རེད། གོང་ས་མཆོག་ནི་བོད་མི་ས་ཡ་དྲུག་ཅིག་ཏུ་བསྡུས་པའི་ནུས་པ་རེད། གོང་ས་མཆོག་ནི་འཛམ་གླིང་འདིས་ཐོག་ལ་བོད་ཀྱི་མཚོན་རྟགས་རེད། ༡༩༥༩ ལོ་ཡར་བལྟས་ན་གནམ་དང་མར་བལྟས་ན་ས་མ་ཏོག་མེད་པའི་སྐབས་ལ་བོད་ཀྱི་ཆོས་དང་རིགས་གཞུང་བདག་པོ་རྒྱབ་ཐོབ་མཁན་ཅིག་པོའི་སྐྱབས་མགོན་རེད་ HH the Dalai Lama རེད། ད་སྐབས་ང་ཚོ་བོད་པ་ལ་སྐྱབས་མགོནHH the ་མང་རུ་མང་རུ་འགྲོ་བཞིན་པ་དེ་ཁོང་གིས་བཀའ་དྲིན་རེད། སྔོན་མ་ང་ཚོ་ལ་སྐྱབས་མགོན་་H H the ཅིག་ཡོད་པ་དེ་གོང་ས་མཆོག་ཅིག་པུ་རེད། ད་ལྟ་མང་རུ་འགྲོ་བཞིན་པ་ལ་བསམ་ནོ་གཏོང་དགོས། རྒྱལ་བ་རིན་པོ་ཆེ་ལ་ཁ་གཏང་ན་བོད་དོན་ལས་དཀའ་བྱེད་མི་ཐུབ། དེར་རྟེན་འཇམ་ནོར་ནས་གོང་ས་མཆོག་ལ་འགྱོད་བཤག་དང་ཐུགས་དགོངས་དག་པ་ངེས་པར་ཞུས་ན་དེ་ནས་བོད་དོན་ཐོག་ནུས་པ་ཐོན་པའི་ལས་དཀའ་བྱེད་ཐུབ།
མ་གཞི་འཇམ་ནོར་གྱིས་སྒྲིག་འཛུགས་གཞུང་གཏོར་འདོད་རྩ་བ་ནས་ཡོད་རྒྱུ་མ་རེད་ལ་གཏོར་ནུས་ཀྱི་ཆ་རྐྱེན་ཞིག་རྩ་བ་ནས་ཚང་ཡོད་མི་་སྲིད་པ་རེད། མ་ཟད་ཀརྡོ་ལགས་ཀྱིས་ཀྱང་སྒྲིག་འཛུགས་གཞུང་འཐོར་ཞིག་འགྲོ་ཡི་ཡོད་ན་སྐྱོབས་ནུས་རང་བཞིན་ལྡན་པའི་ཆ་རྐྱེན་ཞིག་ཧ་ཅང་ཧ་ཅང་གི་དཀའ་མོ་རེད།
དེས་ན་སྒྲིག་འཛུགས་གཞུང་འཐོར་ཞིག་འགྲོ་གཞི་གཙོ་བོ་དེ་ནང་ཁུལ་འགལ་འདུ་ཆུང་ཚགས་རིགས་འུར་ཟིང་བརྒྱབས་ཏེས་ཆེན་པོ་བཟོས་ནས་ཁ་དགྱེས་སུ་འཇུག་མཁན་དེ་ཚོས་གཏོར་བཤིགས་གཏོང་གི་ཡོད་པ་རེད། ལར་ནས་མི་གསུམ་བཅུ་ལ་བསམ་བློ་གཅིག་དང་འཛོ་གསུམ་བཅུ་ལ་རྭ་ཅོ་གཉིས་ཡོང་ཐབས་ཁོ་རང་ཡོད་པ་མ་རེད། ནང་ཁུལ་གྱི་འགལ་འདུ་ཆུང་་ཚགས་རིགས་ཕན་ཚུན་གུ་ཡངས་པོའི་ཐོག་ནས་བགྲོ་གླེང་བྱེད་དགོས་པ་རེད་མ་གཏོགས་ཁྱོད་ཀྱི་ཁ་དང་ངའི་སྣ་ཟེར་བསྡད་ན་མི་རིགས་ཀྱི་འཐབ་རྩོད་སུས་བྱེད་ཀྱི་རེད།
མ་གཞི་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་བགྲེས་ཡོལ་ཆ་ཚང་གནང་ཟིན་ཡང་ཁོང་བོད་དང་བོད་མི་རིགས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ཆབ་སྲིད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་་པ་དེ་དུས་ནམ་ཡང་གཡོལ་ཐབས་མེད་པ་འདྲ་ཞིག་རེད། བྱས་ཙང་ཁོང་གིས་ཆབ་སྲིད་ཀྱི་ཐོབ་ཐང་དང་ཁེ་དབང་ཆ་ཙང་ཡོད་པའི་ཆ་ནས་བཀའ་སློབ་མུ་མཐུད་ཕེབས་ཀྱི་ཡོད་པ་རེད། བྱས་ཙང་འཇམ་ནོར་གྱིས་ཀྱང་ཁོང་གི་ཆབ་སྲིད་རིག་པའི་གཞུང་ལུགས་ལ་དོགས་བསློང་བྱེད་ཀྱི་ཡོད་པ་རེད་སྙམ་པ་ལས་མཚན་སྨོད་ཞུ་གི་ཡོད་པའི་གྲུབ་བྱེད་ཡང་དག་ཅིག་བསྟོན་རྒྱུ་མི་འདུག།
ཚིག་ཁ་ཤས་ཤིག་བཤད་འདོད་བྱུང་། སྤྱིར་འཇམ་དབྱངས་ནོར་བུ་ལགས་དབྱིན་ཡིག་ཡག་པོ་ཡོད་པ་བདེན་པ་རེད། འོན་ཀྱང་འཇམ་དབྱངས་ནོར་བུས་བོད་སྐད་ཤེས་གི་རེད་མ་གཏོགས་བོད་ཡིག་རྩ་བ་རང་ནས་ཤེས་གི་མ་རེད། ཕྲན་ཡང་ཁོང་དང་མཉམ་དུ་ལས་ཀ་བྱེད་ཉོང། ཁོངས་བློ་འཕམས་ཞིག་ཡོད་པ་ནི་བོད་ཡིག་མ་ཤེས་པ་དེ་རེད། དེ་དང་འཕྲས་ནས་བཤད་འདོད་པ་ནི་འཇམ་དབྱངས་ནོར་བུ་ལགས་གྱི་སེམས་ཁམས་ཞེ་དྲག་བདེ་པོ་ཨེ་ཡོད་བསམས། གང་ཡིན་ཟེར་ན་ཁོང་དང་མཉམ་དུ་ལས་ཀ་བྱེད་དུས་ཧ་ཅང་ཁག་པོ་ཡོད། གཅིག་བྱེས་ན་འཇམ་དབྱངས་ནོར་བུ་རང་དབང་གི་ལས་ཀ་བྱེད་མཁན་ཞིག་དང་རྩོམས་ཡིག་སྤེལ་མཁན་ཡིན་པའི་དབང་གི་ཡིན་རྒྱུ་རེད། འཇམ་ནོར་གྱི་བཤད་པའི་སྐད་ཆ་ཚང་མ་ལ་ཡིད་ཆེས་བྱེད་ཁག་པོ་རེད། གང་ཡིན་ཟེར་ན་ཁོང་ནི་རང་དབང་གི་མི་ཞིག་ཡིན་པའི་རེད། སྔོན་མ་ཡིན་ན་ཕྲན་ལྟ་བུ་བཙན་བྱོལ་ནང་དུ་སྐྱེས་པའི་མི་མང་པོ་ཞིག་འཇམ་དབྱངས་ནོར་བུ་ལ་ཧ་ཅང་དགའ་མོད་ཡོད་རེད། འོན་ཀྱང་ད་ལྟ་མི་མང་པོ་ཞིག་འཇམ་ནོར་དགའ་གི་མ་རེད་ལ་ཡིད་ཆེས་དེ་བས་ཀྱང་ཡོད་མ་རེད། གོང་དུ་རྩོམ་འབྲི་མཁན་གྱི་བཤད་པའི་སྐད་ཆ་མང་པོ་ཞིག་བདེན་པ་རྩ་བ་རང་མ་རེད། འབྲི་མཁན་གྱི་འཇམ་ནོར་ལགས་ངོ་ཤེས་གི་འེ་བསམས་ནས་ཚོར་བ་ཞིག་སྤྲད་བྱུང།
བགྲོ་གླེང་མང་པོ་གནང་འདུག་་་་་་་ཐུགས་རྗེ་ཆེ་།། མང་གཙོ་རེད་སྨ་ཅོད་ཀྱི་རང་དབང་རེད་ཡིན་ནའང་ཟབས་ཟབས་བ་བྱས་ན་ཡང་ ། ་་་་་་་་་་
༡༡༽ གསེར་འབྲུག་སྡེར་ལྔ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ གི་ཆུ་ཚོད་ ༦ སྐར་མ་ ༥༡
མ་གཞི་འཇམ་ནོར་གྱིས་སྒྲིག་འཛུགས་གཞུང་གཏོར་འདོད་རྩ་བ་ནས་ཡོད་རྒྱུ་མ་རེད་ལ་གཏོར་ནུས་ཀྱི་ཆ་རྐྱེན་ཞིག་རྩ་བ་ནས་ཚང་ཡོད་མི་་སྲིད་པ་རེད། མ་ཟད་ཀརྡོ་ལགས་ཀྱིས་ཀྱང་སྒྲིག་འཛུགས་གཞུང་འཐོར་ཞིག་འགྲོ་ཡི་ཡོད་ན་སྐྱོབས་ནུས་རང་བཞིན་ལྡན་པའི་ཆ་རྐྱེན་ཞིག་ཧ་ཅང་ཧ་ཅང་གི་དཀའ་མོ་རེད། ་་་་་་་་ཟེར།
འཇམ་དབྱངས་ནོར་བུས་བོད་ཡིག་ཤེས་རེད་ཅིས་པའི་ཚིག་འདི་ཁོ་ནའི་སྟེང་ནས་ཀྱང་རྩོམ་པ་པོའི་རྫུན་རྐུབ་རྡོལ་འདུག
དངོས་ཐོག་བདེན་འཚོལ་གྱིས་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་དགོས་ན་དག་ཞིང་ཤམ་བྷ་ལའི་ཡུལ་ཞིག་དགོས་ངེས་རེད། དེ་མིན་སྤྱི་ཚོགས་ཀྱི་ཁ་དང་ཞལ་གྱིས་མནར་གཅོད་གྲངས་མེད་འཁུར་དགོས།
འཇམ་དབྱངས་ནོར་བུ་ལགས་ཀྱིས་གང་གླེང་བ་བོད་དོན་དང་། གང་རྩོད་པ་ནི་བདེན་དོན་རེད་འདུག
འོ་རེད་གཅིག་ལུས་འདུག། ཏང་ཀྲུང་དབྱང་སྲིད་གཞུང་མགོ་རྔ་མ་ལོག་པར་དབུ་མ་པས་རང་སྐྱོང་བླངས་ཡོང་ན་ང་ཡང་མི་འགྲོ་ཁོ་ཐག། ཀོ་བ་རློན་པའི་གྱོན་པ་དེ་གྱོན་འདོད་རྩ་བ་ནས་མེད། ཧ་ཧ་ཧེ་ཧེ།
Norbu has written several books and theater pieces in English and in Tibetan.འདི་བདེན་པ་རེད་པེ། ང་གསོན་དུས་སུ་འཇམ་ནོར་ཁོང་ད་ལྟ་གསོན་བཞིན་ཡོད་རེད།
in 2010.[1][2] A 2013 article in Foreign Policy says, “Almost three years and dozens of millions of dollars later, Jike has become an Internet joke, the object of mockery among Chinese netizens.”[3]འདི་ཚོ་བོད་བསྒྱུར་གནོངས་དང་། འཇིག་མེད་ལགས།
འཇམ་ནོར་ལགས་གིས་་་་བོད་དོན་ལ་གནོད་པའི་ལས་དཀའ་
གང་བྱེད་འདུག་་་་་་་་་གལ་དེ་རང་བཙན་རྩོད་པ་བོད་དོན་ལ་གནོད་ཚེ་་་་་རྡ་ས་སྒྲིགས་འཛུགས་གི་ལས་བྱེད་ཡོངས་རྫོགས་མེད་པ་བཟོས་དགོས་་་་་་་གཏམ་རྗོད་རང་དབང་མེད་ན་རྡ་ས་སྒྲིགས་འཛུགས་གིས་ཡིག་ཆ་ཡོངས་རྫོགས་མི་ལ་བསྲེ་དགོས་་་་་་ཚང་མའི་བསམ་བློ་ཡག་པོ་བཏོང་པའི་དུས་ལ་བབས་འདུག་་་་་་་
Norbu can do this with wit: “I’ve resigned from the Dalai Lama fan club,” he said in an interview after the speech. He can also be blunt. འདིའི་དོན་དག་ག་རེ་རེད།
That campaign fizzled out with all the American funding when Nixon opened the U.S. door to China. Norbu’s battleground shifted to the stage (he became director of the Tibetan Institute of Performing Arts in Dharamsala) and to the printed page.དེ་དུས་འཇམ་ནོར་ལགས་ཟློས་གར་དབུ་འཛིན་ཡིན་དུས་གསུམ་བཅུ་དྲན་གྱི་མི་མངས་མཛད་སྒོརའོ་ལྟད་མོར། དང་པོ་དང་པོར་བོང་བུའམ་བོང་གུ་ཐོན་ཡོང་ནས་བསྟན་པ་རེད་ཟེར། མི་མངས་ཀྱིས་བོང་གུ་༸རྒྱལ་བ་རིན་པོ་མཚོན་བགྱིད་ཡོད་རེད་ཅེས་འགྲེལ་བཤད་བརྒྱབས་པ་རེད་ཟེར་བ་དེ་བདེན་པ་རེད་མ་རེད། དེའི་་དུས་ཀྱི་ཟློས་གར་བ་རྒན་གྲས་ཅིག་གིས་ག་རེ་བྱུང་ཡོད་མེད་གསུང་ཐུབ་མཁན་ཡོད་དམ་མེད། ལགས།
བླ་མ་ཚད་ལྡན་ཚོས་མཎཌལ་སྐོར་ལ་ཆོས་གསུངས་ནས་འབུལ་དངུལ་ཐོབ་འདོད་གནང་བགྱིད་ཡོད་མ་རེད། དད་མེད་བོད་ཕྲུག་གཅིག་གིས་ཌོ་ལར་ལ་ལྟོག་རྔམས་བྱས་ནས་དེབ་བཟོས་ནས་དངུལ་གསོག་མཁན་དེ་སུ་རེད་དམ། ལགས།
འཇམ་ནོར་བོད་པར་ཕན་པའི་ཡོན་ཏན་གཅིག་ཀྱང་གཅིག་ཡོད་པ་ནི། ཨིན་སྐད་དུ་ཡོད་པའི་བོད་ཀྱི་ལོ་རྒྱུས་དྲང་པོ་བྲིས་པ་དང་། རྫུན་མ་བྲིས་པའི་སྐོར་ལ་མང་ཙམ་ཤས་བགྱིད་ཡོད་པའི་རེ་བ་ཡོད། གཞན་ཁོང་རང་འཚོ་ནས་སུ་ཕན་འདུག རང་ལ་ཕན་འདུག གཞན་ལ་འདུག སྤྱི་ཕན་འདུག སྒེར་ལ་ཕན་འདུག ལགས། གསུང་དང་། འདི་རིང་ཤོད་པའི་གོ་སྐབས་རེད། མ་རེད་པེ་ལགས། ལགས།
དམར་གཞུང་གིས་༧གོང་ས་མཆོག་ལ་མཆོག་ལ་མཚན་སྨོད་བྱེད་པ་ནི་ཁྲིམས་འགལ་དང་ལུགས་འགལ་ཅིག་ཏུ་བོད་མི་སྤྱི་དམངས་ཀྱི་འདོད་ཀྱིན་ཡོད། རྗོད་ཚིག་འདི་ཡང་བོད་མི་ཚད་ལྡན་ཤིག་གི་ངོས་བཤད་ན་ཡང་དག་པ་དང་ཡིད་རྟོན་རུང་བར་བཤད་མི་དགོས་པ་བྱོས། དོལ་རྒྱལ་ཚོགས་པས་ཀྱང་༧གོང་ས་མཆོག་ལ་མཚན་སྨོད་བྱེད་ཀྱིན་ཡོད། དེ་ནི་ཚོགས་པ་ཁོ་རང་གི་ངོས་ནས་དྲག་སྤྱོད་དང་རྒྱུ་མཚན་ལྟར་སྣང་མང་པོ་ཞིག་བགྲང་མཐར་སློབ་དཔོན་ཆེན་པོ་ཡོན་ཏན་འོད་ཀྱི་ཤིང་ཐུར་དེས་ཆོས་མིན་ཕྱོགས་གཏོགས་ཀྱི་ཚོགས་པ་ཞིག་ཡིན་པར་གསལ་གསལ་དུ་བསྟན་ཡོད་པར་མ་ཟད། ཚོགས་པ་ཁོ་རང་གི་ངོས་ནས་ཀྱང་ད་དུང་དམར་གཞུང་གི་མི་དམངས་ཤོག་སྒོར་གྱི་ཤུགས་དེ་དམ་སྲི་དོལ་རྒྱལ་གྱི་ཤུགས་ཡིན་མདོག་འཁྲབ་ཞོར་དུ་མི་དམངས་ཤོག་སྒོར་ཉིད་བསྟེན་གསོལ་བྱེད་ཀྱིན་ཡོད་མོད། མདུན་དུ་མངོན་པར་ལྷག་པའི་གཞི་བྱེས་ལྷན་འཛོམས་ལ་འཇིགས་སྣང་བྱུང་བས་རང་བཙན་ལ་མོས་པ་ཡོད་ཁུལ་ཡང་ཡང་བྱེད་བཞིན་ཡོད། གནད་འགག་མཁྱེན་པའི་བོད་མི་ཚོས་ཁྱིམ་གནས་སྤོས་པ་ན་སྒོ་ཁྱི་ཇི་བྱེད་མིན་ཡང་དྲན་གསོས་ཀྱིན་ཡོད་སྟབས་འདིར་དཔྱད་པ་མི་བགྱིད།
འཇམ་ནོར་གྱི་མཚན་སྨོད་ནི་འཇིག་རྟེན་མི་ཆོས་དང་འགལ་བར་བདག་གིས་སྙམ་བགྱིད་ཡོད། འགོར་འགྱང་གི་རང་བཙན་འཐབ་རྩོད་ཅིག་མིན་ནའང་རང་བཙན་གླེང་མཁན་དང་རང་བཙན་དངོས་གནས་འདོད་མཁན་ཞིག་ཡིན་ན། དམར་གཞུང་གིས་མཚན་སྨོད་མི་འདོད་པ་བཞིན་དུ་་འཇམ་ནོར་གྱི་མཚན་སྨོད་དེ་འང་ཁས་ལེན་ཐུབ་ཀྱི་མ་རེད།
དེས་ན་འཇམ་ནོར་གྱི་་རང་བཙན་ནི་ཡབ་མེས་གོང་མ་དག་ལ་ཆེས་ངོ་གནོང་དགོས་པ་ཞིག་ཡིན་པར་གུས་པས་ཚོར་ཀྱིན་ཡོད། བདག་གིས་ནི་ཡབ་མེས་དག་ལ་འདི་ལྟར་ཞུ་གི་ཡོད།
ཚེ་ཚེ་རབས་རབས་སུ་གདུང་རྒྱུད་མི་འཆད་པ་དང་། ངེད་ཅག་ཤུལ་ལུས་རྣམས་ཁ་འཐོར་དགུ་འཐོར་དུ་མ་སོང་བའི་ལྷན་འཛོམས་ཀྱི་འདྲ་མཉམ་ལ་ནུས་ཚོད་ཀྱི་འབད་ཀྱིན་ཡོད་ན་ཡབ་མེས་རྣམས་བློ་བདེ་གནང་རོགས་ཞེས་སྤོབས་པ་ཆེན་པོས་ཞུ་ཐུབ་ཙམ་བྱུང་། འཇམ་ནོར་གྱིས་འདི་ལྟར་སེམས་སྟེང་ནས་ཞུ་ཐུབ་མིན་དོགས་པ་བྱེད་མཁན་ནི་ཇེ་མང་ཇེ་མང་རེད་འདུག དེ་ལས་ཀྱང་ཚོད་དཔག་ཐུབ་པ་ཞིག་ནི་དགོས་གལ་མེད་པའི་སེམས་ཚོར་བཅུན་མི་ཐུབ་པ་ཚོར། ཐུན་མོང་གི་ཁྱད་ཆོས་ཞིག་ཡོད་པ་ནི་དྲན་པ་རྣལ་མར་མི་གནས་པ་ཙམ་དུ་མ་ཟད། དེ་ཡང་རང་བཙན་གྱི་དོན་དུ་ཡིན་མདོག་མདོག་གནང་བགྱི་དེ་ཙམ་རེད། དྲྭ་བརྙན་གླེང་མོལ་ནང་ཁོང་ངུ་གྲབས་འདྲ་ཞིག་གནང་སོང་། གནང་ལུགས་འདི་ནུབ་ལུགས་ཀྱི་སྒྱུ་རྩལ་ཟེར་བ་ཡིན་སྲིད་མོད། ལྷོད་འཇམ་ཀྱི་གཤིས་ཀར་གོམས་ཆེ་བའི་བོད་མི་དཀྱུས་མ་ཅིག་གིས་བལྟས་ན་རྩ་མི་ཚང་བའི་གནང་ལུགས་རང་ཡིན། འདི་ཡང་ནུབ་ལུགས་པ་ཁོང་གིས་མཁྱེན་ཡོད་ཚོད་མི་འདུག
རེད་རེད་རང་བཙན་མ་རྩོད་ན་ཡག་བ་འདུག་་་་་་རང་བཙན་ཟེར་བ་དེ་ཆུང་ས་ནས་་་རྡ་ས་ལ་སྐད་ཆ་དེ་འགྲོ་ས་མི་འདུག་་་་་རྒྱ་ནག་ལ་དེ་བས་འགྲོ་ས་ཡོད་མ་རེད་་་་་་་་རང་བཙན་ཟེར་བ་དེ་རྡ་ས་སྒྲིགས་འཛུགས་གིས་དགྲ་བོ་ངོ་མ་དེ་རེད་ཤག་་་་་་་ད་ནས་གཟུང་རང་བཙན་ཟེར་བ་དེ་མ་གོ་བའི་སྨོན་ལམ་ཡོད་་་་་་་་་་ཚང་མའི་དབུ་ལམ་ལ་ཕེབས་རོགས་གནང་་་་་་ཡིན་ནའང་དབུ་ལམ་མ་ཕེབས་གོང་རྒྱ་སྐད་ཡག་པོ་སྦྱོངས་དགོས་་་་་་་་་
འདྲེ་མིན་ན་དགེ་ལྡན་པའི་མཚན་གྱིས་རྩེད་མོ་རྩེ་བར་མི་བྱེད་དོ། འདི་ནི་ཆོས་ཉིད་ཀྱི་རིགས་པའོ། དེས་ན་བོད་ཀྱི་ཆབ་སྲིད་ལ་ཇུས་དོགས་མ་བྱེད་ཨ།
ཆབ་སྲིད་ཅན་ཀྱི་གང་ཟག་ཡིན་ན་དགེ་སྒྲུབ་མེ་ཤེས་པའི་ཁྱབ་ཨ་རོགས་་་་་་་གོ་ཨ་སོང་་་་་་
འ་ལེ། དགེ་དགའ་ཡིན་ན་ཅིག ༧གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་ལ་མོས་པ་ཡོད་པའི་དགེ་སྒྲུབ་པ་དེ་ཡིན་ན་རང་ཡིན་འདུག བོད་མི་ཡིན་སྙམ་པའི་དྲན་པ་དེ་འཐོར་བ་ཡིན་བགྱི་རེད། སྡིག་སྒྲུབས་པ་དང་དགེ་སྒྲུབས་པ་ནོར་ཆོག་ཆོག་དེ་འདྲ་ག་དུས་ནས་རེད་སོང་།
དྲན་དཀར་ལགས་ཁྱོད་རང་ཡིག་གི་འབྲིང་བཏོང་ལ་ལྟས་ན་་་་་་དགེ་ལོག་པ་ཡིན་མིན་དོག་པ་མི་འདུག་་་་་་་་་ཁྱོད་རྣམས་གཞུང་ཆེན་ཁག་ལ་གསེན་བསམ་མ་གནང་པ་བཅས་་་་་ཆབ་སྲིད་པ་ཆག་དགོས་དོན་གང་ཡིན་ནམ་་་་་་་ལྡན་ས་ལ་ཆབ་སྲིད་མ་ཏོག་བསློབས་སྦྱོང་བྱས་ས་མེད་པ་རེད་པས་་་་་་་
མིག་ཞར་མདོག་མདོག་བྱེད་དགོས་ན་བྱོས། རྣ་འོན་མདོག་བྱེད་དགོས་ན་བྱོས། དེ་རང་དབང་རེད། ཡང་འཇམ་ནོར་གྱིས་མཚན་སྨོད་མ་བྱས་པ་ཤེས་མདོག་མ་བྱས་ཨ། མཚན་མོ་མཐོང་མདོག་མདོག ཉིན་མོ་མ་མཐོང་མདོག་མདོག་མ་བྱས་ཨ། དེ་ལ་བོད་མི་ཚོས་འུག་པའི་ལྟ་སྟངས་ཟེར་བ་རེད། འདྲེ་ལ་སྤྱོད་པ་གཅིག་གཉིས་བསྟན་བགྱི་ཡོད་གྱང་མཚན་སྨོད་བྱེད་པ་ཐོས་དུས་རང་དབང་མེད་དགའ་མོས་བྱེད་པ་དེ་རེད། སྨོན་ལོག་གི་གོ་བ་ཡང་དེ་འདྲ་རེད།
ཡང་བཙུན་པ་དྲན་དཀར་གྱིས་ཆོས་སྐད་དེ་ཡག་པོ་ཞིག་གོ་མི་ཐལ། འོན་ཀྱང་འཇམ་ནོར་གྱིས་༧གོང་ས་མཆོག་ལ་གུང་ཁྲན་ལྟ་བུའི་མཚན་སྨོད་ཞུས་སོང་ཟེར་གྱི་ཡོད་པ་འདྲ། བྱས་ན་འཇམ་ནོར་གྱིས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པའི་དཔེ་མཚོན་ཞིག་འཇོགས་རོགས། གུང་ཁྲན་གྱི་མཚན་སྨོད་ནི་ལོག་སྤྱོད་དང་སྤྱང་ཀི་དམར་པོ་ལྟ་བུ་རེད། དམངས་ཁྲོད་ཀྱི་ཁ་བརྡ་ཞེས་པའི་དྲ་བརྙན་ནང་ལྷ་འདྲེ་གདོན་བགེགས་ཚོགས་པས་༧རྒྱལ་བ་རིན་པོ་ཆེ་མའོ་ཙེ་ཏུང་དང་གཅིག་པ་རེད་ལབ་སོང་། འདི་འདྲ་འཇམ་ནོར་གྱིས་ལབ་ཡོད་ན་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ངོ་རྒོལ་བྱེད་དགོས་པ་རེད། དེ་མིན་དམངས་ཚོའི་སྤྱི་ཚོགས་ནང་གཞུང་དང་གཞུང་འཛིན་མི་སྣའི་ཆབ་སྲིད་མཛད་ཕྱོགས་ལ་འགྲིགས་མིན་བཤད་པ་དེ་སྤྱིར་སྟངས་ཞིག་རེད། དེ་མིན་མཚན་སྨོད་ཡིན་པའི་བསྒྲུབ་བྱེད་ཡང་དག་བསྟན་རྒྱུ་མེད་ན་ཉོག་བཤད་ཀྱིས་ཅང་ཕན་ནི་མ་རེད། ད་དུང་ཁྱེད་དྲ་བརྙན་གླེང་མོལ་གཟིགས་ཡོད་ཚོད་འདུག། འཇམ་ནོར་ལགས་ཀྱིས་ཁོང་གི་རྩོམ་ཡིག་གི་གནད་དོན་ལ་མི་འཇུས་པར་འབྲེལ་མེད་དོན་གཞན་གྱིས་གཏམ་རྙོག་མ་བཟོ་རོགས་ཟེར་འབོད་བསྐུལ་ཞུས་སོང་ལ། ཁོང་ཁྲོ་ལངས་དུས་བྱིས་པའི་གཏམ་ལྟ་བུ་སྐྱག་པ་དང་སྙང་མ་སོགས་གླེང་མ་ཡོང་རོགས་ཞེས་ལབ་སོང་། དེས་ན་ཁོང་ངུ་གྲབས་བྱེད་དགོས་པའི་རྒྱུ་མཚན་དེ་ཁྱོད་བཙུན་པ་ཞིག་ཡིན་པའི་ཆ་ནས་དྲང་བདེན་གྱི་གཏམ་མི་སྨྲ་བའི་རྒྱུ་མཚན་ཅི་རེད། ཁོང་ངུ་གྲབས་བྱེད་དགོས་པའི་རྒྱུ་མཚན་ནི་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁ་ཕོ་ཆེ་གདངས་བཞིན་པའི་བཙན་བྱོལ་སྤྱི་ཚོགས་འདིའི་ནང་གཏམ་བདེན་པ་སྨྲ་བའི་སྤོབས་པ་མེད་པ་འདི་རེད། དེ་ནི་ཁྱོད་དང་ཁྱོད་འདྲ་བ་ཚོས་༧རྒྱལ་བས་དམངས་གཙོ་མར་གནང་བཞག་པ་དེ་ཡར་བསྡུ་རྩིས་བྱེད་པའི་ལམ་ལུགས་འོག་དམངས་དཀྱུས་རང་བཞིན་གྱིས་བསམ་ཚུལ་ངོ་ལྐོག་མེད་པར་བཤད་ན་སྟེང་གི་ལྷ་ལ་གནོད་རབས་དང་འོག་གི་ཀླུ་གནོད་རབས་ཀྱིས་གཡས་ཁག་གཡོན་ཁག་ངན་ཁག་ཡོད་དགུ་དཀྲིས་ནས་མི་དེ་སྤྱི་ཚོགས་ཕུད་ཐབས་བྱེད་པའི་ལམ་ལུགས་འདིའི་འོག་ནས་བྱུང་བ་ཞིག་རེད། དཔེར་ན་མཁས་དབང་ཟླ་བ་ནོར་བུ་ལྟ་བུ་དམངས་གཙོའི་སྐོར་བཤད་པ་དང་རྡ་སའི་རྙིང་ཞེན་བག་ཁུམས་ཅན་དང་ཀླད་རྙིང་མཁྲེག་འཛིན་ཅན་ཚོས་རྡོ་དང་དབྱུགས་པ་འཁྱེར་ནས་ཕུད་གྲབས་བྱས་པ་རེད།
མ་གཞི་ཁྱེད་ཀྱིས་ག་དུས་ཡིན་ན་ཡང་ཆོས་བཤད་ཀྱི་ཡོད་པ་འདྲ་པོ་སྲིད་བཤད་ཀྱི་ཡོད་པ་འདྲ་པོའི་གཏམ་རྙོག་འདི་ཚོ་ཉན་འདོད་རྩ་བ་ནས་མེད། ཆོས་རར་ཆོས། གཞས་རར་གཞས་གནང་ན་ཡག་པོ་འདུག། ཆོས་བཤད་ཀྱི་ཡོད་ན་ཧི་མ་ལ་ཡི་འཕྲུལ་སྨྱུག་ལྟ་བུ་ཆོས་རྩོད་གནང་དགོས་པ་རེད། སྲིད་བཤད་ཀྱི་ཡོད་ན་ཁ་གསལ་པོའི་ཐོག་ནས་བགྲོ་གླེང་གནང་ན་ཡག་པོ་ཡོད་པ་རེད།
སྨོན་ལོག་པ་ཁྱེད་ཚོར་བོད་དོན་ལ་ཇུས་དོགས་མ་བྱེད་ཨ། ཁྱེད་ཚོར་ཤི་སོང་ན་ཡང་བོད་དོན་བོད་མིས་གླེང་གི་རེད་སེམས་ཁྲལ་ཡོད་མདོག་མ་བྱེད་ཨ།
འགའ་ཤས་རང་བཙན་ལེན་མ་ཐུབ་པར་དབུ་མར་བཞུགས་པ་རེད།
འགའ་ཤས་དབུས་ལམ་མ་འཇོན་པར་རང་བཙན་ལ་བཞུགས་པ་རེད།
ལགས། མ་རེད་པེ། རེད་དང་མ་རེད། བསམ་བློ་ཡག་པོ་མཐོང་དང་།
འགྲོ་བ་ཡོངས་ལ་ཉེ་རིང་མེད་པར་ཤོག
དགེ་ལྡན་པ་ཟེར་བ་ཁོང་ལ་ཚང་མས་ངེས་བར་དུ་གཟབ་གཟབ་གནང་རོགས།
ངོ་དེབ་ནང་དུ་ཡང་དགེ་ལྡན་རང་ལུགས་པ་ཞེས་དབྱིན་ཡིག་ནང་བྲིས་འདུག་པས་ཁོང་ཚོའི་་བྱེད་ལས་་དང་ཕྱོགས་གཏོགས་གཅིག་རེད།
ཨ་ཡ་མཚན། ནམ་རྒྱུན་ཀརྡོ་གཉེར་ཕྱག་པ་འདིས་གཞན་གྱི་མཆན་དུམ་ཡོད་ཚད་རེ་འཁྱེར་ནས་་་་ཟེར་་་་ཟེར་་་ཟེར་་་ཞེས་སྙང་མ་ཛར་ཛར་བྱེད་ཀྱི་ཡོད། ཡང་དེ་རིང་བློ་བུར་ཐོག་རྒྱག་གིས་འཇམ་ནོར་ལགས་ཀྱིས་གནའ་སྔ་མོའི་རྩོམ་ཡིག་དང་གཏམ་བཤད་ནང་ནས་དབྱིན་ཡིག་གི་དུམ་ཚན་རེ་དྲུད་ནས་་་་་་་ལགས་་་་ལགས་་་་ལགས་་་་་ཞེས་སྙང་མ་ཛར་ཛར་བྱེད་སྟངས་འདི་སུའི་ལམ་ལུགས་ཡིན་ནམ།
འཁོར་རེ། དྲ་བདག་ལགས། དགེ་ལྡན་པ་ཟེར་བ་དེ་ཁ་བརྡ་དྲ་བ་ལས་ཕྱི་ཕུད་གཏོང་རོགས། མི་དེའི་རིགས་ཀྱིས་བོད་སྤྱི་ལ་ཕན་པའི་བྱ་བ་སྣ་གཅིག་ཀྱང་སྒྲུབ་མྱོང་མེད།
བཙུན་པ་དྲན་དཀར་ལགས། སྨོན་ལོག་ཟེར་ན་སུ་ལ་ཟེར་གྱི་ཡོད་པ་རེད། བོད་དང་བོད་མི་རིགས་ཀྱི་རྩ་དོན་ཐད་སྨོན་ལོག་དང་སྨོན་བདེན་ཟེར་བ་ཞིག་གང་ན་ཡོད་པ་རེད། སྨོན་ལོག་ཟེར་བའི་ཐ་སྙད་འདི་ལྷ་ཆོས་རིང་ལུགས་ཀྱིས་རྨོངས་དད་རང་བཞིན་ལྡན་པའི་གཏམ་རྙོག་ཞིག་མ་རེད་པས། འདི་ལ་དུས་རབས་ཉེར་གཅིག་པའི་མི་བུ་དག་གིས་ཁས་ལེན་ཡོད་རྒྱུ་མ་རེད་ལ་ཡིད་ཆེས་ཀྱང་ཡོད་རྒྱུ་མ་རེད།
༤༥༽ གསེར་འབྲུག་སྡེར་ལྔ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ གི་ཆུ་ཚོད་ ༡༦ སྐར་མ་ ༣༥
ཨ་ཡ་མཚན། ནམ་རྒྱུན་ཀརྡོ་གཉེར་ཕྱག་པ་འདིས་གཞན་གྱི་མཆན་དུམ་ཡོད་ཚད་རེ་འཁྱེར་ནས་་་་ཟེར་་་་ཟེར་་་ཟེར་་་ཞེས་སྙང་མ་ཛར་ཛར་བྱེད་ཀྱི་ཡོད། ཡང་དེ་རིང་བློ་བུར་ཐོག་རྒྱག་གིས་འཇམ་ནོར་ལགས་ཀྱིས་གནའ་སྔ་མོའི་རྩོམ་ཡིག་དང་གཏམ་བཤད་ནང་ནས་དབྱིན་ཡིག་གི་དུམ་ཚན་རེ་དྲུད་ནས་་་་་་་ལགས་་་་ལགས་་་་ལགས་་་་་ཞེས་སྙང་མ་ཛར་ཛར་བྱེད་སྟངས་འདི་སུའི་ལམ་ལུགས་ཡིན་ནམ། ་་་་་ཟེར།
རྒྱ་དམར་གྱི་སྡུག་འོག་ན་མྱོང་བཞིན་པའི་བོད་རྒྱ་ཆེ་མི་དམངས་ཀྱི་ཆེས་མི་འདོད་པའི་དངོས་པོ་དེ་ནི་༧གོང་ས་མཆོག་ལ་མཚན་སྨོད་བྱེད་པ་དེ་རེད། དེ་ལ་་ཆེ་ཆུང་ཕྱེ་བའི་སྟོང་སེམས་མ་བཅིངས་ཨ།
འོ་ཙི། བཙུན་པ་དྲན་དཀར་ལགས། དཔེ་མཚོན་མི་འཇོགས་པའི་རྒྱུ་མཚན་ཅི་རེད། མཚན་སྨོད་ལ་ཆེ་ཆུང་དབྱེ་གཞི་ཞིག་གང་ན་འཇོགས་དགོས་པ་རེད། དྲན་དཀར་དྲན་ནག་ཆགས་སོང་བ་མ་རེད་པཱ། གཞིས་ལུས་མི་དམངས་ཅིའི་ཕྱིར་དྲུད་ཡོང་བ་རེད། སྟོན་པ་བཅོམས་ལྡན་འདས་ཀྱིས་ཀྱང་ཁོང་གི་བཀའ་ལ་རྟག་དཔྱད་བྱོས་གསུངས་པ་མ་གཏོག་དད་པ་བགྱིས་ནམ་ཡང་གསུངས་མི་འདུག། ༧གོང་ས་མཆོག་གིས་ཀྱང་རྒྱུན་དུ་དེ་དེ་བཞིན་གསུངས་པས་སོ།
སེམས་གཙོ་རང་ལུགས་པ་གཏན་ནས་མིན་ཟེར་མཁན་ཚོས། རྫུན་གཅིག་ལན་བརྒྱར་སྒྲོགས་ན་བདེན་པར་འགྱུར་བར་ཡིད་ཆེས་བྱེད་ཀྱི་ཡོད། རྫུན་གཅིག་གྲངས་མང་ཉུང་གིས་མཚན་སྨོད་ཀྱི་ཆེ་ཆུང་ཡང་ཤེས་འདོད་ཡོད་མཁན་ཚོས་ཤེས་ཡོང་ངོ།
ཝ་ཡེ། ངས་སྨོན་ལོག་གི་ཐ་སྙད་སྐོར་བཤད་པ་ཡིན་མ་གཏོག་ལྷ་འདྲེ་གདོན་བགེགས་སྐོར་བཤད་མེད། རྡ་སའི་རིག་སློབ་ཀྱི་རྒན་དམ་པ་བསད་མཁན་གྲྭ་ས་ཁག་ཏུ་སློབ་གཉེར་བྱེད་མཁན་གྱི་གྲྭ་པ་དེ་ཚོ་རེད་མ་གཏོག་ལྷ་འདྲེ་གདོན་བགེགས་ཡིན་རྒྱུ་མ་རེད། གཟུགས་འདས་ཀྱི་ལྷ་འདྲེ་དེ་ཚོས་མི་བསད་ན་དངོས་ཐོག་བདེན་འཚོལ་དང་འགལ་འགྲོ་ཡི་རེད་ད། འདི་ཆོས་ལུགས་ཀྱི་རྙོག་དྲ་ཞིག་ཡིན་ཚོད་རེད་མ་གཏོག་མི་རིགས་ཀྱི་འཐབ་རྩོད་ཀྱི་རྙོག་དྲ་ཞིག་ཅང་ཡིན་ཚོད་མ་རེད། བྱས་ཙང་བོད་པས་ལྷ་འདྲེ་གདོན་བགེགས་འདུལ་ཆེད་གཞུང་གྲོན་བཏང་ནས་ཆབ་སྲིད་ནང་དྲུད་ཡོང་ཙང་གུང་ཁྲན་ལ་རིག་པ་གསར་པ་ཞིག་བརྙེད་པ་རེད།
དེས་ན་༧སྐུ་མདུན་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་གསུང་ཆོས་གནང་ས་ཡོད་ཚད་ཀྱི་གསུང་ཆོས་ར་བའི་མདུན་དུ་ལངས་ནས་ངོ་རྒོལ་བྱེད་མཁན་དེ་ཚོ་རིག་དུས་ངས་ནི་བོད་བརྒྱུད་ནང་བསྟན་རིང་ལུགས་འདིར་དགོས་མེད་ཀྱི་རྙོག་དྲ་འདུག་ཨ་དྲན་ཡོད། འདི་ཚོ་ཚང་མ་ཆོས་བྱེད་ཀྱི་མི་སྣ་རྐྱང་དུ་འདུག།
འོ་ཙི། ཡོད་ཚད་སེམས་ལ་བཅོལ་བསྡད་ཙང་བོད་མི་རིགས་འདི་དཀའ་སྡུག་གི་མྱ་ངམ་ཐང་དུ་ལྷུངས་བ་རེད། ད་དུང་སེམས་གཙོ་སྨྲ་བའི་རིང་ལུགས་འདི་འདོར་མི་ཐུབ་ན་མྱ་ངམ་འདི་ནས་ཐར་རྒྱུ་ཞིག་ཁག་པོ་རེད།
བྱས་ཙང་དངོས་གཙོ་སྨྲ་བས་གཏམ་བདེན་པ་དེ་ཚོ་སེམས་གཙོ་སྨྲ་བས་ཉན་འདོད་མེད་པ་རེད་ལ་རྣམ་རྟོགས་ཀྱི་སྒྲོ་འདོགས་འོག་གཏམ་བདེན་པ་སྨྲ་བའིི་སྤོབས་པ་མེད་པ་འདི་སྐྱོ་བོ་རེད་ལ་ཕར་གཡོལ་ཚུར་གཡོལ་བྱེད་པའི་ལམ་ལུགས་འདི་ཡ་མཚན་རེད་ཡ།
ཀྭེ ཁྱེད་ཀྱིས་ཆབ་སྲིད་ཤེས་ཀྱིན་མིན་འདུག ༧གོང་ས་མཆོག་ལ་སྐུར་འདེབས་བྱེད་ཆེད་དུ་བོད་ཀྱི་ཏང་ལུགས་པར་སྐྱབས་བཅོལ་བ་དང་དགེ་ལྡན་པའི་གདན་གྲལ་ཐོབ་ཕྱིར་དུ་རྙིང་མར་རྒོལ་བ་དང་གསར་སྐྱེས་ས་ལེ་རྒྱལ་རྣམས་ལ་ངོ་མི་གནོང་ཆེད་དུ་རང་བཙན་མོས་མདོག་བྱེད་པ་དང་འགྲོ་གྲོན་གྱི་ངལ་བ་སེལ་ཕྱིར་དུ་ནང་དཀྲུགས་པའི་བྱ་བ་བྱེད་པ་མ་ཟད་སྐབས་རེ་དྲག་སྤྱོད་དང་སྐབས་རེ་ཅི་བྱ་གཏོལ་མེད་ཀྱི་ཉམ་ཐག་གི་ཉམས་ཡང་སྟོན་གྱི་ཡོད། ལྟོས་དང་འདི་མི་ཆོས་ཀྱི་རྨོངས་དད་དང་ལྷ་ཆོས་ཀྱི་རྨོངས་གང་རེད།
ས་ལེ་རྒྱལ་གསར་པ་ཞིག་གིས་ག་ལ་ཤེས།
དགེ་ལྡན་རང་ལུགས་འཛིན་ལ་ཆེས་སྡང་བའི། །
གངས་ལྗོངས་བསྟན་སྲིད་སྤྱི་དགྲ་འབྱུང་བོའི་ལུས། །
དོལ་ཚོགས་དམ་སྲི་གདོན་གྱིས་བྱིན་རླབས་པའི། །
ཕོ་ཉ་དགེ་ལྡན་པ་ཁྱོད་སྙིང་རྗེའི་ཡུལ ། །
གངས་ཅན་ལྗོངས་ཀྱི་ཆོས་སྲིད་མ་ལུས་ཀུན། །
རྩ་ནས་སྟོང་ལ་སྨོན་ལམ་ལོག་འདེབས་པའི། །
འབྱུང་བོ་གདོན་དངོས་དོལ་རྒྱལ་གཟུགས་མེད་ཀྱི། །
ཕྱོགས་དང་དེ་རྗེས་འཛིན་རྣམས་སྙིང་རེ་རྗེ། །
དེ་རིང་དྲ་རྒྱ་མྱུལ་གྱིན་མྱུལ་གྱིན་དྲན་གསོ་ཞིག་བཏང་སོང་། བོད་པའི་གྲྭ་གཟུགས་ཁ་ཤས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་རྡ་ས་རིགས་སློབ་འགན་འཛིན་རྒན་བློ་བཟང་རྒྱ་མཚོ་མཆོག་དང་ཁོང་གི་དགེ་ཕྲུག་གཉིས་དམར་གསོ་བཏང་སོང་།
དགེ་སློང་རྣམ་པ་གསུམ་ལ་གྲིས་ག་ཚད་བཙུགས་ཡོད་རེད། ཁོང་རྣམ་པ་གསོ་མཁན་དེ་ཚོ་ད་ལྟ་ག་བ་ཡོད་དམ། སྐབས་དེར་ཁོ་ཚོའི་སྙིང་ལ་གདོན་ཞུགས་ཡོད་པར་ཐེ་ཚོམ་མེད།
གཅིག་བྱས་ན་དེང་སང་ཁོ་ཚོའང་བློ་འགྱོད་སྐྱེ་གི་ཡོད་སྲིད།
དགེ་སློང་རེ་རེ་ལ་གྲིས་བདུན་བརྒྱད་རེ་བརྒྱབ་ཡོད་པ་གོ་སོང་།
དངོས་གནས་ཕངས་པོ་རེད། ཕངས་པོ་རེད་ ཕངས་པོ་རེད་་་་་་་འདི་ཚོ་བསམ་ན་རྒྱ་དམར་པོ་གཞུང་གིས་བོད་པ་བསད་པ་
ཉུལ་འབྲི་དགོས་པ་འདྲ
བོད་མི་རིགས་ཀྱི་དཔའ་བོ་འཇམ་དབྱངས་ནོར་བུ་མཆོག་ལ་རྗེས་སུ་ཡི་རང་མངོན་པར་བསྟོད་དོ། བྱིནགྱིས་རླབས་སུ་གསོལ།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་འཇོམ་གྱུར་གཅིག།
ཨ་རོགས་ལུང་རྟོགས་ལགས། གསོལ་འདེབས་སྨོན་ཚིག་གི་དག་ཆ་ལ་གཟབ་དགོས། དེ་མིན་སྨོན་ལམ་འདེབས་སའི་ཡུལ་ལ་སྐུ་ངལ་ཡོང་སྲིད། འཇོམ་གྱུར་གཅིག་ཅེས་པའི་གཅིག་པོ་དེ་ཉིད་མ་གཏོགས་མེད་དམ། གཅིག་པོ་དེ་རང་མ་གཏོགས་མེད་ཚེ་ཅིག་ཅེས་པའི་སྐུལ་ཚིག་མེད་སོང་ན། སྐྱབས་ཡུལ་ལ་རེ་སྐུལ་མེད་པའི་ཉེས་དམིགས་ཀྱིས་ཁྱེད་རང་གི་བསམ་དོན་སྒྲུབ་པར་བར་ཆད་ཡོང་རྒྱུ་མ་རེད་དམ། ཤ་ཚའི་གཏམ་ཡིན་གདའ།
སྨོན་ལམ་ལོག་པས་༧རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག །
དྲ་གྲོགས་ཚོ། དག་ཆ་ཆུང་ཆུང་ཞིག་གི་དོན་ལ་སྐད་ཆ་ཉུང་ཉུང་ཞིག་ཞུ་ན་འདོད་སོང་།
དེ་རིང་ཁ་སང་། མང་པོ་ཞིག་གིས། དྲི་བ་དོན་པའི་འདྲི་ཚིག་ལ། པས་དང་ནས་དང་པྭ་སོགས་སྦྱོར་བ་མཐོང་ཡང་། ང་རང་གིས་བསམ་པར་དེ་དག་ཚང་མ་ནོར་བ་རེད་འདོད།
གང་ལ་ཡིན་ཟེར་ན། ཨ་དང་ཨེ་ནི་བོད་ཡིག་གི་མགོ་སྔ་བར་གསུམ་གང་ལ་ཡང་སྦྱོར་རུང་བའི་འདྲི་ཚིག་སྟོན་སྤྱད་ཞིག་ཡིན། དཔེར་ན། ཨ་ཡོད་ན། ཨེ་ཡིན་ན། དེ་འདྲ་ཨེ་རེད། ཡིན་ན་ཨ། མིན་ན་ཨ། མི་ཤེས་འི་ཨ། ཤེས་འི་ཨ། ཨེ་ཤེས་འི། རེད་པ་ཨ། མ་རེད་པ་ཨ། རེད་ཨ། མ་རེད་ཨ། ལྟ་བུ་དང་།
དེ་ནས་ཨེ་ཡིག་མིང་མཐའ་ལ་ཡོད་ན་བསྡུ་ཚུལ་ཡང་ཡོད། དཔེར་ན། ཡིན་པ་ཨེ་ལ་ཡིན་པེ། མིན་པ་ཨེ་ལ་མིན་པེ། མ་ཤེས་ནི་ཨེ་ལ་མ་ཤེས་ནེ་ལྟ་བུ་ནི་ཡི་དབྱངས་ཡང་བསྡུ་བ་སོགས་ཡོད་པར་འདོད་པས།
མཁྱེན་ལྡན་དག་གིས་བསམ་གཞིག་རེ་ཡོད་པར་ཞུ།
སྐད་ཆ་འདི་བསམ་བློ་གཏོང་ཤེས་ནི་དག་ལ་ཞུས་བ་ཡིན་པས། པྭ། པས། ནས་སོགས་དྲི་བ་ལ་བེད་སྤྱོད་དགོས་པའི་དགོས་ལུགས་འདྲ་ཡོད་ན་གསུངས་རོགས་གནང་།
གནད་དོན་འདི་ཞུ་དགོས་དོན་ནི་གོང་གི་མཆན་པ་ཚོའི་རང་སྣང་གང་དྲན་ལ་མ་བཟོད་པས་འབྲི་ཐལ་ལོ།
དགའ་བསུ་ཞུ་།
ཀྱེ། བཙུན་པ་དྲན་དཀར་ཁྱོད་ཆབ་སྲིད་ལ་མཁས་མདོག་མ་བྱེད། ཆོས་ལུགས་ཀྱི་རྨོངས་དད་ཆབ་སྲིད་ནང་དུ་བཙན་གྱིས་དྲུད་ཡོང་བ་དེ་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱི་ཤེས་བྱ་ཡིན་བསམ་ན་ནོར་བ་རེད། དེས་ན་ངས་མཚན་སྨོད་ཀྱི་མཚན་གཞི་དང་དཔེ་མཚོན་འཇོག་རྒྱུར་ད་དུང་ཡང་སྒུག་ནས་ཡོད། ལྷ་འདྲེ་གདོན་བགེགས་རྙོག་འཛིང་སྣ་མང་རང་བཞིན་ཅན་དུ་བསྒྱུར་མཁན་ཚང་མ་ཆོས་ལུགས་ཀྱི་མི་སྣ་རྐྱང་དུ་འདུག། གཟུགས་འདས་ལྷ་འདྲེ་ལ་ཡིད་ཆེས་དང་བློ་སྙིང་བྲང་གསུམ་གཏད་ནས་གཞན་གྱི་ཚེ་སྲོག་ལ་ཡང་མི་འཛེམས་པར་བྱེད་མཁན་དང་དེས་གནོད་པར་དོགས་ནས་མནན་བསྲེག་རྒོལ་གསུམ་བྱེད་མཁན་དེ་ཚོ་ཆོས་བྱེད་ཀྱི་མི་སྣ་རེད་ཡང་ན་ཆོས་མེད་ཀྱི་ཁྱིམ་པ་མི་ནག་རེད། འོ་ན་ཆོས་ལུགས་ཀྱི་རྨོངས་དད་གཅིག་རེད་ཡང་ན་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་མ་རིག་རྨོངས་བཤད་གཅིག་རེད། དེ་ཁྱེད་དྲན་དཀར་མིང་དོན་མཚུངས་ཡོད་ན་ཤེས་ཚོད་རེད། མ་གཞི་ངས་ལྷ་དཀར་པོ་ལ་ཡིད་ཆེས་དང་བློ་གཏད་བཅོལ་གྱི་མེད་པ་རེད་ལ་ལྷ་ནག་པོ་ལ་ཡང་ཡིད་ཆེས་དང་བློ་གཏད་བཅོལ་གྱི་མེད། དྲང་པོ་བཤད་ན་ང་ནང་པ་ཡང་མ་རེད།
མགོ་རྔ་མི་མཚུངས་པའི་ཚིག་ཉོག་སྤུངས་གསོག་རྒྱག་མཁན་གྱི་མི་ཁག་ཅིག་གིས་དུས་རྒྱུན་ཁ་བརྡ་དྲ་བའི་ནང་མི་གཙང་བའི་གད་སྙིགས་བཟོ་བཞིན་འདུག མི་གཤིས་དང་རང་ཚུགས། ལངས་ཕྱོགས་སོགས་གང་ཡང་མེད་པའི་མི་འདིའི་རིགས་ནི་རྩ་ཤོག་དང་ཤིང་ལོ་འདྲ་བ་ཡིན་པས། ལྷག་རླུང་གིས་གང་ལ་འཁུར་ན་དེ་ལ་ཟགས་འགྲོ་གི་རེད། རྩ་བ་དང་ལྗིད་ཁོག་ཏོག་ཙམ་ཡང་ཡོད་མ་རེད།
མིག་ཞར་མདོག་མདོག་བྱེད་དགོས་ན་བྱོས། རྣ་འོན་མདོག་བྱེད་དགོས་ན་བྱོས། དེ་རང་དབང་རེད། ཡང་འཇམ་ནོར་གྱིས་མཚན་སྨོད་མ་བྱས་པ་ཤེས་མདོག་མ་བྱས་ཨ། མཚན་མོ་མཐོང་མདོག་མདོག ཉིན་མོ་མ་མཐོང་མདོག་མདོག་མ་བྱས་ཨ། དེ་ལ་བོད་མི་ཚོས་འུག་པའི་ལྟ་སྟངས་ཟེར་བ་རེད། འདྲེ་ལ་སྤྱོད་པ་གཅིག་གཉིས་བསྟན་བགྱི་ཡོད་གྱང་མཚན་སྨོད་བྱེད་པ་ཐོས་དུས་རང་དབང་མེད་དགའ་མོས་བྱེད་པ་དེ་རེད། སྨོན་ལོག་གི་གོ་བ་ཡང་དེ་འདྲ་རེད།
ནང་པ་སངས་རྒྱས་པ་ནི། བདེན་པ་གཉིས་ལས་བདེན་པ་བཞི། དེ་ལས་དཀོན་མཆོག་གསུམ་རིགས་པའི་ལམ་ནས་ཕེབས་ཏེ། བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང་། །ཡན་ལག་ཉིང་ལག་གཏོང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །ཅེས་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ། ལྟ་ས྄ོམ་སྤྱོད་གསུམ། གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཀྱི་ས་དང་ལམ་གྱི་རྣམ་གཞག་གོ་རིམ་བསྟར་ཆགས་པ། དེ་ཡང་ཡོངས་སུ་ང་བ་མེད་པར། བསྐལ་བ་བསྐལ་བར་འགོར་རུང་འདི་ལས་ལྷག་དོན་མེད་པ། སྐྱེ་བཀུན་ཏུ་ཡང་དག་བླ་མ་ཞེས་གཏན་གྱི་འདུན་མ། ཕུགས་ཀྱི་འདུན་ལམ་ཡོད་པའི་ཆོས་ཚུལ་ལྷད་མེད་དྲི་མ་བྲལ་བ་ཞིག་ལས། ལྷ་མཆོད་འདྲེ་མཆོད་རྨོངས་དད་ནི་ནང་པ་སངས་རྒྱས་པའི་ཆོས་ངོ་མའི་དཀྱིལ་དང་འཁོར་གང་དུ་ཡང་དོ་གལ་དུ་འཇོག་འཇུག་གི་གོ་སྐབས་མེད་སྙམ།
འཇིག་རྟེན་དམར་པའི་ལྟ་བ་དང་ཆོས་གཉིས་མཐུན་ས་དང་མཐུད་མཚམས་ཞིག་བསྐྲུན་དཀའ་མོད། འོན་ཀྱང་འཇིག་རྟེན་ཡ་རབས་དང་ཆོས་གཉིས་རྨང་རྩ་ནས་འགལ་འདུར་མེད་པ་མཉམ་བསྐྱོད་བྱ་རྒྱུ་ངེས་པར་ཡོད། གང་ལགས་ན། ཀུན་རྫོབ་བདེན་པའི་རྣམ་གཞག་ནི། འཇིག་རྟེན་ཐ་སྙད་པའི་ལུགས་དང་བསྟུན་པའི་སྟེང་ནས་འཇོག་པ་ལས་དོན་དམ་པར་བགེགས་ཕར་བཞག་སངས་རྒྱས་ཀྱང་འཇོག་གི་མེད།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་གཞན་ལ་སྤོ་མིན་པར། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་ཆོད་ཉིད་བདེན་པས། དེ་ཁོ་ན་ཉིད་དང་ལས་འབྲས་ལ་རྨོངས་པའི་མ་རིག་པ་མེད་པར་བཟོ་ན། རྨོངས་དད་རྨོངས་ཞེན་སོགས་སྟོང་པ་ཉིད་ཀྱིས་ཧྲུལ་པོར་བྱེད་པ་ཐེ་ཚོམ་མེད་པ་ཡིན་སྙམ་མོ།།
འུག་པའི་ལྟ་སྟངས་དེས་དུས་རབས་ཉེར་གཅིག་གི་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་རྦ་རླབས་འཕྱུར་བཞིན་པ་དེ་མཐོང་གི་མེད་པ་རེད་ལ་རྨོངས་དད་ཀྱི་དོང་དུ་འཛུལ་ཏེས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྒོལ་རྒྱུ་དེ་ལྷ་ཆོས་རིང་ལུགས་ཀྱི་ལྟོ་འཕོར་དང་འབྲེལ་མེད་ན་ཅི་རེད།
འོ་ན་རང་དབང་ཡིན་ན་གཞན་ལ་སྨྲ་བརྗོད་རང་དབང་མི་སྤྲོད་པའི་རྒྱུ་མཚན་ཅི།
སྨོན་ལམ་ལོག་པས་༧རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།།
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག །
སྨྲ་བརྗོད་རང་དབང་ཞེས་རང་གི་འདོད་པ་གང་ཡིན་ཚད་ཐམས་ཅད་གང་བྱུང་མང་བྱུང་སྨྲ་བ་ལ་གོ་མི་རུང་།
དུས་རབས་ཉེར་གཅིག་འདིའི་ནང་ཕན་ཚུན་གུ་བཤངས་དང་གྲོས་མོལ་གྱི་དུས་རབས་ཡིན་པ་དང་། ཚན་རིག་དང་ནང་ཆོས་དབར་གཉིས་མོས་ཀྱི་དཔྱད་གཞི་ཡོད་པ་དང་། ཚན་རིག་པས་ཀྱང་ནང་ཆོས་ནས་ལེགས་ཆ་བླང་རྒྱུ་ཡོད་པ་དེ་མཐོང་ཆོས་རེད།
སྨྲ་བརྗོད་རང་དབང་མ་སྤྲོད་མཁན་དེ་གུང་བྲན་དམར་པོ་རེད། མང་གཙོའི་རྒྱལ་ཁབ་ནང་སྨྲ་བརྗོད་རང་དབང་སུས་ཀྱང་འཕྲོག་མཁན་མིན་འདུག སྨྲ་བརྗོད་རང་དབང་རེད་ཅེས་ཁ་ནས་ཐོན་ཚད་བཤད་རྒྱུ་ཡོད་པ་དེ་སྨྲ་བརྗོད་རང་དབང་གོ་མི་ཐུབ་སྙམ། ཁྱོད་རྐུན་མ་རེད་ཇག་པ་རེད། འུག་པ་ཐན་བྱ་རེད་ཅེས་གང་བྱུང་སྐྱོན་འཛུགས་ཉེས་འགེལ་མི་རུང་ལ། མང་གཙོའི་ཀ་བ་གཅིག་དེ་ཁྲིམས་རེད་ལ་དེ་ནས་ཐག་གཅོད་པ་ལས་སྒེར་བསམ་ཡིན་ཚད་བཤད། ཡིན་ཚད་བྱེད་པར་སུ་ལའང་ལྟོས་མེད་གང་བྱུང་ཡིན་ན། སྐོར་བྱ་བ་དང་ཉེན་རྟོག་པ། ཁྲིམས་དང་ཁྲིམས་ཁང་ཞི་གཏུགས་སོགས་ཀྱི་དགོས་མེད་ཆགས་སྙམ།
གཞན་ལ་ཁ་གཏོང་བའི་མ་ཚད་སངས་རྒྱས་དང་ཨ་རི་སྲིད་འཛིན་སོགས་ལའང་སྐྱོན་བརྗོད་སྡིགས་ར་སྐུལ་ཆོག་གི་རེད་སྙམ། འོན་ཀྱང་མང་གཙོའི་འགྲོ་སྟངས་ཡོད་རེད།
ངོས་ཀྱི་བསམ་པར། ནང་ཆོས་དེ་དུས་རབས་ཉེར་གཅིག་ནང་ཕན་ཐོགས་ཆེན་པོ་ཡོད་པའི་གཅེས་ནོར་ལ་མང་པོས་ངོས་འཛིན་ཞུ་གི་ཡོད། མ་ཟད་ནང་ཆོས་ནས་གསུངས་པའི་དད་པ་དེ་རྒྱལ་བའི་བཀའ་ག་རེ་ཡིན་པ་དེ་ག་རང་མ་གཏོགས་བགྲོ་གླེང་དང་སྨྲ་བརྗོད་རང་དབང་ཁྱོན་ནས་མེད་ཅེས་གསུངས་འདུག་གམ། དེ་ཡང་དཔལ་ལྡན་ཟླ་བས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ཕྱི་རོལ་ཏུ་གྱུར་ན་ཞི་བའི་ཐབས་མེད་ཅེས་པ་དེ་བཙན་བཀའ་བཏང་བ་དེ་འདྲ་མིན་སྙམ། གང་ལགས་ན། དང་པོ་ང་ཞེས་གསུངས་ནས་སྡུག་བསྔལ་གྱི་རྩ་བ་བདག་འཛིན་ལ་ཐུག་པ་དང་། བསྟན་བཅོས་དཔྱད་པ་མང་པོ་གསུངས་པ་དེ་རྩོད་པ་ལ་ཆགས་པའི་ཕྱིར་མིན་པར་གསུངས་པ་སོགས་གུང་བསྒྲིགས་ན་གོ་རྒྱུ་ཧ་ལས་པ་ཡོད་སྙམ། འོན་བཙན་བཀའ་གནང་མིན་འདུག་ལ་སངས་རྒྱས་ཉིད་ནས་ཀྱང་ཞིབ་འཇུག་དགོས་འདུན་མཛད་པ་ལས་སྨྲ་བརྗོད་རང་དབང་ཁྱོན་ནས་བཀག་མེད་པས་མ་ཚད། འདིར་གལ་ཆེ་ཞིག་ལ། ཁ་གཏོང་མཁན་དང་སྡང་ཟུག་བྱེད་མཁན་ལའང་རང་དབང་གནང་བ་ལས་ཁྲིམས་གཅོད་དང་ཟུར་བཅད་མེད་པར་གཅིག་མཚུངས་སུ་ལྟ་ཚུལ་གཅིག་ཡོད།
སྨྲ་བརྗོད་རང་དབང་ཡོད་ཅེས་མི་མང་གི་འདོད་ཚུལ་སོགས་དང་མི་མཐུན་པར་དམར་པོའི་རིང་ལུགས་བཤད་རུང་འདོད་མོས་རེད། འོན་ཀྱང་དམར་པོའི་རིང་ལུགས་དེ་བོད་མི་མང་ལ་འཚམས་པོ་མེད་པ་གསལ་པོ་རེད། (གོ་ནོར་མ་ཐེབས་པར་ཞུ)གལ་ཏེ་མི་མང་དམར་པ་སོགས་ལམ་ཁ་གང་ནས་འགྲོ་རུང་རང་དབང་རེད། མི་མང་གིས་ཐག་གཅོད་ཀྱི་རེད་མ་གཏོགས་མི་གཅིག་གཉིས་ཀྱི་ལག་པར་མེད། ཅི་སྟེ་ངེས་མེད་བོད་མི་མང་ལ་ནང་ཆོས་ཀྱིས་དངོས་གནོད་ཚབས་དང་འགོག་རྐྱེན་ཆེན་པོ་ཞིག་ཡིན་ན་མི་མང་ལྐུགས་པ་མ་རེད་ལ་མང་མོས་ཐག་གས་གཅོད་ཆོག་གི་རེད། དེ་དུས་གནས་ཚུལ་ཁག་ཁག་རེད། དམངས་ཀྱི་འདོད་མོས་
སྒང་ནས་འགྲོ་དགོས། གཞན་ལ་སྨྲ་བརྗོད་རང་དབང་ཡོད་ཅེས་པ་གཞན་ལ་སྡུག་རེད་ངན་ཚད་བཤད་རྒྱུ་དེ་མིན་པ་ཤེས་གསལ་ལགས།
དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ལ་རྨོངས་དད་ཡོད་ཅེས་སྨྲ་བརྗོད་རང་དབང་རེད་དེ་ཡོད་མེད་གང་ཡིན་གསལ་པོ་ཤེས་དགོས་པ་དང་། སངས་རྒྱས་ཀྱི་གསུངས་པའི་ཆོས་དེ་རྨོངས་དད་མིན་ན་བོད་ཀྱི་ནང་ཆོས་དེ་རྨོངས་དད་ཇི་ལྟར་རེད། དེའི་རྗེས་འབྲངས་པ་འགའ་ཤས་ལ་རྨོངས་དད་བྱས་པ་ཙམ་གྱིས་ཆོས་དེ་རྨོངས་དད་རེད་ཅེས་ཐག་ཆོད་ཨེ་ཐུབ་སྙམ། གང་ལྟར་ནང་ཆོས་དེ་གཙོ་བོ་རིགས་པའི་ལམ་ནས་དཔྱད་པའི་དོན་ལ་ཆ་འཇོག་ཞུ་མཁན་གྱི་ཆོས་ཚུལ་ཞིག་རང་རེད་ཅེས་ཞུ་ཐུབ་ས་རེད། འོན་ཀྱང་ཨུ་ཚུགས་ཀྱིས་རྨོངས་དད་རང་རེད་ལབ་ན། དེ་དེ་བཞིན་རེད་ཅེས་རང་མོས་སྟེང་ནས་བཏང་སྙོམས་སུ་གནས་པ་ཡིན། གལ་ཆེན་པོ་དེ་འདྲ་ཡོད་ན་བསམ་ཚུལ་བརྗེ་ལེན་ཞུ་ཆོག་པ་ཞུ།
དུས་བབ་དྲ་རྒྱའི་ནང་།
ལོ་རྒྱུས་ནས་རང་བཙན་གསལ་བཤད་ཇི་ལྟར་བྱེད།
འདོན་སྤེལ། ༢༠༡༣/༠༥/༡༨
སེར་བྱེས་དགེ་བཤེས་མཁར་རྡོ་རིན་ཆེན།
་་་་་་་་་་་་ དོན་ངོ་མ་འཇམ་ནོར་ནས་རང་བཙན་གྱི་ཆེད་དུ་ལས་འགུལ་དང་བོད་མི་མང་ལ་ཕན་པའི་ལས་དོན་གང་ཞིག་སྒྲུབ་ཡོད་པ་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་རིགས་སོ།། རྒྱ་གཞུང་གིས་བཙན་བྱོལ་སྤྱི་ཚོགས་ནས་གཞུང་དང་སྒེར་བར་དཀྲུགས་བཤིག་དང་། ཆོས་བརྒྱུད་བར་དཀྲུགས་བཤིག ཆོལ་ཁའི་བར་དུ་དཀྲུགས་བཤིག་རྒྱག་དགོས་པའི་སྲིད་ཇུས་འཛིན་བཞིན་པའི་སྐབས་འདིར་སྲིད་ཇུས་དེ་དང་མཐུན་པའི་ལས་ཀ་བྱེད་མཁན་ང་ཚོའི་སྤྱི་ཚོགས་ནང་དོལ་རྒྱལ་ཚོགས་པ་ལས་མེད་ཅིང་། འཇམ་ནོར་ནས་ཉེ་ཆར་དོལ་རྒྱལ་བ་སེར་སྨད་སྒོ་སོག་བླ་བྲང་གི་བདེ་ཆེན་སྤྲུལ་སྐུ་དང་མཉམ་དུ་དཔུང་གདངས་གཅིག་ལ་སྦྲེལ་ནས་དཔར་རྒྱག་པ་དེས་འཇམ་ནོར་ཁོ་པ་ཇི་འདྲ་ཞིག་ཡིན་མིན་གསལ་པོར་བསྟན་པར་སྣང་ངོ་།།
༢༠༡༣ ཟླ་ ༥ ཚེས་ ༨ ལ།
ང་ཡིས་བལྟ་ཚིལ་ཡིན་ན། འཇམ་ནོར་གཙོ་བྱས་པའི་མི་སུ་ཞིག་ཡིན་རུང་། མི་ག་གེ་མོ་དེ་ཡི་སྐྱོན་དང་ཡོན་ཏན་གཉིས་དབྱེ་བ་ཕྱེ་ན་ཡག་པོ་འདུག དཔེར་ན། མི་དེ་ལ་ནོར་འཁྲུལ་ཞིག་ཤོར་ན་དེ་ལ་བཟང་ཆ་ཡོད་ཀྱང་ཐམས་ཅད་སྐྱོན་དུ་བཟུང་པ་དང་། མི་དེས་བཟང་ཞིག་བཟོས་ན་དེ་ལ་སྐྱོན་ཆ་ཡོད་ཀྱང་ཐམས་ཅད་ཡོན་ཏན་དུ་བཟུང་ན་མི་འགྲིག་པར་བསམ། དེ་ན་མི་སུ་ཞིག་ཡིན་ཡང་དེ་ཡི་སྐྱོན་ཡོན་གཉིས་སོ་སོར་ཕྱེ་ན་ལེགས་པར་གནང་།
དག་མཆན་མ་གནང་བ་ཅི་ཡིན།
བོད་རིགས་ནང་ཁུལ་ཁྲིག་པ་མ་རྒྱག་གོ གང་ཟག་རང་ཉིད་ལ་བསམ་བློ་མི་འདྲ་བ་རེ་ཡོད་པས། སུ་ཞིག་ལ་ཡང་ཐལ་དཀར་སྒག་པ་རྒྱག་གི་ཐོབས་ཐང་མེད། བཀའ་དྲིན་ཆེ།
འཇམ་ནོར་ནས་ཉེ་ཆར་དོལ་རྒྱལ་བ་སེར་སྨད་སྒོ་སོག་བླ་བྲང་གི་བདེ་ཆེན་སྤྲུལ་སྐུ་དང་མཉམ་དུ་དཔུང་གདངས་གཅིག་ལ་སྦྲེལ་ནས་དཔར་རྒྱག་པ་དེས་འཇམ་ནོར་ཁོ་པ་ཇི་འདྲ་ཞིག་ཡིན་མིན་གསལ་པོར་བསྟན་པར་སྣང་ངོ་།། ཟེར་འདི་བདེན་ནམ། ལགས།