ཡིག་ཕབ་པ། ངག་དབང་ལྷུན་གྲུབ།
༡༽ སློབ་སྦྱོང་གི་སེམས་ཁམས།
རང་ཉིད་ནང་ཆོས་ལ་སློབ་སྦྱོང་རྒྱུན་རིང་པོ་ཞིག་བྱས་པ་དང་། སློབ་སྦྱོང་ཚར་པའི་རྗེས་ལ་མི་རིགས་འདྲ་མིན་གྱི་སྤྱི་ཚོགས་དང་། རིག་གཞུང་མི་འདྲ་བ་མང་པོར་ཐོས་རྒྱུ་དང་མཐོང་རྒྱུའི་གོ་སྐབས་བཟང་པོ་བྱུང་། བརྒྱུད་རིམ་དེའི་འོག་ནས་སློབ་སྦྱོང་སྐོར་བསམ་ཚུལ་བྱུང་པ་རྣམས་ཞུ་རྒྱུ་ཡིན། དང་པོ་རང་ཉིད་སློབ་མ་ཞིག་ཡིན་པ་ནས་བཟུང་སྟེ་གུ་ཡངས་པོའི་སེམས་ཁམས་དགོས་པ་ནི་ཆ་རྐྱེན་ཨང་དང་པོ་དེ་ཡིིན། གང་ཡིན་ཟེར་ན། རང་གི་ལྟ་བ་དང་རིག་གཞུང་ལུགས་སྲོལ་སོགས་ལ་ཞེན་ཆགས་ཀྱི་དབང་གིས་དངོས་ཡོད་གནས་སྟངས་མང་པོ་ཞིག་ཤེས་མི་ཐུབ་པའི་དཀའ་ངལ་ཡོང་གི་ཡོད། དང་པོ་ནས་ཚད་དང་བཅས་པ་ཞིག་ཡིན་ན་ཚད་དེའི་ཕྱི་ལོགས་ན་ཡོད་པའི་གནས་ཚུལ་མང་པོ་ཞིག་ཤེས་ཐུབ་ཀྱི་མ་རེད། ཚད་ཀྱི་ནང་ལ་ཡོད་པའི་སློབ་ཚན་རྣམས་ལ་མཁས་པ་ཡོང་སྲིད་ཀྱང་ཡོན་ཏན་དེ་དག་མཐའ་གཅིག་ཏུ་དངོས་ཡོད་གནས་ཚུལ་ཡིན་པའི་ངེས་པ་མེད། མ་ཟད་དེའི་ནང་དུ་མགོ་འཁོར་རྒྱུ་མང་དྲགས་ན་རིག་གནས་གཞན་མང་པོ་ཞིག་ཤེས་པར་བགེགས་བྱེད་ཀྱི་རེད།
ལྷག་པར་དུ་རྙིང་ཞེན་གྱི་བསམ་བློས་རྣམ་དཔྱོད་ལ་ལྷད་སྐྱོན་ཞུགས་ན་བླང་དོར་གྱི་གནས་མང་པོ་ཞིག་ལ་རྨོངས་པ་ཡིན། དེ་འདྲ་ཡིན་དུས་སློབ་ཕྲུག་གི་སེམས་ཁམས་དེ་རིག་གནས་གང་གི་སྟེང་དུའང་དྭངས་གཙང་ཡིན་དགོས་ཤིང་། རིགས་པ་དང་རྒྱུ་མཚན་ཁོ་ན་ལ་དཔང་བཅོལ་ནས་འགྲོ་ཐུབ་པ་ཞིག་དགོས། འདི་སློབ་ཕྲུག་ཅིག་གི་ངོས་ནས་གལ་ཆེ་ཤོས་དང་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན།
རིག་གནས་བྱེ་བྲག་པ་དང་རིག་སྒོ་མི་འདྲ་བ་གང་དང་ཅི་འདྲ་ཞིག་ལ་སྦྱངས་ཀྱང་གཞི་རྐང་གི་སེམས་ཁམས་དེ་ངེས་པར་དུ་ཡོད་དགོས། དཔེར་ན་རང་ངམ་གཞན་གྱི་སྲོལ་རྒྱུན་དང་ལོ་རྒྱུས་སློབ་ཚན་རྣམས་རྗེས་ཟློས་བྱ་རྒྱུ་ཡིན་ནའང་། དངོས་ཡོད་ཡིན་མིན་དང་། དུས་དང་ཁོར་ཡུག་ལ་འཚམ་པོ་ཡོད་མེད་སོགས་ངེས་པར་དཔྱད་དགོས། དེ་ལ་གུ་ཡངས་དགོས་ཀྱི་ཡོད། སངས་རྒྱས་ཆོས་ལ་སློབ་སྦྱོང་གནང་མཁན་རྣམས་ལ་ལྷག་པར་དགོས་ཀྱི་ཡོད། སངས་རྒྱས་ཀྱི་ཡེ་ཤེས་སྙིང་པོ་ཀུན་ལ་བཏུས་པའི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེག་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟག་ལ་ང་ཡི་བཀའ།།བླང་པར་བྱ་ཡི་གུས་ཕྱིར་མིན།། ཞེས་དཔྱད་པ་དགོས་པར་གསུངས་པ་དང་། སློབ་དཔོན་ཨརྱ་དྷེ་བས། གཟུར་གནས་བློ་ལྡན་དོན་གཉེར་བའི།།ཉན་པོ་སྣོད་ཅེས་བྱ་བར་བཤད།། ཅེས་གསུངས་སོ།།
༢༽ སློབ་སྦྱོང་བྱེད་ཚུལ།
སློབ་སྦྱོང་བྱེད་ཚུལ་ནི། ཀུན་སློང་བཟང་པོ་འཆང་དགོས་པ། རང་ལ་རྙེད་པའི་ཐབས་ལམ་བེད་སྤྱོད་བྱེད་དགོས་པ། སྤྱི་དོན་ངེས་དགོས་པ། དྲན་སྒོམ་བྱེད་པ་བཅས་ཡིན། གོང་དུ་བཤད་པ་བཞིན་སེམས་ཁམས་གུ་ཡངས་དང་གཟུ་བོར་གནས་པའི་སྟེང་དུ་སློབ་སྦྱོང་བྱེད་པའི་ཀུན་སློང་ནི། སངས་རྒྱས་དང་བོན་གྱི་ཆོས་ལྟར་ན་རང་གི་ཉེ་འབྲེལ་ཙམ་མ་ཟད་མཐའ་ཡས་པའི་སེམས་ཅན་ལ་ཕན་པའི་སེམས་ཡོད་དགོས། སྤྱི་ཚོགས་ནང་དུ་ཀུན་སློང་དེ་ཁས་ལེན་མིན་སྣ་ཚོགས་ཡོང་གི་ཡོད། འོན་ཀྱང་མ་མཐར་སློབ་སྦྱོང་དེ་རང་གི་མི་ཚེའི་དགོས་མཁོའི་ཆེད་དུ་ཡིན་སྙམ་པའི་ཀུན་སློང་ཡོད་པའི་ཐོག་ནས་སྦྱོང་འདོད་ཡོད་པ་ཞིག་དགོས་ཀྱི་འདུག
ངས་འདི་ལྟར་ཤོད་པའི་རྒྱུ་མཚན་ནི། སློབ་སྦྱོང་ལ་འགྲན་རྩོད་ཀྱི་ཀུན་སློང་སྤོང་དགོས་པར་བསྟན་པའི་ཆེད་དུ་ཡིན།
དེང་སང་འཛམ་གླིང་ཕྱི་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུ་ཡིན་ནའང་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་རྣམ་པ་དེ་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཞིག་མཐོང་གི་འདུག རྣམ་པ་དེ་ལ་བརྟེན་ནས་འགྲན་རྩོད་ཀྱི་ཀུན་སློང་ཡོད་པ་རྟོགས་ཐུབ། འགྲན་རྩོད་ཀྱི་ཀུན་སློང་ཡོད་ན་ཤེས་ཡོན་དེ་དག་རང་བཞིན་གྱིས་མི་ཚེའི་ཆ་རྐྱེན་དུ་བསམ་བློ་གཏོང་མཁན་ཉུང་ཉུང་རེད། དེ་འདྲ་ཡིན་དུས་མི་ཚེའི་མཐུན་རྐྱེན་གྱི་ཆེད་དུ་དམིགས་པའི་ཀུན་སློང་ཡར་བསྐྱེད་གཏོང་དགོས། དཔེར་ན་དེང་སང་རྩིས་འཕྲུལ་མ་ཤེས་ན་འཛམ་གླིང་ཕྱི་ནང་གང་དུའང་དགོས་ངེས་ཀྱི་བྱ་བ་མང་པོ་ཞིག་སྒྲུབ་མི་ཐུབ།
དེས་ན་སློབ་མ་རྣམས་ལ་གཙོ་བོ་རང་གིས་མ་བྱས་ན་གཞན་ཞིག་གིས་བྱས་ནས་རང་ཉིད་རྗེས་ལུས་འགྲོ་བའི་འགྲན་རྩོད་ཀྱི་འགྲེལ་བཤད་མིན་པར་གཙོ་བོ་མི་ཚེའི་ཆ་རྐྱེན་ལ་གལ་ཆེན་ཡིན་པར་རྒྱུ་མཚན་བརྗོད་ན་ལེགས། གང་ཡིན་ཟེར་ན། འགྲན་རྩོད་མིན་པར་མི་ཚེའི་དགོས་མཁོ་གལ་ཆེན་ཡིན་པའི་རྒྱུ་མཚན་ཤེས་ན་སློབ་སྦྱོང་ལ་སྤྲོ་སྣང་འཕེལ་གྱི་རེད། སྤྲོ་སྣང་གི་ཀུན་སློང་དེས་སློབ་སྦྱོང་བྱེད་པར་དཀའ་ངལ་གང་ཡང་མི་ཚོར།
ཞིབ་ཏུ་བཤད་ན་འགྲན་རྩོད་དང་འཚོ་བ་དངོས་དང་འབྲེལ་བའི་དགོས་མཁོའི་ཀུན་སློང་ཡོད་མེད་ཀྱི་ཁྱད་པར་ནི། འགྲན་རྩོད་ལ་ཞེད་སྣང་དང་དགོས་མཁོ་ལ་སྤྲོ་སྣང་ཡོད། སློབ་སྦྱོང་བྱེད་པའི་སྐབས་སུའང་འགྲན་རྩོད་ལ་དཀའ་ངལ་གྱི་ཚོར་སྣང་དང་། སྤྲོ་བ་ཅན་ལ་སྐྱིད་སྣང་གི་ཚོར་བ་ཡོད། འཚེར་སྣང་བྱས་ན་སློབ་ཚན་ལ་སེམས་ཡུན་རིང་གནས་མི་ཐུབ་པ་དང་སྐྱིད་སྣང་ཡོད་ན་སློབ་ཚན་ལ་སེམས་ཡུན་རིང་གནས་ཐུབ།
གལ་སྲིད་གཞན་ལ་འགྲན་རྩོད་ཀྱི་ཆེད་དུ་ཡིན་ན་ལེ་ཚན་འདི་ཁོང་གིས་སྦྱངས་ཡོད་ཀྱི་རེད། ངས་མ་སྦྱངས་ན་ཁོང་སྔོན་ལ་ཤོར་ཡོང་བསམས་ཏེ་སེམས་ལ་དོགས་པ་དང་དངངས་སྐྲག་གི་ངང་ནས་སློབ་སྦྱོང་བྱས་པས་རང་སེམས་ལ་ཞི་བདེ་མེད་ལ་སློབ་སྦྱོང་ལ་དམིགས་ཡུལ་མེད། སེམས་ཁམས་འདིའི་རིགས་ལ་ཆུང་དུས་ནས་གོམས་གཤིས་བྱུང་ན་མིའི་གཤིས་ཀ་བཟང་པོ་ཡོང་རྒྱུ་ཞེ་དྲགས་ཁག་པོ་རེད། དེ་བཞིན་དོགས་པ་དངངས་སྐྲག་གི་ངང་ནས་སློབ་སྦྱོང་བྱས་པ་ཡིན་ན་ཡུན་ཐུང་ངུའི་ནང་བརྗེད་འགྲོ་བ་དང་། སེམས་གུ་ཡངས་ཀྱི་ངང་ནས་སློབ་སྦྱོང་བྱས་ན་ཡུན་རིང་གི་བར་མི་བརྗེད་པར་གནས་ཐུབ།དྲན་གསོ་བྱེད་པ་ལའང་ལས་སླ།
འདི་དག་དངོས་ཡོད་གནས་ཚུལ་ཡིན། དཔེར་ན། རང་ཉིད་ལ་མཚོན་ན་མི་ཚེའི་ནང་མཐོ་སློབ་ཀྱི་ཡིག་རྒྱུགས་དང་པོའི་གྲུབ་འབྲས་གསལ་བསྒྲགས་བྱེད་པའི་ཉིན་དེར་ཨང་ཚད་ལོན་ཡོད་ན་སྙམ་པའི་དངངས་སྐྲག་ཆེན་པོ་བྱུང་། འོན་ཀྱང་ཨང་གཉིས་པར་བསླེབས་འདུག་པས་ཞེ་དྲག་དགའ་བྱུང་། དེ་ནས་ཡིག་རྒྱུགས་ཨང་དང་པོ་མ་ལོན་ནའང་གཉིས་པ་དང་གསུམ་པ་གང་རུང་ཞིག་ངེས་པར་ལོན་དགོས་སྙམ་པ་ལས་དགོས་མཁོའི་སློབ་སྦྱོང་ལ་དོ་སྣང་ཆུང་དུ་ཕྱིན་སོང་། ལོ་གཉིས་པ་ལའང་ཨང་གཉིས་པའི་གཟེངས་རྟགས་ཐོབ། འོན་ཀྱང་ལོ་རིམ་གསུམ་པའི་སྐབས་ཨང་ཚད་དང་དགོས་མཁོའི་ཤེས་ཡོན་གཉིས་ལ་བར་སྟོང་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་། ཨང་ཚད་ལ་བལྟས་ན་མཐོན་པོ་ཡོད་ཀྱང་ཤེས་ཚད་ལ་བལྟས་ན་འདོད་བློ་ཚིམས་པ་ཞིག་མེད་པ་ཤེས་བྱུང་། དེ་ནས་ངས་ཨང་ཚད་ཁོ་ན་དམིགས་ཡུལ་དུ་བཟུང་ནས་སློབ་སྦྱོང་བྱེད་རྒྱུ་མཚམས་བཞག་ནས་འདོད་མོས་དང་དགོས་མཁོ་གལ་ཆེན་དུ་བརྩིས་ནས་སློབ་སྦྱོང་བྱེད་རྒྱུའི་འགོ་བཙུགས་པ་ཡིན། དེ་ནས་དམིགས་བསལ་གྱི་ཉམས་མྱོང་ཞིག་སྔར་དང་མི་འདྲ་བར་གཙོ་བོ་སློབ་ཚན་གྱི་མགོ་མཇུག་བར་གསུམ་ཡོངས་རྫོགས་ཀློག་ཐུབ་པ་དང་། སྤྱི་དོན་དང་ཡན་ལག་སོགས་གོ་བ་རྒྱ་ཆེ་ནས་ལེན་ཐུབ་པ་ཞིག་བྱུང་། སྔར་དང་མི་འདྲ་བར་སྤྲོ་བ་ཆེ་ལ་དཀའ་ལས་ཚོར་གྱི་མི་འདུགལྷག་པར་དུ་གུང་སེང་སྐབས་ལའང་ཀློག་འདོད་དང་སྦྱང་འདོད་ཡོད་མཁན་བྱུང་འདུག
འོན་ཀྱང་ལོ་དེར་ཡིག་རྒྱུགས་ཀྱི་གྲུབ་འབྲས་མིི་བཅུའི་འོག་ཏུ་ལུས་འདུགམི་གཞན་གྱི་ཐུགས་ལ་ངས་ལོ་འདིར་སློབ་སྦྱོང་ལ་འཐུས་ཤོར་བཏང་བ་དགོངས་རྒྱུ་ཉག་ཅིག་རེད། འོན་ཀྱང་ང་རང་ལ་བསམ་ན་སློབ་སྦྱོང་གི་དམངས་གཞི་ཚུགས་པའི་དགའ་ཚོར་ཆེན་པོ་ཡོད། ཨང་ཚད་མཐོན་པོ་མ་བྱུང་བར་བློ་འགྱོད་གཏན་ནས་མ་བྱུང་། ལོ་རིམ་གསུམ་པའི་སྐབས་ཀྱི་བསམ་བློའི་བསྒྱུར་བཅོས་དེ་རྒྱུན་འཐུད་པས་ལོ་རིམ་བཞི་པ་ཡན་ལ་བསླེབས་སྐབས་ཡིག་རྒྱུགས་ཀྱི་ཨང་ཚད་ཀྱང་མཐོན་པོར་བསླེབས་སོང་ལ་སློབ་སྦྱོང་ལའང་རང་བློ་ཁེངས་པ་བྱུང་།
ངའི་སེམས་ལ་ཡིག་རྒྱུགས་ཀྱི་ཨང་ཚད་ནི་སློབ་ཐོན་ལག་འཁྱེར་གྱི་བང་རིམ་ལས་ཤེས་ཡོན་གྱི་གོ་རིམ་ཡིན་པའི་ཚོར་སྣང་མ་བྱུང་། ངས་ཡིག་རྒྱུགས་གཏོང་བའི་ལམ་ལུགས་འདི་ལ་དགོས་པ་མི་འདུག་རྩ་བ་ནས་ཞུ་ཡི་མེད། འཛམ་གླིང་ཤེས་རིག་ལས་ཁུངས་ཕལ་ཆེ་བ་འདིའི་སྟངས་འཛིན་གྱི་འོག་ཏུ་འགྲོ་བཞིན་ཡོད་པས་ཡིག་རྒྱུགས་ཞེ་དྲག་གལ་ཆེན་པོ་རེད། འོན་ཀྱང་སློབ་ཕྲུག་ཚོའི་ངོས་ནས་ཨང་ཚད་ཁོ་ན་དམིགས་ཡུལ་དུ་འཛིན་རྒྱུ་འདི་ཏན་ཏན་ནོར་བ་རེད་འདུག་ཞུ་ཡི་ཡོད།
སྤྱིར་བཏང་སློབ་གྲྭ་ཆེ་ཆུང་ཅི་འདྲ་ཞིག་གི་ནང་དུའང་སློབ་མའི་སེམས་ཁམས་དང་། སྤྱི་ཚོགས་དང་། དུས་ཀྱི་འགྱུར་བ་དང་མཐུན་པའི་སློབ་ཚན་ཡིན་མིན་ལ་མ་ལྟོས་བར་སློབ་ཚན་མང་པོ་ཞིག་སློབ་གྲྭའི་སྒྲིག་གཞིའི་དབང་གིས་སྦྱོང་དགོས་ཐུག་གི་ཡོད། འདིའི་ཐད་ལ་སློབ་གྲྭའི་འགན་འཛིན་རྣམ་པས་ཐུགས་བསམ་བཞེས་དགོས་འདུག མ་གཏོགས་སྔ་མོའི་སྒྲིག་གཞི་རྙིང་པ་ཞིག་རང་སྲུང་དགོས་བྱུང་ན་ཕན་ཐོགས་ཡོད་པའི་ངེས་པ་མེད།
ཡང་རང་ལ་རྙེད་པའི་ཐབས་ལམ་བེད་སྤྱོད་བྱེད་དགོས། དེ་ཡང་དགེ་རྒན་གཞན་གྱི་བཀས་བཀོད་རྐྱང་པ་ཡང་མ་ཡིན་པར་རང་རང་སོ་སོའི་སྦྱོང་སྟངས་ཤིག་ཀྱང་ཡོང་གི་ཡོད། སློབ་སྦྱོང་གི་དུས་ཡུན་གང་མཚམས་སོང་རྗེས་རང་གི་མྱོང་བའི་ཐོག་ནས་སྒེར་གྱི་ཐབས་ལམ་ཞིག་རྙེད་རྒྱུ་ཡོད། ཐབས་ལམ་དེ་རྒྱུན་དུ་བེད་སྤྱད་ནས་སྦྱངས་ན་ཤེས་སླ། གང་ཡིན་ཟེར་ན།དེ་རང་གི་སེམས་ཁམས་དང་མཐུན་པ་ཡིན་པས་རེད།
ཡང་སློབ་དེབ་ཀྱི་སྤྱི་དོན་ཁོང་དུ་ཆུད་པར་འབད་དགོས། སྤྱིར་བཏང་གཞུང་དོན་རྒྱ་ཆེ་བ་དང་མགོ་རྙོག་ཆེ་བའི་སློབ་དེབ་གཅིག་གི་མགོ་མཇུག་བར་གསུམ་བློ་ལ་ངེས་པར་ཐབས་ཤེས་གཉིས་ཡོད། ཡང་སེམས་ཁམས་འགའ་ཤས་ཞིག་ལ་དང་པོ་སློབ་ཚན་གྱི་སྤྱི་དོན་ཤེས་པར་བྱས་ནས་དེ་རྗེས་གཞུང་དོན་ཡོངས་རྫོགས་ལ་འཇུག་པ་དང་། ཡང་འགའ་ཤས་སྔོན་ལ་གཞུང་དོན་ཡོངས་རྫོགས་བསླབས་ནས་དེ་རྗེས་སྤྱི་དོན་ཤེས་པར་བྱེད་པའི་སེམས་ཁམས་གཉིས་འདུག
སྔ་ཕྱི་གང་ལྟར་ཡང་སྤྱི་དོན་ཤེས་པ་གལ་ཆེན་པོ་ཡིན། སྤྱི་དོན་ཤེས་ན་བརྗེད་རྒྱུ་མེད་པར་མི་ཚེའི་ནང་ག་དུས་ཡིན་ནའང་རྣམ་པ་མི་འདྲ་བའི་ཐོག་ནས་བེད་སྤྱོད་བྱེད་ཆོག སྤྱི་དོན་དེ་ཡང་ངོ་བོ་དང་། མཚན་ཉིད། དབྱེ་བ། གྲངས་ངེས། གོ་རིམ། དགོས་པ་སོགས་སུ་རྣམ་གྲངས་ཕྱེ་ནས་སྡོམ་ཚིག་བརྒྱབ་ན་ཧ་ཅང་ལེགས། ཐབས་ལམ་འདི་དག་བརྒྱུད་ནས་སྦྱངས་ན་སློབ་ཚན་དེ་ཅི་འདྲ་ཞིག་ཡིན་མིན་གསལ་ལྷང་ངེར་འཆར་ཡོང་གི་རེད། དཔེར་ན། སློབ་ཚན་གྱི་དེབ་དངོས་སུ་མེད་དུས་ཡིག་འཕྲེང་དང་། པར། ཤོག་གྲངས། དཔེ་རིས་སོགས་དྲན་གསོའི་རྐྱེན་མེད་ནའང་ནང་དོན་བློ་ལ་འཆར་ནུས། རྐྱེན་དེ་དག་ལྟོས་མི་དགོས། ང་རང་གི་ཉམས་མྱོང་ནི་དེ་ལྟར་ཡིན།
དེ་བཞིན་སྒོམ་གྱི་ཐབས་ལམ་ཡང་ཡག་པོ་ཡོད། སློབ་ཚན་དེ་ཚར་གཅིག་གཉིས་ཡག་པོ་བྱས་ནས་བཀླགས། དེའི་རྗེས་དེབ་ཁ་བརྒྱབ་ནས་བཀླགས་ཟིན་པའི་དོན་ལ་སེམས་གཏད་ནས་སྒོམ་དགོས། སློབ་ཚན་ལ་སྒོམ་རྒྱག་པའི་སྐབས་གལ་ཆེ་ཤོས་ནི་ལམ་སེང་དྲན་དགོས་སྣང་དང་། སེམས་ལ་གསལ་ལེར་ཤར་དགོས་སྣང་། ཡང་ན་དྲན་རྒྱུ་མེད་པར་ནག་ཐོམ་མེར་ལུས་པའི་སྐབས་སུ་སེམས་ལྷོད་ལ་ཕབ་ནས་སྒུགས་ན་དྲན་ཡོང་།སྐབས་རེ་ཆེད་དུ་དྲན་ཨེ་ཐུབ་ལྟ་དགོས། སྒུགས་འབད་གཉིས་ཀྱིས་རང་གི་ཀློག་པ་རྣམས་དྲན་ཡོང་།
ཡང་དོན་ཚན་འགའ་རེ་མ་དྲན་ན་དེ་མ་ཉིད་དུ་དེབ་ལ་མི་ལྟ་བར་ཅུང་ཟད་སྒུགས་ན་དྲན། གལ་སྲིད་མ་དྲན་པ་ཡིན་ནའང་དེའི་རྗེས་མ་རྣམས་ལ་སེམས་གཏོད། སྔ་ཕྱི་དོན་འགའ་ཤས་དྲན་ན་དེའི་རྐྱེན་གྱིས་སྔར་དྲན་མ་ཐུབ་པ་རྣམས་ཀྱང་དྲན་ཐུབ། དྲན་སྒོམ་འདི་ལ་སེམས་ལྷོད་པ་དང་ཅུང་ཟད་སྒུག་ནུས་ན་སྔར་བཀླགས་པའི་དོན་གང་མཚམས་བློ་ལ་ཆུད་པ་མ་ཟད་བརྟན་པ་གནས་ཐུབ། དེ་ལྟར་ཀློག་པ་དང་སྒོམ་པ་གཉིས་ཟུང་འབྲེལ་གནང་ན་ཤེས་ཡོན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་ཡིན། དེང་སང་མང་ཤོས་ཀྱིས་དེབ་མང་པོ་ཀློག་གི་ཡོད་མོད་དྲན་སྒོམ་བྱེད་པ་ཉུང་ཉུང་ཡིན། སློབ་ཚན་གཅིག་གི་ནང་དོན་ཤེས་པ་ལ་ཀློག་པ། སྒོམ་པ། མཆན་འགོད་པ་འདི་གསུམ་ངེས་པར་དུ་ཚང་དགོས། འདི་གསུམ་ཡོད་ན་རང་གི་ཤེས་ཚད་ཡར་རྒྱས་འགྲོ་ཐུབ།
ང་ཚོའི་ཀླད་ཁམས་འདིར་ཚན་རིག་པའི་འགྲེལ་བཤད་ལྟར་ན། ཐག་རིང་པོར་དྲན་ཐུབ་པའི་ཀླད་ཁམས་དང་ད་ལྟ་རང་དྲན་ཐུབ་པའི་ཀླད་ཁམས་གཉིས་སོ་སོ་ཡོད་པར་གསུང་གི་ཡོད། གང་ལྟར་ཡང་སེམས་ལ་ཡུན་རིང་དྲན་ཐུབ་མིན་ནི་ཡུན་རིང་སྒོམ་མ་སྒོམ་ལ་འགྲོ་ཡི་ཡོད་པ་ང་རང་ཚོའི་ཉམས་མྱོང་ལས་ཤེས་པ་རེད། འདིས་སློབ་སྦྱོང་བྱེད་སྟངས་སྐོར་རོབ་བསྡུས་ཤིག་ཞུས་པ་ཡིན།
༣༽ སློབ་ཚན།
སློབ་ཚན་དེ་གངས་ལྗོངས་ཀྱི་རིག་གཞུང་ལྟར་ན་བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་། སྐར་རྩིས་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་སྟེ་རིག་གནས་ཆུང་བ་ལྔ་བཅས་བསྡོམས་པའི་བཅུ་ཕྲག་རིག་པའི་གནས་ཞེས་བརྗོད་ཀྱི་ཡོད། དེང་སང་ཡིན་ན་ཚན་རིག་པས་རིག་སྒོ་མང་པོ་ཞིག་གསར་དུ་བསྣན་ཡོད་པས། དངོས་ཁམས་རིག་པ་དང་། རྩིས་རིགའཕྲུལ་ཆས་རིག་པ་ལ་སོགས་པ་ཇི་སྙེད་ཅིག་ཡོད། འོན་ཀྱང་མདོར་བསྡུས་ན་དེ་ཐམས་ཅད་འགྲོ་བ་མིའི་རང་བཞིན་སྲུང་སྐྱོབ་དང་འཛམ་གླིང་སྤྱིའི་ཞི་བདེ་ལ་མི་གནོད་པ་ཞིག་ངེས་པར་དུ་དགོས། ལོ་རྒྱུས། སྤྱི་ཚོགས། མིའི་རང་བཞིན་གྱི་འདོད་པ་སོགས་གང་ལ་བསམ་ནའང་གལ་ཆེན་པོར་མཐོང་།
དེའི་སྟེང་དུ་སློབ་ཚན་དེ་དུས་དང་ཁོར་ཡུག་དང་མཐུན་པ་དགོས། སློབ་ཚན་མང་ཤོས་ཤིག་དུས་དང་ཁོར་ཡུག་དང་འབྲེལ་བ་མེད་པས་རང་གི་མི་ཚེ་ལ་ཕན་ཐོགས་མེད་པ་དེ་འདྲ་ཡོང་གི་ཡོད་པས་སློབ་ཚན་དེས་རང་གི་མི་ཚེ་ལ་ཕན་ཐོགས་ཡོད་མཁན་ཞིག་དགོས།
ཕན་ཐོགས་དེ་ཡང་རང་གི་སེམས་ལ་བདེ་སྐྱིད་སྐྲུན་ཐུབ་མཁན་ཞིག་ཡིན་དགོས། སློབ་སྦྱོང་བྱེད་དུས་སློབ་ཚན་མང་པོ་ཞིག་སྦྱངས་ནས་རྗེས་སུ་དེའི་ལས་གནས་ལ་ཞུགས་ཡོང་སྐབས་སེམས་ལ་བདེ་སྐྱིད་གཏན་ནས་མེད་མཁན་དེ་འདྲ་ཡང་ཡོང་གི་ཡོད། དེ་ཡང་མིའི་སྐྱོན་མིན་པར་སློབ་ཚན་གྱི་ངོ་བོའི་ཆ་ནས་སེམས་ཀྱི་ཞི་བདེ་དང་འགལ་བ་དེ་འདྲ་ཡོང་གི་འདུག
དེ་བཞིན་ཁོར་ཡུག་ལ་མི་གནོད་པ་ཞིག་དགོས། དེང་སང་སློབ་སྦྱོང་གི་འབྲས་བུར་འཛུགས་སྐྲུན་སྣ་ཚོགས་བྱེད་ཐུབ་ཀྱི་ཡོད་ཀྱང་དེ་མཚུངས་ཁོར་ཡུག་གཏོར་བརླག་གཏོང་གི་ཡོད། རང་གི་འཚོ་རྟེན་གྱི་སློབ་སྦྱོང་དེ་མང་ཚོགས་སྤྱིའི་ཁོར་ཡུག་ལ་གནོད་ན་བློ་ཕམ་དགོས་པ་ཞིག་རེད། ཡུན་རིང་གྲུབ་འབྲས་དེ་སྤྱི་ཚོགས་ཞབས་ཞུ་ལ་མི་ཕན་པ་མ་ཟད་ཧ་ཅང་གནོད་ཚབས་ཅན་དུ་སོང་བ་རེད།
མདོར་བསྡུས་ནས་བཤད་ན་སློབ་ཚན་ནི། འཛམ་གླིང་ཞི་བདེ་ལ་མི་གནོད་པ། དུས་རབས་དང་མཐུན་པ། སེམས་ཀྱི་ཞི་བདེར་མི་གནོད་པ། ཁོར་ཡུག་ལ་མི་གནོད་པ་བཅས་ཀྱི་ཆ་རྐྱེན་ལྡན་པ་ཞིག་བྱུང་ན་སྙམ།
༼སྤྱི་ལོ་༢༠༡༢།༨།༢༥ ཉིན་འཇོར་མན་མུ་ནིག་རྒྱལ་སར་མོན་ཊི་སོ་རིའི་སློབ་གྲྭར་སློབ་སྦྱོང་བྱེད་ཚུལ་སྐོར་ལ་གསུང་བཤད་གནང་བ།༽
སྤྲུལ་སྐུ་དེ་ཆོས་བརྒྱུད་ག་རེ་རེད། དགོན་པ་གང་ནས་རེད།
སྤྲུལ་བའི་སྐུ་ལོ་སྐུ་ཚེ་རིང་། དིང་སང་སྤྲུལ་སྐུ་སློབ་སྦྱོང་མེད་མཁན་དག་གིས་བཀང་འདུག་པས་བོད་ཀྱི་སྤྱི་ཚོགས་རྨངས་ནས་རུལ་འགྲོ་གི་འདུག ངའི་ཕ་ཡུལ་གྱི་མི་རྣམས་དད་པ་ཆེ་ཞིང་ཤེས་ཡོན་མེད་པ་རྐྱང་ཡིན། ཁོང་ཚོས་སོག་ལུག་ཁྲི་སྟོང་མང་པོ་བཤས་རར་བརྫངས་ཏེ་སྤྲུལ་སྐུ་ཚོར་དངུལ་གྱིས་བསུ་བ་བྱེད་ཀྱིན་གདའ། སྤྲུལ་སྐུ་མགོ་སྟོང་ཚོས་རླངས་འཁོར་གང་བཟང་དང་ཟས་སྣ་གང་ཞིམ་ཟས་ཏེ་སློབ་སྦྱོང་བྱེད་ཀྱིན་མེད། སྤྱི་ཚོགས་ཀྱི་འགན་འཁུར་གྱིན་མེད། དོན་མེད་དུ་སྣམ་གཡེང་བྱས་ཏེ་ཁྱིམ་པ་ལས་སྡུག ཤ་ཟ་ཁྲག་འཐུང་འདི་ཚོར་ཤི་རྗེས་དམྱལ་བའི་ཡུལ་ནས་ཟོག་ལུག་ཁྲི་སྟོང་མང་པོས་བསུ་བ་ཅི་ལྟར་བྱེད་དམ། སྤྲུལ་སྐུ་འདི་དག་གིས་མང་ཚོགས་ལ་མགོ་གཡོག་མགོ་སྐོར་བཏང་སྟེ་ཁྱོད་ཚོ་སྐྱེས་བ་ཕྱི་མར་བདེ་བ་ཅན་དུ་སྐྱེའོ་ཞེས་ལུང་བསྟན། དམ་པ་སངས་རྒྱས་ཀྱི་ཆོས་ནི་མི་ཤེས། ཤེས་བ་གཅིག་རང་ཡོད་པ་ནི་མི་མང་གི་མགོར་ལག་པ་རེ་བཞག ཞལ་སྤུར་ཡིན་ན་ཅིག་ཟེར་ཏེ་གདོང་ལ་མཆིལ་མ་འདེབས། དེ་ལས་གཞན་ཞིག་བྱ་རྒྱུ་མེད་པ་འདྲ། གཞན་སྟོང་བ་རྟེན་འབྲེལ་དང་བྱང་ཆུབ་ཀྱི་སེམས་སོགས་དམ་པའི་ཆོས་ཀྱི་སྙིང་བོ་སོགས་འཆད་དགོས་ཚེ་བོང་བུ་དར་ཐོག་ལ་དེད་པ་དང་མཚུངས། དགོན་སྡེ་ཤེས་ཡོན་པ་སྟེ་དགེ་བཤེས་དཔེ་ཆ་བ་དག་ལ་དབང་མེད་ནུས་བ་མེད། ཡོད་ཚད་ཐམས་ཅད་སྤྲུལ་སྐུ་ཡིན་ན་འདི་དག་གིས་བདག་གིར་བྱས་ཏེ་སངས་རྒྱས་བའི་བསྟན་པ་ནི་ཉམས་དམའ། བོད་ཀྱིས་ཤེས་ཡོན་པ་དག་ཀྱང་སྤྲུལ་སྐུ་ལ་ཤིན་ཏུ་སྐྲག ད་ཐུག་ལ་སུས་ཀྱང་འདིའི་སྐོར་ལ་ཤེས་ཀྱང་མ་ཤེས་ཁ་བོས་ཁུ་སིམ་མར་བཞག བོད་ལ་སྤྲུལ་སྐུ་ལས་དབང་ཅན་ཞིག་ད་སྔ་མེད་པས་འདི་ལ་དགག་བཞག་བསུན་འབྱིན་འདྲ་བྱས་ཚེ་དེ་མུར་སྤྱི་ཚོགས་ཀྱི་གུད་དུ་མཐར་སྤྲོད་གཏོང་། ལྟ་ལོག་པ་དང་དམ་ཉམས་སོགས་སྙིང་རྩ་གཅོད་བྱེད་ཀྱི་དམོད་ཚིག་ཕྱིན་ཅི་ལོག་པ་དང་བཅས་ཏེ་རྦད་དེ་འཇོམས་པར་བྱེད། ངས་བལྟས་ན་ཆོས་མི་ཤེས་ཞིང་ཉམས་ལེན་ཡང་དབེན་པའི་སྤྲུལ་སྐུ་འདི་ཚོ་གད་སྙིགས་ལ་འཕེན་རན་འདུག་གོ། འདི་ཚོ་ལས་དགེ་བཤེས་སྟག་འདྲ་གཟིག་འདྲ་དེ་ཚོར་གོ་ཐོབ་དང་ཆེ་མཐོང་རེ་སྤྲད་ན་ཅི་འདྲས་གཟི་བརྗིད་ལྡན་པ་ལ་ཨང་། འདིར་བཤད་བྱང་ཡང་དོལ་བོ་སྤྲུལ་སྐུ་ལྟ་བུའི་ཡོན་ཏན་པ་དག་ལ་སྤྲུལ་རྫུན་དེ་ཚོས་མིག་དཔེ་ལྟ་དགོས་འདུག་ཅེས་དེ་ཡིན། ཁྱད་པར་གྱི་ངའི་ཕ་ཡུལ་གྱི་ཤན་པ་དེ་ཚོས། རྐུན་མ་དེ་ཚོས། ཇག་པ་དེ་ཚོས།
ངས་གོང་གི་གནས་དོན་རྣམས་གསུང་མཁན་དང་ཡིག་ཕབ་གནང་མཁན་གཉིས་ཀ་ངོ་མི་ཤེས་ཀྱང་། གནས་ཚུལ་བཀླགས་རྗེས་ངོ་མ་བློ་བསྐྱེད་ཡག་པོ་ཐོབ་བྱུང་།
ཨང་ཚད་ལས་དགོས་མཁོའི་ཤེས་ཚད་གལ་ཆེ་བ་དང་། མི་ཡག་པོ་ཆགས་རྒྱུ་སོགས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་གསལ་པོར་འཁོད་ཡོད་ནའང་། དཔལ་ལྡན་སྲིད་སྐྱོང་བློ་སེང་མཆོག་གིས་སློབ་ཕྲུག་རྣམས་ལ་བརྒྱ་ཆ་ ༩༥ ལོན་མཁན་ག་ཚོད་ཡོད་ལག་པ་རྐྱོང་ཟེར་བ་སོགས་གསུངས་ནས་བརྒྱ་ཆ་གཙོ་བོར་འཛིན་གསུང་བཤད་གནང་དང་གནང་བཞིན་འདུག
གང་ལྟར་རྣམ་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་ཀྱི་བླ་ཆེན་འཇམ་མགོན་ཀོང་སྤྲུལ་གྱིས་འགན་ཁུར་མཚམས་བཞག་པ།
འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་བཞི་པས། ཟླ་འདིའི་ཕྱི་ཚེས་1 ཉིན་ཁོ་རང་གི་ངོ་དེབ་ཐོག་གནས་ཚུལ་ཞིག་སྤེལ་བའི་ནང་། ངས་ང་རང་གི་ལས་འགན་དེ་ཕྱི་ཟླ་4 ཚེས་14 ནས་འགན་ཁུར་མཚམས་བཞག་ཟིན་པ་ཡིན། གང་ཡིན་ཟེར་ན། ལོ་བཞིའི་ཡར་སྔོན་ནས་ད་ལྟའི་བར། ང་ལ་དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་འཕྲད་སོང་། དེར་བརྟེན། ད་ལྟ་ང་བཟོད་སྒོམ་མི་ཐུབ་པའི་ཚད་དེར་སླེབས་ཡོད། དམིགས་ཡུལ་ལ་བཀག་འགོག་བྱས་པ་དང་། ལས་ཀར་འགན་ཁུར་བྱས་མ་བཅུག་པ་དེ་ཚོ། ང་ལ་མཚོན་ན་དཀའ་ངལ་རེད་འདུག ཕར་བལྟས་ཚོད་ལ་མི་སྔོན་དུ་འདྲ་ཆག་པོ་དང་ཡག་པོ་ཡོད་ཀྱང་། དོན་ངོ་མར་དེའི་རྒྱབ་ཏུ་གཉའ་གནོན་རྐྱང་རྐྱང་ཡིན་པས། ངའི་མི་ཚེ་འདི་དེ་ལྟར་སྐྱེལ་འདོད་མེད། ཕྱི་ཚུལ་དུ་འོད་དང་ལྡན་པ་ཞིག་ཡིན་རུང་། ནང་ནས་ངས་མིང་དོན་མཚུངས་པ་ཞིག་བྱེད་ཐུབ་ཀྱི་མི་འདུག་པས། འདི་ངའི་གདམ་ཁ་མཐའ་མ་དེ་རེད། ངས་ལམ་ག་འདིར་ཞུགས་མི་དགོས་པའི་ཐབས་ཤེས་མང་པོ་བཏང་ཡིན། ཡིན་ན་ཡང་ང་ལ་དཀའ་ངལ་དེ་དག་བར་མ་ཆད་པར་འཕྲད་ཀྱི་འདུག དེར་བརྟེན། ད་ང་ཐང་ཆད་སོང་།
ཁྱེད་ཚོས་ངའི་གདམ་ཁ་འདིའི་གོ་རིམ་ཏག་ཏག་ཤེས་ཐུབ་ཀྱི་ཡོད་མེད་མི་ཤེས་པས། ཚང་མས་ཏག་ཏག་ཤེས་ཐུབ་པའི་རེ་བ་ཡོད། ཁྱེད་རང་ཚོས་ང་གང་དུ་ཡོད་མེད་ཤེས་ཀྱང་། ང་ལ་བལྟ་སར་མ་ཡོང་རོགས། ཐུགས་རྗེ་ཆེ། དེ་བཞིན་ང་ལ་སེམས་ཁྲལ་ཡང་བྱེད་མི་དགོས། ང་ལ་ང་རང་གིས་བདག་གཅེས་བྱེད་ཆོག ང་ལ་ཡིད་ཆེས་བྱེད་མཁན་ཚོར་དགོངས་དག་ཞུ། ང་ལ་དེ་མ་གཏོགས་ཐབས་ཤེས་མི་འདུག ང་གྲྭ་བ་བྱེད་ཐུབ་མ་སོང་། ངས་ང་རང་གི་འདོད་པ་ལྟར་སློབ་སྦྱོང་བྱ་རྒྱུ་ཡིན་ལ། དེ་ཁག་པོ་ཡོད་ཀྱང་ངས་གདུང་ལེན་བྱ་འདོད་ཡོད། རྒྱལ་དབང་ཀརྨ་པ་དང་སི་ཏུ་རིན་པོ་ཆེ་གཉིས་ག་དུས་ཡིན་རུང་ངའི་སེམས་སུ་ཡོད། ངས་གང་བཤད་པ་དང་གང་བྱས་པ་ཐམས་ཅད་ཁོང་གཉིས་ལ་བཤད་རོགས། ང་ལ་ག་དུས་ཡིན་རུང་བཀྲ་མི་ཤིས་པ་ཡོང་གི་འདུག གལ་སྲིད་ང་ཁྱེད་ཚོ་དང་ཐུག་སར་ཡོང་ན། གནད་དོན་འདི་ཆེན་པོ་ཆགས་ས་རེད་ལ། དེ་བཞིན་ཁྲིམས་ཐོག་ཏུ་ཡང་འགྲོ་སྲིད་པ་ཞིག་རེད། དེར་བརྟེན། ད་ནས་བཟུང་ངས་མི་ཚེ་དཀྱུས་མ་ཞིག་སྐྱེལ་གྱི་ཡིན། ང་ལ་འབྲེལ་བ་མུ་མཐུད་དུ་བྱེད་འདོད་ཡོད་མཁན་ཚོར། ངས་ཀྱང་འབྲེལ་བ་མུ་མཐུད་དུ་བྱ་རྒྱུ་ཡིན།
ངས་བསམ་བློ་མང་པོ་བཏང་ནས་ཐག་གཅོད་འདི་བྱས་པ་ཡིན། གལ་ཏེ་ཁྱེད་རང་ཚོས་ང་ལ་བརྩེ་བ་ཡོད་ན། ང་ལ་བལྟ་སར་ཡོང་མི་དགོས། ང་གཅིག་པུར་འཇོག་རོགས་གྱིས། མི་མང་པོ་ཞིག་ང་ལ་ཁོང་ཁྲོ་ལངས་ཡོད་པ་ཤེས་ཡོད་པས། དེ་ཚོ་ཚང་མར་དགོངས་སེལ་ཞུ་རྒྱུ་ཡིན་ལ། ང་ལ་ཡང་དཀའ་ངལ་མང་པོ་འདུག དཀའ་ངལ་དེ་དག་ལས་ཐར་ཐབས་སུ། རང་ཤི་རྒྱག་དགོས་བསམ་པ་ཡང་བྱུང་སོང་། ངས་ཁྱེད་ཚོར་དཀའ་ངལ་མང་པོ་གཏད་འདོད་མེད་པས། ང་རང་ཁུ་སུམ་པོར་འཇོག་རོགས། བླ་བྲང་གི་དཀའ་ངལ་འབྱུང་སའི་གཞི་དེ་ང་རེད། ང་བུད་སོང་ན་བླ་བྲང་གི་དཀའ་ངལ་དེ་ཡང་མེད་པ་ཆགས་ཀྱི་རེད། ང་ཁྱེད་ཚོ་སུ་ལ་ཡང་ཁོང་ཁྲོ་ལངས་ཀྱི་མེད་ལ། ཁྱེད་ཚོས་ང་ལ་བརྩེ་བ་དང་ཐུགས་ཁུར་ཡོད་པ་ཤེས་ཀྱི་ཡོད། དེར་བརྟེན་ཚང་མར་དགོངས་སེལ་ཞུ། ངས་སེམས་པར་དཀའ་ངལ་ཆེ་བའི་སྐབས་དེར། མི་ཚེའི་ལམ་ཁ་དེ་ཡང་གསར་པ་ཞིག་བདམས་དེ། མ་འོངས་པར་ང་རང་ཨེམ་ཇི་ཞིག་ཡོང་རྒྱུར་སློབ་སྦྱོང་བྱ་འཆར་ཡོད། དབྱུག་པ་དང་རྡོས་ངའི་རུས་པ་གཅག་ཐུབ་པ་བཞིན། ཚིག་རྩུབ་ཀྱིས་ངའི་སེམས་ལ་རྨ་ཁ་བཟོ་ཡི་རེད། དེར་བརྟེན། ལོ་འདི་དག་གི་རིང་ཚིག་རྩུབ་ཀྱིས་ངའི་སེམས་ལ་རྨ་ཁ་མང་པོ་བཟོས་སོང་།
http://mp.weixin.qq.com/s?__biz=MzI2MzIwMjE1NA==&mid=2650767744&idx=1&sn=a05f855b6cc47f154100346bdf045aea&scene=1&srcid=0803zUlTuVNKevYc6xoGsCUf&from=groupmessage&isappinstalled=0#wechat_redirect
http://tibettimes.net/%E0%BD%87%E0%BD%BC%E0%BC%8B%E0%BD%96%E0%BD%BC%E0%BC%8B%E0%BD%A4%E0%BD%B1%E0%BD%80%E0%BE%B1%E0%BC%8B%E0%BD%98%E0%BD%B4%E0%BC%8B%E0%BD%93%E0%BD%BA%E0%BC%8B%E0%BD%A3%E0%BC%8B%E0%BD%91%E0%BD%96%E0%BD%B4/
་
ལྷའི་བཟོ་བོ་བི་ཤཱ་ཀརྨ་དང་། ཁོང་གིས་སངས་རྒྱས་ཀྱི་གཙུག་ཏོར་གྱི་རྩེ་མོར་བསྙབས་མ་ཐུབ་པ་སོགས་དེང་སང་དངོས་གཙོ་སྨྲ་བའི་བློ་ཡུལ་དུ་ཤོང་དཀའ་བའི་བྱུས་གཏོགས་མ་བྱས་ན་ལེགས། དེ་བཞིན་གོང་པོ་སྤུན་བདུན་ནམ། བརྒྱད་ཀྱིས་བོད་འབངས་ཕུང་པར་འདོད་པ་ཡང་། ནང་ཆོས་རྒྱུ་འབྲས་ཀྱི་ཆོས་དང་མི་མཐུན། དེ་ལས་བགད་མོ་ཤོར་དགོས་པ་ཅིག་ནི། སྐུ་ལ་དབུ་རྒྱན་ཕུལ་བས། གཙུག་གཏོར་གྱི་འོད་ཟེར་རམ། བྱིན་རླབས་ཉམས་སུ་བཅུག་པ་འདི་རེད།
མདོར་བསྡུས་ན། སྤྲུལ་སྐུའི་ཆ་བྱད་ཀྱི་ཐུབ་དབང་གི་འདྲ་སྐུ་ལ། གདུལ་བྱ་རྣམས་བསོད་ནམས་ལྷག་པར་གསོག་ཕྱིར། ལོངས་སྐུའི་རྣམ་པ་ཅན་དུ་བསྒྱུར་བ་མཛད་པ་རེད། འདིར། དགེ་སློང་ཅིག་ལ་བུད་མེད་ཀྱི་རྣ་རྒྱན་བརྒྱན་པའི་ཚིག་གོད་བྲོ་པོ་དེ་དག་འགྲོ་ས་མེད་རེད། རྩོམ་པ་པོ། སློབ་དཔོན་ཆེན་མོ་ཀེམ་རོན་དྲརེ་ཝིཌ་ཝར་ནཱར་ལགས།། །།
སྤྲུལ་སྐུ་ཚོས་ཐུགས་གཟབ་གནང་དགོས་པ་འདུག དེང་སང་སྤྲུལ་སྐུ་མང་པོ་ཞིག་སྐྱེ་བ་སྔོན་མའི་སྐུ་སྐྱེ་ཁྱད་འཕགས་ད་གང་ཞེས། རྨངས་གཞི་སེམས་ལ་འཁོར་བར་ངེས་འབྱུང་ཙམ་ཀྱང་མེད་པར་བཙན་གྱིས་གསེར་ཁྲིའི་སྟེང་དུ་བསྐྱགས། གོས་ཆེན་བེར་གྱི་སྦུབས་སུ་བཏུམས། ཞིམ་རྒུའི་ཟས་ཀྱིས་དཀྱིལ་དུ་བཤམས། འདོད་དགུའི་ནོར་གྱིས་གཡེངས་སུ་བཅུག ཆེ་དགུའི་གཙུག་ཏུ་འགྱིངས་སུ་བཅུག ཉམས་ཆུང་དམངས་ལ་རྨོངས་སུ་བཅུག འཇིག་རྟེན་འཁོར་བའི་སྡུག་བསྔལ་མྱངས་མ་མྱོང། རྒྱུ་མཚན་དེ་ལ་བརྟེན་ནས་ཁྲི་བྱང་སྤྲུལ་སྐུ། བླ་མ་བཟོད་པའི་དགེ་རྒན་གྱི་སྤྲུལ་སྐུ། སྤྲུལ་སྐུ་ཨོ་རྒྱན་ཉི་མ། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། འཇམ་དཀོན་ཀོང་སྤྲུལ། མོན་ཏ་དབང་གི་སྤྲུལ་སྐུ་ལས་སོགས་ཅི་བྱས་དང་ཅི་བགྱིད་ལ་གཟིགས་དང། མོན་ཏ་དབང་སྤྲུལ་སྐུས་རང་ཤི་བརྒྱབ། ད་དུང་འཇམ་དཀོན་ཀོང་སྤྲུལ་རང་ཤི་རྒྱག་རྩིས་བྱས། ད་དངོས་གནས་མགོ་ལ་བཀུར་བའི་ཡོན་ཏན་དེ་ཚོར་ཚང་འདུག་གམ།
གཡག་རྒོད་ལགས་ཀྱིས་ཡག་པོ་གསུངས་འདུག
སྤྱིར་སྟངས་བསམ་བློ་ཡག་པོ་ཞིག་བཏང་ན། བོད་ཕྲུག་ཆུང་ཆུང་འདི་ཚོ་འཛམ་གླིང་སྤྱིའི་བྱིས་པ་ཀུན་དང་འདྲ་བར་ཁོང་ཚོས་ནོར་འཁྲུལ་བྱས་བཞག་ཞིག་རྩ་བ་ནས་ཡོད་པ་མ་རེད། ནོར་འཁྲུལ་ཚབས་ཆེན་བྱེད་མཁན་དེ་ཚོ་ཆོས་ཀྱིས་ར་རོ་བཟི་བའི་མི་རྒན་དེ་ཚོ་རེད། མི་རྒན་ཆོས་ལུགས་ཀྱི་ཞེན་འཛིན་པ་དེ་ཚོས་རྐྱེན་བྱས་ནས་ལོ་ཆུང་བྱིས་པ་འགྲོ་འདུག་མི་ཤེས་པ་བཟོ་བཞིན་འདུག་བ། དངོས་གནས་ན་བྱས་ཕ་མ་ཚོས་སོ་སོའི་ཕྲུག་གུ་ཆུང་ཆུང་དེ་ཚོ་བདག་པོ་ཡག་པོ་རྒྱག་དགོས་ས་རེད། ཆོས་དང་ཆབ་སྲིད་གང་གིས་ཀྱང་བསམ་མེད་ཕྲུག་གུ་རྩེད་ཆས་བྱས་ན་ཡག་པོ་རྩ་བ་ནས་མ་རེད། གནམ་རལ་འགྲོ་གི་ཡོད་ནའང་འདྲ། ས་དིབ་འགྲོ་གི་ཡོད་ནའང་འདྲ། གང་ལྟར་བོད་ཀྱི་ལོ་ཆུང་བྱིས་པ་ཚོར་བྱིས་པའི་མི་ཚེ་སྐྱིད་པོ་དེ་སྐྱེལ་བཅུག་དགོས་པ་རེད་དོ། དོན་དག་མེད་སར་ཁོག་ནག་དང་ཞེ་ནག་ཆོས་ལུགས་ཀྱི་ཕྱོགས་འཛིན་དེ་འདྲ་རྐྱང་རྐྱང་བསླབ་ན་དགོས་པ་ཆེན་པོ་ཞིག་གང་འདུག་གམ་ལགས། །
ི་
བོན་པོ་ལགས་དང་པོར་སོ་ལན་བོན་གཞིས་སློབ་གྲྭར་ཡིན་གདའ་དེ་ནས་རིམ་པའི་ཡིན་དང་པོར་རང་བསྡད་ས་ནས་མགོ་བཙུག་ནས་དེ་ནས་གཞན་ལ་ལབ་ལ་མཚམས་པོ་ཡོད་རེད།
འཇམ་དགོན་ཀོང་སྤྲུལ་ཡང་སྲིད་སྔ་ཕྱི་གཉིས་ཀྱི་སྐོར་ལ།
https://www.youtube.com/watch?v=AkZIJ0EMIvQ#t=33
http://mp.weixin.qq.com/s?
__biz=MzI2MzIwMjE1NA==&mid=2650767744&idx=1&sn=a05f855b6cc47f154100346bdf045aea&scene=1&srcid=0803zUlTuVNKevYc6xoGsCUf&from=groupmessage&isappinstalled=0#wechat_redirect
https://www.youtube.com/watch?v=cSdB9-QVAek
དྲང་སྲོང་ལགས།
སོ་ལན་བོན་གཞིས་སློབ་གྲྭ་ནི་༧གོང་ས་མཆོག་གི་ཐུགས་རྗེའི་གྲིབ་བསིལ་གྱི་འོག་ནས་རིམ་པས་འཚར་ལོངས་བྱུང་བ་ཞིག་ཡིན་ས་རེད། དེ་ཡང་དབུས་བོད་སློབ་འཛིན་ཚོགས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྟངས་འཛིན་འོག་ནས་ད་བར་འགྲོ་བཞིན་པ་ཞིག་ཡིན་ས་གདའ། དེ་ཚོའི་སྐོར་ལ་སྤྱིར་སྟངས་ངས་ནི་ཆེན་པོ་རང་མི་ཤེས། མི་ཚོས་འདིར་བླ་སྤྲུལ་གྱི་སྐོར་ལ་སྐད་ཆ་ཤོད་དུས་ཡང་ཁྱེད་ཀྱིས་སློབ་གྲྭའི་སྐོར་ལ་སྐད་ཆ་བཤད་ཡོང་གི་འདུག་བ། ཁྱེད་རང་དེ་འདྲ་ངར་འདོད་ན། དང་པོ་དགོན་པའི་ནང་དུ་སློབ་གྲྭ་འཛུགས་མཁན་དེ་ཚོ་ལ་་ཤོད་ཤོག་ཨ། དེ་ནས་ག་ལེར་གཞིས་ཆགས་ཁག་གི་སློབ་གྲྭའི་ཐོག་ལ་བཤད་པ་བརྒྱབ་ན་ཡག་ལེ་རེད། དེང་སང་རྙོག་འཛིང་ཅན་གྱི་བླ་སྤྲུལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་ཚོའི་འབྱུང་ཁུངས་གང་ནས་རེད་འདུག་བརྟག་ནས་དེ་དང་འབྲེལ་པའི་སྐད་ཆ་བཤད་ན་ཡག་ལེ་གདའ། གཞན་འབྲེལ་མེད་དོན་གཞན་མང་པོ་ཞིག་གླེང་ཡོང་ན་འཆམ་གཏམ་དུ་འགྱུར་སྲིད་པ་རེད་དོ། །
ཡག་པོ་གསུངས་འདུག