མི་རྐང་གླིང་བུ།
དོམ་ནག་སྙིང་དཀར། འདི་ནི་བོད་ཀྱི་བྱུང་རབས་ནང་དུ་གཅན་གཟན་སྐད་གྲགས་ཅན་སྟག་གཟིག་དོམ་དྲེད་བཞི་ཡི་ཁོངས་སུ་གཏོགས། འདི་ཉིད་ངོས་འཛིན་ཚུལ་ལ་མི་མཐུན་པ་འགའ་རེ་བྱུང་འདུག དཔར་ཆས་དང་རྒྱང་ཤེལ་ཁོ་ན་སྐྱབས་སུ་བཟུང་བའི་ཕྱི་གླིང་བ་ཉ་དྲི་ཐུལ་ལེ་བ་དེ་དག་རྗེས་འབྲངས་དང་བཅས་པས་ངོས་འཛིན་བྱེད་མི་ཐུབ། གཅན་གཟན་འདི་ཉིད་ངོས་འཛིན་པ་ལ་བོད་ཕྲུག་རྩམ་དྲི་ཐུལ་ལེ་བ་ཞིག་དགོས་པ་ཡིན། དེ་ཡང་གནས་ཡུལ་དང༌། གཟུགས་དབྱིབས། གོམས་གཤིས། སྔོན་བྱོན་མཁས་པའི་གསུངས་སྲོལ། ཚན་རིག་པས་བརྙེད་དོན་བཅས་ཀྱིས་དབྱེ་བར་རིགས།
(འདྲ་པར་འདི་ནི་བོད་གངས་ཅན་ན་འཚོ་བའི་དོམ་ནག་སྙིང་དཀར་རེད།)
༡་ དེ་ཡང་དང་པོ་གནས་ཡུལ་ནི། བོད་ཀྱི་རོང་ཆེན་བཞི་ས་ཆ་དྲོད་ཚད་ཆེ་བ་དང༌། ཡང་ན་སྨད་ཀྱི་ཆུ་བོ་ཆེན་པོ་བཞིའི་འབབ་རྒྱུན་གྱི་སྨད་ཕྱོགས་སུ་གནས་བཅས་པ་ཡིན། དོམ་དང་དྲེད་མོང་གཉིས་གནས་ཡུལ་གྱི་སྒོ་ནས་མི་འདྲ་བ་ཡིན། དྲེད་མོང་གནས་ཡུལ་གཙོ་བོ་རྫ་རི་དང༌། བྱང་ཐང་སོགས་སུ་གནས།
༢་ གཟུགས་དབྱིབས་ནི། སྤྱིར་གཏང་རྔ་མ་ཐུང་བ་དང༌། མགོ་བོ་ཟླུམ་པ། རྣ་ཅོག་འཁྱིལ་བ། མཆུ་ཕྲ་བ་སོགས་ནི་འདྲ་མཚུངས་ཙམ་ཡིན། རྒྱུ་མཚན་འདི་དག་ལ་བརྟེན་ནས་འགའ་ཞིག་གིས་དོམ་དང་དྲེད་མོང་གཉིས་མིང་ཙམ་མ་གཏོགས་དོན་ལ་སེམས་ཅན་གཅིག་གི་ཁོངས་སུ་འདུ་བར་བཤད། མི་འདྲ་བའི་ཁྱད་པར་ནི་གཟུགས་ཆེ་ཆུང་དང༌། སྤུ་ཁ། དབྱིབས་ཀྱི་ཆ་ནས་རེད། དོམ་ནི་དྲེད་མོང་ལས་ཆུང་བ་དང༌། སྤུ་ཁ་ནག་པོའམ་སྨུག་པོ་ཐོང་ཁ་དཀར་པོ་ཅན་དང༌། གཟུགས་པོའི་སྤྱིའི་དབྱིབས་ནར་མོ་ཅན་དང༌། དྲེད་མོང་ནི་དོམ་ལས་ཆེ་བ་དང༌། སྤུ་ཁ་རག་དཀར་སོགས། དབྱིབས་འཇོང་གཟུགས་ལྟར་བུ་རེད། དོམ་ཆེ་བ་ལ་སྤྱི་རྒྱ་༢༠༠ མ་ལོངས་ཙམ་དང༌། དྲེད་མོང་ཆེ་བ་ལ་སྤྱི་རྒྱ་༨༠༠ཙམ་རེ་ཡོད་པར་བཤད། དེ་དག་ནི་གཟུགས་དབྱིབས་ཀྱི་ཆ་ནས་དམ་དང་དྲེད་མོང་གཉིས་མི་འཁྲུལ་བའི་གཟེར་རྣམས་ཡིན་པར་རེད།
༣་ དོམ་གྱི་གོམས་གཤིས་ལ། ཤིང་གི་སྡོང་པོ་སོགས་ཀྱི་སྟེང་དུ་འགྲོ་ཐུབ་པ་སོགས་བདེ་མྱུར་ཅན་ཡིན་པས་ཤིང་ཐོག་རིགས་དང༌། སྲོག་ཆགས་གནའ་བ་དང༌། གླ་བ་སོགས་ཀྱིས་མཚོན་པའི་རི་དྭགས་རིགས་ཁ་ཟས་གཙོ་བོ་སྤྱོད་པ་ལས་དྲེད་མོང་ལྟར་བུ་རྩྭ་ལྡུམ་དང༌། འབུ་སྲིན་ཚུན་ཆད་ཀྱི་ཚང་སློག་ནས་མཐོང་ཚད་ཟ་མི་དགོས་བཤད། ད་དུང་རི་དྭགས་སོགས་བསད་པའི་སྐབས་དང་ཐུག་ན་སུ་ལའང་རྒོལ་འཛིང་བྱེད་པ་དང༌། དཔའ་སྙིང་ཅན་ཞིག་ཡིན་པའི་དཔེར་ལ། དོམ་ནག་ཁྲག་གིས་བཟི་བ་ལྟར། ཟེར།
༤་ ཡང་སྔོན་གྱི་མཁས་པའི་སྨན་གཞུང་དུ། དོམ་མཁྲིས་མཁྲིས་པའི་མཆོག་ཡིན་རྩ་ཁ་འཛིན།། རྨ་གསོ་མཁྲིས་སེལ་མིག་གི་ནད་ལ་ཕན།། དྲེད་མོའི་མཁྲིས་པ་དོམ་དང་ནུས་ཕྱོགས་མཐུན།། ཅེས་དོམ་དང་དྲེད་གཉིས་སོ་སོ་ནས་གསུངས་ཡོད།
༥་ དེང་སྐབས་ཚན་རིགས་པས་དྲེད་ཀྱི་ཡར་སོའི་མགྲམ་སོ་དེ་དག་དང༌། སྤུ་མདོག་འདི་གཉིས་ཀྱིས་དོམ་དང་དྲེད་རིགས་སོ་སོ་ཡིན་པའི་རྒྱུ་མཚན་གཙོ་བོ་འཛིན་ནོ།། སྤྱིར་ན་བོད་མི་རྣམས་སྤྲ་ཡི་རིགས་རྒྱུད་ཡིན་ཟེར་བ་ལྟར་དྲེད་མོང་དོམ་གྱི་རིགས་རྒྱུད་ཡིན་དུ་ཆུགས་ཀྱང་བོད་མི་རྣམས་སྤྲ་དང་སྤྲེའུ་ཡིན་མི་དགོས་པ་བཞིན་དུ་དྲེད་མོང་ཡང་དོམ་ཡིན་དགོས་པ་མི་འདུག་གོ།།
དོམ་གྱི་བསྟན་བཅོས་འདི་དོམ་མདོ་ལས་ཡག་པོ་ཅིག་འཁྱུངས་འདུག་པས་ཞི་བ་ལམ་ཟབ་ནང་གི་ཚིག་ཅིག་འདྲེན་གྱི་ཡིན།
མི་རྐང་གླིང་བུ་གྱུར་རེ་མ་འཚོ་བཞེངས་ལ།།
རྗེ་བླ་མ་ཁོང་ལ་གསོལ་བ་དྲག་པོ་འདེབས་སོ།།
རྗེ་བཙུན་ལབ་སྒྲོན་ཁོང་ལ་གསོལ་བ་དྲག་པོ་འདེབས་སོ།།
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྕལ་བ་དང་། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཆེན་པོ་ཕབ་བོ༎ས་རྣམ་པ་དྲུག་ཏུ་ཡང་གཡོས་སོ༎དེའི་ཚེ་ཚེ དང་ལྡན་པ་སྤོབས་པ་མཐའ་ཡས་སྟན་ལས་ལངས་ཏེ་བླ་གོས་ཕྲག་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བས་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་ཀྱིས་དྲེད་མདོ་དང་དོམ་མདོ་གསུངས་པའི་བཀའ་དྲིན་དེ་ནི་ཚད་མ་མཆིས་པ། བགྲང་དུ་མ་མཆིས་པ། གཞལ་དུ་མ་མཆིས་པ་ལགས་སོ༎བཅོམ་ལྡན་འདས། འདིན་ལྷ་ཆེན་པོ་སྒོམ་སྡེ་ལྷ་རམས་པ་དང་། ཀླུ་ཆེན་པོ་ར་ས་ཕོ་ཉ་ལ་སོགས་དབང་པོ་དང་། སྐལ་པ་དང་། ལམ་མཐོན་པོ་ལ་གནས་དག་གིས་ཀྱང་གླ་བ་གང་ཡིན་མི་ཤེས་པ་དང་གླ་རྩི་གར་ཡོད་མི་ཤེས་ནས་ལམ་གོལ་བ་ཆེན་པོར་འཕྱན་པར་འགྱུར་བཞིན་པ་ལགས་པས་བཅོམ་ལྡན་འདས་ཀྱིས་གླ་བ་དང་གླ་རྩིའི་མདོ་ཞིག་བསྟན་དུ་གསོལ། ཅེས་ཞུས་སོ༎
དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། དོ་སྣང་གནང་བ་ཤིན་ཏུ་ལེགས་སོ།།
གླ་བ་ང་ཡི་སྒོ་ཟོག་དང་། གླ་རྩི་ང་ཡི་ཁ་ཟས་རེད། དེའི་སྐོར་ཁོམས་པ་བྱུང་ཚེ་ཁྱེད་ཀྱི་ཐུགས་འདོད་བསྐང་ཆོག
དོམ་དང་དྲེད་ནི་བོད་ལུགས་ཁོ་ན་ལྟར་ལས་རྒྱ་ནག་གི་ཡིག་རྙིང་དུའང་དབྱེ་བ་མི་འདུག དེས་ན་གཡག་དང་དོམ། དོམ་ཁྲ་སོགས་བོད་ཀྱི་ཁྱད་ནོར་འདི་དག་བདག་པོ་མེད་པས་ཚིག་མཛོད་དུ་འཇོག་རྒྱུ་ལུས་པ་ཡིན་ནམ།
ད་གདུགས་དཀར་བཏོན་ན་དེ་ཚོ་ལོག་ཀ་ལོག་ཀ་རེད་ཡ། ༼སྟག་དང་དོམ་དང་དྲེད་དང་ཆུ་སྲིན་སོགས་སྲོག་ཆགས་རྣམས་ལས་སྲུང་དུ་གསོལ་སྲུང་དུ་གསོལ།༽ གསུང་ཡོད་ཀི་མོ། ངའི་དོག་པ་ལ་དབྱིན་ཡིག་ཐོག་གི་ panda དེ་དོམ་དང་། bear དེ་དྲེད་རེད་བསམ་མོ་ཁྱོད་ཚོས་ལྟོས་ན་ག་འདྲ་རེད། འོན་ཀྱང་panda ལ་དོམ་ཁྲ་རྐྱང་བ་ཡིན་དགོས་མིན་མི་ཤེས་ཀི་ཡ། གོང་དུ་མི་རྐང་གླིང་བུའི་དོམ་ནག་སྙིང་དཀར་ལ་འདི་ན་bear བྲིས་འདུག ལྟོས་འ http://www.youtube.com/watch?v=whWDqWJTRfY&NR=1&feature=fvwp
དབྱིན་ཇིའི་ལུགས་ལ་དོམ་དང་དྲེད་གཉིས་ལོགས་སུ་མེད་པར་ཐམས་ཅད་དོམ་གྱི་ཁོངས་སུ་གཏོང་གི་ཡོད་པ་མ་ཟད། ཅིག་ཅིག་གི་དོམ། མུག་མུག་གི་དོམ་ཟེར་རིགས་མི་འདྲ་བ་དུ་མ་དབྱེར་ཞིང་དྲེད་མོང་ལ་བོད་ཀྱི་དོམ་༼tibetan bear ༽ཟེར་གྱི་ཡོད་ཚོད། pandaཟེར་བ་དེ་དོམ་ཁྲའི་སྒེར་མིང་ཞིག་མིན་ནམ་སྙམ།