ཨེམ་རྗེ་རྣམ་རྒྱལ།
དོལ་པོ་གསོ་རིག་ཀུན་ཕན་སྨན་རྩིས་ཁང་དང་འབྲེལ་བའི་གཏམ་ཐུང་ངུ་།
དོལ་པོ་གསོ་རིག་ཀུན་ཕན་སྨན་རྩིས་ཁང་ནི། སྐྱེ་འགྲོ་རྣམས་ཀྱི་ལུས་གནས་བདེ་ཐང་ཡོང་སླད་དང་། མ་བུ་བདེ་སྲུང་། ཁོར་ཡུག་སྲུང་སྐྱོབ། གསོ་རིག་མི་ཉམས་གོང་འཕེལ་དང་། ཉམས་པ་གསོར་ཆུད་ཡོང་བ། དེ་བཞིན་འདི་ཕྱིར་བདེ་བའི་ལམ་བཟང་ལ་འཇུག་ཕྱིར་དོལ་པོ་ཨེམ་ཆི་རྣམ་རྒྱལ་རང་ཉིད་དང་དོལ་པོ་ཨེམ་ཆི་ཚོགས་པའི་ཚོགས་མི་ཡོངས་ཀྱིས་དཀའ་ངལ་འབད་བརྩོན་ལ་བརྟེན་ནས་བསྒྲུབས་པ་ཞིག་ཡིན། སྔར་སྲོལ་གསོ་རིག་གཞུང་ལུགས་ལ་མཁྱེན་རྒྱ་ཆེ་བའི་ལྷ་རྗེ་བགྲེས་སོང་འགའ་ཡོད་ཀྱང་མཐུན་རྐྱེན་དབེན་པས། ན་གཞོན་རྣམས་ལ་གསོ་རིག་སློབ་སྦྱོང་གི་གོ་སྐབས་མ་ཐོབ་ནས་ཉམས་རྒུད་ཆེས་ཆེར་འགྲོ་བཞིན་པ་དང་། ལོ་མང་སྔོན་ནས་དོལ་པོའི་ཡུལ་ཕྱོགས་སུ་བུད་མེད་ན་གཞོན་མང་པོ་ཕྲུ་གུ་སྐྱེ་མ་ཐུབ་པར་འདས་གྲོངས་སུ་རྒྱུར་བ། ལོ་རེ་རེའི་ནང་ལའང་ཕྲུ་གུ་ལོ་ཆུང་མང་པོའི་ཚེ་སྲོག་ཤོར་བ། དེང་དུས་དང་འཚམ་པའི་སྨན་ཁང་མེད་པ། གནམ་གཤིས་ཆ་སྙོམས་མེད་པར་གྲང་ངར་ཤིན་ཏུ་ཆེ་བ། ནད་པ་ཛ་དྲག་རྣམས་རྒྱལ་སའི་ཕྱོགས་སུ་སྨན་བཅོས་བྱེད་པར་ཡོང་བ་ལ་ལམ་ཐག་རིང་པས་རླངས་འཁོར་དང་གནམ་གྲུ་སོགས་ཀྱི་མཐུན་རྐྱེན་ཤིན་ཏུ་དམན་རྐྱེན་ཉམས་ཐག་ནད་པ་རྣམས་ཚེ་སྲོག་ཤོར་བཞིན་པ་སོགས་ཡ་ང་བའི་གནས་ཚུལ་བགྲངས་ལས་འདས་པ་བྱུང་དང་འབྱུང་བཞིན་མཆིས།
དེས་ན་རང་ཉིད་ནས་བླ་མིང་ཙམ་འཛིན་པའི་ཆ་ནས་རང་གཞན་ཀུན་ལ་ཕན་པའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ་ལོ་ཤས་རིང་ནམ་ཉིན་མེད་པར་ཉམས་ཐག་པའི་ནད་པ་རྣམས་ལ་སྨན་བཅོས་འཕྲོད་བརྟེན་ཞབས་ཞུ་དང་། གསོ་རིག་མི་ཉམས་གོང་འཕེལ་དང་ཉམས་པ་གསོར་ཆུད་ཡོང་ཐབས་སུ་རྒྱལ་སྤྱིའི་གསོ་རིག་ཚོགས་འདུ་དང་བགྲོ་གླེང་ཁག་ལ་མཉམ་ཞུགས་དང་། ཕྱི་རྒྱལ་ཁག་ལ་རྒྱུས་ལོན་ཆེད་འགྲོ་སྐྱོད་སོགས་བྱེད་མྱོང་། དེ་བཞིན་བལ་ཡུལ་ཧི་མ་ལ་ཡའི་ཨེམ་རྗེ་ཚོགས་པའི་ཚོགས་གཙོའི་འགན་ཡང་ཁུར་རྒྱུའིགོ་སྐབས་ཐོབ།
གཞན་ཡང་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་དང་དོལ་པོ་ཤེལ་ཕུག་སུམ་མདོ་ཤིང་ནགས་སེམས་ཅན་རོགས་ཚོགས་ལ་སྙན་ཞུ་ཕུལ་ནས་རྒྱབ་སྐྱོར་བཙལ་ཏེ། དོལ་ཕྱོགས་གྲུ་བཞིའི་ལྟེ་གནས་དོལ་པོ་མདོ་རྟ་རབ་ཏུ་ཕྱི་ལོ༢༠༠༡ཟླ་བཞི་པར་སྨན་ཁང་ཞིག་གསར་བཞེངས་དབུ་འཛུགས་བྱས་ཡིན། སྨན་ཁང་འདིར་ནད་པའི་ཉལ་ཁང་། ནད་པའི་ཐབ་ཚང་། ལས་ཁུངས་། སངས་རྒྱས་སྨན་ལྷའི་ལྷ་ཁང་། སྨན་པ་བཞུགས་ཁང་། ནད་པ་བརྟག་དཔྱད་ཁང་། བྲོད་འཚལ་ཁང་ཞིག། འཛིན་ཁང་། དཔེ་མཛོད་ཁང་། གསང་སྤྱོད་འཁྲུས་ཁང་བཅས་སྤུས་གཙང་ཐོག་ཕྱི་ལོག་གི་ར་བ་སྒོ་ཆེན་ཞིག་ཀྱང་ལེགས་སྒྲུབ་བྱུང་།
ཕྱི་ལོ་༢༠༠༣ཟླ་༦ ཚེས་༣ ལ། སྨན་ཁང་འདི་དོལ་པོ་རྫོང་སྡེ་འདུ་གནས་ལ་དེབ་སྐྱེལ་ཚད་ལྡན་བྱས། འདི་ལོར་དབུ་མཉེས་ནས་ལོ་བཅོ་ལྔ་ཧྲིལ་པོ་འགྲོ་གི་ཡོད། ཉམས་ཐག་ནད་པ་རྣམས་ལ་རིན་མེད་ཐོག་དབུལ་ཕྱུག་མེད་པར་སྨན་བཅོས་ཞབས་ཞུ་དང་། སྨན་སྦྱིན་བྱེད་བཞིན་པ་ཡིན། དེ་བཞིན་སྨན་པའི་བགྲོ་གླེང་ཟབ་སྦྱོང་། མ་བུ་བདེ་སྲུང་ཟབ་སྦྱོང་། འཕྲོད་བརྟེན་ཞབས་ཞུ་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལས་གཞི་སྤེལ་དང་སྤེལ་མུས་མཆིས། གཞུང་འབྲེལ་ངོས་འབྱོར་ཡོད་པའི་གསོ་རིག་སློབ་གྲྭ་ཞིག་འཛུགས་རྒྱུའི་ཆེད་སློབ་ཡོན་འཚོལ་རྒྱུར་རང་ཉིད་ནས་ལོ་མང་ཞིག་སྨན་ཁུག་རྒྱབ་ཏུ་འཁུར་ནས་སློབ་ཕྲུག་དང་མི་དམངས་ལ་སྨན་བཅོས་དང་སྨན་རྩྭ་ངོས་འཛིན་སློབ་སྦྱོང་གང་ཐུབ་སྤྲད་ཡོད་ཀྱང་། ལས་གང་ཞིག་བརྩམས་ན་ཡང་དཔལ་འབྱོར་ནི་མེད་ཐབས་མེད་པ་ཡིན་པས་སྦྱིན་བདག་མ་རག་པའི་དཀའ་ངལ་འཕྲད་བཞིན་པས་འབྱོར་ལྡན་བསོད་ནམས་ཅན་སྦྱིན་བདག་ཅིག་ཐབས་འཚོལ་བྱེད་བཞིན་ཡོད།
ཕྱི་ལོ་༢༠༡༥ ལོར་དོལ་པོ་མདོ་རྟ་རབ་སྨན་རྩིས་ཁང་དུ་སྨན་ཁང་གིས་ལས་བྱེད་ཨེམ་རྗེ་རྣམ་པ་དང་རང་ཉིད་ནས་གོ་སྒྲིག་ཞུས་ཏེ། ཉིན་གསུམ་རིང་དོལ་པོའི་ས་གནས་ཁག་ནས་ཕེབས་པའི་ཨེམ་རྗེ་རྣམས་དང་། གཞུང་འབྲེལ་ཕྱི་ལུགས་པའི་བུད་མེད་སྨན་པ་དེ་བཞིན་མི་དམངས་བཅས་ལྷན་འཛོམས་ཐོག། མ་བུ་བདེ་སྲུང་དང་འཕྲོད་བསྟེན་ཟབ་སྦྱོང་བཅས་སྤྲད་དེ། འཕྲོད་བརྟེན་གྱི་ལག་དེབ་རེ་ཡང་ཕུལ་ཐུབ་པ་བྱུང་། ཉིན་མཐའ་མར་ཡུལ་མི་དང་ལས་བྱེད་རྣམས་ལྷན་འཛོམས་ཐོག་སྨན་ཁང་གི་ལོ་འཁོར་ཚོགས་འདུ་ཚོགས་ཏེ་འཐུས་མི་འཕོ་ལེན་བྱས། རང་ཉིད་སྨན་པའི་འགོ་འཛིན་ཡིན་པའི་ངོས་ནས་འཐུས་མི་བཅུ་གཅིག་བསྐོ་བཞག་བྱས་ཤིང་། ལོ་རེར་སྨན་པ་དང་ལས་བྱེད་ལ་གླ་ཕོགས་གནང་རྒྱུ་དང་། སྨན་ཁང་གི་ཀ་གདུང་ཉམས་ཆགས་ཤོར་ནས་ཉམས་གསོ་མ་བྱས་ཐབས་མེད་བྱུང་པས་ལྕགས་ཤོག་འགེབས་རྒྱུའི་གྲོས་ཆོད་བྱུང་། གྲོས་ཆོད་དེ་གཞི་བཟུང་རང་ཉིད་དང་། ཨེམ་རྗེ་པདྨ་དང་ཡུལ་གྱི་ལས་བྱེད་རྣམས་ཀྱིས་འབད་བརྩོན་བྱས་ནས་ལྕགས་ཤོག་༢༠༠ལྷག་ཙམ་མཁོ་སྒྲུབ་བྱེད་ཐུབ་པ་བྱུང་ཞིང་། ད་ཆ་ལྕགས་ཤོག་དེ་དག་བོད་བྱང་ཐང་འཚོང་ར་ནས་ཡུལ་མི་རྣམས་ཀྱིས་འོར་འདྲེན་བྱས་ནས་སྨན་ཁང་ནང་ལ་འབྱོར་ཡོད།
ད་དུང་སྨན་ཁང་ཉམས་གསོའི་ཆེད་གཞུང་ནས་སྒོར་འབུམ་ལྔ་ཙམ་རོགས་སྐྱོར་གནང་འབྱོར་བྱུང་། ཕྱི་ལོ༢༠༡༥ཟླ་༡༡ཚེས་༡༢ཉིན་རང་ཉིད་དོལ་པོ་རྫོང་སྡེའི་ལྟེ་གནས་འདུ་གནས་ལ་ཕྱིན་ཏེ་སྨན་ཁང་གི་ལོ་ངོ་ལྔའི་དཔྱ་ཁྲལ་བརྒྱབས་ཤིང་། དེ་བཞིན་བལ་ཡུལ་ནུབ་ཕྱོགས་མངའ་སྡེའི་ལྟེ་གནས་རྒྱལ་ས་ནེ་པལ་གྷེན་ཙ་རུ་གཞུང་གི་ལས་ཁུངས་ནས་སྨན་ཁང་དེབ་སྐྱེལ་བྱས་པའི་ཡིག་ཆ་ཡང་བླངས། ད་ལྟའི་ཆར་དོལ་པོ་ལ་མི་ཐོབ་པའི་འཁྲོག་སྨན་བཟང་དྲུག་རིགས་དང་རིན་ཆེན་རིལ་བུ་ལ་སོགས་པ་ཉོ་སྒྲུབ་དང་། དེ་དག་བལ་ཡུལ་ནས་དོལ་པོ་བར་ཏུ་འོར་འདྲེན་བྱེད་པ་སོགས་ལ་འགྲོ་སོང་ཆེ་བ་སོགས་དཀའ་ངལ་འཕྲད་མུས་དང་། རང་ཉིད་ཀྱིས་སྨན་ཁང་འདི་ཉིད་དབུ་འཛུགས་བྱས་པས་མུ་མཐུད་འགན་ཁུར་ཏེ་མ་འོངས་རྒྱུན་སྐྱོང་བྱེད་རྒྱུར་དཀའ་ངལ་མི་ཡོང་པའི་ཆེད་དུ་བཀའ་སློབ་ལམ་སྟོན་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་དང་བཅས།
དོལ་པོ་གསོ་རིག་སྨན་རྩིས་ཁང་གི་འགོ་འཛིན་ཨེམ་རྗེ་རྣམ་རྒྱལ་པས་༢༠༡༧ བོད་ཟླ་དང་པོའི་ཚེས། ༢༨ ཀྱི་ཉིན་བཟང་པོར་ཕུལ།
བོད་ས་ཤོར་ནས་སྐྱབས་བཅོལ་ཡོང་སྐབས་དོལ་པོའི་ལུང་པ་སྨུ་དང་བ་རོང་ཞང་སོགས་བརྒྱུད་ནས་ཡོང་མཁན་ཞིག་ཡིན་པའི་ཆ་ནས་དོལ་པོའི་ལུང་པ་ནི་ས་ཁུག་འབྲུལ་ལམ་དཀའ་བའི་ཡུལ་སྡེ་ཆུང་ཆུང་མང་པོ་ཡོད་པ་ཞིག་ཡིན་པ་བློ་ལ་དྲན་འདུག་ན་ད་ཆ་ཡར་རྒྱས་ཀྱིས་ཕྱོགས་སུ་ཁ་བལྟ་ཐུབ་པ་ནི་དགའ་བསུ་ཞུ་འོས་པ་དང་དུས་ཚོད་དང་འབྲུལ་བསྐྱོད་ཆོག་པའི་ཡིག་ཆ་རག་ན་དོལ་པོ་ལུང་པར་ཐེངས་གཅིག་སླེབས་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་དོལ་པོ་ལུང་པར་སྨན་ཁང་དང་སློབ་གྲ་བཙུགས་པ་བཀྲིན་ཆེ་ཐུགས་རྗེ་ཆེ་།
ཨམ་ཅི། ཨེམ་ཅི། སྒྲ་ཡིས། ལུང་ཁུག། དོལ་པོར་ཡང་། བོད་སྐད་དུ། ལྷ་རྗེ་ཞེས་བཀོལ་པར་ངོ་ཚ་ནས། ཨམ་ཅི། ཨེམ་ཅི། ཞེས་འབོད། དེ་བཞིན་དུ། ལ་དྭགས་སུ་ཡང་། ལུང་ཁུག་དག་ན་ལྷ་རྗེ་ཞེས་ཚོར་རྒྱུ་ཡོད། མི་ཚོགས་ཡོད་ས་རུ། སྨན་པ་ལ་ཨམ་ཅིའམ། ཨེམ་ཅི། ཞེས་དར་ཁྱབ་འགྲོ་བཞིན་འདུག
དགས་པོ་ཐར་རྒྱན་མཛད་བྱངན། ཨམ་ཅི་ཞེས་མེད་པར་ལྷ་རྗེ་བསོད་ནམས་རིན་ཆེན། ཞེས་བྲིས་སོ
ཁྱོག་ཀྱོག་ཡིག་གེ་ཞུ་ལྟར་ཁྱོག་རྒྱུར་ཀྱང་།
དོན་རྩ་མདའ་ལས་འདྲོང་པ་དེ་རུ་ཚང་།
བོད་ཀྱི་གསོ་བ་རིག་པའི་ནོར་བུར་ནོར་ཉམས་ཆོད་ནས་རྒྱ་ནག་རྒྱ་གར་འབྲུག་སོགས་སུ་བདག་དབང་རྩོད་བཞིན་འདུག་པར་རྗེ་བཙུན་གཡུ་ཐོག་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་བའི་སྨོན་ལམ་འགྲུབ་བཞིན་པར་བསམ་ཡོད།
ཨེམ་ཆི་་་་་་་ ལྷ་རྗེ།
ནམ་ཉིན་མེད་པར་་་་་་ ནམ་ཉིན་མཚན་མེད་པར་
འཕྲོད་བརྟེན་ཞབས་ཞུ་དང་་་་་་་ འཕྲོད་བསྟེན་ཞབས་ཞུ་དང་།
ཕྱི་ལུགས་སྨན་པས་རྟགས་དཔྱད་འཕྲུལ་ཆས་འོག་།
བོད་ལུགས་སྨན་པས་རྟགས་དཔྱད་རྩ་ཆུ་གཉིས་།
ནད་རིགས་ཡོང་རྫོགས་རྩ་ཆུའི་འོག་ཏུ་གསོ་།
འབྱུང་བཞིའི་ཁམས་ཀྱི་འོག་ཏུ་ལུས་ཅན་འཚོ་།
འབྱུང་བཞི་འཁྲུགས་ནས་རླུང་ཁྲིས་བད་ཀན་ལང་།
ནད་རིགས་བཞི་བརྒྱ་རྩ་བཞི་མདོར་བསྡུས་ན་།
རླུང་ཁྲིས་བད་ཀན་དེ་གསུམ་འོག་ཏུ་འདུས་།
#6 གཞུང་པ་ཚེ་དབང་བསོད་ནམས་ ་ལགས་ཀྱིས་སྤེལ་དོན།:
June 22nd, 2017 at 8:36 am
ཕྱི་ལུགས་སྨན་པས་རྟགས་(བརྟག་)དཔྱད་འཕྲུལ་ཆས་འོག་།
བོད་ལུགས་སྨན་པས་རྟགས(བརྟག་)་དཔྱད་རྩ་ཆུ་གཉིས་།
ནད་རིགས་ཡོང་(ཡོངས་)རྫོགས་རྩ་ཆུའི་འོག་ཏུ་གསོ་།(གསལ་)
འབྱུང་བཞིའི་ཁམས་ཀྱི་འོག་(རིག་པས་)ཏུ་ལུས་ཅན་འཚོ་།(གསོ་)
འབྱུང་བཞི་འཁྲུགས་ནས་རླུང་ཁྲིས་(མཁྲིས་)བད་ཀན་ལང་།(ལྡང་)
ནད་རིགས་བཞི་བརྒྱ་རྩ་བཞི་མདོར་བསྡུས་ན་།
རླུང་ཁྲིས་(མཁྲིས་)བད་ཀན་དེ་གསུམ་འོག་ཏུ་འདུས་།
གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱི་ཡིག་ནོར་ཁ་ཤས་བཅོས་ཡོད། རྗེས་མ་ཟབ་ནན་གནང་དགོས།
དག་བཅོས་གནང་བ་བཀྲིན་ཆེ་ཐུགས་རྗེ་ཆེ་།
གཡུ་ཐོག་བུ་ལ།
རྗེས་མ་༼ རྗེས་མར༽ ཟབ་ནན་༼གཟབ་ནན་གནང་དགོས། ༽
ཞེས་བྲིས་ན་ལེགས་པར་སེམས།
དོལ་པོ་ཕྱོགས་ལ་རྙིང་ཕྲུག་མངས་ཙམ་ཡོད་ལེ་གདའ། དེ་འདྲ་ཡིན་དུས
རྒྱལ་བ་ཀློང་ཆེན་པའི་གདམས་ངག་འདི་ཚོ་ཉམས་སུ་ཡག་པོ་ལོངས་དང་དངོས་གནས་ཕན་ས་རེད། དེ་ཡང་ཁོང་གིས་འདི་ལྟར་གསུངས་པ། །
།། མཐོ་དམན་ཀུན་ལ་རེ་བ་དཀྱུང་བར་བྱ་ །།
རྫོགས་ཆེན་པའི་ཞལ་གདམས་དངོས་གནས་འདི་འདྲ་ལོས་ཡིན་བསམ་བསམ་མི་འདུག་གམ།