བཞག་ལྡོམ་ལྗང་ལོ།
ཚོང་བ་ཆབ་སྲིད་ལམ་དུ་སྐྱོད་པ།
དང་པོ། སྤྱི་ལོ་༢༠༡༦ལོ་ལ་ཋམ་གྱིས་་ཨ་རི་བ་ཡང་བསྐྱར་རླབས་ཆེན་བྱེད་ཀྱི་ཡིན་ཞེས་དང་། ཨ་རི་བ་གཙོ་བོ་བྱེད་ཀྱི་ཡིན་ཞེས་བའི་རྩ་དོན་གཞིར་བཟུང་ནས་སྲིད་འཛིན་ལམ་དུ་སྐྱོད་ཡོད་ལ། སྲིད་འཛིན་བྱེད་བཞིན་པའི་སྐབས་ལའང་རྩ་དོན་དེ་མུ་ཐུད་ནས་བཟུང་ཡོད། རེད་དེ། ཞིབ་དུ་མ་བསམ་ན་རྩ་དོན་དེ་ནི་ཨ་རི་བ་ཡོངས་སུ་ཁྱབ་པ་ལྟ་བུ་ཡིན་ཡང་། དོན་དངོས་སུ་ཋམ་གྱི་ཨ་རི་བ་ཞེས་བའི་ཁ་དབྱངས་དེ་ནི། ཨ་རིའི་གཞུང་དུ་བཅའ་ཁྲལ་འབུལ་མཁན་ཡོད་ཚད་ལ་བཤད་ཀྱི་མེད། དེའི་ཕྱིར། ཋམ་གྱི་ལྟ་བ་ཤེས་བ་ལ་ཨ་རིའི་ལོ་རྒྱུས་ཅུང་ཙམ་ཤེས་དགོས་ལ། ཁོའི་ཉིན་རེ་བྱེད་ལས་དང་བསམ་བློ་གཏོང་ཕྱོགས་ཀྱང་གང་ཙམ་ཤེས་དགོས། གལ་སྲིད་དེ་དག་མ་ཤེས་བ་ཡིན་ན་ཁོའི་ཆབ་སྲིད་ཀྱི་ལྟ་གྲུབ་རྟོགས་དཀའ།
1. ལོ་རྒྱུས་ཕྱོགས་ནས་ཡོ་རོབ་གླེང་གི་མི་རྒྱུད་དཀར་པོ་ཨ་རིར་ཡོང་ནས། གནས་དེའི་གདོད་མིའི་མི་རིགས་ཀྱི་རིག་གཞུང་དང་། གོམས་གཤིས་རྩ་མེད་བཟོས་ཤིང་། མི་ནག་བ་བྲན་གཡོག་བྱེད་མཁན་ཚོའི་རྗེས་འཇུག་པ། རིགས་རྒྱུད་དཀར་པོའི་སྟོབས་ཤུགས་ཁོ་ནའི་ལྟ་བ་འཛིན་མཁན་ཚོ་ནི། ཋམ་གྱི་ཆབ་སྲད་ཀྱི་རྒྱབ་རྟེན་གཙོ་བོ་ཡིན།
2. ཋམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་ལྟ་བ་དང་། དེའི་དད་མོས་ཆེད་དུ། རིག་རུས་མི་གཅིག་པ་དང་དད་མོས་མི་གཅིག་པ། གོམས་གཤིས་མི་གཅིག་པའི་ཨ་རི་བ་ཚོ་ལ། ཋམ་གྱིས་ཕྱོགས་ཡོངས་ནས་བརྙས་བཅོས་དང་སྨ་འབེབས། ཁྱེད་ཚོ་གང་ནས་ཡོང་པ་དེར་ཕྱིར་སོང་སོགས་བཤད་དེ། ཨ་རི་བ་ནང་ཁུལ་དུ་འགལ་ཟླ་བཟོས་ཤིང་མི་འཆམ་པ་བྱེད་ཀྱི་ཡོད་ལ། དེ་དག་ནི་ཋམ་གྱི་ཡང་དག་པའི་ལྟ་བ་དང་དམིགས་ཡུལ་ཁོ་ན་ཡིན།
ཆབ་སྲིད་པས་ཁྲིམས་འགལ་བྱེད་པ།
གཉིས་པ། ནེའུ་ཡོག་དུས་བབས་གསར་ཁང་གི་ལོ་༢༠༡༨/༢/༢༣་ཉིན་ལ་བཀོད་པའི་གསར་འགྱུར་ནང་དུ་ཋམ་དང་ཨ་རུ་སུའི་བར་ངན་པ་ལག་འབྲེལ་བྱས་བའི་བསྐོར། ༢༠༡༩/༡/༢༥་ཉིན་ཁ་ཅེ་གསལ་བྱས་དེ་ཨ་རིའི་དམིགས་གསལ་ནག་ཉེས་ཞིབ་འཇུག་བ་རོབབྷམོལརRobert S.Mullerགྱིས་མི་༣༤ དང་ཚོང་ལས་ཁང་གསུམ་བཅས་སུ། ༢༠༡༦ལོའི་ཨ་རིའི་འོས་བསྡུ་དང་འབྲེལ་བའི་ཁྲིམས་འགལ་རྒྱ་ཙམ་བྱས་ཡོད་པའི་ནག་ཉེས་བཀོད་ཡོད་པ་དེ་དག་་ལས། ༡༢ ཨུ་རུ་སུའི་དམག་སྡེ་གསང་བའི་ལས་མི་དང་། ༡༣ ནི་ཨུ་རུ་སུའི་མི་སེར་ཡིན་པ་དང ། ཉེས་ཅན་པ་དྲུག་ནི་ཋམ་གྱི་གྲོགས་པོ་དང་། ཁོ་སྲིད་འཛིན་འགྲན་ཞུགས་སྐབས་རྒྱལ་སྲོང་དང་ཕྱི་འབྲེལ་སོགས་ཀྱི་སློབ་སྟོན་པ་དང་། གཅིག་ནི་ལུས་དང་གྲིབ་མ་བཞིན་ཋམ་དང་འགྲོགས་པའི་ཁོའི་ཁྲིམས་རྩོད་པ་ཡིན་འདུག
ཁོའི་སློབ་སྟོན་པ་གཙོ་བོ་གཉིས་དང་། ཁྲིམས་རྩོད་པ། ཕྱི་འབྲེལ་སློབ་སྟོན་པ། རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་བཅས་ཀྱིས་ཨུ་རུ་སུ་ལ་ངན་འབྲེལ་དང་། གཡོ་རྒྱུའི་ལམ་ནས་དངུལ་ཁང་ལས་སྒོར་མོ་བླངས་ཚུལ་དང་། དེ་དག་མ་ཡིན་པའི་ཨ་རིའི་འོས་བསྡུའི་ཁྲིམས་ལུགས་དང་འགལ་པ་སོགས་བྱས་ཡོད་པ་ངོས་ལེན་བྱས་དེ་ཁྲིམས་ཆད་དང་ལེན་བྱ་དགོས་བྱུང་འདུག། དེའི་བསྐོར་རྒྱས་བ་ཤེས་འདོད་ན་དྲ་ཚིགས་འདོ་ལ་ལྟོས: https://www.nytimes.com/2018/02/23/us/politics/mueller-investigation-charges.html
གཞན་པ་REUTERS གསར་ཁང་གིས་ཋམ་དང་འབྲེལ་བ་ཡོད་པའི་མི་རྒྱད་ཀྱིས་ཁྲིམས་འགལ་བྱས་ཡོད་པ་ཟེར་བ་ཤེས་འདོད་ན་དྲ་ཚིགས་འདི་རེད། : https://www.reuters.com/article/us-usa-trump-bannon-associates-factbox/factbox-here-are-eight-trump-associates-arrested-or-convicted-of-crimes-idUSKBN25G1YU
ཇོག་ཚོགས་ཁྲིམས་ལ་ཐུག་ན་ཇོག་དཔོན་ལ་ཉེས་པ་ཕོག་གམ།
དང་པོ། ཨ་རའི་འོས་བསྡུའི་རྩ་ཁྲིམས་དང་འགལ་བ་ནི་སྲིད་འཛིན་ཋམ་གྱིས་༢༠༡༦ ལོར་སྲིད་འཛིན་འགྲན་བསྡུར་སྐབས། རང་གི་སྤྱོད་ངན་མི་དམངས་ལ་མི་ཤེས་ཆེད་ཆགས་སྤྱོད་བརྙན་འཕྲིན་གར་མ་stormy Daniels དང་ Karen McDougal ཟུང་ལ་ལྐོག་ནས་དངུལ་སྤྲད་པ་དེ་རེད། དེའི་བསྐོར་ཤེས་འདོད་ན་དྲ་ཚིགས་འདི་རེད། ., https://www.washingtonpost.com/politibroke-campaign-finance-laws/cs/2018/12/14/evidence-that-trump-
https://www.wsj.com/articles/donald-trump-played-central-role-in-hush-payoffs-to-stormy-daniels-and-karen-mcdougal-1541786601
གཉིས་པ། ཋམ་རང་ཉིད་ཨུ་རུ་སུ་དང་ངན་པ་ལག་འབྲེལ་མི་ཤེས་ཆེད་ཨ་རིའི་ཆེས་མཐོ་FBI གསང་བའི་ཉེས་རྟོགས་ལས་ཁུང་གི་འགན་འཛིན James Comey་ལས་སྣེས་ནས་ཕུད་དེ་བདེན་པ་འགོག་ཐབས་ཀྱིས་ཁྲིམས་འགལ་བྱེད་པ། དེའིབསྐོར་ཤེས་འདོད་ན་དྲ་ཚིགས་འདི་རེད་ https://www.brookings.edu/blog/fixgov/2017/10/10/did-president-trump-obstruct-justice/
གསུམ་པ། ཋམ་དང་ཁོའི་ཕོ་བྲང་དཀར་པོས་ཋམ་ལ་ཆབ་སྲིད་ཀྱི་ཁེས་ཕན་ཐོབ་ཆེད་་Ukraine ལ་དཔལ་འབྱོར་རོགས་སྐྱོར་བཀག་དེ་ཁྲིམས་འགལ་བྱས་པ། དེའི་བསྐོར་ཤེས་འདོ་ན་དྲ་ཚིགས་འདི་རེད།: https://www.npr.org/2019/12/06/785349739/why-the-trump-decision-to-delay-aid-to-ukraine-is-under-scrutiny
བཞི་བ། ཋམ་གྱིས་ཁོ་ཨུ་རུ་སུ་དང་ངན་པ་ལག་འབྲེལ་བྱས་བའི་བསྐོར་ཨ་རིའི་དམིགས་གསལ་ནག་ཉེས་ཞིབ་འཇུག་པ་Mueller་གྱིས་ལོ་ངོ་གཉིས་ལྷག་ལ་ཞིབ་འཇུག་བྱས་ཀྱང་ནག་ཉེས་མ་རྙེད་པས་ང་རང་དཀར་པོ་ཡིན་བཤད་ཀྱང། Mueller་གྱིས་ “གལ་སྲིད་ཋམ་གྱིས་ཁྲིམས་འགལ་བྱས་མེད་ན་ངས་ཁོ་ལ་ནག་ཉེས་མི་འདུག་ཅེས་བཤད་ཀྱི་རེད་དང་།་” ཡང་ཁོས་”གལ་སྲིད་ཋམ་སྲིད་འཛིན་མིན་ན་ཁྲིམས་ཁང་ལ་ཁྲིད་སྲིད་ཀྱི་རེད་”ཟེར་བ་ལྟས་ན་ཋམ་ཨུ་རུ་སུ་དང་ངན་འབྲེལ་བྱས་ཡོད་པ་གསལ་བོ་རྟོགས་ཐུབ། ཡིན་ཡང་། ཨ་རིའི་ཉེས་རྟོགས་ཁང་ངམ་ཁྲིམས་ཁང་གི་འགྲོ་ལུགས་ལྟར་ན་ལས་འགན་ཁུར་བཞིན་པའི་སྲིད་འཛིན་ཀྱིས་ཁྲིམས་འགལ་བྱས་ཀྱང་ཁྲིམས་ཁང་ལ་ཁྲིད་ཀྱི་མེད་པ་རེད། ་དེའི་ཕྱིར། ཋམ་ལ་སྲིད་འཛིན་ཡིན་པའི་སྐབས་རླུང་རྟ་ཡག་པོ་རེད། གལ་སྲིད་Mueller གྱི་ཞིབ་འཇུག་སྙན་ཞུ་ཤེས་འདོན་ན་དྲ་ཚིགས་འདི་རེད། : https://www.justice.gov/storage/report.pdf
གཞན་པ་༢༠༢༠/༨/༡༨ ཨ་རིའི་ཁྲིམས་འཛིན་་ལྷན་ཁང་གིས་ཋམ་དང་ཨུ་རུ་སུ་བར་ངན་འབྲེལ་དངོས་སུ་བྱས་ཡོད་པ་Mueller ལས་ཀྱང་ཁ་གསལ་སྙན་ཞུ་དེ་ཤེས་འདོད་ན་དྲ་ཚིགས་འདི་རེད། https://www.intelligence.senate.gov/sites/default/files/documents/
ཨ་རིའི་ནང་བསྡོད་བོད་མི་མང་ཆེ་བ་བོད་ཡིག་མཐོང་ཆུང་བྱེད། དབྱིན་ཡིག་ཁུངས་མི་ཁྱོལ། གནས་དོན་གཅིག་གཉིས་ཡིད་ཆེས་ནས་ཏྲོམ་ལ་རྒྱབ་སྐྱོར་ཡོད་སྐོར་ཤུགས་ཆེ་བཤད་ཀྱི་འདུག་པ་དེར་མིག་འབྱེད་ཡག་ཡག་པོ་འདུག།
ཊོ་རོམ་ཐོབ་དུས། ཁོང་ལ་རྒྱབ་སྐྱོར་བྱས་ནས། བོད་མི་རང་སྒེར་གྱི་དོན་དང་། བོད་སྤྱི་དོན་ལ་རྒྱབ་གཉེར་འཚོལ་དགོས་རེད། ཊོ་རོམ་གྱ། མི་གཤིས་ཡག་མིན་དང་། ཁོང་མི་དྲང་ལོས་ཡོད་མེད་དེ། ང་ཚོ་བོརིགས་ཚོར་བྱུས་གཏོགས་དེ་ཙམ་ཡོད་མ་རེད།
ཊོ་རོམ་གྱིས། བྱང་ཀོ་རི་ཡ་དང་། རྒྱ་ནག་ལ་མངས་གཙོ་དང་། ཞི་བདེའི་དྲང་བདེན་ལ། འགྲོ་སའི་ལམ་སྟོན་དང་། གོ་སྐབས་སྤྲད་ཟིནད་པ་རེད། ད་ཨ་རི་དང་ཛ འཛམ་གླིང་ཡོངས་ཀྱི་ཁ་ལ་མ་ཉན་ན། དམག་གིས་གདོང་ཐུག་གིས་བཅོམ་རྒྱུ་ལས་ལྷག་ཡོད་མ་རེད་དོ།།
ར་ས་ལགས་། དངོས་ཡོད་གནས་ཚུལ་ཤེས་བར་དོན་སྣང་བྱས་བ་ལ་དགའ་བསུ་ཡོད་།
རྩོམ་པ་པོས་ཞིབ་འཇུག་དང་ཊམ་གྱི་ལོ་རྒྱུས་སོགས་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་ཐོག་ནས་རྩོམ་ཡག་མོ་ཞིག་བྲིས་འདུག ཊམ་ཁོ་རང་གི་བཟའ་ཟླ་ཡང་ཕྱི་མི་གཞིས་སྤོས་གྲལ་རེད། ཡིན་ནའང་ཁོས་ཕྱི་མི་གཞིས་སྤོས་ཚོོར་སྡང་ཟུག་བྱེད་ཀྱི་རེད། མ་གཞི་ནས་ཨ་རིའི་མི་རིགས་དཀར་པོ་ཚང་མ་བཙན་འཛུལ་བ་དང་ཕྱི་མི་གཞིས་སྤོས་རྐྱང་རེད། ཁོང་ཚོ་ཡུ་རོབ་དང་དབྱིན་སོགས་ནས་སླེབས་ནས། ཨ་རིའི་གདོད་་མའི་མི་རིགས་རྣམས་རྩ་མེད་བཟོས་ནས། ཁོང་ཚོས་བཙན་བཟུང་བྱས་ནས་བསྡད་ཡོད་རེད།
ར་ས་ཕོ་ཉ་ལགས། ཁྱི་ངན་ཀུ་ཅོ་འདོན་པ་ལ། རྒྱུ་མཚན་མེད་པར་གཞན་དག་རྒྱུག ཅེས་པ་ཐོས་མྱོང་ངམ། ཁྱེད་རང་ཨ་རིར་གནས་སྡོད་ཅིག་ཡིན་ན་ཨ་རིའི་གནས་སྟངས་ལ་རྒྱུས་མངའ་ཅུང་ཟད་ཅིག་ཀྱང་མི་འདུག སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱི་ཕན་ཚུན་གྱི་སྐྱོན་ཆ་འཚོལ་རེས་བྱེད་ཀྱི་ཡོད་པ་རེད། གལ་ཏེ་སྲིད་འཛིན་ཁྲོ་ཕུར་ལ་སྐྱོན་ཆ་དེ་དག་ལྡན་ཚེ་དམངས་གཙོ་ཚོགས་པས་བཏང་སྙོམས་སུ་འཇོག་མི་སྲིད་པ་རེད། སྐྱོན་ཚ་དེ་དག་དངོས་ཡོད་མ་ཡིན་པའི་སྟོབས་ཀྱིས་ཁོང་སྲིད་སྟེགས་ནས་ཕུད་མ་ཐུབ་པ་རེད། སྤྱིར་སྲིད་འཛིན་ཁྲོ་ཕུར་ནི་གཞན་དང་བསྡུར་ན་གཏུམ་དྲག་དང་། ཁ་རུ་ཁ་ཐུག ང་རྒྱལ་ཆེན་པོ། གཏམ་བཤད་སོགས་ལ་མཁས་པ་མ་རེད། གཞན་གྱིས་གང་བཤད་པ་དེར་ཆ་འཇོག་མ་བྱེད། གང་བཤད་པ་དེར་སོ་སོས་རྣམ་དཔྱོད་བེད་སྤྱོད་གཏོང་དགོས་རེད། ཁྱེད་ཀྱིས་ལྟོས་དང་སྲིད་འཛིན་ཕྲོ་ཕུར་བསྐྱར་དུ་སྲིད་འཛིན་ལ་ཐོབ་ངེས་རེད། དེ་དུས་ཁྱེད་ཀྱིས་རང་ཉིད་ནོར་ཡོད་པ་རྟོགས་ཐུབ། །
གསལ་བཤད་། ངས་བཤད་པ་ནི་མང་གཙོ་ཚོགས་པའམ་། ཡང་ན་སྤྱི་མཐུན་ཚོགས་པའི་ངོས་ནས་བཤད་ཀྱི་མེད་། ཡིན་ཡང་Tump ནི་གང་ཟག་སྒེར་བ་མིན་པར་ཨ་རིའི་ཚབ་མཚོན་ཡིན་པས་ཁོས་གང་བཤད་དང་ཅི་བྱེད་ཨ་རིའི་ཆེད་དུ་ཡིན་དགོས་བ་ལས་ཁོའི་སྒེར་ཕན་ཆེད་བྱས་ན་མི་འགྲིག་པའི་། ངས་བསམ་བློ་རྣམ་དག་གིས་ཁུང་ལུངས་ཡོད་པའི་དྲ་ཚིགས་དང་ཞིབ་འཇིག་སྙན་ཞུ་བཅས་བཀོད་ཡོད་། གཞན་Tump ༢༠༡༦ ལོར་མི་མང་གི་ངོས་ནས་རྒྱལ་མེད་ལ་ད་ལོ་ཡང་མི་མང་གི་ངོས་རྒྱལ་ཁ་ཐོབ་ཀྱི་མ་རེད་། རྒྱུ་མཚན་ནི། སྤྱི་མཐུན་ཚོགས་པ་མང་པོ་ཞིག་ཁོས་ཉིན་རེ་བཤད་སྟངས་དང་བྱས་སྟངས་ལ་ཞེན་པ་ལོག་ནས་ཡོད་།
https://www.justice.gov/storage/report.pdf
https://www.intelligence.senate.gov/sites/default/files/documents/report_volume5.pdf
རིག་བྱུད་ལགས་འདི་གཉིའ་ལ་ལྟོས་དང་། སྙན་ཞུ་དེ་དག་ནི་ཆབ་སྲིས་ཚོགས་པ་གཉིས་ཀྱི་ཁུངས་གང་ཡང་མིན་།
བཞག་སྡོམ་ལགས། ཁྱོད་ཅི་འདྲའི་ལྐུག་རྟགས་ལ། སྤྱི་ཟླ་བཅུ་གཅིག་གི་རྗེས་སུ་ཡིན་ད། ང་སྡོད་གནས་མངའ་སྡེ་འདིར་ད་ལྟའི་སྲིད་འཛིན་ལ་དགའ་མཁན་ཅང་ཡོད་པ་མ་རེད། ལྷག་པར་དུ་ང་སྡོད་སའི་གྲོང་ཁྱེར་ནང་ན་བརྒྱ་ཆའི་གོ་དགུ་ཁོང་ལ་དགའ་ཡི་མ་རེད། རྒྱུ་མཚན་ཅི་ཞིག་རེད། སོ་སོས་རྣམ་དཔྱོད་བེད་སྤྱོད་མ་བཏང་བར་ཕན་ཚུན་གྱིས་ཤུགས་རྐྱེན་ཐེབས་པ་རེད། ང་ལ་མཚོན་ན་ངེད་ཀྱི་རྣམ་དཔྱོད་བེད་སྤྱོད་གཏོང་གི་ཡོད། མི་འབོར་མང་ཤོས་ཀྱང་ངའི་མངའ་སྡེ་འདི་རེད། ཁྱོན་སྡོམ་འོས་ཤོག་༥༥་ཡོད་པ་རེད། མངའ་སྡེ་གཞན་ལ་འདི་འདྲའི་མང་པོ་ཡོད་པ་མ་རེད། ཁོང་ལ་ཐོབ་མིན་མངའ་སྡེ་ཚོའི་འོས་ཤོག་གི་གྲངས་ཀ་རྩིས་པ་ལས་མི་གྲངས་རྩིས་ཀྱི་ཡོད་པ་མ་རེད། །There are a total of 538 electoral votes all states, 55 CA so.
འདི་ནི་The Electoral College ཨ་རིའི་རྩ་ཁྲིམས་ནང་གི་ནོར་ཁྲུལ་ཆེས་ཤོས་དེ་ཡིན་། རྒྱུ་མཚན་ནི་མི་དམངས་མང་བ་གཙོ་བ་ལས་ཉུང་བ་གཙོ་བོ་བྱས་ཡོད་། ཡིན་ན་ཡང་། དེ་རིང་འོས་བསྡུ་ནི་སྲིད་འཛིན་གཅིག་པོ་བྱེད་ཀྱི་མེད་། གལ་སྲིད་སྤྱི་མཐུན་ཚོགས་པ་གང་མང་ཞིག་གི་རྐུབ་བཀྱག་ཨ་རིའི་གྲོས་ཚོགས་གོང་འོག་ནས་ཤོར་ན་ཋམ་ལ་སྲིད་འཛིན་ཀྱི་གོ་སྐནས་་ཐོབ་ཀི་མ་རེད་།
རྒྱུ་མཚན་ནི་སྤྱི་མཐུན་ཚོགས་པ་མང་སའི་མངའ་སྡེ་ནས་སྤྱི་མཐུན་ཚོགས་པའི་རྐུ་བབཀྱག་ཤོར་ན་Tump ནི་བཤད་མ་དགོས་།
དེ་ཁྱེད་ཀྱིས་བསམ་བློ་འཁྱེར་སོ་ཙམ་རེད། གལ་ཏེ་དེ་གཅིག་བུའི་ནོར་འཁྲུལ་ཡིན་ན། ཨོ་བྷ་མ་དང་ཁུ་ལིན་དྲན་གཉིས་ཅི་ཕྱིར་ཐོབ་པ་རེད། འོས་ཤོག་རྩིས་སྟངས་གསར་པ་གང་ཡང་མ་རེད། དེ་སྔོན་ནས་ཡོད་པ་རེད། རེས་མོས་ཀྱི་ཚོགས་པ་གཉིས་ཀ་ཐོབ་ཀི་ཡོད་པ་རེད། དེའི་ཕྱིར་འོས་ཤོག་རྩིས་སྟངས་ལ་ནོར་འཁྲུལ་མེད་པ་གསལ་པོ་རེད། གནས་འགག་དངོས་ནི། མི་མང་སྲིད་འཛིན་ལ་ཐང་ཆད་ན་དེ་ནས་མི་མང་གི་ཁ་ཕྱོགས་ལ་འགྱུར་བ་འགྲོ་ཀི་ཡོད་འདུག མི་མང་ད་ལྟའི་སྲིད་འཛིན་ལ་ཅི་ཙམ་ཐང་ཆད་ཡོད་མེད་སྤྱི་ཟླ་བཅུ་གཅིག་པ་ནས་ཤེས་ཀྱི་རེད། དེ་ཙམ་ཡིན། །
རང་རིག་ལགས་ཁྱེད་རང་ཨ་རི་ལ་སླེབས་ཟིན་མི་སེར་གྱི་ཐོབ་ཐང་ཡང་ཐོབ་ཟིན་ཡིན་ས་རེད། རྒྱུ་མཚན་དེ་བརྟེན་ནས་ཕྱི་མི་གཞིས་སྤོས་ལ་དགྲ་འཛིན་བྱེད་མཁན། མི་རིགས་དབྱེ་འབྱེད་ཀྱི་མཆོག་དམན་བཟུང་མཁན་གྱི་ལྟ་བ་ཐལ་ཆེར་འཛིན་མཁན་ཊམ་ལ་དགའ་སྣང་དང་རྒྱབ་སྐྱོར་བསྟོད་ར་བྱེད་སྟངས་ལས་ཤེས་སོང། ཊམ་ཐོབ་མིན་བལྟ་རྒྱུ་རེད། ཡིན་ནའང་ཁོས་གཡོ་འཕྲུལ་འདྲ་མིན་ཁྲབ་ཀྱི་ཡོད་རེད། དང་པོ་ནད་རིམ་གྱིས་རྐྱེན་པས་འོས་དུས་ཐོག་ཏུ་མི་བླུག་རྒྱུའི་བསམ་འཆར་བཤད་པར་མི་ཚོས་ངོ་རྒོལ་བྱས་ནས་ལམ་ལྷོང་མ་བྱུང་བ་རེད། གཉིས་པ་འོས་ཡིག་བསྐྱེལ་བརྒྱུད་ནས་བླུག་རྒྱུ་བྱས་དུས། ཁོས་ཨ་རིའི་་ཡིག་ཟམ་གྱི་དབུ་འཛིན་ལ་འཕོ་འགྱུར་བཏང་ནས་ཡིག་ཟམ་གྱི་འགྲོ་ལུགས་སོགས་ལ་བཟོ་བཅོས་བྱེད་རྩིས་བྱས་པ་རེད། ད་དུང་གང་ཤེས། ག་རེ་བྱེད་རྩིས་ཡོད་མེད།
བན་དེ་བས་བཤད་པ་བདེན་པ་ཡིན་པས་རྒྱབ་སྐྱོར་ཡོད་། Trump་གྱི་མི་ཚེའི་ནང་གཡོ་རྒྱུ་ཁོ་ན་བྱས་ནས་བསྡད་ཡོད་། མི་བདེན་འདོན་ནི་ཡོད་ན་། བསམ་པ་དྲང་བོས་སྒོ་ནས་ཁོའི་ཕ་རྒན་ནས་Trump གྱི་དེ་རིང་བར་ཞིབ་གཅོད་ཡག་པ་བྱས་དང་ཁོས་གཡོ་རྒྱུ་མ་བྱས་བའི་ལས་ཞིག་ཧ་ཅང་རྙེད་དཀའ་། ད་དུང་ཁོ་སྒེར་ལ་་ཕན་པ་མེད་པའི་ཨ་རིའི་ཁྲིམས་ལུགས་ལ་ཁོས་ནམ་ཡང་གུས་ཞབས་བྱེད་ཀྱི་མེད་། དེའི་ཕྱིར་། ཁོ་ལ་ཡང་སྐྱར་སྲིད་འཛིན་ཀྱི་གོ་སྐབས་ཐོབ་ན་ཁྲིམས་ཀྱིས་བསྐྱངས་བའི་མང་གཙོ་རྒྱལ་ཁམ་ཚོ་ལ་ཆག་སྒོ་བྱུང་བ་ཡིན་ལ་། དེ་ལ་བརྟེན་ནས་བཙན་འཛུལ་དང་གཉའ་གནོན་འོག་ན་ཡོད་པའི་མི་རིགས་ཚོ་ལ་དེ་བས་དཀའ་ངལ་མྱོང་གི་རེད་།