བཞག་ལྡོམ་ལྗང་ལོ་།
ཋམ་གྱིས་བོད་དོན་རྒྱབ་སྐྱོར་ཅི་ཙམ་བྱས་ཡོད་དམ་།
འུ་ཚོ་དེ་འགྲོ་བ་མི་བྱུང་རྗེས་རིག་གནས་གསར་བསྐྲུན་བྱས་ཞིང་། རིག་གནས་དེས་ཚུར་འགྲོ་བ་མིར་ཞབས་འདེགས་བྱེད་ཀྱིན་ཡོད་པ་རེད་། རིག་གནས་དེའང་འཁོར་ཡུག་དང་གཏུན་པའི་མི་རིགས་རེ་ལ་རང་གི་རིག་གནས་རེ་ཡོད་ལ་། རིག་གནས་དེས་མི་རིགས་རང་གི་བསམ་བློ་གཏོང་ཕྱོགས་དང་ཀུན་སྤྱོད་ཁུར་སྟངས་སོགས་སུ་བག་ཆགས་ཟམ་མོ་བཞག་ཡོད་པ་རེད་། དེའི་ཕྱིར་། སྒང་བ་བོད་པ་ཚང་གིས་ལྟ་བ་རྟེན་འབྱུང་དང་། ལས་འབྲས་ཁས་ལེན་པ་དང་། ངོ་ཚ་ཁྲེལ་གཞུང་ཡོད་པ་། ད་དུང་མ་གྱུར་སེམས་ཐམས་ཅད་ཅེས་སྨོན་ལམ་འདེབས་ཀྱི་ཡོད་པ་རེད་། དེ་ལྟ་བུ་རིག་གནས་ལྡན་པའི་བོད་པ་གང་མང་ཞིག་གིས་། རང་གི་མི་ཚེའི་རིན་ཐང་དང་སྤྱི་ཚོགས་མཛེས་འཛིན་ལྟ་ཚུལ་བཅས་སུ་མི་མཐུན་ཞིང་། མི་ལ་དཀའ་ངལ་ཡོད་དུས་དེ་བས་བརྙས་བཅོས་བྱེད་པ་། སྤྱི་ཚོགས་སུ་མི་མཐུན་པ་ཡོད་དུས་དེ་བས་དཀྲུག་ཤིང་བྱེད་པ་། རིགས་རུས་དང་ཤ་མདོག་རྒྱུ་མཚན་བྱས་ནས་མི་རིགས་དབྱེ་འབྱེད་བྱེད་མཁན་Tump་ཋམ་གྱི་བྱེད་ལས་ལ་བསྟོད་པ་དང་ཁོ་ལ་དགའ་མོས་བྱས་ན་། འུ་ཚོས་རྒྱུན་དུ་ང་ཚོ་དྲང་བདེན་ལ་དགའ་བ་དང་ཉམ་ཆུང་ཡིན་པ་། རྒྱ་ནག་གིས་ང་ཚོར་ཐུབ་ཚོད་བྱས་སོང་བས་རོགས་སྐྱོར་གནང་རོགས་སོགས་འཛམ་གླིང་ལ་བཤད་པ་ངོ་ཅུང་མི་ཚའམ་།
བདེན་ཏེ་། སྤྱི་ཚོགས་ནི་ལྟ་བ་སྣ་མང་དང་བསམ་བློ་སྣ་མང་རེད་། ཡིན་ཡང་བོད་མི་རེ་རེའི་ཤེས་ཡོན་གྱི་གནས་ཚད་དང་། མཐུན་རྐྱེན་དང་། འཁོར་ཡུག་། ཁ་ཤས་ཀྱིས་དབྱིན་སྐད་གང་ཙམ་ཤེས་ཀྱང་དབྱིན་ཡིན་ཀློག་ཚད་སྐྱོ་བ་། རེ་འགས་ཋམ་གྱི་Twitter དང་། ཁོའི་རྒྱབ་སྐྱོར་བ་ཁོ་ནའི་བཤད་རྒྱུན་ལ་ཉན་ཏེ་སེམས་ཚོར་གཙོ་བོ་འཛིན་པ་ལས་བདེན་མིན་རྟོག་དཔྱོད་མི་བྱེད་པ་། ད་དུང་གང་མང་ཞིག་ཆབ་སྲིད་ལ་དགའ་ཡང་དེའི་བསྐོར་ལ་དོན་སྣང་མེད་པའམ་། གཞན་ཟེར་གྱི་རྗེས་སུ་འབྲང་བ་སོགས་ལ་བརྟེན་དེ་ཋམ་Trump སུ་ཡིན་ཡང་དག་པ་ཤེས་ཀྱི་མེད་། དེའི་ཕྱིར་། ངས་འདི་ནས་ཨ་རི་དང་བོད་ཀྱི་འབྲེལ་བའི་རྒྱུད་རིམ་ཁྲོད་ནས་ཋམ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་རམ་། བྱ་བ་ཅི་ཞིག་བྱས་ཡོད་མེད་བསྐོར་རགས་ཙམ་ཁ་བརྡ་བྱ་།
དང་པོ་། ཨ་རིའི་དེང་རབས་ལོ་རྒྱུས་ནས་བཤད་ན་། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་ནང་ན་ཡོད་ལ་། མང་ཆེ་བས་དབུ་མའི་ལམ་ལ་བྱེད་ཀྱི་ཡོད་། ལྷག་པར་ཨ་རིའི་སྲིད་འཛིན་ George H.W. Bush ༡༩༩༡/༤/༡༦/ ཉིན་ཕོ་བྲང་དཀར་པོ་ནས་༧གོང་ས་མཆོག་དང་ལྷན་དུ་མཇལ་རྗེས་། ཨ་རིའི་སྲིད་འཛིན་རྗེས་མ་ཚོ་༧གོང་ས་མཆོག་དང་མཇལ་བ་ནི་གོམས་གཤེས་ལྟ་བུ་གྱུར་ཡོད་ལ་། རེ་འགས་ཕོ་བྲང་དཀར་པོའི་ལས་བྱེད་ཚོ་རྡ་རམ་ས་ལའང་བཏང་ཡོད་། དེ་བས་གལ་ཆེ་བ་ནི་ཁོང་ཚོ་རྒྱའི་སྲིད་འཛིན་དང་རྒྱ་གཞུང་གི་ཆེ་མཐོའི་མི་སྣ་ལ་ཐུག་འཕྲད་སྐབས་། ཡོངས་གྲགས་ཀྱིས་༧གོང་ས་མཆོག་ནི་འཛམ་གླིང་ན་བསྐུར་འོས་བའི་ཞི་བདེའི་མི་སྣ་ཞིག་ཡིན་པ་དང་། ཁོང་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་བར་ཞི་གྲོས་བྱ་དགོས་ཚུལ་གསུང་གི་ཡོད་། བོད་ཀྱི་ཆབ་སྲིད་ཀྱི་ཕྱོགས་ནས་བཤད་ན་། དེ་ལྟ་བའི་མི་སྣ་གལ་ཆེན་དག་། ༧གོང་ས་མཆོག་དང་བོད་གཞུང་གི་གལ་ཆེན་ལས་བྱེད་ཚོར་ཐུག་རྒྱུ་ནི་ཧ་ཅང་གལ་ཆེན་རེད་།
གཉིས་པ་། ཋམ་གྱི་སྲིད་འཛིན་ལམ་ལུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཅི་ཙམ་བྱས་ཡོད་དམ་ཞེས་དྲིས་བའི་ལན་། ང་ལ་མཚོན་ན་ཧ་ཅང་ཉུང་ཉུང་རེད་། རྒྱུ་མཚན་ནི་ཐམ་༧གོང་ས་མཆོག་དང་མཇལ་འཕྲད་མ་དགོས་། ཁོས་ནམ་ཡང་བོད་དོན་བཤད་ཀྱི་མེད་ལ་། དེའི་བསྐོར་བཤད་པའི་འདོད་པའང་མེད་། ཁོའི་སྲིད་འཛིན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་ཀྱིས་སྐབས་རེ་ཆོས་ལུགས་དང་འབྲེལ་ཏེ་བོད་པའི་བསྐོར་ཅུང་ཙམ་རེ་བཤད་ཀྱི་ཡོད་ཀྱང་། དེ་དག་ནི་མཆེ་སྡེར་མེད་པའི་སྟག་ལྟ་བུ་ལས་ནུས་བ་གང་ཡང་མེད་། རྒྱུ་མཚན་ནི་། ཋམ་གྱི་འདོད་པ་དང་དེ་ཟུང་གི་ལྟ་བ་མང་ཆེ་བ་ནི་འགལ་བ་ཡིན་པས་། ཋམ་གྱིས་ནམ་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་རེད་། དཔེར་ན་། ཋམ་གྱི་རྒྱལ་སྲུང་བློན་ཆེན་ John Bolton གྱི་དེབ་ཀྱི་ནང་དུ་། ཨ་རིའི་ཉམ་འབྲེལ་རྒྱལ་ཚོགས་སྐུ་ཚབ་ Nikki Haley ༧གོང་ས་མཆོག་ལ་མཇལ་འདོད་ཡོད་ཀྱང་། ཋམ་ཀྱིས་རྒྱ་ནག་ཁོང་ཁྲོ་མི་བླངས་བའི་ཆེད་ཐུག་ཕྲད་མ་འཇུག་པའི་བསྐོར་བཤད་པ་། ཕ་ཡུལ་དང་བོད་ཀྱི་ཉི་མ་དྲ་ཚིགས་ནང་ན་ཡག་པོ་བྲིས་འདུག་པའི་གལ་སྲིད་དེའི་བསྐོར་ཤེས་འདོན་ན་དྲ་ཚིགས་འདི་རེད་།
http://www.phayul.com/2020/06/25/43766/ བོད་ཀྱི་ཉི་མ་དྲ་ཚིགས་། https://www.tibetsun.com/news/2020/06/25/trump-blocked-former-top-aide-from-meeting-dalai-lama-bolton-claims
ད་དུང་། ཨ་རིའི་གཞུང་གིས་༢༠༠༢ ལ་བོད་ཀྱི་ཆེད་དུ་བཟོས་བའི་ཁྲིམས་Tibetan Policy Act ནང་བོད་ཀྱི་ཆོས་ལུགས་སོགས་ཀྱི་གནད་དོན་ཆེད་དམིགས་གསལ་སྐུ་ཚབ་ངེས་བར་དགོས་པ་བཟོས་ཡོད་ཀྱང་། ཋམ་སྲིད་གཞུང་གིས་༢༠༡༧/༡/༢༠་ཉིན་དེ་མེད་པ་བཟོས་འདུག་པ་བརྟེན་། ཨ་རིའི་རྒྱལ་སྤྱི་ཆོས་ལུགས་རང་དབང་ཚོགས་པའི་༢༠༢༠/༥/༡༢ ཉིན་ཀྱི་སྙན་ཞུ་ནང་དུ་ཋམ་གྱི་སྲིད་གཞུང་གིས་ངེས་པར་བོད་ཀྱི་ཆེད་སྐུ་ཚབ་གསར་བ་བཀོད་དགོས་ཚུལ་བརྗོད་འདུག་། དེའི་བསྐོར་ཤེས་འདོད་ན་དྲ་ཚིགས་འདི་རེད་། https://www.uscirf.gov/news-room/press-releases-statements/uscirf-reiterates-call-appointment-special-coordinator-tibetan
གཞན་ཨ་རིའི་གཞུང་ཞབས་པ་དང་། ཨ་རིའི་བོད་པ་ཚུད་པའི་ཨ་རི་བ་ཚོ་བོད་ཡུལ་དུ་འགྲོ་བར་ཆོག་ཆེན་མི་སྤྲད་མཁན་རྒྱའི་ལས་བྱེད་པའི་མིང་སོགས་ཀྱི་སྙན་ཞུ་ཋམ་སྲིད་གཞུང་གིས་ཨ་རའི་ཁྲིམས་བཟོ་ལྷན་ཚོགས་ལ་འབུལ་དགོས་ཀྱང་། ཁོང་ཚོས་སྙན་ཞུ་ཕྱིར་འགྱངས་བྱེད་བཞིན་ཡོད་པའི་བསྐོར་། ཧོང་གོང་གི་རྒྱའི་ལྷོ་ཕྱོགས་དྲ་ཚིགས་སུ་འདུག་པས་ཤེས་འདོད་ན་འདི་རེད་། https://www.scmp.com/news/china/diplomacy/article/3046650/us-state-department-report-tibet-month-overdue-congressional
ཋམ་གྱིས་ཨ་རིའི་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་སྐད་ཡིག་འདྲ་མིན་ལམ་གྱི་བརྙན་འཕྲིན་དང་རླུང་འཕྲིན་ཁང་གི་འགྲོ་སོང་ཉུང་ནས་ཉུང་དུ་བཏང་ཡོད་ལ་། དེའི་ནང་དུ་ VOA དང Radio Free Asia་ཚུད་ཡོད་པས་བོད་ལ་མཚོན་ན་གྱོང་གུད་ཐེབས་ཀྱི་ཡོད་། དེའི་བསྐོར་རྒྱས་བ་ཤེས་འདོད་ན་དྲ་ཚིགས་འདི་རེད་། https://www.rferl.org/a/trump-administration-2020-budget-request-calls-for-closure-of-three-rfe-rl-language-services/29828716.html
གསུམ་པ་། ཨ་རི་ནི་འཛམ་གླེང་སྟེང་ཁྲིམས་ཀྱིས་བསྐྱངས་བའི་རྒྱལ་ཁབ་དང་། མང་གཙོ་། འགྲོ་བ་མའི་ཐོབ་ཐང་སོགས་ཀྱི་མཚོན་རྟགས་ལྟ་བུ་ཡིན་མོད་ཀྱང་། ཋམ་ནི་དེ་ལས་ལྡོག་དེ་རང་ཉིད་ཁོ་ན་མ་གཏོགས་ཁྲིམས་ལུགས་དང་མང་གཙོ་ལ་གོང་བསྐུར་མི་བྱེད་པ་མ་ཟད་། དུས་རྒྱུན་དུ་རྫུན་བཤད་པ་། དགྲ་ལ་བྱམས་ཤིང་གཉེན་ལ་སྡང་བ་། མིས་བྱས་ཉེས་ལ་བརྟེན་ཏེ་གོ་ལའི་ཚ་དྲོད་འཕེལ་བ་རྟོག་བཟོ་རེད་ཟེར་བ་། འཇིག་རྟེན་འདིའི་སྒང་ན་ཆབ་སྲིད་སོགས་ཀྱིས་དཀའ་ངལ་ཡོད་པའི་མི་རིགས་ལ་། ཨ་གཞུང་གིས་དངུལ་སོགས་ཀྱིས་རོགས་རམ་བྱེད་བཞིན་པ་དེ་དག་ཉུང་ནས་ཉུང་དུ་གཏོང་ཐབས་འབད་ཀྱི་ཡོད་པས་། གལ་སྲིད་ཁོའི་འདོད་པ་དེ་ལམ་འགྲོ་སོང་བ་ཡིན་ན་བོད་པའང་གཞན་པ་ནང་བཞིན་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་ཕྱོགས་ནས་གྱོང་གུད་ཕོག་གི་ཡོད་པ་ཤེས་ཀྱི་གལ་ཆེན་པོ་རེད་།
མཇུག་བསྡུས་བ་།
FIRST THEY CAME
ཆེས་ཐོག་མ་ཁོང་ཚོ་སླེབས་ཡོང་།
First they came for the Communists And I did not speak out
Because I was not a Communist Then they came for the Socialists And I did not speak out
Because I was not a Socialist
Then they came for the trade unionists And I did not speak out
Because I was not a trade unionist Then they came for the Jews
And I did not speak out
Because I was not a Jew
Then they came for me
And there was no one left
To speak out for me.
ཆེས་ཐོག་མ་ཁོང་ཚོ་(Nazi)གུན་ཁྲན་རང་་ལུགས་པའི་སྟེང་དུ་སླེབས་ཡོང་ཡང་།
ངས་གུང་ཁྲན་ཆེད་དུ་གང་ཡང་མ་བཤད་། རྒྱུ་མཚན་ནི་། ང་གུང་ཁྲན་མིན་།
དེའི་རྗེས་ཁོང་ཚོ་སྤྱི་ཚོགས་རིང་ལུགས་བའི་སྟེང་དུ་སླེབས་ཡོང་ཡང་། ངས་སྤྱི་ཚོགས་རང་ལུགས་པའི་ཆེད་དུ་གང་ཡང་མ་བཤད་། རྒྱུ་མཚན་ནི་། ང་སྤྱི་ཚོགས་རིང་ལུགས་པ་མིན་།
དེའི་རྗེས་ཁོང་ཚོ་ངལ་རྩོལ་མཉམ་མབྲེལ་པའི་སྟེང་དུ་སླེབས་ཡོང་ཡང་། ངས་ངལ་རྩོལ་མཉམ་འབྲེལ་བའི་ཆེད་དུ་གང་མ་བཤད་། རྒྱུ་མཚན་ནི་། ང་ནི་ངལ་རྩོལ་མཉམ་འབྲེལ་པ་མིན་།
དེའི་རྗེས་ཁོང་ཚོ་ལྗེའུ་སྟེང་དུ་སླེབས་ཡོང་ཡང་། ངས་ལྗེའུ་ཆེད་དུ་གང་ཡང་མ་བཤད་།
རྒྱུ་མཚན་ནི་། ང་ལྗེའུ་མིན་།
དེའི་རྗེས་ཁོང་ཚོ་ངའི་སྟེང་དུ་སླེབས་ཡོང་སྐབས་། ངའི་ཆེད་དུ་སྐད་ཆ་བཤད་ནི་སུ་ཡང་ལྷག་མི་འདུག་། །
ཆེས་ཐོག་མ་ཁོང་ཚོ་སླེབས་ཡོང་ཞེས་བའི་སྙན་ངག་དེ་ནི་། འཛམ་གླིང་དམག་འཁྲུག་གཉིས་པ་མཇུག་སྒྲུལ་རྗེས་ལྗརམན་ཡེ་ཤེའི་ཆོས་དཔོན་མའཌིན་ནེམོལར( Martin Niemöller) ཟེར་བ་ཞིག་གིས་བྲིས་བ་ཡིན་ཞིང་། རྩོམ་དེའི་ནང་དོན་ནམ་རྩོམ་དེ་འབྲི་དགོས་བའི་རྒྱུ་མཚན་ནི་། ཁོང་དང་ལྗརམན་བ་ཚོ་དཔའ་ཞུམ་དེ་(Nazi)ན་ཙས་ཁ་གཏད་དུ་ལངས་མ་ཐུབ་པར(nazi)ན་ཙས་གང་བྱས་རྗེས་སུ་འབྲངས་དེ་། མཐའ་མ་(Nazi)ན་ཙས་སྟོབས་རྒྱས་སྐབས་ཁོང་ཚོའི་དད་མོས་མི་གཅིག་པ་དང་། རིགས་རུས་མི་གཅིག་པ་། སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་མི་གཅིག་བ་ཚོ་གཅིག་རྗེས་གཉིས་ཐུད་ཀྱིས་རྩ་རྫོགས་བྱས་དེ་། འཇིག་རྟེན་འདིའི་སྟེང་དུ་དམག་འཁྲུག་ལངས་ནས་འགྲོ་བ་མི་གྲངས་ལས་འདས་བའི་ཚེ་སྲོག་ཤོར་བར་ཕངས་སེམས་དང་། གོ་སྐབས་ཡོད་དུས་ཁོང་དང་ལྗརམན་བ་ཚོ་(Nazi)ན་ཙས་ཁ་གཏད་དུ་མ་ལངས་བར་འགྱོད་པའམ་ཉེས་བ་ངོས་ལེན་བྱས་ནས་བྲིས་བ་ཞིག་རེད་འདུག་།
རེད་དེ་། རྩོམ་དེ་བྲིས་ནས་དུས་རབས་གཅིག་ཙམ་བུད་སོང་མོད་ཀྱང་། རྩོམ་དེ་ནང་དོན་ནི་ཁ་སང་ལས་ཀྱང་དེ་རིང་གོང་ཐང་ཆེན་པོ་རེད་། རྒྱུ་མཚན་ནི་། བརྡ་འཕྲིན་དུས་རབས་འདིར་སྲིད་དབང་སྒེར་སྤྱོད་ལ་དགའ་བ་ཚོ་དང་། རང་དོན་ཁོ་ན་ཉེར་བའི་སྐབས་འཚོལ་བ་དང་ཆབ་སྲིད་པ་། ཕྱོགས་རིས་ཆེ་བའི་གསར་འགྱུར་ཁང་དག་གིས་བརྡ་འཕྲིན་ལམ་ནས་ཁུངས་ལུང་མེད་པའི་འཆལ་གཏམ་དང་། གསར་འགྱུར་འཆལ་བོས་རིག་རུས་མི་གཅིག་པའི་མིའི་བར་དང་། ལྟ་ཚུལ་མི་གཅིག་པའི་ཚོགས་པའི་བར་འགལ་ཟླ་བཟོས་དེ་ཁོང་ཚོས་བསམ་དོན་འགྲུབ་ཐབས་བྱེད་ཀྱི་ཡོད་། དེའི་ཕྱིར་། འུ་ཅག་སྒང་བ་བོད་པའི་སྐད་གཉིས་སྨྲ་བ་ཚོ་འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན་ཟེར་བའི་དཔེ་ཡི་རྗེས་སུ་མི་འགྲོ་བར་། གསར་འགྱར་གང་ཞིག་ལ་ལྟས་བ་ཡིན་ཡང་། དེ་དག་གི་ལྟ་བ་དང་དམིགས་ཡུལ། ད་དུང་དེ་དག་གི་ཁུངས་ལུང་གང་ཞིག་ཡིན་མིན་ཀྱི་བདེན་པ་ངེས་བར་དུ་འཚོལ་དགོས་ཤིང་། ལྷག་པར་མང་བཙོ་རྒྱལ་ཁབ་ཞིག་ལ་མཚོན་ན་། ཡོད་ཚད་ཁྲིམས་ཀྱི་འོག་ན་ཡོད་པ་ལས་རེ་འགའ་སྟེང་དང་ཁ་ཤས་འོག་ན་ཡོད་པ་ལྟ་བུ་མིན་པས་། རྒྱལ་ཁབ་དེའི་དབུ་ཁྲིད་ཚོ་དང་། ཆབ་སྲིད་པ་ཚོས་ཁ་ནས་ཅི་ཞིག་བཤད་པ་དང་། ལག་ལེན་གང་ཞིག་བྱེད་པའམ་བྱ་བ་ཅི་ཞིག་ཐག་བཅད་པ་དེ་། རྒྱལ་ཁབ་དེའི་ཁྲིམས་ལུགས་དང་མཐུན་མིན་ཡང་དག་པ་ཤེས་དགོས་ཤིང་། གལ་སྲིད་ཁོང་ཚོས་བྱས་ལས་རྣམས་ཁྲིམས་དང་ཡོངས་སུ་འགལ་ཡོད་ན་། གནས་ལུགས་དང་བདེན་པར་བརྟེན་ནས་ངོ་རྒོལ་བྱ་དགོས་བ་ལས་། ཡོད་ཚད་གཞན་ཟེར་ཁོ་ནས་རྗེས་སུ་འབྲང་བའམ་རི་བོང་ཅལ་འགྲོགས་བྱས་ན་། རང་ཉིད་གསར་འགྱུར་ཁང་དེ་དང་ཆབ་སྲིད་པ་དེའི་བྲན་གཡོག་དུ་གྱུར་བ་མ་ཡིན་ནམ་???
རིག་པའི་རྒྱབ་རྟེན་བདེན་པས་བྱས་ཏེ་།
ཋམ་གྱི་རང་གཤིས་མེ་ལོང་ཅི་བཞིན་་།
སེམས་པ་དཀར་པོས་ཁྱེད་ལ་བཤད་པ་།
རྣམ་རྟོག་མིན་པ་སེལ་བའི་བཀྲ་ཤིས་།
ངས་དཔྱད་པ་བཏང་བ་ནོར་མེད་ན། ད་ལྟའི་སྲིད་འཛིན་འདི་སྐྱར་དུ་ཐོབ་ངེས་རེད། པྲོག་ཞུ་ན་ཚ་འདིས་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཨ་རིའི་དཔལ་འབྱོར་ལ་གྱོང་གུད་ཧ་ལས་པ་ཐེབས་པ་རེད། ལྷག་པར་དུ་སྲིད་འཛིན་ནས་ན་ཚ་སྔོན་འགོག་ཀྱང་ཧ་ཅང་ཚགས་ཚུད་པོ་བྱུང་མེད་པ་གསལ་པོ་རེད། འོན་ཀྱང་ན་ཚ་འདིས་ཨ་རིའི་དཔལ་འབྱོར་ལ་གྱོང་གུད་ཐེབས་ཀྱང་ད་ལྟའི་སྲིད་འཛིན་ཁྲོ་ཕུར་སྐྱར་དུ་ཐོབ་པར་གྲོགས་བྱེད་ངེས་རེད། རྒྱུ་མཚན་ནི། ད་ལྟ་འཛམ་གླིང་མི་མང་གིས་རྒྱ་ནག་དགྲ་ལྟར་འཛིན་གྱི་ཡོད། ལྷག་པར་དུ་ཨ་རིའི་མི་མང་གིས་རྒྱ་དམར་ལ་ལྟ་སྟངས་ཡག་པོ་མེད། དེ་བས་ཀྱང་མི་རིགས་ནག་པོ་ཚོ་དང་མི་དཀྱུས་མ་མང་པོ་ཞིག་གིས་རྒྱ་དམར་ཚང་དགྲ་ལྟར་འཛིན་གྱི་ཡོད། དེའི་ཕྱིར་རྒྱ་ནག་གི་ཁ་གཏད་ལ་ད་ལྟའི་སྲིད་འཛིན་འདི་ལས་ལྷག་གཅིག་མེད་པའང་ཚང་མས་ཤེས་ཀྱིན་ཡོད། ཨ་རིའི་མི་དཀྱུས་མ་ཕལ་མོ་ཆེས་དང་ཐ་ན་མི་རིགས་ནག་པོ་ཚོས་ཀྱང་ད་ལྟའི་སྲིད་འཛིན་ལ་དགའ་མོས་ཆེན་པོ་མེད་ཀྱང་རྒྱ་ནག་ལ་ཁ་གཏད་གཅོག་ཕྱིར་སྲིད་འཛིན་ཁྲོམ་ལ་འོས་ཤོག་བླུག་ངེས་རེད། །
ད་ལྟའི་སྲིད་འཛིན་ལ་གོ་ས་སྐྱར་དུ་ཐོབ་དང་མི་ཐོབ་ངས་མི་ཤེས་ཀྱང་། ཨ་རིའི་མི་མང་གི་ངོས་ནས་ཁོ་སྐྱར་དུ་མི་འདེམས་པ་ནི་ངས་ཐག་བཅད་ཐུབ་། རྒྱུ་མཚན་ནི་། དེ་སྔོན་མི་མང་གི་ངོས་ནས་ཁོ་ལ་ཐོབ་མེད་།
ཨ་རི་བ་མང་པོ་ཞིག་རྒྱའི་སྟེང་ལ་ཁོང་ཁྲོ་ལངའ་བ་བདེན་ཀི་མོད་། དེ་བས་ཨ་རི་བ་མང་བ་ཞིག་་སྲིད་གཞུང་དང་ལྷག་པར་Tump གྱི་སྟེང་ལ་ལངས་ཀི་ཡོད་། རྒྱུ་མཚན་ནི་། རྒྱ་ནད་ཡོངས་སྐབས་ཋམ་ལ་རྒྱལ་ཡོངས་རང་གྱིས་ནད་ངན་སྔོན་འགོག་ཐབས་ལམ་མེད་པ་མ་ཟད་། དེ་ནི་མིས་རྟག་བཟོ་ཡིན་ཚུལ་དང་། མཐའ་མ་མི་གང་མང་ཞིག་ན་སྐབས་ཋམ་གྱིས་དེ་ནི་སྒྱུ་འཕྲུལ་བཞིན་ཡལ་འགྲོ་རེད་ཅེས་དང་། ཡང་སྤྱིད་ཀ་འཆམ་ནད་བཞིན་མེད་འགྲོ་རེད་ཅེས་འགོ་བསྐོར་བཏང་བ་རེད་། ནད་ངན་ཀྱིས་ཉིན་རེ་མི་མང་་སྟོང་ལས་རྒལ་བའི་གི་ཚེ་སྲོག་འཕྲོག་སྐབས་་། ཡང་ཋམ་གྱིས་ཤ་ལྤགས་པར་གློག་འོད་རྒྱབ་པ་དང་ནད་རྡུལ་སྔོན་འགོད་རྫས་འགྱུར་གཙང་སྤྱོད་གཙང་མ་བཟོ་བྱེད་འཐུང་ན་ཕན་ཚུལ་བཤད་ནས་མི་ཁ་ཤས་ཤི་བའང་ཡོད་།
གང་ལྟར་བོད་མི་གང་མང་ཞིག་གིས་ཨ་རི་སྲིད་ཡོད་ཚད་ལས་ཋམ་ནི་རྒྱའི་སྟེང་ལ་མཁྲེགས་ཤོས་སུ་འདོད་གི་འདུག་། དེའི་ཕྱིར་ངས་དེ་བསྐོར་ལ་ཆུ་ཚོད་མང་ཙམ་བཏངས་བ་ཡིན་མོད་ཀྱང་། ངས་ལྟས་ན་ཋམ་ལ་སྲིད་འཛིན་སྔུན་མ་ནང་བཞིན་་བོད་ཀྱི་བསྐོར་ལ་ལངས་ཕྱོགས་འདི་ཡིན་ཞེས་བརྟན་པཔ་ཧང་ཡང་མི་འདུག་།ལ་དོན་་དངོས་སུ་རྒྱའི་སྟེང་ལ་མཁྲེགས་ཤོས་རེད་མི་འདུག་།
༡, ༢༠༡༦ ལོར་སྲིད་འཛིན་འདྲན་བསྡུར་སྐབས་ཁོས་རྒྱ་ལ་ཚིག་ངན་མང་པོ་བཤད་ཡོད་། ཁོའི་བུ་མོའི་མག་པས་རྒྱ་ནག་ནས་ཚོང་ལས་ཁང་སྒོ་གསར་ཕྱེས་རྗེས་ཁོའ་ཚིག་ངན་དག་མཇའ་ལྟར་ཡལ་སོང་། དེའི་་རྗེས་ཨ་རྒྱའི་ཚོང་འབྲེལ་ལ་བརྟེན་ནས་ཋམ་རྒྱའི་བར་ཚིག་ངན་བཤད་རེ་བྱས་སོང་ཀྱང་དོན་དངོས་སུ་ཁོས་མཁྲེམས་པོ་བྱས་མེད་། སྐབས་དེར་ཁོས་རྒྱས་ཧོང་གོང་དང་ཡུ་གུར་ལ་དྲག་གནོན་བྱས་བ་རྒྱའི་བདེ་འཇགས་ཆེད་དགོས་ངེས་རེད་ཟེར་ཡོད་། རྒྱ་ཁོང་ཁྲོ་མི་ལངས་ཆེད་ཨ་རིའི་ཉམ་འབྲེལ་རྒྱལ་ཚོགས་སྐུ་ཚབ་ Nikki Haley ༧གོང་ས་མཆོག་ལ་མཇལ་དུ་འཇུག་མེད་། ད་དུང་། ༢༠༡༨/༤/༨/ ཉིན་ཁོས་དོན་དག་ཅི་ཞིག་བྱུང་ཡང་རྒྱའི་སྲིད་འཛིན་ Xi ་དང་ང་གཉིས་ནམ་ཡང་གྲོགས་པོ་ཡིན་ཟེར་ཡོད་། མི་བདེན་འདོད་ན་ཁོའ་Twitterའདི་ལ་ལྟོས་དང་་ཤེས་ཡོང་།
https://mobile.twitter.com/realdonaldtrump/status/982954355509907457
༢,དེ་རིང་ཡང་སྐྱར་ཁོ་དང་ཁོའི་ཕྱི་འབྲེལ་བློན་ཆེན་ཀྱིས་རྒྱའི་སྟེང་ལ་ཚིག་ངན་ཡོད་ཚད་བཤད་ཀྱི་ཡོད་། དེ་ནི་ཁོ་ལ་རྒྱ་ནད་འགོག་པའི་ཐབས་ཤེས་མེད་པ་དང་། སྲིད་འཛིན་འོས་བསྡུར་ཐོན་ཡོད་པས་གནས་སྐབས་ཙམ་གྱི་ཆབ་སྲིད་དགོས་མཁོ་ལས་འོ་བསྡུ་ཚར་རྗེས་སྔོན་མ་ནང་བཞིན་ཡལ་འགྲོ་ཡི་རེད་། རྒྱུ་མཚན་ནི་། ཐེངས་དང་པོ་ནད་ངན་ཡོང་སྐབས་ཁོས་རྒྱ་ལ་བསྟོད་པ་བྱས་ཡོད་པ་ཁོའི་Twitter འདི་ལ་ལྟོས་དང་ཤེས་ཡོང་ང་།
་། https://mobile.twitter.com/realdonaldtrump/status/1220818115354923009
རྒྱུ་མཚན་དེ་དང་གནས་ལུགས་དེ་ལ་བརྟེན་ནས་ཋམ་ནམ་ཡང་རྒྱའི་སྟེང་མཁྲེགས་པ་བྱེད་ཀྱི་མེད་པ་ཤེས་ན་རེད་།
ཁྲོམ་ཕུར.(Trump)འཛིན་པའི་ངའི་ལངས་ཕྱོགས།
ཁྱེད་རྣམས་ནས་གོ་ནོར་མ་ཐེབས་རོགས། ངས་འདི་འདྲ་ཞིག་དྲི་དགོས་དོན་ནི་ཁ་རྩོད་ཡོང་བའི་ཆེད་དུ་མིན་ལ་ཟུར་མཆན་ཡོང་བའི་ཆེད་དུ་དེ་བས་མིན། གལ་ཏེ་ཁྱེད་རྣམ་པས་ངའི་ལངས་ཕྱོགས་ལ་མོས་མཐུན་མ་གནང་ཡང་དེ་འོས་ཤིང་འཚམས་པ་ཞིག་རེད། གང་ཞེ་ན་མི་ཚང་མར་རང་ཉིད་ལ་བསམ་ཚུལ་མི་འདྲ་བ་ཡོང་ཆོག་གི་རེད།
ཁྱེད་རྣམ་པས་དགོངས་པ་ཞིག་བཞེས་དང་། གལ་ཏེ་ཁྱེད་རྣམ་པའི་དགོངས་པར་སྲིད་འཛིན་ཁྲོམ་ཕུ་ནི་མི་འགལ་འཛོལ་ཅན་ཞིག་རེད་བསམ་ན། དེ་དངོས་ཡོད་དང་མཐུན་པ་ཞིག་རེད། ཁྲོམ་ཕུ་ནི་ནེའུ་ཡོག་པ་ཞིག་རེད། ཁྲོམ་ནི་གཤིས་རྒྱུད་རྩིང་པོ་དང་སྐབས་རེ་སྤྱོད་པ་རྩུབ་པོ་ཡོད་པ་ཞིག་ཡིན། ཁོང་གི་སེམས་ཁམས་ལ་འཕོག་ཐུག་འགྲོ་ལས་སླ་པོ་ཡོད་ལ་རླུང་ཡང་ལང་ཆོག་ཆོག་ཡིན། གལ་ཏེ་ཁྲོམ་ཕོ་ཡི་དགྲ་རུ་ལང་ཚེ། ཁོང་ནི་གཅིག་ལན་གཅིག་དང་གཉིས་ལན་གཉིས་སློག་མཁན་ཞིག་ཡིན། གསར་འགྱུར་བརྒྱུད་ལམ་ཁག་ཁྲོམ་ཕུ་ལ་ཞེན་པ་གཏིང་ནས་ལོག་གི་ཡོད། གང་ལཊ་ཞེ་ན། གསར་འགོད་པ་ཚོས་འགོད་འདོད་མེད་པའི་གནས་ཚུལ་རྣམས་ཁྲོམ་ཕུས་ཕྱི་བསྒྲགས་བྱེད་ཀྱི་ཡོད།
ད་དུང་ཁྱེད་རྣམ་པར་ཞུ་རྒྱུར། ཁོང་གིས་གྲུབ་འབྲས་ཡོང་ཕྱིར་ཚ་འདེད་བྱེད་མཁན་ཞིག་ཡིན་པས། གལ་ཏེ་ཁྱེད་ཀྱིས་ཁྲོམ་ཕུ་ལྟར་ལས་ཀ་ཧུར་ཐག་འབད་ཐག་མ་བྱས་ཚེ་ཁྱེད་ཉིད་དེ་མ་ཐག་ལས་ཀ་ནས་གནས་དབྱུང་གཏོང་གི་རེད། ཁྲོམ་ཕུ་ནི་དྲི་བ་མང་པོ་དྲི་མཁན་ཞིག་ཡིན། ཁོང་གི་དྲི་བ་འདྲི་སྐབས་ཆབ་སྲིད་ཀྱི་ཚིག་ཚོགས་སྙན་པོའི་ཟབ་སྦྱོར་མེད་པའི་དྲི་བ་འདི་ཚོ་ལྟ་བུ་ཡིན།༼སྡུག་ཤི་འདི་གང་འདྲ་རེད་དམ།༽
ལོ་ངོ་བཅུ་ཕྲག་མང་པོའི་རིང་འཕྲོད་བསྟེན་ལས་གཉེར་པ་ཚོས་ཁ་རས་ཐེར་འབུམ་མང་པོ་ཐེངས་མ་གཅིག་བེད་སྤྱོད་བྱས་རྗེས་གཡུག་ཀྱང་བྱེད་ཀྱི་ཡོད། ཁྲོམ་ཕུས་སྡུག་ཤི་་ཁ་རས་དེ་ཚོ་གཡུག་དགོས་དོན་གང་ཡིན། དུག་སེལ་བྱས་ཏེ་བེད་སྤྱོད་ཐེངས་མ་མང་པོ་མི་བྱེད་པ་གང་ཡིན་ཞེས་འདྲི་སྐབས། འཕྲོད་བསྟེན་ལས་གཉེར་པ་ཚོས་ཁྲོམ་ཕུ་ནི་གླེན་པ་གླེན་ནག་རེད་ཞེས་བརྗོད། ད་ལྟ་འཕྲོད་བསྟེན་ལས་གཉེར་བ་ཚོ་གང་འདྲ་བྱེད་བཞིན་ཡོད་དམ། ཁོང་ཚོས་བེད་སྤྱོད་བྱས་པའི་ཁ་རས་དེ་ཚོ་དུག་སེལ་བྱས་ཏེ་བེད་སྤྱོད་ཐེངས་མ་མང་པོ་བྱེད་བཞིན་ཡོད།
ཁྲོམ་ཕུས་མྱུར་སྐྱོབ་གྲུ་ཟིང་སྨན་ཁང་བདུན་ཕྲག་གཅིག་གི་ནང་ལ་གྲ་སྒྲིག་ཟིན་མཁན་ཞིག་ཡིན། གལ་ཏེ་གཞན་པ་ཡིན་ན་གཞུང་ཞབས་ཀྱི་དཔོན་ཉམས་སྟོན་ཏེ་བདུན་ཕྲག་མང་པོའམ་ཡང་ན་ཟླ་བ་ཁ་ཤས་ཡང་འགོར་སྲིད། མི་ཚོས་བདུན་ཕྲག་གཅིག་གི་ནང་སྟབས་བདེ་སྨན་ཁང་སྐྲུན་མི་ཐུབ་ཞེས་བརྗོད་རུང་
ཁྲོམ་ཕུས་ནི་ཉིན་གསུམ་གྱི་རིང་གནས་སྐབས་སྨན་ཁང་བརྒྱབ་ཟིན་པས་མ་ཚད་བེད་སྤྱོད་ཀྱང་གཏོང་ཆོག་ཆོག་བཟོས་ཟིན། ཁྲོམ་ཕུས་སྣུམ་འཁོར་བཟོ་ལས་ཁང་ཞིག་དབུས་གཞུང་གི་ཚད་དང་མཐུན་པའི་དབུག་སྣོན་ཡོ་ཆས་སྡེབས་བཟོ་བྱེད་ས་རུ་བསྒྱུར་ཏེ་དབུག་ལེན་ཡོ་བྱས་མི་འདང་བའི་བཀའ་ངལ་དེ་མ་ཐག་སེལ་མཁན་ཞིག་ཡིན།
ཁྲོམ་ཕུས་ང་ཚོའི་ལག་ཏུ་ཡོད་པའི་སྨན་ཁག་གཅིག་གིས་འཆི་བཞིན་པའི་ནད་པ་དེ་ཚོ་སྐྱོབ་ཐུབ་པའི་ནུས་པ་ཡོད་བཞིན་དུ་བེད་སྤྱོད་མི་གཏོང་བའི་རྒྱུ་མཚན་གང་ཡིན་ཞེས་དང་།
ད་དུང་ཁོང་གིས་སྡུག་ཤི་་་་མིའི་ཚེ་སྲོག་ཤོར་བ་ལས་ལྷག་པའི་གཞན་པ་གང་ཤོར་འགྲོ་རྒྱུ་ཡོད་ཞེས་དྲི་བ་གཏོང་མཁན་ཞིག་ཡིན།
ཁྲོམ་ཕུ་ནི་མཐའ་འཁོར་ནས་ཡོང་མཁན་འགྲུལ་བཞུད་པ་
རྣམས་བཀག་སྡོམ་བྱེད་མཁན་དང་པོ་དེ་ཡིན། སྐབས་དེ་དུས་མང་གཙོ་ཚོགས་པ་དང་། རང་མོས་རིང་ལུགས་པ། དེ་བཞིན་གཡོན་ཕྱོགས་གསར་འགྱུར་བརྒྱུད་ལམ་ཁག་གིས་སྐད་ངན་བརྒྱབ་ཏེ་ཁྲོམ་ཕུ་ནི་ཕྱི་མིར་སྡང་འཛིན་པ་དང་མི་རིགས་འཐེན་འཁྱེར་བ་རེད་ཞེས་ཁ་སྡུང་དྲག་པོ་བཏང་། འོན་ཀྱང་ད་ཆ་ཁོང་ཚོས་བརྗོད་རྒྱུར་ཕྱི་མི་འགྲུལ་བཞུད་པ་དག་བཀག་སྡོམ་མགྱོགས་ཙམ་བྱས་མེད་པའི་རྒྱུ་མཚན་གང་ཡིན་པ་དེ་ཤེས་འདོད་ཡོད་ཅེས་ཟུར་ཟའི་དྲི་བ་འདོན་བཞིན་ཡོད།
ཁྲོམ་ཕུ་ནི་མང་གཙོ་ཚོགས་པ་དང་། རང་མོས་རིང་ལུགས་པ། དེ་བཞིན་གཡོན་ཕྱོགས་གསར་འགྱུར་བརྒྱུད་ལམ་ཁག་གི་
ཁ་རྡུང་གི་ཁྲོད་དུ་སྲིད་འཛིན་འོས་མིའི་ལངས་ཕྱོགས་ནི་མཐའ་མཚམས་བདེ་འཇཊ་འགན་སྲུང་དང་ཨ་རི་བ་ཚོའི་འགོ་སྟོན་འཚོ་སྐྱོང་བྱེད་ཀྱི་ཡིན་བརྗོད་མཁན་དེ་ཡིན། ༼ཨོ་བྷ་མཱ་དང་ཁ་ལིན་ཕྲོན་གཉིས་ནས་མཐའ་མཚམས་ཀྱི་དཀའ་ངལ་དེ་གླེང་སློང་བྱས་ཡོད། འོན་ཀྱང་ཁོང་གཉིས་ལ་དཀའ་ངལ་དེ་སེལ་བའི་འཇོན་ཐང་མེད་པའི་རང་མདོག་བསྟན་ཡོད།༽ ཁྲོམ་ཕོ་ཡིས་མཐའ་ཁོབ་ནས་ཡོང་བའི་ནད་ངན་དེའི་ཁྲོད་མཐའ་མཚམས་ཚང་མ་སྒོ་བརྒྱབས་སྐབས་གཡོན་ཕྱོགས་ཚོགས་པའི་ཁ་རྡུང་་གི་ངུ་སྐད་སྔར་བས་ཀྱང་ཇེ་ཆེར་སོང་། དེ་རྗེས་ཡོ་རོབ་སྤྱི་མཐུན་ཐེ་བའི་འཛམ་གླིང་གཞན་ཚང་མས་ཀྱང་ཁྲོམ་ཕོ་ཡིས་ལག་བསྟར་བྱས་པ་ལྟར་མཐའ་མཚམས་སྒོ་བརྒྱབས།
ཁྲོམ་ཕོ་ཡི་སྲིད་ཇུས་ནི་ག་དུས་ཡིན་ནའང་ཨ་རི་ལེགས་གཅོད་བྱ་རྒྱུ་དེ་ཨང་དང་པོར་བཞག་གི་ཡོད། ལོ་ངོ་དུ་མ་ཞིག་གི་རིང་ལ་ཨ་རི་བ་ཚོའི་འཚོ་བའི་ཐོག་དབུལ་ཕོངས་ཀྱིས་མནར་མིན་མ་ལྟོས་པར་ཨ་སྒོར་ཐེར་འབུམ་མང་པོ་ཕྱི་རྒྱལ་ཁབ་ཁག་ལ་གཏོང་གི་ཡོད་པ་དེར་མི་མང་གིས་སྐྱོན་བརྗོད་བྱེད་བཞིན་ཡོད། ཁྲོམ་ཕོ་ཡིས་དངུལ་ལོར་ཕྱི་ཕྱོཊ་སུ་གཏོང་ཡས་དེ་ཆེས་ཉུང་འཕྲིར་བཏང་ཡོད།
ཁྲོམ་ཕོ་ཡིས་ནོར་འཁྲུལ་བྱེད་མྱོང་ཡོད་དམ། ཨ་ཅང་ཅང་།
ངས་ངོ་ཤེས་པའི་མི་ཚང་མས་ནོར་འཁྲུལ་བྱེད་་མྱོང་ཡོད་བ་རེད་འདུག།
མཁྱེན་ལྡན་པ་ཡིན་ཞེས་ཡག་མདོག་ཁ་པོ་བྱེད་མཁན་དེ་ཚོ་ལ་ཡང་ནོར་འཁྲུལ་མེད་པ་མེད།
ཁྲོམ་ཕོ་ཡིས་ཁོ་རང་གི་བསམ་ཚུལ་ལ་འགྱུར་བ་གཏོང་གི་ ཡོད་དམ། ཡོད་དང་ཡོད།
དྲང་པོ་གསུངས་དང་། བསམ་ཚུལ་ལ་འགྱུར་བ་མི་འགྲོ་མཁན་གྱི་མི་ཞིག་ཡོད་དམ།
སྲིད་འཛིན་ཞིག་ཡིན་པས་ཆ་ནས་ལས་དོན་ཆེད་ནུས་ཤུགས་གང་ཡོད་འདོན་མཁན་ཁྲོམ་ཕུ་ལྟ་བུའི་སྲིད་འཛིན་ད་ལྟ་བར་བྱུང་མ་མྱོང་ལ། ཁོང་གི་ལས་ཡུན་དུས་ཚོད་ནི་ཉིན་མཚན་དུས་དྲུག་ཏུ་རྒྱུན་བསྲིང་གི་ཡོད། ཁྲོམ་ཕུ་རང་གི་གཞུང་ལས་ཁངདུ་འཛུལ་ནས་ལས་དོན་ལ་གཡོལ་གྱི་མེད་ལ། ཁོང་གི་བྱ་སྤྱོད་ཚང་མ་མི་མང་གིས་མཐོང་ཆོས་སུ་ཡོད། ལས་དོན་གང་ཞིག་བྱས་ཡོད་མེད་ཉིན་རེ་བཞིན་གསལ་བསྒྲགས་གནང་གི་ཡོད།
ཁྲོན་ཕུ་ཡིས་མི་མང་ཚོ་བློ་སྟོབས་སྐྱེས་ཕྱིར་ལེགས་པའི་ཕྱོགས་ནས་གནས་དོན་གླེང་ཚེ། གཡོན་ཕྱོགས་རིངལུགས་པས་ཁོང་ལ་རྫུན་གཏམ་སྨྲ་མཁན་ཞེས་བརྗོད། ཁོང་ནས་དངོས་ཡོད་གནས་ཚུལ་ཐད་ཀར་བརྗོད་ཚེ། གཡོན་ཕྱོགས་རིང་ལུགས་པས་ཁོང་ལ་མི་མང་བློ་སྟོབས་སྐྱེ་རུ་བཅུག་དགོས་ཞེས་བརྗོད། གང་ལྟར། ཁྲོམ་ཕུས་ཅི་ཞིག་བྱས་ཀྱང་གཡོན་ཕྱོགས་རིང་ལུགས་པས་རྐང་བཙུགས་ནས་སྐྱོན་བརྗོད་བྱས་ཏེ་འུ་ཐུག་དགོས་བཟོ་གི་ཡོད། ཡིན་ནའང་ཁྲོམ་ཕུ་ནི་ཁོང་ཚོའི་འགོག་ཐབས་ལ་དཔའ་ཞུམ་མཁན་ཞིག་ནམ་ཡང་མིན།
བདུན་ཕྲག་གཅིག་གི་ནང་ཉིན་དྲུག་དང་། ཐ་ན་གཟའ་ཉི་མར་ཐེངས་གཉིས་ཙམ་མི་མང་དཀྱུས་མ་མཉམ་དུ་འབྲེལ་བ་བྱེད་མཁན་འགོ་ཁྲིད་ཁྲོམ་ཕུ་ལྟ་བུ་ཞིག་དང་། ཆབ་སྲིད་ཀྱི་མཛེས་བཟོས་རྒྱན་པ་དང་། སྔ་ས་ནས་གྲ་སྒྲིག་བྱས་་པའི་བཏམ་བཤད་རམ་འདེགས་འཕྲུལ་ཆས་སྟེང་ཀློག་པ། དེ་བཞིིན་དྲི་བ་དྲི་ལན་ཀྱང་སྔ་ས་ནས་གྲ་སྒྲིག་ཟིན་པའི་ཆབ་སྲིད་པ་བཅོས་མ་དེ་དག་དང་བསྡུར་ན་ཁྲོམ་བུ་ནི།——
མིང་དོན་མཚུངས་ངའི་སྲིད་འཛིན་ཞིག་ཡིན།།
My position on Donald Trump:
Make no mistake…I’m not posting this for debate. I don’t seek or need commentary. It’s ok if you don’t agree because we are all entitled to opinions.
Just consider this…when you think the President is a jerk; he is.
He’s a New Yorker. He’s crude and can be rude. He gets his feelings hurt and he’s a hothead. He hits back; harder. The media hates it when he tweets. Why? Because he gets information out, they don’t want to report.
Let me tell you what else:
He is a guy that demands performance. If you don’t work as hard as he does; you’re fired!
He is a guy that asks lots of questions.
The questions he asks aren’t cloaked in fancy “political” phrases; they are “why the hell…” questions.
For decades the health industry has thrown away billions of face masks after one use. Trump asks, “why the hell are we throwing them away? Why not sterilize them and use them numerous times?” They called him stupid. What are they doing now? Sterilizing face masks.
He’s the guy that gets hospital ships readied in one week when it would have taken bureaucrats weeks or months to get it done.
He’s the guy that gets temporary hospitals built in three days. They said no way he could do it.
He’s the guy that gets auto industries to restructure to build ventilators in a business that’s highly regulated by agencies that move like sloths.
He’s the guy that asks “why aren’t we using drugs that might work on people that are dying; what the hell do we have to lose?”
He’s the guy that restricted travel from China when the Democrats and liberal media were screaming “xenophobia” and “racist.” Now they’re wanting to know why didn’t he react sooner?
He’s the guy that campaigned on securing the border – protecting America – in the face of screaming Democrats and the liberal media. (Both Clinton and Obama talked about a crisis at the border and Obama did some things to address the crisis, but they proved insufficient.) When Trump shut down borders in the midst of the coronavirus virus, they screamed louder. Then the rest of the world followed suit, including the European Union with travel between their member countries. His policy is always ‘America First.’ For many years we have complained about sending billions abroad, while Americans suffer here. He’s minimized that outflow of money.
Has he made mistakes? Yes.
Everyone I know has and does.
The “experts” wouldn’t and haven’t done any better.
Does he change his mind? Yes, who doesn’t?
Trump is working harder than I’ve ever seen a President work. Twenty-four-hour days. He isn’t hiding in his office; he’s out front – Briefing – every day.
When he offers hope, they say he’s lying and when he’s straight forward, they say he should be hopeful. It’s a no-win situation, with the MSM, but he will not be deterred.
I’ll take this kind of leadership six days a week and twice on Sunday over a “polished, nice guy” politician who reads prepared speeches from a teleprompter and answers pre-scripted questions——
He is my President…
ལས་དབང་གིས་ཡག་པོ་བཤད་འདུག འོན་ཀྱང་མི་ཁ་ཅིག་ལ་གོ་བརྡ་གཏན་ནས་འཕྲོད་ཀྱི་མ་རེད། དེའི་ཕྱིར་ངས་འདིར་སྨྲ་མཚམས་བཞག་པ་ཡིན། ཨ་རིའི་མི་མང་ལྐུག་པ་མ་རེད། ཁྲོམ་ཕུ་སྐྱར་དུ་རྒྱལ་ཁ་ཆེན་པོའི་ངང་ནས་ཐོབ་ཀྱི་ཡིན་པ་ཐེ་ཚོམ་མེད་པ་རེད། སྤྱིར་དམངས་གཙོ་ཚོགས་པར་ཐོབ་ན་ཆོག་མོད། ཐ་ན་བྱང་ཁ་ལའི་ཧྥོར་ན་གཅིག་བུར་འོས་ཤོག་༥༥་ཡོད་པ་རེད། མངའ་སྡེ་མང་པོ་ཞིག་ལ་འོས་ཤོག་གསུམ་དང་ལྔ་ལས་མེད་པ་རེད། ཡིན་ཡང་མངའ་སྡེ་ཕལ་མོ་ཆེས་ཁྲོམ་ཕུ་ལ་དགའ་མོས་བྱེད་ངེས་རེད། རྒྱུ་མཚན་ཅི་ཕྱིར་ན་དམངས་གཙོ་ཚོགས་པས་དྲང་བདེན་མ་ཡིན་པའི་ངང་ནས་ཁྲོམ་ཕུ་སྲིད་འཛིན་ལ་བསྡད་པ་བཟུང་ཕུད་ཅི་ཐུབ་བལྟས་སོང་། དེ་ནི་ནོར་འཁྲུལ་ཚབས་ཆེ་ཤོས་ཏེ་རེད། མི་མང་ལྐུག་པ་མིན་སྟབས། ད་རེས་དམངས་གཙོ་ཚོགས་པ་ཕམ་ངེས་རེད། །
ཊམ་གྱིས་བོད་དོན་གང་ཡང་སྒྲུབ་མེད། ཨ་རིའི་སྲིད་འཛིན་ཕལ་ཆེ་བས་གོང་ས་མཆོག་ཕོ་བྲང་དཀར་པོར་གདན་ཞུས་སམ་མཇལ་འཕྲད་གནང་ཡོད་འོན་ཀྱང་ཊམ་གྱིས་གང་ཡང་་བྱས་མེད། གོང་ས་མཆོག་གི་སྐོར་ལ་ཁོས་ཚིག་གཅིག་ཀྱང་བཤད་ཕོད་མེད། རང་ཉིད་ཀྱིས་ཏོག་དབྱིབས་ནད་འགོག་བྱེད་མ་ཐུབ་པར་ཁག་རྒྱ་ནག་ལ་བཀལ་སོང། རྒྱལ་ཁབ་གཞན་སུ་དང་མ་འདྲ་བར་ཨ་རིར་ན་མཁན་མང་ཤོས་དེ་ཆགས་པ་རེད། མ་གཞི་ནས་ཊམ་ཟེར་བ་དེ་ཆོས་ལུགས་ཡེ་ཤུ་བ་ཁོ་ན་ལས་དད་སེམས་དང། མི་རིགས་སེར་པོ་ཁོ་ནར་ཕྱོགས་ཞེན། རྒྱལ་ཁབ་ཨ་རི་གཅིག་པོར་བསམ་མཁན་ཞིག་རེད། དེང་སང་དེ་འདྲ་ཡོང་ཐབས་མེད། འཛམ་གླིང་ཚང་མ་གཅིག་ལ་གཅིག་བརྟེན་རེད། ཨ་རི་བ་ཕྱུག་པོ་ཆགས་པ་ནི་རྒྱལ་ཁབ་སྤྲང་པོ་ཚོས་བཀའ་དྲིན་ཡིན། ཁོང་ཚོ་ཚན་རིག་སྔོན་ཐོན་བྱུང་ནས་ཁོང་ཚོས་གསར་བཟོ་བྱས་ནས་རྒྱལ་ཁབ་གཞན་ལ་འཚོང་བསྒྱུར་བྱེད་བཞིན་ཡོད། ད་ལྟ་འཛམ་གླིང་ཚང་མ་ཨ་རིའི་བྲན་གཡོག་རེད། རྒྱ་ནག་སྔོན་ཐོན་འབྱུང་བཞིན་བརྟེན་ཁོ་སྡང་ཞེན་བྱེད་ཀྱིན་འདུག ཉིན་ཞིག་རྒྱ་གར་སྔོན་ཐོན་སླེབས་དུས་ཁོང་ཚོས་རྒྱ་གར་ལ་གནོད་ཤུགས་སྤྲོད་ཀྱི་རེད། དེ་ནི་སྤྱིར་སྟངས་ཨ་རི་བའི་བསམ་ཚུལ་རེད།
ལས་དབང་གིས་བསམ་ཚུལ་དྲང་བོ་དང་ལྷག་་པར་ཚིག་མཚོན་མ་འདེབས་ཀྱི་མེད་པར་དགའ་སུ་ཡོད་། ཁ་བརྡ་ནི་བསམ་ཚུལ་བརྗེ་རེ་ལ་བརྟེན་ནས་ཡོང་བ་ཡིན་པས་ངས་ཁ་བརྡ་བྱེས་ཀྱི་ཡོད་པ་ལས་ལན་གང་མང་ཡོད་པའི་ཆེད་དུ་མིན་། རེད་དེ་། ཁྱེད་ཀྱིས་བཤད་ན་Trump གྱིས་ཁས་ལེན་ལག་ལེན་ལྟར་མཁན་ཞིག་རེད་ཟེར་།
༡,དེ་ན་ཨ་རིའི་མཚམས་གྱི་མཁར་རིན་Mexico གིས་སྤྲད་ཡོད་དམ་།་
༢,བདེན་ཀི་ཨ་སྒོར་ས་ཡ་མང་པོ་Japan དང་Korea སོགས་སུ་གཏོང་གི་ཡོད་པ་དེ་ཨ་རིའི་དམག་གི་ཆེད་དུ་ཡིན་ཅིང་། དེ་གཏོང་དགོས་བའང་ཨ་རིས་རྒྱལ་ཁབ་དེ་དག་གིས་དམག་དོན་ཡར་རྒྱས་མི་གཏོང་ཆེད་བདེ་འཇགས་ཁས་ལེན་ནས་མིང་རྟགས་བཀོད་པ་མ་ཡིན་ནམ་། དེ་མ་ཡིན་པར་ཨ་རིས་བོད་གཞུང་ལྟ་བུའི་ཆབ་སྲིད་དཀའ་ངལ་འོག་ན་ཡོད་པ་ལ་དངུལ་སྦྱིན་པ་བཤད་ཀྱི་ཡོད་ན་རྒྱུ་མཚན་ཁ་ཁ་རེད་།
༣,Trump གྱིས་ཉིན་གསུམ་ལ་སྨན་ཁང་བརྒྱབ་པ་རེད་ཟེར་། ས་དེ་གང་རེད་། གལ་སྲིད་ནེའུ་ཡོག་རེད་ཟེར་ན་དག་དག་ཅིག་འུ་ཡིན་ན་། རྒྱུ་མཚན་ནི་། ནེའུ་ཡོག་་མངའ་སྡེ་བློན་ཆེན་ཀྱིས་ནད་ངན་སྔོན་འགོག་ཆེད་འགན་ཁུར་ཡོད་པ་ལས་ཋམ་གྱིས་ཁུར་མེད་། མི་བདེན་འདོད་ན་བདེན་སྤང་དྲ་ཚིགས་འདི་རེད་། https://www.usnews.com/news/national-news/articles/2020-04-02/new-york-begins-construction-on-more-temporary-hospitals-as-coronavirus-spreads གཅིག་བྱས་ན་ཁྱེད་ལ་ཁུངས་དག་མ་ཡོད་ན་དྲ་སྟེང་དུ་བཀོད་རོགས་།
༤,ཡང་ཁོའི་ལས་ཡུན་ཉིན་དྲུག་རེད་ཟེར་། BBC གསར་ཁང་ལྟར་ན་ཁྱེད་ཀྱིས་བཤད་པ་བདེན་པ་མ་རེད་། དྲ་ཚིགས་འདི་རེད Trump’s daily schedule v Obama and Bush http://www.bbc.co.uk/news/world-us-canada-42610275་།་ཁྱེད་ཀྱི་ཁུངས་གང་ན་ཡོད་།
༥, trump ནི་ཧ་ཅང་ནད་པའི་ཚེ་སྲོག་ལ་སེམས་ཁུར་ཡོད་མཁན་རེད་ཟེེར་། དེ་ན་ཨ་རི་ཡར་རྒྱས་རྒྱལ་ཁབ་གཞན་པ་ལས་ངན་ཤོས་ཡིན་པ་ག་རེ་ཡིན་ནམ་།
༦,ཁོས་དུས་རྒྱུན་དུ་རྫུན་བཤད་ཀྱི་ཡོད་པའི་དཔེར་ཞིག་བཤད་ན་། ཉེ་བའི་ཆར་North Carolina ནས་རྫུན་བཅུ་བཤད་པའི་སྐོར་CCN དྲ་ཚིགས་ན་འདུག་། Fact check: Trump makes 10 false and misleading claims about Biden during North Carolina rally
https://www.cnn.com/2020/09/08/politics/donald-trump-north-carolina-rally-fact-check/index.html ཁྱེད་ཀྱིས་ཁོས་རྫུན་མ་བཤད་པ་ལ་གཞན་པས་རྫུན་རེ་བརྗོད་ཀྱི་འདུག་ཟེར་། དེ་ན་རྫུན་མ་ཡིན་པ་ལ་རྫུན་རེད་ཟེར་བའི་ཁུངས་གཙང་མ་གང་ན་ཡོད་།
ད་དུང་སྨན་ཁང་གི་ཁ་རས་སོགས་བཤད་ཀྱི་འདུག་ཀྱང་དེའི་བསྐོར་ལ་དོན་སྣང་དེ་ཙམ་མ་བྱུང་།
BBC དྲ་ཚིགའ་འདི་རེད་།https://www.bbc.com/news/world-us-canada-42610275
དྲ་བ་དེ་སྒོ་འབྱེད་མི་ཐུབ་ན་འདི་ན་ཁ་གསལ་ཞིག་འདུགhttps://www.axios.com/donald-trump-private-schedules-leak-executive-time-34e67fbb-3af6-48df-aefb-52e02c334255.html
དྲ་གྲོགས་བན་དེ་བ་ལགས། ཕོ་རྒོད་ཁྲོམ་ཕི་ལགས་ཀྱིས་གོང་ས་ཏྭ་ལའི་བླ་དང་མཇལ་འཕྲད་མ་གནང་བར་འདི་ཕོ་རྒོད་ཁོང་གིས་ནོར་འཁྲུལ་མ་རེད་་་་2016་ལོར་ངས་ལབ་མྱངས་ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་འགྲོ་ལམ་དང་འབྲེལ་ལམ་རང་ངོས་ནས་བཀག་བཞིན་འདུག་པས་བསམ་བློ་ཐོངས་ཅེས་ལབ་མྱངས་ཡོད།
ཕོ་རྒོད་ཁོང་གིས་བོད་ཀྱི་རོགས་དངུལ་བཅད་མེད་་་ཡག་པོ་རེད་་་་བོད་ཀྱི་དགྲ་བོའི་ཁ་གཏད་བཅག་བཞིན་ཡོད་་་བོད་མི་རྒྱལ་གཅེས་ཡོངས་ཀྱིས་དགའ་བ་སྒོམ་དགོས་པའི་གནས་ཚུལ་རེད། ཕོ་རྒོད་ཁོང་རྒྱལ་གཅེས་པ་ཞིག་རེད་་་ཨ་རི་རྒྱལ་ཁབ་རྩ་བའི་རྩེ་ལ་བཞག་པ་མ་གཏོགས་ཆོས་ལུགས་དང་འཛམ་གླིང་གཅིག་གྱུར་ཟེར་བ་དེ་ཚོ་རྩ་ཆེན་བརྩི་ཡི་མ་རེད།
ད་ལྟ་འཛམ་གླིང་ཚང་མ་ཨ་རི་བྲན་གཡོག་ཡིན་ན་བོད་མི་དེ་དག་ཨ་རི་འགྲོ་འཐོབ་ཆེད་དུ་སྒོར་མོ་འབུམ་ཕྲག་མང་པོ་བཏང་ནས་འགྲོ་བསྡད་པ་དེ་དག་ཅི་རེད་དམ། བྲན་གཡོག་བྱེད་མཁན་འགྲོ་བསྡད་པ་ཨེ་རེད། ཨ་རིའི་དང་འབྲེལ་ལམ་བཟང་པོ་བཙུགས་ཐུབ་མཁན་གྱི་རྒྱལ་ཁབ་མཇར་པན་དང་ལྷོ་ཀོ་རི་ཡ་གཉིས་ལ་ལྟོས་དང་་་ཡར་རྒྱས་དང་ཁེ་ཕན་ག་འདྲ་མི་འདུག་གམ་་་དེ་ནས་དེང་སང་ཐད་ཝན་ལ་ལྟོས་དང་་རྒྱལ་སྲུང་གི་རོགས་རམ་དང་ཚོང་ལས་སོགས་ཡར་རྒྱས་ཆེན་པོ་འགྲོ་འདུག་ག་་་
#18 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
October 28th, 2016 at 9:08 am
སྔོན་འགྲོའི་འོས་བསྡུའི་སྐབས་ནས་འགོ་བཙུགས་ནས་ད་ལྟའི་བར་དུ་ཨ་རིའི་ནང་གི་གསར་འགྱུར་རྒྱུད་ལམ་བརྒྱ་ཆ་90%་ཙམ་གྱིས་ཕོ་རྒོད་ཁྲོམ་ཕི་ལགས་སུ་སྐྱོན་བརྗོད་དང་ལྕམ་ཧེ་ལེ་རི་ལགས་ཀྱི་བཟང་ཕྱོགས་ཀྱི་གནས་ཚུལ་ཁོ་ན་ཁྱབ་བསྒྲགས་བྱས།
ཨ་རིའི་སྤྱི་འཐུས་ཚོགས་པའི་སྲིད་འཛིན་ཟུར་པ་བྷི་ཤི་ལགས་གཙོ་བོ་གྱུར་པའི་སྤྱི་མཐུན་ཚོགས་པའི་དཔོན་རིགས་མང་པོས་ཕོ་རྒོད་ཁྲོམ་ཕི་ལ་སྐྱོན་བརྗོད་བྱས་པ་མ་ཟད་ལྕམ་ཧེ་ལེ་རི་ལགས་སུ་རྒྱབ་སྐྱོར་བྱས། CNN གཙོ་བོ་གྱུར་པའི་སྤྱི་ཚོགས་རྒྱུད་ལམ་ཁག་གིས་ལྕམ་ཧེ་ལེ་རི་ལགས་སུ་འོས་བསྡུའི་རྒྱབ་ཆ་མཐོ་པོ་ཡོད་པའི་ཁྱབ་བསྒྲགས་བྱས། རྩ་རིང་ལུགས་ཀྱི་དཔོན་རིགས་ཚོའི་རྗེས་འབྲངས་པ་དག་དང་གསར་འགྱུར་རྒྱུད་ལམ་ཁག་གི་ཁྱབ་བསྒྲགས་རྫུན་མའི་མགོ་སྐོར་འོག་ཏུ་ལྷུངས་སོང་བའི་བླུན་པོ་དག་གིས་ལྕམ་ཧེ་ལེ་རི་ལ་རྒྱལ་ཁ་འཐོབ་ཀྱི་རེད་བསམས་ཀྱི་ཡོད།
ལྕམ་ཧེ་ལེ་རི་ཟེར་བའི་དབུ་མེད་དེའི་རྫུན་དང་གཡོ་སྒྱུ་ཡིས་ཤེས་འཇོན་གཉིས་ལྡན་ཀྱི་ཨ་རིའི་མི་དམངས་མགོ་སྐོར་གཏོང་ཐུབ་ཀྱི་མེད། ཤེས་འཇོན་གཉིས་ལྡན་གྱི་ཨ་རིའི་མི་དམངས་ཀྱིས་ཕོ་རྒོད་ཁྲོམ་ཕི་ལགས་སུ་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་ཡོད། མ་འོངས་ཨ་རིའི་སྲིད་འཛིན་ཕོ་རྒོད་ཁྲོམ་ཕི་ལགས་ཕེབས་ཀྱི་ཡིན་པར་རྒྱབ་ཆ་བརྒྱ་ལྟ་བུ་རེད།
ཕོ་རྒོད་ཁོང་སྲིད་འཛིན་ཆགས་ཚར་དུས་ལྕམ་ཧེ་ལེ་རི་ཡི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་འཇུག་མཐའ་ཕྱིན་པ་བྱས་ནས་མོ་བཙོན་ཁང་ནང་དུ་བཅུག་གི་ཡིན་ཞེས་གསུངས་ཡོད། རྒྱུ་དང་གོ་གནས་ཟེར་བ་དེ་མི་རྟག་པ་ཡིན་དུས་མོ་བཙོན་ཁང་ནང་དུ་འགྲོ་དགོས་ཐུག་སྲིད་པ་རེད། དེ་དུས་ཧེ་ལེ་རི་ཡི་རྒྱབ་སྐྱོར་བའི་བོད་མི་དེ་དག་བཙོན་ཁང་ནང་དུ་མཇལ་ཁ་ཕྱིན་ན་འགྲིག་གི་རེད་་་ཧཧཧ
ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་འགྲོ་ལམ་དང་འབྲེལ་ལམ་བོད་མི་རང་གིས་ངོས་ནས་བཀག་བཞིན་ཡོད་པ་དེ་ད་ལྟ་ནས་ཤེས་དགོས་པའི་སྐད་ཆ་རེད། བསམ་བློ་སྔོན་ནས་ཐོངས། འགྱོད་པ་རྗེས་སུ་མི་ཡོང་བ་ཤིག་བྱོས་ཅེས་་་་ཞུ་འདོད་པའི་སྐད་ཆ་ཡིན།
བཞག་ལྡོམ་ལྗང་ལོ་འདི་སུ་རེད???
དགྱ་འདྲེ་ཨེ་རེད? ད་ལྟ་དགྱ་འདྲེ་དང་དགྱ་དངུལ་གང་ས་ལ་བཏང་ནས། སྐད་ཡིག་འདྲ་མིན། མི་རིགས་འདྲ་མིན་བསླུས་ནས། ཨ་རི་ཁ་བྲལ་ལ་གཏོང་འདོད་ཀྱི་གཡོ་ཐབས་བཏང་ཟིན་པ་རེད། འོས་ཤོག་ཁ་བསྒྱུར་གྱིས་ཨ་རི་ཕམ་འདོད་ཤར་བ་རེད།
ངས་བསམ་བློ་ཇི་ཙམ་ཞིག་བཏང་ཡང་། འདྲེ་འདི་ལ་དུས་ཚོད་འདུག། འདྲེ་འདི་ལ་དམུགས་ཡུལ་འདུག། འདྲེ་འདིས་ཁོ་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་མེད་ཟེར། དེ་འདྲ་ན། འདྲེ་འདིས་དྲ་རྒྱ་ནས་རྫུན་གཡོ་ཟོལ་གཏམ་བསྒུམས་ནས། ཁ་བརྡ་སྡིངས་ཆ་བཙལ་བ་འདི་ལ་ནག་ཉེས་ཡོད་དམ། ངས་ཁོ་ཨ་རིའི་ཐོབ་ཐང་མ་རག་པའི་བོད་མི་རླུང་རོ་མ་ཞིག་ཡིན་པར་འདོད་དེ། དེ་ལྟ་ནི་མིན་པ་འདྲ། དེ་ལྟ་ན།
ཁ་བརྡ་ཚང་ནས།
ཁ་བརྡ་ལོངས་སྤྱོད་པ་ཚོ་ལ། སེམས་བདེ་བའི་གསལ་བཤད་ཞིག་ཡོད་ན་བཟང་། ང་ཚོ་འདྲེ་ལག་ལ་ཐེབས་ཡོད་དམ་མེད?
མི་ལོ་མང་པོའི་རིང་ཁ་རྩོད་རྒྱབ་སའི་གནམ་ལགས་ཀྱིས་སྐད་ཆ་ལ་དེ་རིང་མོས་མཐུན་ཡོད། བདེན་པ་རེད།
ངས་ནམ་ཡང་ཚིག་ངན་མི་བཤད་པ་ལ་འབད་ཀྱི་ཡོད་། ཡིན་ཡང་དེ་རིང་གནམ་ཟེར་བའི་བླུན་རྒན་དེས་མི་བཤད་ཐབས་མེད་བྱས་སོང་། མ་གཞི་གནམ་ཟེར་བ་བླུན་རྒན་དེ་དྲ་སྟེང་ལ་ཡོང་བར་ཧ་ཅང་དགའ་མཁན་ཞིག་དང་། དྲ་སྟེང་ལ་ནམ་ཡོང་ལ་cyber Bullies བྱེད་པ་ལས་གནས་ལུགས་ལ་ནམ་ཡང་ལྟ་ཤེས་ཀྱི་མེད་། ང་ལ་Trump བསྐོར་བྲི་བར་དམིགས་ཡུལ་ཡོད་། ཁྱོད་ལྟ་བའི་བླུན་རྒན་ཚོ་དངོས་ཡོད་གནས་ཚུལ་ཅུང་ཙམ་འུ་ཤེས་བསམ་ནི་ཡིན་། ང་ལ་མཚོན་ན་ཁ་བརྡ་དྲ་ཚིགས་ནི་བསམ་ཚུལ་བརྗེ་རེ་བྱེད་སའི་གར་སྟེགས་ཤིག་དང་ང་དགའ་སའི་དྲ་ཚིགས་ཤིག་། ཡིན་ཡང་། ངས་བོད་པའི་བསྐོར་དང་ལྷག་པར་བོད་པ་རང་གི་ཆབ་སྲིད་བསྐོར་ཀྱི་རྩོམ་ནམ་ཡང་བྲིས་མེད་། དེ་བས་གཞན་པས་བྲིས་བའི་རྩོམ་དང་རྩོམ་པ་པོ་ལ་རྐྱོན་བརྗོད་ནམ་ཡང་བྱས་མྱོང་མེད་། ཁྱོད་ལྟ་བུའི་བླུན་རྒན་ཚོས་རང་མི་དགའ་ས་ཡོད་ཚད་ལ་རྒྱའི་རྒྱུག་ཁྱི་སོགས་བཤད་ནས་bullies བྱེད་ཀྱི་མ་གཏོགས་གཞན་གང་ཡང་བཤད་མི་ཤེས་། ཁྱི་རྒན་གནམ་ཀྱིས་གཞན་ལ་bully མ་བྱས་སྔུན་ལ་མང་གཙོ་དང་གཏམ་བརྗོད་རང་དབང་གི་དོན་ཧ་གོ་བར་ཤེས་།
ཁྲོམ་ཕུས་༧གོང་ས་མཆོག་ཕོ་བྲང་དཀར་པོའི་གད་སྙིགས་དོར་སའི་ལམ་ནས་གདན་འདྲེན་ཞུས་མེད་ལ་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཁེ་ཕན་དང་རང་མཐོང་ཡོང་ཆེད་༧གོང་ས་མཆོག་བེད་སྤྱོད་བཏང་མེད། གཡོན་ཕྱོགས་ཚོགས་པའི་གསར་ཁང་NYT, CNN, BBC, NBC, སོགས་ཀྱི་གནས་ཚུལ་གཅིག་པོར་ཆ་བཞག་ཏེ་ཁྲོམ་ཕུ་གང་འདྲ་ཡིན་མིན་ཤེས་ཐབས་བྱས་ཚེ་ཁོ་ངོ་མ་སུ་ཡིན་མིན་ཤེས་པར་རྒྱང་ཐག་རིང་སུ་ཕྱིན་ཏེ། ཐ་ན་ཁྲོམ་ཕུ་ནི་ཧི་ཐི་ལར་ལས་ཀྱང་གདུག་རྩུབ་ཆེ་བའི་མི་ཞིག་དུ་གྱུར་ཉག་ཅིག་རེད། བོད་དོན་ཐོག་ལ་(Obama) ཨོའོ་བྷ་མས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་རེད་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་ལ་སེམས་ཁྲལ་ཡོད་ཞེས་ཚིག་གྲུབ་གཅིག་ནང་བཤད་ཡོད། དོན་དངོས་ཐོག་བྷའི་རྒྲན་(Biden)་སོགས་ཀྱིས་༧གོང་ས་མཆོག་བེད་སྤྱོད་བྱ་གི་ཡོད་པ་དེ་མཐོང་ཆོས་སུ་ཡོད་ལ་༧གོང་ས་མཆོག་གད་སྙིགས་དོར་སའི་ལམ་ནས་གདན་འདྲེན་ཞུས་པ་མཐུང་ཆུང་བྱས་པ་ཞིག་རེད།
ལས་དབང་ལགས་། མ་འབེབས་མ་བྱེད་པར་བསམ་ཚུལ་བཤད་པར་གུས་ཞབས་ཡོད་། ཁྱེད་ཀྱིས་”ཁྲོམ་ཕུས་༧གོང་ས་མཆོག་ཕོ་བྲང་དཀར་པོའི་གད་སྙིགས་དོར་སའི་ལམ་ནས་གདན་འདྲེན་ཞུས་མེད་ལ་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཁེ་ཕན་དང་རང་མཐོང་ཡོང་ཆེད་༧གོང་ས་མཆོག་བེད་སྤྱོད་བཏང་མེད།” བཤད་པའི་བསྐོར་ལ་བསམ་ཚུལ་ཅུང་ཙམ་བཤད་ན་བསམ་བྱུང་། དང་པོ་། ཨ་རི་འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་ཆབ་དཔལ་རིག་གསུམ་སོགས་རྒྱལ་ཁབ་གཞན་པ་ལས་ཡར་ཐོན་དང་སྟོབས་ཆེན་ཡིན་པས་། སྲིན་འཛིན་ལ་ལས་སླ་བོ་མཇལ་འཕྲད་བྱ་མི་ཐུབ་ལ་། སྲིད་འཛིན་ལ་འཇལ་བ་ཙམ་གྱིས་འཇིག་རྟེན་ཚང་མས་དོན་སྣང་བྱེད་ཀྱི་ཡོད་། རྒྱུ་མཚན་ནི་སྲིད་འཛིན་ནི་ཨ་རིའི་མཚོན་དོན་ཡིན་ལ་ཁོ་ལ་མཇལ་བ་དེ་ཨ་རིས་གལ་ཆེན་འཛིན་པའི་རྟགས་ཡིན་། གཉིས་པ་། ༧གོང་ས་མཆོག་ཨ་རིའི་སྲིད་རིམ་པར་མཇལ་བ་དེའི་རྒྱབ་ལྗོངས་ན་བོད་ལ་ཤ་ཚ་བའི་ཚོགས་པ་འདྲ་མིན་དང་བོད་དོན་ལ་སེམས་ཁུར་ཡོད་པའི་ཨ་རའི་བོད་པ་ཚོས་དཀའ་ལས་སྣ་ཚོགས་རྒྱབ་པ་ལས་བྱུང་བ་ལས་ཁོང་ཚོའི་ཁས་ཕན་ཆེད་དུ་ཚུར་༧གོང་ས་མཆོག་ལ་འབྲེལ་བ་བྱས་པ་མིན་། རྒྱུ་མཚན་ནི་། བོད་པའི་ཕྱོགས་ནས་ཁོང་ཚོར་རྒྱལ་ཁབ་གཞན་པ་དང་བསྡུར་ན་ཁས་ཕན་གང་ཡང་མེད་། དེའི་ཕྱིར་། དེ་རིང་གི་སྲིད་འཛིན་ཀྱིས་དོན་སྣང་བྱེད་མེད་། གཅིག་བྱས་ན་ཁྱེད་རང་ཡང་ཨ་རིའི་བོད་པ་ཞིག་ཡིན་སྲིད་པའི་ཁྱེད་ཡོད་སའི་ས་གནས་དེའི་ཨ་གཞུང་གི་ཆབ་སྲིད་པ་དང་ཕོ་བྲང་དཀར་པོར་འབྲེལ་བ་བྱེད་དང་ཧ་གོ་ཡོང་ང་།