གླིང་གཅེར་བུས།
དངོས་ནས་དྲང་ནས་བཤད་ན་ཨ་ཚོགས་ཀླུ་མཁར་བྱམས་སྲིད་སྐྱོང་ལ་བླངས་བའི་སྐོར་དང་ཁོང་གི་གཏམ་བཤད་སོགས་འཁྱོག་བཤད་དང་འུད་གཏམ་རྫུན་བསྒྲགས་སོགས་ཅི་ཡང་མེད་པར་༧གོང་ས་མཆོག་གི་རྣ་ལམ་ལ་དྲང་ཚིག་དང་བདེན་ཐུབ་ཀྱིས་འཇོག་ཐུབ་རྒྱུ་ན། ༧གོང་ས་མཆོག་སེམས་ཕམ་པ་ཕར་ཞོག་ཁོང་གིས་བོད་འབངས་ལ་དཀའ་སྡུག་ཁྲི་ཕྲག་གིས་གནང་བའི་དམངས་གཙོའི་ལམ་ལུགས་རླབས་པོ་ཆེ། ད་ནི་དངོས་ནས་བོད་མི་ཚོས་ལོངས་སུ་སྤྱོད་ཐུབ་ཀྱིན་འདུག་བསམ་ནས་ཐུགས་སེམས་ཤིན་ཏུ་ནས་དགའ་བར་འགྱུར་བ་གདོན་མི་ཟ། དེ་ནི་ང་ཚོས་ཁོང་ཉིད་ཀྱི་བཀའ་དང་གསུང་གི་དགོངས་པར་དངོས་ཤུགས་རྒྱུད་གསུམ་ནས་དཔྱད་ན་གསལ་བོར་ངེས་ཡོང་བ་ཞིག་རེད།
ཁོང་ཉིད་ཀྱིས་བོད་འབངས་དག་བྱེའུ་ཕྲུག་གསོ་གསོ་བྱས་ནས་ཡོང་བའི་མི་ལོ་རིང་མོ་དག་ལ་ཕྱིར་བལྟས་ཤིག་བྱས་ན། གསལ་ལེར་ངེས་པ་ནི་ཁོང་གིས་ཕྱོགས་ཡོང་ནས་བོད་མི་དག་གིས་ནམ་ཉི་མ་ཞིག་ལ་རང་ཉིན་ཚོའི་རྐང་འགོར་བླངས་ནས་རང་མགོ་ཞིག་འཁྱོང་བར་དཀའ་བ་མང་པོ་སྤྱད་པ་རེད། དཔེར་ན་ཁོང་ཉིད་ཀྱི་བཀའ་སློབ་རབ་དང་རིམ་པའི་ནང་དུ་ད་ཁྱེད་ཚོས་རྒྱལ་བ་རིན་པོ་ཆེ་མེད་པ་ལྟར་དུ་བསམ་བློ་བཏང་ནས་ཕྱོགས་ཡོང་ནས་རང་ཉིད་ཚོས་རང་མགོ་འཁྱོང་བ་བྱ་དགོས་པ་རེད།
ད་ལྟ་ང་ཡོད་པས་ག་རེ་ཡིན་ན་འགྲིག་འགྲོ་བ་ཞིག་ཡོད་པ་རེད་དེ། དེ་ལྟར་མ་ཡིན་པར་ནམ་ཉི་མ་ཞིག་ལ་རྒྱལ་བ་རིན་པོ་ཆེ་ཡང་འགྲོ་དགོས་པའི་ཉི་མ་ཞིག་ཡོད་པ་རེད་ལྟ་བུའི་བཀའ་སློབ་གསེར་ནག་འདྲ་བ་ཏག་ཏག་གནང་ཡོད་པ་རེད་ལ། དེ་ལྟར་དུ་ཁོང་ཉིད་ཀྱིས་སྲིད་ཀྱི་སྟེགས་བུ་དངོས་སུ་མི་དམངས་ལ་གནང་ནས་ད་ཁྱེད་རང་ཚོས་རང་མགོ་ཐོན་དགོས་པའི་བཀའ་སློབ་ཕ་ཡིས་བུ་ལ་གནང་བ་ལྟར་གནང་ཡོད་པ་རེད་མོད།
དྲང་མོར་བཤད་ན་བོད་པ་ཚོས་དེ་དག་ཅི་ཡང་ཤེས་མེད་ཚོར་མེད་དུ་བཞག་ཡོད་པ་རེད་ལ། ཁོང་ཉིད་ཀྱིས་འཛམ་གླིང་མི་དམངས་ཡོངས་ལ་སྤོབས་པས་ངང་ནས་ད་ནི་ངས་སྲིད་དབང་མི་དམངས་ལ་རྩིས་སྤྲད་ཚར་ཡིན། ད་ང་ལ་སྲིད་ཀྱི་ཕྱོགས་ནས་འགན་ལན་ཅི་ཡང་མེད་པའི་གསུང་བཤད་ཆེ་ཆེར་གནང་ཡོད་ན་ཡང་། བོད་པ་ཚོས་ད་དུང་སྲིད་ཀྱི་རྙོག་ཟིང་ནང་དུ་ཁོང་ཉིད་བཙན་གྱིས་དྲུད་ནས་ཡོང་གིན་ཡོད་པ་རེད།
ལྷག་པར་དུ་ད་ཐེངས་ཀྱི་བཀའ་སྤྱིའི་འོས་བསྡུའི་སྐབས་སུ་ཡང་རྣམ་པ་འདྲ་མིན་ནས་ཁོང་ཉིད་དྲུད་ཡོང་གིན་ཡོད་པ་རེད་ལ། དྲུད་ཡོང་སྟངས་དེ་ཡང་ཕྱོགས་གཅིག་ནས་༧རྒྱལ་བ་རིན་པོ་ཆེའི་བཀའ་བསྒྲུབ་རྒྱུ་ཟེར་ནས་རང་དོན་གཉེར་ཐབས་ལ་དྲུད་ནས་ཡོང་གིན་ཡོད་པ་རེད་ལ། ངོས་གཅིག་ནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་མེད་ཚུལ་དང་དད་པ་ལོག་ཚུལ་བཤད་ནས་ཕ་རོལ་བོར་ནག་པོར་བཟོ་ཐབས་ལ་དྲུད་ཡོང་གི་ཡོད་པ་རེད།
ང་ཚོའི་བཀའ་སྤྱིའི་འོས་མི་ནི་བོད་རྒྱལ་ཁབ་དང་དེ་ཡི་མ་འོངས་བའི་མདུན་ལམ་དང་ད་ལྟའི་དཀའ་སྡུག་གི་ཆེད་དུ་འདེམ་བཞིན་པ་ལས་་རྒྱལ་བ་རིན་པོ་ཆེ་མི་སྒེར་གཅིག་གི་ཆེད་དུ་ཡིན་པ་ལྟ་བུའི་སྣང་བ་ཞིག་ཚོད་ཚོད་དུ་ཡོད་པ་རེད། ད་ནི་དངོས་ནས་ཁོང་ཉིད་ཀྱིས་གསུངས་པ་ལྟར་སྲིད་ཕྱོགས་ཀྱི་ལས་དོན་གང་ལ་ཡང་རྒྱལ་བ་རིན་པོ་ཆེ་མེད་པ་ལྟར་རང་ཁེ་གཞན་ཕམ་ག་རེ་ཡི་ཕྱོགས་ནས་ཁོང་ཉིད་དྲུད་མི་ཡོང་ཐབས་ཤིག་ཡོད་ན་ཇི་འདྲའི་ཡག་ག་ལའང་།
༧རྒྱལ་བ་རིན་པོ་ཆེ་ནི་དུས་ནམ་ཡང་དམངས་གཙོ་གཙུག་ཏུ་བཀུར་བའི་མི་ཞིག་དང་དམངས་གཙོའི་སྲིད་གཞུང་ལ་བསམ་ཚུལ་དང་ལྟ་ཚུལ་གང་ཡང་ཡོང་བ་དང་ཡོང་དགོས་པར་སྒོ་ཀུན་ནས་བཀུར་མཁན་ཞིག་རེད། དཔེར་ན་ཁོང་ཉིད་ཐོག་དང་པོ་རྒྱ་གར་ལ་ཕེབས་པའི་སྐབས་སུ་རྒྱ་གར་གྲོས་ཚོགས་སུ་ཕེབས་པར་བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པ་ཡོང་ནས་གྲོས་ཚོགས་ཚ་ཚ་འུར་འུར་ཡོད་པས་ཁོང་ལ་དམངས་གཙོ་ཡི་རིན་ཐང་དང་དེ་ཡི་ཕན་ཁེ་ཡིས་བློ་རྒྱ་ཆེ་ཆེར་སྟེར་བར་གསུངས་ཡོད་ལ། དེ་ལྟ་བུའི་དམངས་གཙོའི་ལམ་བུ་ཞིག་ལ་སྐྱོད་དགོས་པས་དགོངས་པ་ཡང་ཡང་གསུངས་ནས་ཡོད་པ་རེད།
ལྷག་ཏུ་ད་ལྟའི་ཁ་ཚ་དགོས་གཏུག་གི་དུས་འདི་ལྟ་བུར་ང་ཚོས་ཁོང་ཉིད་ཀྱི་བཀའ་དགོངས་ལ་ངེས་ཤེས་རྙེད་དགོས་རྒྱུ་ཧ་ཅང་གལ་ཆེན་རེད། དད་པ་ཙམ་ཞིག་གཙོ་བོར་བཟུང་ནས་གནད་དོན་ལ་མ་དཔྱད་མ་རྟོག་པར་སོང་ན། ཁོང་ཉིད་ཀྱིས་སྔོན་ཆད་ཞིག་ལ་ཤེས་དགོས་མཁན་གྱི་བོད་པ་ཚོས་ངའི་དགོངས་པ་ཅི་ཡིན་ཤེས་ཀྱི་ཡོད་པ་མ་རེད། ཤེས་མི་དགོས་པའི་ཕྱི་གླིང་བ་ཚོས་གསལ་བོར་ཤེས་ཀྱི་ཡོད་པ་རེད་ཅེས་ཡིད་སེམས་སྐྱོ་སྐྱོ་ངང་ནས་གསུངས་པ་ལྟར། ད་དུང་འུ་ཚོས་ཁོང་ཉིད་ལོ་རྒན་བརྒྱད་ཅུའི་ལ་ཁ་ནས་ཡིད་སེམས་བདེ་རུ་འཇུག་རྒྱུ་མ་རེད།
དེ་བས་ཀླུ་མཁར་བྱམས་ནི་དོན་དམ་པར་བཤད་ན་རྒྱལ་བ་རིན་པོ་ཆེའི་རྣམ་དག་དྭངས་གཙང་གིས་གནང་བའི་དམངས་གཙོའི་རྒྱན་ཞིག་ཏུ་མ་གྱུར་ན་ཁོང་ཉིད་ཁ་ལ་འཁྱེར་ནས་དམངས་གཙོའི་འཇིག་རྟེན་ལ་རྨས་སྐྱོན་བཟོ་མཁན་ཞིག་མིན་པ་ཐག་ཆོད་རེད། བསམ་བློ་གུ་ཡངས་པོས་ལྟ་ཐུབ་ན་དོན་དངོས་སུ་ད་ལྟ་བར་དུ་ཀླུ་མཁར་བྱམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་གནས་ལུགས་དང་འགལ་བའི་སྐད་ཆ་གཅིག་ཀྱང་བཤད་མི་འདུག་ཟེར་ན་འགྲིག་གི ཆབ་སྲིད་རིག་པའི་རིག་ལམ་གྱི་ངོས་ནས་བཤད་ན་རྒྱལ་བ་རིན་པོ་ཆེ་ཡང་མི་ཞིག་ཡིན་པས་འགལ་བ་དང་ནོར་བ་ཡོང་ཆོག་པ་ཞིག་རེད་ལ་ཡོང་བ་དེ་ལ་དེ་ལྟ་བའི་སྐད་ཆ་བཤད་པ་ཡང་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱད་པ་ལས། གཞན་སྲིད་ཀྱི་མིག་ཟུང་གིས་ལྟ་ས་ན་ཆོས་ལུགས་རིག་པའི་ལྟ་ཚུལ་སྦད་དེ་མི་འགྲོ་བ་ཤེས་ན། ད་གཟོད་ང་ཚོས་ཀླུ་མཁར་བྱམས་ལ་ངེས་ཤེས་ཤིག་རྙེད་རྒྱུ་ཡོད་པ་རེད།
སྲིད་སྟེགས་ཀྱི་ཁེ་ཕན་རང་ལུགས་པ་ཚོས་༧རྒྱལ་བ་རིན་པོ་ཆེ་ཁ་ལ་ཁུར་ནས་ཁོང་ཉིད་ཁ་རུབ་གུ་དོག་པོ་ཞིག་ཏུ་བཟོ་བཞིན་པ་ལས། རྒྱལ་བ་རིན་པོ་ཆེ་ནི་དེ་ལྟ་བུའི་རང་ལྟ་མཆོག་འཛིན་གྱི་སྐྱེས་བུ་ཞིག་མིན་པ་ཀུན་གྱིས་ཤེས་གསལ་རེད། མཐའ་ན་ཁོང་གིས་ང་ཕྱེད་ཀ་ནང་བ་ཡིན་ལ་ཕྱེད་ཀ་གུང་ཁྲན་ཏང་ཡིན་ཟེར་བའི་ལྟ་བ་མི་འདྲ་བ་དང་འདོད་ཚུལ་མི་འདྲ་ཡོངས་ལ་གུས་གཙི་འཇོག་གིན་ཡོད་པ་རེད་ལ།
ལྷག་ཏུ་ཀླུ་མཁར་བྱམས་ཀྱིས་སྲིད་སྐྱོངས་འོས་མིར་ལངས་བའི་སྔོན་འགྲོའི་བསྒྲགས་གཏམ་དག་དང་ཁོང་གིས་ཡང་དག་པའི་དམངས་གཙོ་ལ་བཟུང་བའི་ལྟ་ཚུལ་དག་ནི་༧རྒྱལ་བའི་དགོངས་བ་དང་ངོ་བོ་གཅིག་ཏུ་གྱུར་ནས་ཡོད་པར་བཤད་ན་འུད་དུ་གཏན་ནས་མི་འགྲོ དེ་བས་ཁེ་ཕན་རང་ལུགས་པ་ཚོ་དང་དད་ཞེན་རང་ལུགས་པ་དག་གིས་ཁོང་ཉིད་ཁ་ལ་ཁུར་ནས་རྒྱལ་བའི་ཕུགས་བསམ་གྱི་དམངས་གཙོའི་རྨི་ལམ་ལ་བར་ཆད་མ་བཟོས་ན་རེད།
དོན་དངོས་སུ་བཤད་ན་ད་ཐེངས་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་བླངས་བ་དེ་ཡང་འོས་ཐོབ་མི་ཐོབ་ཞིག་གི་ཆེད་དུ་གཏན་ནས་ཡིན་གྱི་ཡོད་པ་མ་རེད་ལ། ཁོ་རང་གིས་ཀྱང་ང་ལ་སྲིད་སྐྱོངས་སྟེགས་བུ་ལས་ཀྱང་བོད་རང་བཙན་དང་བོད་ཀྱི་དམངས་གཙོ་ཡང་དག་པའི་ལམ་ཞིག་ལ་འགྲོ་བ་གལ་ཆེན་ཡིན་གྱིས་བཤད་ཡོད་པ་རེད་ལ། ཁུ་སིམ་སིམ་གྱིས་ལ་ཤས་ཀྱིས་ཅི་ཡང་བྱ་ཆོག་ས་དང་ཁ་ཤས་ལ་གཏན་ནས་འཛུལ་ས་ཞིག་མེད་པའི་ང་ཚོའི་དམངས་གཙོ་དེ། ད་ཐེངས་ཀླུ་མཁར་བྱམས་ཀྱིས་གཉིད་ལས་ཐེངས་ཤིག་དཀྲོག་པ་དེས་ཀྱང་རྒྱལ་བའི་ཐུགས་ཀྱིས་གསོལ་བའི་དམངས་གཙོ་དེ་ཡང་དག་པའི་ལམ་བུ་ཞིག་ལ་བསྐྱོད་པའོ་གྲོགས་མཛད་མེད་ན། ངན་ཞིག་ཏུ་ལར་ནས་ཆགས་ཀྱི་ཡོད་པ་མ་རེད།
གང་ལྟར་ད་ཐེངས་ཀླུ་མཁར་བྱམས་ཀྱིས་རང་གི་ལྟ་བ་དང་ལངས་ཕྱོགས་སྲ་ཚུགས་སུ་བཟུང་ནས་སྲིད་ཀྱི་སྟེགས་བུར་བླངས་བ་དེས་བོད་ཀྱི་དམངས་གཙོའི་བྱུང་རིམ་ནང་དུ་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་བྲིས་ཡོད་པ་ཡིན།
༢༠༡༥/༩/༢༥/
རྩོམ་ཡིག་འདི་དྲང་བདེན་རེད། ད་ལྟའི་བར་ཀླུ་མཁར་བྱམས་ནས་གོང་ས་མཆོག་གི་མཚན་བེད་སྤྱད་ནས་ཁེ་བཟང་ཟ་མྱོང་མེད། རང་བཙན་དགྲ་རུ་འཛིན་མཁན་ཚོས་ག་དུས་ཡིན་ཡང་གོང་ས་ཁ་རུ་ཁུར་ནས་བཙན་བྱོལ་ཁྲག་ལྟར་དཀྲུགས་ཀྱིན་ཡོད།
ང་ཚོའི་བཀའ་སྤྱིའི་འོས་མི་ནི་བོད་རྒྱལ་ཁབ་དང་དེ་ཡི་མ་འོངས་བའི་མདུན་ལམ་དང་ད་ལྟའི་དཀའ་སྡུག་གི་ཆེད་དུ་འདེམ་བཞིན་པ་ལས་རེད། འདི་གོ་འཛོལ་ཆེན་པོ་ཞིག་བྱུང་འདུག་པས་དགོངས་པ་མི་ཚོམས་རོགས།
མང་གཙོའི་ཁྱད་ཆོས་ནི་བཤད་ས་ཡོད་པ་དང་གླེང་ས་ཡོད་པ། མི་མཐུན་ས་ནས་མཐུན་པ་བཟོ་རྒྱུ་དང་མཐུན་ས་ནས་ཡར་རྒྱས་གཏོང་རྒྱུའི་མི་དམངས་ཀྱི་འདོད་མོས་མི་འདྲ་བ་དག་ལ་ཉན་དགོས་པ་དང་རྩིས་དགོས་པ་རེད། ལྷག་པར་དུ་མང་གཙོ་ཡང་དག་ཞིག་ཏུ་སྤྱོད་པ་ལ་ངེས་པར་དུ་ཕྱོགས་འགལ་ཚོགས་པ་ཞིག་དགོས་ཀྱི་ཡོད། དེས་རང་གི་འདོད་པ་ལ་དགག་པ་དང་ཟུར་ཟ། ཐེར་སྟོན་དང་སྦྱོང་བཤད་དགོས་པའི་དོན་སྙིང་རེད། གང་ལྟར་སྐྱོན་བརྗོད་མེད་ན་ཡར་རྒྱས་མེད། ཞེས་པའི་སྲིད་དོན་རིག་པའི་བཤད་སྲོལ་དེ་ཡང་དེ་བཞིན་རེད། ཀླུ་མཁར་ལགས་ཀྱིས་མི་དམངས་དང་མི་རིགས་གཙོ་བོར་འཛིན་ནས་བཤད་ཀྱི་འདུག་པ་ལས་མི་སྒེར་ག་གེ་མོ་གཙོ་མི་འཛིན་པའི་ཚུལ་འདི་ཡང་མང་གཙོའི་རྣམ་པ་རེད་ལ། ལེགས་ཆ་ལས་ཉེས་ཆ་ཞིག་རྩ་ནས་མ་རེད། མི་ག་གེ་མོར་སྐྱོན་བརྗོད་པ་དེ་གཙོ་བོར་ལྟ་རིགས། སྐྱོན་བརྗོད་དེ་དོན་བདེན་ཡིན་མིན་ལ་དཔྱོད་དགོས་རྒྱུ་ནི་མིའི་རྣམ་དཔྱོད་བེད་སྤྱོད་ཐུབ་པའི་དོན་སྙིང་རེད།
༸རྒྱལ་བའི་དགོངས་གཞི་ཨེ། ཀླུ་མཁར་འབྱམས་ནི་དགོངས་གཞི་དཀྲུག་མཁན་ཙམ་མ་ཡིན་པར། བོད་དང་བོད་མི་རིགས་བཅས་པ་རྩ་མེད་ཞིག་རལ་གཏོང་མཁན་གྱི་མི་ནག་ཅན་པ་ཞིག་ལ་རྒྱུན་དུ་ངོས་འཛིན་བྱས་དང་བྱེད་མུས་ཡིན།
ཁོ་ལྟ་བུ་ང་ཚོར་གཅིག་ཡོད་ཀྱང་མང་དྲགས་པ་རེད། ང་ཚོར་བོད་ལ་ཞེན་པ་ཞིག་དགོས་པ་ལས། རྒྱ་མི་དང་དོལ་རྒྱལ་བ་རྣམས་ལ་ཞེན་པ་བྱེད་མཁན་ཞིག་མི་དགོས།
པདྨ་ཁྱོད་ཉོན་ཅིག་་་་་་ཀླུ་མཁས་བོད་རང་བཙན་གཙང་མ་རྩོད་ལེན་བྱ་དུས་རྒྱ་མི་ལ་ཞེན་འགྲོ་བ་གང་འདྲ་རེད་དམ། དོལ་རྒྱལ་བ་ལ་ཞེན་པ་དེ་རང་རིགས་ཅིག་པ་ཡིན་ཙང་སྲིད་དོན་ཉམས་ཞིབ་པའི་འཆར་སྒོ་ན་གསལ་ལེ་ཡོད། འོ་ན་་་་གུང་བྲན་ཏང་གི་རྩ་ཁྲིམས་དེ་ཡང་དག་པའི་ལག་ལེན་ལ་བརྟར་ན་བོད་མི་ས་ཡ་དྲུག་དེའི་འོག་བསྡད་ཀྱི་ཡིན་ཟེར་འདུག་གདའ། གཏམ་དེའི་ནང་རྒྱ་ལ་ཞེན་ཧ་ཅང་ཆེན་པོ་གནང་མི་འདུག་གམ། དྲང་མོ་བཤད་ན་རྒྱ་ལ་ཞེན་མཁན་སུ་རེད་འདུག་གམ་སོམས་ཅིག།
རྩོམ་ཡིག་འདི་འབྲི་མཁན་གྱིས་དམངས་གཙོའི་གོ་དོན་རྟོགས་འདུག ཡག་པོ་བྲིས་འདུག
གོང་ནས་༧གོང་ས་ཏྭ་ལའི་བླ་མས་དམངས་གཙོ་མར་གསོལ་རས་གནང་། འོག་ནས་རྨོངས་དད་མགོ་ཚོས་བཀའ་བཀོད་རྒྱུད་འཛིན་ལམ་ལུགས་ཡར་ཕུལ་གང་ཐུབ་ཐུབ་བྱས། ༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་དང་བཀའ་དགོངས་ཐོག་ཏུ་ཤར་སྐྱོད་བྱེད་དགོས་ཟེར་ནས་བཀའ་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་ཐོག་ཏུ་མི་དམངས་བཙན་གྱིས་དེད།
༧གོང་ས་ཏྭ་ལའི་བླ་མས་མི་དམངས་ཀྱི་སྐྱོན་བརྗོད་བྱེད་ཆོག་པའི་རང་དབང་སྤྲད། རྨོངས་དད་མགོ་ཚོས་སྨྲ་བརྗོད་རང་དབང་བཀག་འགོག་དང་སྐྱོན་བརྗོད་ཟུར་ཙམ་བྱེད་མི་བཅུག དམངས་གཙོ་ལ་རྡོག་རོལ་བཏང་མཁན་དང་། སྨྲ་བརྗོད་རང་དབང་ལ་བཀག་འགོག་བྱེད་མཁན་ནི་རྨོངས་དད་མགོ་ཚོ་རེད།
མ་གཞི་ཨ་ཚོགས་ཚང་བོད་རིགས་སྤུན་ཟླ་ཞིག་ཡིན་པའི་ཆ་ནས་བརྩི་བཀུར་ཡོད། འོན་ཀྱང་། ད་ཐེངས་ཁོ་འབྱུང་འགྱུར་སྲིད་སྐྱོང་འོས་མིར་ལངས་དགོས་ཞེས་པར་མོས་མཐུན་རྩ་བ་ཉིད་ནས་མེད། རྒྱུ་མཚན་གང་ཞེ་ན། གཅིག ཁོང་གིས་བོད་ཡིག་འཁྱར་འཁྱོར་ཞིག་སྤྱོད་ཤེས་པ་ཙམ་ལས། ཕྱིའི་སྐད་ཡིག་གི་རྨང་གཞི་ཧ་ཅང་སྐྱོ་བོ་རེད། ཕྱིའི་སྐད་ཡིག་སྟེ་དབྱིན་ཇིའི་སྐད་ཡིག་ནི། མིའི་ལུང་བར་གཞན་དབང་སྟབས་བསྟུན་དང་སྐྱབས་བཅོལ་བའི་གནས་བབ་འོག་བོད་རང་གི་སྐད་ཡིག་ལས་ཀྱང་གལ་ཆེ་བ་དང་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད། གཉིས། ཁོང་གིས་འོངས་པར་བོད་ནི་རང་བཙན་གྱི་རྒྱལ་ཁབ་སྟེ་རྒྱ་ནག་ལས་ཐ་དད་དུ་སྡོད་རྒྱུའི་བཞེངས་ཕྱོགས་འཛིན་གྱི་ཡོད། རེད་དེ། ལམ་དབུ་མ་ནི་བོད་མི་མང་གིས་དམངས་གཙོའི་ལམ་ནས་ཐག་ཆོད་གནང་བའི་གཞུང་གི་སྲིད་བྱུས་དང་། ༸རྒྱལ་བའི་དགོངས་གཞིའང་ཡིན་པས། དེ་ལས་གཞན་པའི་ལམ་ཞིག་ཏུ་སྤྱོད་ཀྱི་ཡིན་ལབ་པ་ན། རྒྱལ་སྤྱིའི་འགྱུར་བ། རྒྱ་ནག་གི་སྟོབས་ཤུགས། བོད་རང་གི་གནས་བབ་གང་ལ་བལྟས་ཀྱང་ཡོང་མི་སྲིད་པ་ཞིག་རེད། གསུམ། ཁ་དཔེར། «དྲིན་ཅན་ལ་དྲིན་ལོག གཡང་ལ་རྡོག་ལོག »ཟེར་བ་ལྟར། ༸གོང་ས་མཆོག་གིས་དགོངས་ལོ་བཅུ་དྲུག་ནས་ད་ལྟའི་བར་བོད་མིའི་བདེན་དོན་དང་རིག་གཞུང་གི་ཕྱིར་དུ། སྐུ་ལས་བསྐྱོན་ཞིང་། ལྷག་ཏུ་བཙན་བྱོལ་དུ་ཕེབས་ནས་བཟུང་། འཛམ་གླིང་གི་རྒྱལ་ཁབ་གང་སར་ཞབས་ཀྱིས་བཅགས་ཏེ། མིའི་རིགས་ཐོབ་ཐང་དང་། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ། ལྷག་པར་དུ་བོད་མིའི་གནས་བབ་དང་འཐབ་རྩོད་ཀྱི་ཁ་ཕྱོགས་སོགས་ངོ་སྤྲོད་བྱས་དང་བྱེད་བཞིན་པ་འདིས། ད་ལྟ་བོད་དང་བོད་ཀྱི་རིག་གཞུང་ལབ་ན། ས་སྒང་འདིའི་སྟེང་བརྩི་མཐོང་ཆ་འཇོག་གནང་སའི་ཡུལ་ཞིག་ཏུ་གྱུར་ཡོད། འོན་ཀྱང་ཀླུ་མཁར་བྱམས་གྱིས་དེ་འདྲའི་བཀའ་དྲིན་ལ་བསམ་ཤེས་མི་བྱེད་པ་མ་ཟད། ད་རུང་༸གོང་ས་མཆོག་ལ་རྒྱལ་བཙོང་བ་སོགས་ཉེས་མིང་གཡོགས་ཏེ། གཞི་མེད་སྐྱོན་བརྗོད་ཚད་ལས་བརྒལ་བ་སྣ་ཚོགས་བྱེད་ཀྱིན་འདུག དེས་ན། དེ་དག་ནི་ངས་ཁོང་ལ་རྒྱབ་སྐྱོར་རྩ་བ་མི་བྱེད་པའི་རྒྱུ་མཚན་ཡིན།
ཞིང་ཅིན་ཕིང་གིས་རྒྱ་སྐད་བརྒྱབ་ནས་ཀྲུང་གོའི་སྲིད་འཛིན་བྱས་ཐུབ་དུས་ཀླུ་བྱམས་ཀྱིས་བོད་སྐད་དང་རྒྱ་སྐད་གཉིས་ཀའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་སྲིད་འཛིན་བྱེད་མི་ཐུབ་དོན་ཅི་ཡོད། ཞིང་ཅིན་པིང་གིས་རྒྱ་སྐད་བརྒྱབ་ནས་ཨ་རི་ནང་དུ་ལས་དོན་སྒྲུབ་བྱེད་འདུག་ག མ་གཏོགས་ཨེན་སྐད་བརྒྱབ་ནས་ལས་དོན་སྒྲུབ་བཞིན་མི་འདུག་ག མ་གཞི་ནས་ཨེན་སྐད་ཏོག་ཙམ་ཤེས་པར་ཧང་སང་དགོས་དོན་ཅི་ཡང་མེད་པྭ།
གཉིས་པ། ལམ་དབུ་མ་ནི་བོད་མི་མང་གིས་དམངས་གཙོའི་ལམ་ནས་ཐག་ཆོད་གནང་བའི་གཞུང་གི་སྲིད་བྱུས་ཡིན་ཟེར་བ་འདི་ནི་ཧམ་བཤད་རེད། བོད་མི་དམངས་ཀྱིས་ཐག་གཅོད་པ་བྱས་པ་ཞིག་མིན། ཡེ་ཤེས་དབྱིངས་དཔྱད་བྱས་ནས་ཐག་གཅོད་བྱས་པ་ཞིག་རེད། བོད་མི་དམངས་ལ་རང་ཐག་རང་བཅད་ཀྱི་ཐོག་ནས་ལམ་ཕྱོགས་གདམ་ཀ་བྱེད་ཀྱི་རང་དབང་གཙང་མ་ཞིག་ཐོབ་མྱངས་མེད།
མང་གཙོ་ཁ་ལ་འཁྱེར་ནས་དོན་དམ་གྱི་རྒྱལ་བའི་དགོངས་པ་གང་ཡང་མ་རྟོགས་ཁར་ ད་དུང་དོན་དམ་པར་བཤད་ན་ཀླུ་མཁར་བྱམས་ནི་རྒྱལ་བའི་དགོངས་གཞི་སྒྲུབ་མཁན་ཁོ་ན་དེ་ཡིན་ཞེས་རྩོམ་ཡིག་སྤེལ་བ་ནི་ཡིག་ཚོགས་ཀྱི་གད་སྙིགས་དང་གཉིས་སུ་མ་མཆིས། ཀླུ་མཁར་ཁོ་སྲིད་སྐྱོང་ལ་ལངས་པ་ནི་ཁོ་རང་གི་རང་དབང་རེད་ འོན་ཀྱང་ཁོ་བོའི་རྗེས་སུ་འབྲངས་པ་ནི་ད་དུང་གཉིད་ལས་མ་སད་པའི་ཕྲུ་གུ་དང་ཤེས་མེད་ཀླད་སྟོང་རང་རེད། ཁྱེད་(ཀླུ་མཁར་རྗེས་འབྲངས་)ཚོས་འདས་ཟིན་པའི་བོད་དང་བོད་མིའི་ལས་དབང་ལ་ཕྱི་མིག་ལྟོས། ད་ལྟའི་བོད་དང་བོད་མིའི་གནས་སྟངས་ལ་སློབ་སྦྱོང་བྱེད། འབྱུང་འགྱུར་གྱི་བོད་དང་བོད་མིའི་ཕུགས་ཡུལ་ལ་རྣོ་བསམ་ཐོངས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆབ་དཔལ་ཁག་ལ་དོ་སྣང་གནང། ཁོ་བའོ་སྨྱོ་གཏམ་གྱི་རྩོམ་ཡིག་དང་གཏམ་བཤད་དག་ལ་དཔྱད་པ་བྱེད། དོན་དམ་ཁོ་བོ་མི་གང་འདྲ་ཞིག་རེད་འདུག་ལྟོས་ཨཱ།
ཅོ་རི་ཉི་མ་ལགས། ལམ་དབུ་མར་མ་གླེང་གོང་ལ་ཁྱེད་རང་མཁས་དབང་ཟམ་དོང་བླ་མའི་བཀའ་སློབ་ལ་སློབ་གཉེར་བྱེད། དབུ་མའི་ལམ་ནི་བདུན་བཅུ་དོན་གྲངས་ནས་ཚོགས་ཆེན་རབ་དང་རིམ་པ་ཚོགས་ བཀའ་བསྡུར་རབ་དང་རིམ་པ་གནང་ སྦྱང་བཤད་དང་འགྲོ་གླེང་རབ་དང་རིམ་པ་བྱས་ གྲོས་ཚོགས་སུ་མང་མོས་གྲོས་འཆར་ཐོབ་ གཞིས་བྱེས་གཉིས་བོད་མི་ཡོངས་ཀྱིས་མང་གཙོའི་ལམ་ནས་བརྒྱབ་སྐྱོར་གནང་ནས་བརྒྱ་ཆ་༦༤% གསོན་ནས་མི་མང་གིས་ཐག་གཅོད་དང་གདམས་ག་གནང་བའི་ལངས་ཕྱོགས་ཤིག་ཡིན་པས་ ཧམ་བཤད་ ཞེས་པ་སོགས་གོ་མེད་ཚོར་མེད་ཀྱི་ཅ་ཅོ་མ་སྨྲ་ བོད་ཡིག་ཐར་ཐོར་བྲི་ཤེས་པ་ཙམ་གྱིས་ཧམ་བཤད་དེ་འདྲ་གནང་བ་དེར་ཡང་ལུང་དང་རིག་པ་ཡོད་ངེས་པས་མཆན་ལན་གནང་རོགས།
ཤ་ཚ་བའི་ཚིག་ལ་སྙན་མོ་ཟེར་བའི་བོད་ཀྱི་གཏམ་དཔེ་འདི་ཅི་མ་བདེན།
དཔའ་མཛངས་ལྡན་པ་ཀླུ་མཁར་བྱམས་ལ་དཔའ་མཛངས་ལྡན་པའི་རྩོམ་མམ་གསལ་བྱེད་དེ་ལ་ཡི་རང་ཞུ།
ང་ནི་ཀླུ་མཁར་བྱམས་ཀྱི་ལྟ་བ་ལ་སྔོན་མ་ནས་དགའ་མཁན་དང་ཡང་ན་ཁོང་གི་བགྲོ་གླེང་སོགས་ལ་ཉན་རྒྱུ་དགའ་བོ་ཡོད། ཡིན་ན་ཡང་ད་རིས་ཀྱི་སྲིད་སྐྱོང་འོས་ལང་སྐབས་ཀྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན་མང་པོ་ཞིག་གི་ཁོང་ལ་བཅོས་མིན་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་གི་ཡོད་པ་དེ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན་ཡིན་ན་ཡང་སེམས་ཕམ་དགོས་པ་ཞིག་ལ་མང་པོ་ཞིག་གིས་རྒྱབ་རྐྱོར་བྱེད་གི་ཡོད་མདོག་མདོག་བྱས་ནས་ཨ་མདོའི་ནང་ཁུར་དཀྲུག་གི་ཡོད་པ་ངོས་ཡོད་གནས་ཚུལ་རེད། དེ་བཞིན་དགའ་ལྡན་ཕོ་བྲང་དང་ཨ་མདོ་ལ་མི་དགའ་མཁན་ཚོའི་གོ་སྐབས་ཡག་ཤོས་ཤིག་ཡིན་པ་བཤད་མ་དགོས་པ་རེད།
གོང་གི་རྫ་ཆུ་སྔོན་མོ་ལ་ཞུ་རྒྱུ་་་་ལས་ཀྱི་སྣེ་མོ་བ་ཞིག་ཡིན་ན་ཡིན་ཅིག་མིན་གཉིས་ཀྱི་གཞན་གྱི་སྐད་རིག་ལ་མཁས་པ་ཞིག་ཡིན་དགོས་པའི་ངེས་པ་གཏན་ནས་མེད་་་གང་ཡིན་ཟེར་ན་འཛམ་གླིང་ལ་ཆེས་སྐད་གྲགས་ཆེ་བའི་མཁས་དབང་དང་ཡང་ཁྱབ་སྲིད་པ་མང་པོ་ཞིག་གི་རང་གི་ཡུལ་སྐད་མ་གཏོགས་མི་མཁྱེན་སྟོང་ཕྲག་མང་པོ་ཡོད་་་་དེས་ན་ཁྱོད་ཀྱི་དེ་ཙམ་མ་གཏོགས་རྒྱུ་བགྲང་རྒྱུ་མེད་ན་ནོར་བ་རེད།
ཀླུ་སྡུག་ཁོ་ལྟ་བུ་བཙན་བྱོལ་སྤྱི་ཚོགས་ནང་ལ་གསུམ་ཡོད་ན་ལོ་བཅུའི་ནང་ལ་བཙན་བྱོལ་བོད་མའི་སྒྲིག་འཛུགས་འདི་རྩ་འཐོར་ལ་འགྲོ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད། རྒྱ་གཞུང་གིས་ལྕག་པས་གསོས་པའི་ཁྱི་ངན་ཚོ་ཀླུ་སྡུག་ནག་པོ་ལ་རྒྱབ་སྐྱོར་བྱོས་དང་རྒྱ་ལྕག་དོག་ཙམ་རེགས་ཡོང་།
མཆན། # ༧ རྫ་ཆུ་སྔོན་མོ་ལགས་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་དགོངས་ཚུལ་གསལ་པོ་གསུངས་འདུག་པར་མོས་མཐུན་རྒྱབ་སྐྱོར་གཙང་མ་ཡོད། དེའི་ཞོར་ལ་ངས་ཁ་བསྣོན་ཞིག་རྒྱབ་འདོད་པ་ནི་ང་ཚོ་ཡུལ་གྱར་བའི་གནས་སྟངས་ཐོག་ནས་སྤྱི་སྒེར་གྱི་ལས་དོན་ཆེ་ཆུང་ཚང་མ་གཞན་དབང་སྟབས་བསྟུན་དགོས་དུས་དབྱིན་ཇིའི་སྐད་ཡིག་ལ་སོགས་པའི་ཡུལ་ལུང་སོ་སོའི་སྐད་ཡིག་དང་། དེང་དུས་ཀྱི་ཤེས་ཡོན་གནས་ཚད་ཕུན་སུམ་ཚོགས་པ་ཞིག་མེད་ན་སྤྱི་དོན་ཕར་བཞག། རང་མགོ་ཡང་མ་ཐོན་པའི་དཀའ་ངལ་ཡོད་པ་ནི་དངོས་སུམ་མཐོང་ཆོས་ཡིན་ན་ཆབ་སྲིད་ཀྱི་འགོ་འཁྲིད་ལ་ཤོད་མི་དགོས་པ་རེད། གཞི་ནས་ང་ཚོའི་བདེན་དོན་འཐབ་རྩོད་ཀྱི་ཆེད་དུ་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པའི་ཆེད་ལས་པ་གང་མང་དགོས་རྒྱུ་ནི་ཁ་ཚ་དགོས་བཏུགས་དང་། མེད་དུ་མི་རུང་བ་ཞིག་རེད་བསམ་གྱི་ཡོད།
རྣམ་པ་ཚོ་ཕེབས་ཡོང་ནས་རང་རང་གི་བསམ་ཚུལ་བཤད་པར་དགའ་ཡོད། དེ་ལས་ཀྱང་དམོད་ཚིག་དང་འཆལ་གཏམ་མ་ཡིན་པར་རྒྱུ་མཚན་ལྡན་པའི་ངོས་ནས་བགྲོ་རོགས། ཞོར་དུ་དཀོན་མཆོག་གསུམ་འབོད་པའི་མི་དེར་ཐུགས་རྗེ་ཆེ། སུ་ཞིག་རྒྱ་སྐྱག་གིས་གསོས་མིན་ག་ལེར་ག་ལེར་ང་ཚོར་གསལ་ཡོང་གི་རེད།
ཨེ་་་དར་དམར་ཁུག་བྱུག
བཀའ་ཁྲི་དང་སྤྱི་འཐུས་བྱས་པའི་དུས་ཡུན་ནང་བླ་མའི་བཀའ་བསྒྲུབ་པ་མ་གཏོགས་བོད་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་བཏང་མྱངས་མེད་ཟེར་མཁན་གྱི་དཀྲུགས་རྒན་ཟམ་སྟོང་བླ་མའི་བཀའ་སློབ་ལ་མཉན་མཉན་གྱིས་རྣ་བ་ཚ་སོང་། ཧམ་བཤད་དང་ལོག་བཤད་ལ་མཉན་མཉན་གྱིས་ཡིད་ཐང་ཆད་སོང་།
དབུ་མའི་ལམ་ལ་མི་དམངས་བརྒྱ་ཆ་༦༤%རྒྱབ་སྐྱོར་བྱས་ཡོད་ཟེར་བའི་སྐད་ཆ་འདི་ཧམ་བཤད་རེད། བརྒྱ་ཆའི་སྐད་ཆ་མ་བཤད་པའི་སྔོན་དུ་མི་འབོར་ག་ཚོད་ཡོད་མེད་ཤེས་དགོས་ཀྱི་རེད་པྭ། ཟམ་སྟོང་བླ་མས་བོད་ཀྱི་མི་འབོར་གྱི་གྲངས་ཀ་ཏག་ཏག་ཞིག་ཀྱང་ཤེས་ཀྱི་མེད་པྭ། བརྒྱ་ཆ་བགོ་བཤའ་ག་འདྲ་བྱས་ནས་བརྒྱབ་པ་ཡིན་ནམ། གཅིག་རེད།
གྲོས་ཚོགས་ནང་དུ་དབུ་མ་ལམ་ལ་མང་མོས་བྱུང་བ་དེ་ཡང་རང་དབང་མེད་པའི་སྤྱི་འཐུས་ཚོའི་འདོད་མོས་མིན། མི་འདོད་བཞིན་དུ་ལག་པ་མི་བཀྱགས་ཀ་མེད་རེད། འདོད་མོས་ཡོད་ཟེར་ནས་ལག་པ་མ་བཀྱགས་ན་རྒྱལ་གཅེས་པ་ཀརྨ་ཆོས་འཕེལ་ལ་ཡོང་ཡ་དེ་ཡོང་གི་རེད་པྭ།
བཙན་བྱོལ་མི་དམངས་ལ་གནོན་ཤུགས་མེད་པའི་ཐོག་ནས་ལམ་ཕྱོགས་གདམ་ཀ་བྱས་ཀྱི་རང་དབང་གཙང་མ་ཞིག་ཐོབ་མྱངས་མེད། དེར་ཤེས་པར་བྱོས་་་་ཨ།
ཨ་རོགས། ང་ཚོ་ལྐུགས་པ་མ་རེད།