ཁ་བ་ནག་པོ།
(སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨོ་གླིང་དུ་ཆིབས་བསྒྱུར་བསྐྱང་བར་ས་གནས་བོད་རིགས་རྣམས་ནས་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་གནང་བར་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར། དམ་སྲི་དོལ་རྒྱལ་དཀོན་མཆོག་ཏུ་བཀུར་ཞིང་དགྲ་བོ་རྒྱ་དམར་གྱི་རྒྱུགས་ཁྱི་ཁ་ཤས་ནས་༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་ཐོས་རྗེས་ཀ་རྩོམ་འདི་བྲིས་པ་ཡིན།)
ཀ་ཡེ་རང་ཉིད་མགོ་ནག་བོད་མི་ཞིག་ཡིན་ན།།
ཁ་བའི་ལས་དབང་བསམ་པའི་སྐྱེ་བོ་ཞིག་མིན་ཡང་།།
ག་ས་གང་དུ་ཁྱི་སྤྱང་སྨྱོན་པ་ལྟར་རྒྱུག་བཞིན།།
ང་ཚོའི་དགྲ་རུ་ལངས་པའི་བྱེད་སྟངས་འདི་སྐྱོ་བ།།
ཅ་ཅོ་སྒྲོག་བཞིན་རྒྱལ་བར་མཚན་སྨོད་དེ་བྱས་སོང་།།
ཆ་མེད་མི་ཡི་མདུན་ནས་ཞབས་འདྲེན་ཡང་ཞུས་སོང་།།
ཇ་ཆང་དོན་དུ་རང་རིགས་བླ་འཚོང་དེ་བྱས་སོང་།།
ཉ་ཉོག་དེ་ཚོ་མཐོང་དུས་སེམས་གཏིང་ནས་སྐྱོ་སོང་།།
ཏཱ་ལའི་བླ་མའི་མཚན་སྙན་འཛམ་གླིང་ལ་ཁྱབ་དུས།།
ཐ་ཆད་རྒྱ་དམར་གཞུང་ལ་ངན་འབྲེལ་རེ་བྱས་ནས།།
ད་དུང་བོད་མི་ནང་ཁུལ་དབྱེན་དཀྲུག་ལ་སྦྱོར་བའི།།
ན་ཚ་འདི་འདྲ་བཅོས་པར་ཐབས་ལམ་ཞིག་ཨེ་ཡོད།།
པ་སངས་མདངས་ལྟར་དཀར་པའི་ལྷག་བསམ་ཞིག་མེད་ཀྱང་།།
ཕ་རོལ་དགྲ་དང་གཉེན་གྱི་ཁྱད་པར་དེ་ཤེས་དགོས།།
བ་གླང་ཕྱུགས་ལྟར་རྨོངས་པའི་དུད་འགྲོ་ཞིག་ཡིན་ཡང་།།
མ་རབས་བྱ་སྤྱོད་དེ་འདྲ་མཐོང་ཐོས་སུ་མ་བྱུང་།།
ཙ་མ་ར་ལྟར་གྱོང་བའི་རྒྱ་གཞུང་གི་གདུག་རྩུབ།།
ཚ་འུར་སྙིང་སྟོབས་ཆེན་པོས་ངོ་རྒོལ་དེ་དགོས་ཀྱང་།།
ཛ་དྲག་བོད་མིའི་གནས་བབ་གཏིང་བརྗེད་དུ་སོང་ནས།།
ཝ་མོའི་ལོ་རྒྱུས་སྐྱོང་བའི་དོལ་ཚོགས་འདི་སྐྱོ་བ།།
ཞྭ་སེར་བསྟན་དང་རྒྱལ་བ་ན་རིམ་ལ་འཁོན་པའི།།
ཟ་འདྲེ་དོལ་རྒྱལ་་རྗེས་འབྲང་བླུན་རྨོངས་ཀྱི་ཚོགས་འདིས།།
འ་ཅག་བོད་མིའི་སེམས་ལ་རྨ་ཁ་ཞིག་བཟོས་ཀྱང་།།
ཡ་རབས་ཡིན་མདོག་སྟོན་པ་སྙིང་རྗེ་ཡི་ཡུལ་ཡིན།།
ར་བ་གངས་ཅན་ལྗོངས་ནི་རྒྱ་དམར་གྱིས་འཕྲོག་པས།།
ལ་ལུང་ཁྲི་ཕྲག་བརྒལ་ཏེ་བཙན་བྱོལ་དུ་ཡོང་དོན།།
ཤ་ཁྲག་ཟས་སུ་རྔམས་པའི་བྱེད་སྟངས་འདི་ཡིན་ན།།
ས་སྟེང་འདི་རུ་སྐྱེས་པའི་དོན་གོ་ཞིག་མ་ཆོད།།
ཧ་ལམ་དེང་སང་མི་ལ་རིགས་ཞེན་དེ་མེད་པས།།
ཨ་མའི་བུ་ལ་གདམས་པའི་སྙིང་གཏམ་ཞིག་བཤད་ཀྱང་།།
ཧ་ལོའི་དུག་དང་འདྲ་བའི་དོལ་ཚོགས་ཀྱིས་མི་ཉན།།
ཨ་ཧོ་གནས་སྟངས་འདི་ནི་ཡིད་མུག་གི་གཞི་རེད།།
༢༠༡༥་ལོའི་ཟླ་༥ ཚེས་༢༦ ཉིན།
མཚམས་རེ་བསམས་ན་དོལ་ཚོགས་དེ་ཚོས་དམངས་གཙོ་ངོ་མ་དེ་འབོད་ཀི་ཡོད་པར་རེད་དྲན། དོལ་ཚོགས་དེ་ལོ་རྒྱུས་ལ་བལྟས་ན་དགེ་ལུགས་དག་མ་དེ་རེད་འདུག ལྷ་ཡི་ཆོས་ལུགས་དད་མོས་རང་དབང་དགོས་ན་འདྲེ་ཡི་ཆོས་དད་པར་རང་དབང་ཅིས་ཕྱིར་མི་དགོས། དགོས་ས་རེད། རིས་མེད་དང་དབུ་མ་དེ་ཆོས་ཡོད་མེད་གང་འདྲ་སྨྲ་བ་ཡིན་ཀྱང་ཚང་མ་ལ་གཉིས་ཕན་དགོས་པ་མ་ཡིན་ནམ།
གདོན་འདྲེ་སྐྱབས་སུ་བསྟེན་པའི་དུད་་འགྲོའི་རིགས།
བསྟན་དགྲ་གྲོགས་སུ་བཀུར་བའི་ཀླ་ཀློའི་སེམས།
མི་ཚེ་ལོག་ལམ་འཕྱན་པའི་མུ་ཏོ་པ།
ཀུན་གྱིས་ཤངས་ལ་གཟན་པའི་དྲི་ཆེན་ཉིད།
ཀ་ཁའི་མི་རིགས།
ཁ་བ་ལྗོངས་པའི།
ག་ས་ག་རུ།
ང་ཚོའི་དགྲ་བོ།
ཅ་སིང་ཆེ་བའི།
ཆ་འཇོག་མི་འོས།
ཇ་ཆང་བཟི་ལྟར།
ཉག་ཉོག་མང་བ།
ཏཱ་ལའི་བླ་མར།
ཐ་ཆད་མཚན་སྨོད།
ད་ཡིས་བོད་མིར།
ན་ཚ་སློང་བགྱིད།
པ་ཕ་བཟང་པོའི།
ཕ་བརྒྱུད་ཡོད་ན།
བ་ལམ་ནོར་བ།
མར་ཁྱུར་ཚུར་ཤོག
རྩ་བ་ཙན་དན།
ཚ་གདུང་གཟིར་བ།
ཛ་ལང་ཤོར་བའི།
ཝ་ཁྱུ་ངུ་འབོད།
ཞྭ་མོ་འཐོམ་ཞྭ།
ཟ་འཁྲུགས་ཆེ་བ།
འ་ཞྭ་ལ་སོགས།
ཡར་ལ་ཕུད་ཤོག
ར་མགོར་ལུག་སྦྱར།
ལ་ལུང་བརྒལ་ཡང་།
ཤ་ཁྲག་གཅིག་པའི།
ས་ནས་ཐར་མེད།
ཧ་ཅང་གཅེས་པའི།
ཨ་ཕའི་བུ་ཕྲུག
ཧང་སང་མྱུར་དུ།
ཨ་མའི་པང་ཤོག
དོལ་ཚོགས་ཀྱིས་བོད་མི་རིགས་འདི་འཛམ་གླིང་མི་མང་གི་མདུན་ལ་དངོས་གནས་ངོ་ཚ་དགོས་པ་བཟོས་སོང་།
དོལ་ཚོགས་ལ་རང་དབང་དགོས་ན། ཇོ་ནང་ལ་སྤྱི་འཐུས་ལོས་དགོས།
ཁྲོམ་ལ་ཐོན་ཡོང་མཁན་ཚོར་དགའ་བསུ་བྱོས། འདི་ལྟར་བྱས་དུས་མི་རིགས་འདིའི་ཤ་ཞེན་གཙང་མ་ཁུར་མཁན་དང་རྫུན་མ་ཁུར་མཁན་ལོགས་སུ་རང་བཞིན་གྱིས་དབྱེ་ཡོང་གི་འདུག། དེ་ནི་ལེགས་ཆ་ཞིག་རེད་བསམ།། གཞན་ལུག་པགས་ཅན་གྱི་སྤྱང་ཀི་ཚོ་ངོས་ཟིན་དཀའ་བོ་འདུག་ག།
རང་དབང་གི་དོན་དུ་ངོ་རྒོལ་ཕྱི་ནང་གང་ལ་བྱེད་ན་རྒྱབ་སྐྱོར་ཡོད།
བཀྲ་ཡེ་ཚང་ལགས། འདི་ནི་རང་དབང་གི་དོན་དུ་ངོ་རྒོལ་བྱས་པ་མ་ཡིན་པར། ཐད་ཀར་༧གོང་ས་མཆོག་དང་བོད་མི་རིགས་འགྱེལ་བའི་སྟེང་ལ་རྡོག་བརྫིས་བཏང་བ་རང་རེད།
དོལ་ཚོགས་པས་༧གོང་ས་མཆོག་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་དེ་དམངས་གཙོ་ལམ་ལུགས་ཀྱི་རང་དབང་གི་སྐད་འབོད་ཅིག་མ་རེད། རྫུན་གཏམ་དང་སྒྲོ་བཏགས་འབའ་ཞིག་ལས་གཞན་དྲང་བོར་སྒོ་ནས་སྐད་འབོད་ཅིག་ག་ལ་ཡིན། ༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་མཁན་ཚོ་ང་དང་ཆོས་ཀྱི་འབྲེལ་བ་མ་བྱེད་རོགས་གསུངས་ནས་སྐུལ་མ་བྱས་པ་ཙམ་ལས་དོལ་རྒྱལ་བསྟེན་མི་ཆོག་ནམ་ཡང་གསུངས་མེད། བསྟེན་དང་མི་བསྟེན་རང་དབང་རེད། གལ་ཏེ་བསྟེན་ན་ང་དང་ཆོས་ཀྱི་འབྲེལ་བ་མ་བྱེད་རོགས་གསུངས་པ་ཙམ་མོ། །
དོལ་ཚོགས་ནི་ཆོས་ལུགས་པ་མ་རེད་གདོན་འདྲེ་ཚོགས་པ་རེད། གང་ཡིན་ཟེར་ན་ཁོ་ཚོས་དོལ་རྒྱལ་སངས་རྒྱས་ལས་ཀྱང་རྩ་ཆེ་བར་རྩི་ཡི་ཡོད་པ་རེད། དོལ་རྒྱལ་སྟེན་གསོལ་མཚམས་འཇོག་དགོས་ཟེར་ན་རྒྱལ་བ་རིན་པོ་ཆེ་མ་དགོས་སངས་རྒྱས་བཅོམ་ལྡན་འདས་ཕེབས་ཡོང་ན་ཡང་ཁས་མི་ལེན་ཞེས་དོལ་རྒྱལ་བ་བླ་རྒན་ཞིག་གིས་བཤད་འདུག
ཁྱོད་ཚོ་དོལ་ཚོགས་ཀྱི་ཐོག་ནས་ཅིག་བཤད་བསྡད་མཁན་ཚོ་ལ་དྲང་བདེན་དང་རྒྱུ་འབྲས་མི་འདུག་ག དོལ་རྒྱལ་ལྷ་ཡིན་ན་ཡིན། འདྲེ་ཡིན་ན་ཡིན། ལྷ་འདྲེ་གཉིས་ཀ་ཡོང་ཁུངས་ཆོས་ལུགས་རེད། འདྲེ་ཁས་མ་ལེན་ན་ཆོས་ཁས་ལེན་གྱི་མི་འདུག་ཟེར་གི་རེད་བ།
མུ་སྟེགས་དེ་ཚོ་ཁྱོད་ཚོས་ངོས་ནས་བལྟས་ན་བདུད་རེད་བ། ལྷག་པ་ཏུ་དམར་མཆོད་ཕུལ་དགོས་སའི་ལྷ་མོ་དེ་དག་ཁྱོད་ཚོའི་ངོས་ན་འདྲེ་རེད་པ། འདྲེ་ཡིན་ནའང་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཆོས་ལུགས་ལ་བརྩི་གི་རེད། ཆོས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་རེད།
དོལ་རྒྱལ་འདྲེ་ཡིན་པའི་དབང་དུ་བཏང་ནའང་དོལ་ཚོགས་ཀྱིས་དོལ་རྒྱལ་བརྟེན་གསོ་་བྱས་པ་ལ་སྤྱི་ཚོགས་ནང་དུ་དབྱེ་འབྱེད་བྱེད་མི་ཆོག་པ་རྒྱལ་སྤྱིའི་ཁྲིམས་རེད། རྒྱལ་སྤྱི་ཁྲིམས་དང་འགལ་བའི་ཐོག་ནས་དོལ་ཚོགས་ལ་བརྙས་བཅོས་བྱེད་མཁན་ཁྱོད་རང་ཚོ་རེད།
དོལ་རྒྱལ་བརྟེན་མཁན་ཚོ་མི་གྲལ་ནས་ཁྱི་གྲལ་གཡུགས། ལྷ་གྲལ་ནས་འདྲེ་གྲལ་གཡུགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཚོང་ཁང་དང་སྨན་ཁང་ཁག་གི་ནང་དུ་ཡོང་མ་བཅུག མ་ཡོང་ཟེར་ནས་ཡི་གེ་སྦྱར། དོལ་རྒྱལ་བརྟེན་མཁན་ཚོ་ལ་ཆོས་དང་ཟང་ཟིང་གི་་འབྲེལ་བཅད་པ་འདི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་རེད།
དོལ་རྒྱལ་ཚོགས་པས་གོས་ས་ཏྭ་ལའི་བླ་མ་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པ་འདི་དམངས་གཙོའི་ལུགས་དང་མཐུན་པ། ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གི་ཁྲིམས་ལུགས་དང་མཐུན་པའི་ངོ་རྒོལ་རེད། གནད་དོན་འདིས་བོད་མི་རིགས་ཀྱི་དམངས་གཙོ་ཡར་རྒྱས་འགྲོ་བ་ལ་ཕན་ཐོགས་ཡོང་གི་ཡོད། བཀའ་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་དཔོན་པོ་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་མེད་པར་ཅི་གསུངས་བཀའ་སྒྲུབ་དང་། གང་གསུངས་ཤར་སྐྱོད་བྱེད་དགོས་པ་ཡིན་ན་ཡང་དག་དམངས་གཙོའི་རང་དབང་ལ་ལོངས་སྤྱོད་ཐུབ་རེ་བ་མེད།
དབྱེ་འབྱེད་བྱས་སྟངས་འདི་ན་གསལ་པོ་འདུག
https://www.youtube.com/watch?v=nKkEcqaitBw
ཁྱོད་ཚོ་དོལ་ཚོགས་ཀྱི་ཐོག་《ཏུ་》ཅིག་བཤད་བསྡད་མཁན་ཚོ་ལ་དྲང་བདེན་དང་རྒྱུ་འབྲས་མི་འདུག་ག དོལ་རྒྱལ་ལྷ་ཡིན་ན་ཡིན། འདྲེ་ཡིན་ན་ཡིན། ལྷ་འདྲེ་གཉིས་ཀ་ཡོང་ཁུངས་ཆོས་ལུགས་རེད། འདྲེ་ཁས་མ་ལེན་ན་ཆོས་ཁས་ལེན་གྱི་མི་འདུག་ཟེར་གི་རེད་བ།་་་་ནོར་བཅོས་
རྒྱལ་བ་རིན་པོ་ཆེན་ལ་ངོ་རྒོལ་བྱེད་འོང་དུས་དད་པ་ཡོད་མཁན་བོད་མི་ཚོའི་སྙིང་ལ་ན་ཚ་བཏང་གི་ཡོད་རེད། ཁྱོད་ཚོ་ལ་ཐུགས་ཁག་རྩ་ནས་ཡོད་མ་རེད། སོ་སོའི་དད་ཡུལ་ལ་ངོ་རྒོལ་བྱེད་མཐོང་འོང་དུས་ཁོང་ཁྲོ་ཟ་དང་ཟ། དེ་བཞིན་དུ་དོལ་རྒྱལ་ལ་འདྲེ་རེད་ཟེར་བ་དང་། དམའ་འབོད་བྱས་པ། དོལ་རྒྱལ་གྱི་སྐུ་འདྲ་ཆུ་ནང་དུ་གཡུགས་པ། དོལ་རྒྱལ་བ་སྤྱི་ཚོགས་ནང་དུ་ཡོང་མ་བཅུག བརྟེན་གསོ་བྱེད་མཁན་ཚོ་ལ་བརྙས་བཅོས་བྱས་པ་སོགས་བྱེད་འོང་དུས་དོལ་ཚོགས་ཡང་ཁོང་ཁྲོ་ཟ་དང་ཟ།
རང་གི་ལུས་ལ་དཔེ་ལེན་ནས་གཞན་ལ་གནོན་པ་མ་བྱེད་ཅིག་་་ཅེས་གསུངས་ཡོད། ཆོས་པ་ཡིན་ན་དྲང་བདེན་དགོས་རེད་བ། དྲང་བདེན་མེད་ན་རྒྱུ་འབྲས་མེད་པ། རྒྱུ་འབྲས་མེད་ན་ནང་པའི་ཆོས་ཀྱི་གཞི་རྩ་བརླགས་ཚར་བ་རེད་པ།
ང་རང་ལ་མཚོན་ན་དོལ་རྒྱལ་དང་འབྲེལ་བ་ཆོན་ནས་མེད་འབྲེལ་བ་བྱེད་དགོས་དོན་ཡང་མེད། ཡིན་ན་ཡང་བོད་པའི་སྤྱི་ཚོགས་ནང་ལ་དོལ་རྒྱལ་བརྟེན་མཁན་ཚོ་ལ་ལྟ་སྟངས་ཡག་པོ་མེད་པ་དངོས་ཡོད་གནས་ཚུལ་རེད། རྒྱུ་མཚན་ད་དུང་ང་ཚོའི་དམངས་གཙོ་འདི་ཡང་དག་ཅིག་མ་ཡིན་པ་དང་སྒེར་སྤྱོད་རིང་ལུག་ཅིག་ཡིན་པའི་མཚོན་རྟགས་རེད།
ཆོས་ལུགས་ཞེས་པ་དེ་ལ་ལྟ་གྲུབ་དགོས་རེད། ལྟ་གྲུབ་མེད་པའི་ལྷ་གསོལ་འདྲེ་གསོལ་དེ་ཚོ་ཆོས་ལུགས་ལ་རྩི་མཁན་གྱི་མཁས་པ་སུ་ཡང་ཡོད་མ་རེད། དོལ་རྒྱལ་ཚོགས་པ་ལ་དབྱེ་འབྱེད་གང་ཡང་བྱས་ཡོད་མ་རེད། དོལ་རྒྱལ་བ་ཚོ་ཨ་རི་དང་ཡོ་རོབ་ལ་ཇི་ལྟར་སླེབས་པ་རེད་པ་སི་སེར་པོ་ཁྱེར་ནས་སླེབས་པ་རེད། པ་སི་སེར་པོ་ལ་སུས་རྒྱབ་གཉེར་བྱས་པ་རེད་བཙན་བྱོལ་སྒྲིགས་འཛུག་གིས་བྱས་པ་རེད། དེས་མཚོན་ནས་བཙན་བྱོལ་ནང་གི་ཁེ་ཕན་ཡོངས་རྫོགས་ཁོ་ཚོ་ལ་ཐོབ་ཀྱི་ཡོད་པ་རེད་ལ། ད་དུང་དེའི་སྟེང་དུ་བཙན་བྱོལ་བ་གཞན་ལ་མེད་པའི་རྒྱ་གཞུང་གི་དངུལ་དངོས་ཡང་ཁོ་ཚོ་ལ་ཐོབ་ཀྱི་ཡོད་པ་རེད། སྤྱིར་སྟངས་བྱས་ན་རྒྱལ་ཁབ་དང་སྒྲིག་འཛུགས་སུ་འདྲ་ཞིག་ཡིན་ཡང་དགྲ་བོའི་རྒྱུག་ཁྱི་བྱེད་མཁན་ལ་སྤྱི་ཚོགས་ཀྱི་ཐོབ་ཐང་འདྲ་མཉམ་སྤྲད་མཁན་ཞིག་ཡོད་མི་སྲིད་པ་རེད། འོན་ཀྱང་བཙན་བྱོལ་སྒྲིག་འཛུགས་ཀྱིས་དོལ་ཚོགས་རྒྱ་མིའི་རྒྱུག་ཁྱི་ཡིན་པ་ཤེས་བཞིན་དུ་སྤྱི་ཚོགས་ནས་ཟུར་ཕུད་མ་བཏང་བར་ཐོབ་ཐང་འདྲ་མཉམ་སྤྲད་པ་འདིི་ཧ་ལས་དགོས་པའི་བཟང་སྤྱོད་དང་། བོད་མི་རིགས་ལ་འགན་ཁུར་ཡོད་པའི་རྟགས་མཚན་རེད། བཟང་ངན་མི་ཤེས་པའི་མི་ཁྱོད་ཚོས་ག་དུས་ཡིན་ཡང་བསམ་བློ་ཕྱིན་ཅི་ལོགས་ལས་གཏོང་ཤེས་ཀྱི་མ་རེད་ལ། སྐད་ཆ་ཕྱིན་ཅི་ལོགས་ལས་བཤད་ཤེས་ཀྱི་མ་རེད། ད་དུང་དམངས་གཙོ་ཡིན་ན་གཅིག་བཤད་ཁུལ་བྱེད་གད་མོའི་གནས་རེད། ཁྱོད་ཚོས་དམངས་གཙོའི་གོ་དོན་ཙམ་ཡང་ཤེས་མི་འདུག དམངས་གཙོ་ཞེས་པ་ནི་མི་མང་གིས་གང་ལ་འདོད་པ་ཡོད་པ་དེར་འགྲོ་དགོས་པ་དང་མེད་པ་དེ་དགག་དགོས་པ་རེད། མི་མང་གིས་དོལ་རྒྱལ་ལ་ལྟ་སྟངས་ཡག་པོ་མེད་པ་དང་དོལ་རྒྱལ་བ་ལ་དགའ་མོས་མེད་པ་གསལ་པོ་ཡིན་དུས། དམངས་གཙོ་ཡང་དག་པའི་ལམ་ལ་འགྲོ་མཁན་ཞིག་ཡིན་ན་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། སྒེར་གཅོད་པ་ངོ་མ་ནི་དོལ་ཚོགས་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཁྱོད་ཚོ་རེད། ཁྱོད་ཚོས་མི་མང་གི་མངོན་འདོད་དང་རྒྱབ་འགལ་བྱས་ནས་ད་དུང་ཨུ་ཚུགས་མཐར་སྐྱེལ་གྱིས་མི་མང་ལ་སྒེར་གཅོད་པ་རེད་ཟེར་ན་དེ་ནི་རང་ཉིད་སྒེར་གཅོད་པ་ཡིན་པའི་རྟགས་མཚན་རེད།
ཅོ་རི་ལགས་ཐུགས་རྗེ་གཟིགས་་བསམ་བློ་ཡག་པོ་བྱས་ནས་གཏོང་དང་༸རྒྱལ་བ་རིན་པོ་ཆེར་མཚན་སྨད་གང་འདྲ་བྱས་ནས་ཞུ་ཐུབ་པ་འདུག་་་ཁོང་ལ་འགན་ཞིག་ཡོད་པའོ་ཆ་ནས་བླང་དོར་བཀའ་སློབ་གནང་བ་ལས་བཙན་བཀའ་གནང་མེད་ལ་ནམ་ཡང་གནང་གི་མ་རེད་་་ཉན་དང་མི་ཉན་རང་དབང་དང་ཁྱེད་རང་གི་འདོད་པ་རེད་་་རྒན་ལགས་དགོད་ནས་ཡོད་པའི་མི་དང་མཉམ་ཟ་མཉམ་བསྡོད་མི་བྱེད་པ་དེ་ནི་བརྙས་བཅོས་དང་དམའ་འབོད་སོགས་གང་ཡང་མ་རེད་དེ་ནི་ང་ཚོར་ནད་ངན་དེ་མི་དགོད་པའི་ཐབས་ཤེས་རེད་ལ་ཆོག་པ་ཞིག་ཀྱང་རེད་་་་་མི་གསོད་ཁྲག་སྦྱོར་དང་ཉེས་བརྡུང་་སྤྱི་རྒྱུ་གཏོར་གཤིག་་་་སྡིག་ར་སྐུལ་བ་སོགས་སུས་བྱས་སོང་་་་་གཟིགས་དང་རྒྱ་གར་ལྷོ་ཕྱོགས་སུ་དོལ་ཚོགས་རྣམས་ཕ་ལས་བུ་རྫིགས་ཙམ་བྱས་ནས་བསྡད་རྒྱུ་བྱུང་བ་སུའི་བཀའ་དྲིན་ཡིན་པ་ཤེས་པ་བྱེད་དགོས་པ་མ་རེད་པས་ཅོ་རི་ལགས་གཅིག་གསུང་དང་
ཧ་ཧ་་་ལུང་རྟོགས་ཧམ་བཤད་དང་ལོག་བཤད་བྱེད་མ་འོང་ཨ།
༡་་་་འབྲས་སྤུངས་བླ་བྲང་གོང་མ་ཚང་གི་བླ་རབས་བླ་རྒྱུད་དང་བླ་མ་དེ་དག་གི་རྗེས་སུ་འབྲངས་མཁན་སློབ་མ་རྣམས་ལ་ལྟ་བ་དང་གྲུབ་མཐའ་ཡོད་མ་རེད་ཟེར་ན་ས་འདིའི་སྟེང་དུ་ལྟ་གྲུབ་ཡོད་པའི་ཆོས་ལུགས་གཅིག་ཡོད་མ་རེད་ཟེར་ནའང་ཆོག་པ་ཡོད། བླ་བྲང་གོང་མ་ཚང་གི་བླ་མ་རྣམས་ཀྱིས་བརྩམས་པའི་གཞུང་པོ་ཏི་ལྔ་ལ་བལྟས་ན་དགའ་ལྡན་ཕོ་བྲང་ཚང་གི་བླ་མ་ཚོའི་བརྩམས་པའི་གཞུང་ལུགས་ནི་སྙིང་རྗེ་ཡ་དང་ཤ་ཚ་ཡ་འདྲ་ཞིག་མ་གཏོགས་ཅང་མེད་པ།
༢་་་་དོལ་ཚོགས་རྒྱ་གཞུང་གི་རྒྱུགས་ཁྱི་རེད་ཟེར་བ་དང་། རྒྱ་གཞུང་གིས་དོལ་ཚོགས་ལ་དངུལ་སྤྲད་ཀྱི་ཡོད་རེད་ཟེར་བའི་སྐད་ཆ་དེ་དག་ཁུངས་ལུང་མི་འདུག་ག རྒྱ་གཞུང་གི་རྒྱུགས་ཁྱི་བྱས་ནས་བཙན་བྱོལ་བོད་གཞུང་སྒོ་བརྒྱབས་མཁན་དང་བཙན་བྱོལ་བོད་མིའི་་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ཅེས་མིང་ཙམ་མཐོང་ཡ་མེད་པར་བཟོ་མཁན་དོལ་ཚོགས་མིན་པ། ཏ་ལའི་བླ་མའི་རྒྱུགས་ཁྱི་ཚོ་ཡིན་པ།
མདོ་ཁམས་བཞི་སྒང་དྲུག་གི་ཁང་མཐའ་སྐོར་ནས་རྡོ་རྡུང་བཏང་མཁན་དང་། ཆུ་སྒང་གསར་རྙིང་གཉིས་བཟོས་ནས་དུམ་བུ་ཁ་བྲལ་བཏང་མཁན་དོལ་ཚོགས་མིན་པ། ཏ་ལའི་བླ་མའི་རྒྱུགས་ཁྱི་ཚོགས་ཡིན་པ།
གཞོན་ནུ་ལྷན་ཚོགས་དུམ་བུ་ཁ་བྲལ་བཏང་མཁན་དང་། དབུ་མའི་གཞོན་ནུ་ཟེར་བའི་ཚོགས་པ་བཙུགས་ནས་གཏོར་བཤིག་བཏང་མཁན་དོལ་ཚོགས་མིན་པ། ཏ་ལའི་བླ་མའི་རྒྱུགས་ཁྱི་ཚོ་ཡིན་པ། བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་ཐོགས་པའི་ཚོགས་པ་ཡིན་ནའང་འདྲ། མི་སྒེར་ཡིན་ནའང་ཆོག ཆོས་ལུགས་ཡིན་ནའང་འདྲ། ཚང་མ་གང་ཐུབ་ཅི་ཐུབ་བྱས་ནས་དུམ་བུ་ཁ་བྲལ་དང་ནུས་མེད་བཟོ་མཁན་ཏ་ལའི་བླ་མའི་རྒྱུགས་ཁྱི་ཚོ་ཡིན་པ།
༣་་་་རྒྱ་གུན་ཁྲན་ཏང་ལ་དགོས་པའི་ལས་ཀ་བྱས་མཁན་དོལ་ཚོགས་མིན་པ། ཏ་ལའི་བླ་མའི་རྒྱུགས་ཁྱི་ཚོ་ཡིན་པ། གུན་ཁྲན་ཏང་གི་དཔོན་པོ་ཞིན་ཅིན་ཕིང་གི་འདྲ་དཔར་མགོ་ཐོག་ཏུ་ཕྱར་ནས་སུམ་བཅུའི་དུས་དྲན་སྲུང་བརྩི་བྱས་མཁན་དོལ་ཚོགས་མིན་པ། ཏ་ལའི་བླ་མའི་རྒྱུགས་ཁྱི་ཚོ་ཡིན་པ། ཁྱོད་ཚོ་རྒྱ་གུན་ཁྲན་དམར་པོའི་རྒྱུགས་ཁྱི་མགྱོགས་ཤོས་དེ་ཡིན་པ་ལས་དོལ་ཚོགས་རྒྱ་གཞུང་གི་རྒྱ་རྒྱུགས་ཁྱི་པའི་དཔང་རྟགས་དང་རྒྱུ་མཚན་གང་མེད་སྟོན་གྱི་མེད་པ། ཧམ་བཤད་རང་རེད།
༤་་་་དོལ་ཚོགས་ལ་རྒྱ་གཞུང་གིས་དངུལ་སྤྲད་ཀྱི་ཡོད་རེད་ཟེར་བ་འདི་ལ་བདེན་ཁ་སྣེ་གཅིག་དང་བདེན་དཔང་རྐང་གཅིག་ཁྱོད་ཚོ་ལ་སྟོན་འོང་གྱི་མི་འདུག་ག རྒྱ་གཞུང་གིས་ལྟོ་ཕོག་སྤྲད་ས་མི་དེས་བོད་རང་བཙན་གྱི་འཐབ་རྩོད་རྩ་མེད་དང་ནུས་མེད་གཏོང་གི་རེད། བཙན་བྱོལ་བོད་གཞུང་སྒོ་བརྒྱབ་ཀིན་རེད། བོད་རྒྱལ་ཁབ་ཟེར་བའི་མིང་ཙམ་གོ་ཡ་མེད་པ་བཟོ་ཡི་རེད། ལས་ཀ་དེ་འདྲ་བྱེད་མཁན་ཚོ་ལ་རྒྱ་གཞུང་གིས་དངུལ་མདོག་ཁག་པོ་རེད།
དེང་སང་དཀྲུགས་རྒན་ཟམ་གདོང་བླ་མས་དོལ་རྒྱལ་བ་ཚོ་ལ་འགོས་ནད་ཅན་དང་གཅིག་པ་རེད་ཅེས་བཤད་ཀྱི་ཡོད་རེད། དོལ་རྒྱལ་པ་ལ་འགོས་ནད་ཡོད་རེད་ཟེར་བ་འདི་ཁྲིམས་འགལ་རེད། མ་ཉེས་ཁ་གཡོག་གྱི་ཞྭ་མོ་གཡོགས་ཀྱི་་ཡོད་རེད།
འགོས་ནད་ཡོད་སྟངས་ཅི་འདྲ་རེད་དམ། སྨན་ཁང་ཚོད་ལྡན་གྱི་ནང་དུ་བལྟ་དཔྱོད་བྱེད་ནས་ཁུངས་སྐྱེལ་ཐུབ་ས་ཨེ་རེད། དེ་མིན་ན་འགོས་ནད་ཅན་རེད་ལབ་ན་ཁྲིམས་འགལ་རེད། སྤྱི་ཚོགས་གཏོར་བཤིས་བཏང་མཁན་ཚོས་སྐད་ཆ་དེ་འདྲ་བཤད་ཀྱི་རེད་བ།
དོལ་རྒྱལ་པ་ཚོ་ལ་འགོས་ནད་ཡོད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཟས་ཁང་ནང་དུ་ལས་ཀ་བྱེད་ཆོག་གི་མ་རེད་བ། ཏ་ལའི་བླ་མའི་རྒྱུགས་ཁྱི་ཚོ་ལ་འགོས་ཡོང་བ་ལྟར་ནུབ་ཕྱོགས་པའི་མི་སེར་ལའང་འགོས་འགྲོ་ཡི་རེད་བ། ཁུངས་སྐྱེལ་དང་བདེན་དཔང་མེད་པའི་ཧམ་བཤད་དང་ལོག་བཤད་འདི་འདྲ་ཤ་སྟག་བཤད་ནས་བོད་མི་རིགས་ཀྱི་ལས་དབང་རླུང་ལ་སྐུར་གྱི་ཡོད་པ།
ཁྱོད་ཚོས་དོལ་རྒྱལ་འདྲེ་རེད་ལབ། དོལ་ཚོགས་འགོས་ནས་ཅན་རེད་ལབ། ཆོས་དང་ཟང་ཟིང་གི་འབྲེལ་བྱེད་མིན་ལབ། ཁ་དང་ཁ་སྤུ་ཁ་ཁར་སོ་སོར་ཡིན་ལབ། དགོན་པ་ནང་ནས་ཕུད། ཚོང་ཁང་དང་སྨན་ཁང་ནང་དུ་ཡོང་མ་བཅུག ཐབས་དེ་ལས་སྡུག་པ་ག་རེ་བྱས་དགོས་སམ།
རྒྱུ་འབྲས་མེད་པ།་དྲང་བདེན་མེད་པ། མི་རིགས་ཀྱི་ལ་རྒྱ་མེད་པ། རྒྱལ་གཅེས་པ་ཁྲི་བྱང་རིན་པོ་ཆེན་ལ་ཁྱི་བྱང་ཟེར་ནས་ཁྱི་འབོད་འཐེན་བཅུག ཕ་བོང་ཁའི་ཁ་ནས་ཁྲག་སྐྱུག་ནས་ཤི་སོང་བ་རེད་ལབ། ལབ་དགུ་དུ་ལབ། མི་བཤད་དགུ་དུ་བཤད། བརྙས་བཅོས་ཚད་ལས་བརྒལ་བའི་བྱས་སྟངས་དེ་དག་ཕོ་སྐྱེས་རབ་སུ་ཡིས་མཐོང་ནའང་དགའ་བསུ་མི་བྱེད་ཐག་ཆོད་ཚར་བ་རེད།
ཧ་ཧ་ཁ་ཤས་ཀྱིས་དོལ་ཚོགས་བཀག་འགོག་བྱེད་པ་དེ་དམངས་གཙོའི་རིང་ལུགས་དང་འགལ་བ་ཡིན་མདོག་མདོག་བྱེད་ཀྱི་འདུག། དམངས་གཙོའི་རིང་ལུགས་ལབ་ན་གང་བྱུང་བྱུང་བྱེད་ཆོག་པའི་རིང་ལུགས་ཤིག་མ་རེད། ཁྲིམས་དང་བསྟུན་པའི་སོ་སོའི་འགན་འཁྲི་ཡོད་ལ་འགན་འདི་འཁུར་ཡའི་ལམ་ལུགས་ཤིག་ལ་དམངས་གཙོའི་རིང་ལུགས་ལབ་ཀྱི་ཡོད་རེད། ངས་བལྟས་ན་རྒྱལ་བ་རིན་པོ་ཆེས་དོལ་ཚོགས་བཀག་འགོག་གནང་ཡ་དེ་རྒྱལ་བ་རིན་པོ་ཆེ་ལ་དམངས་གཙོའི་རིང་ལུགས་ཀྱིས་སྤྲོད་པའི་འགན་རེད་འདོད། རྒྱུ་མཚན་ནི་རྒྱལ་བ་རིན་པོ་ཆེ་དེ་ཉིད་སྤྱིར་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རེད། ལྷག་དོན་དུ་ཞྭ་གསེར་བསྟན་པའི་བདག་པོ་རེད། དམངས་གཙོའི་རིང་ལུགས་མིན་ཚད་རིང་ལུགས་གསར་པ་ག་རེ་ཡོང་ན་ཡོང་། དེ་ལ་བཅོས་བསྒྱུར་གཏོང་ས་ཡོད་མ་རེད། དེ་ཡིན་དུས་བསྟན་པ་ལ་དག་ཐེར་གནང་ཡ་དེ་རྒྱལ་བ་རིན་པོ་ཆེ་ལ་དམངས་གཙོའི་རིང་ལུགས་ཀྱིས་སྤྲོད་པའི་འགན་འཁྲི་རེད། རྒྱལ་བ་རིན་པོ་ཆེས་དོལ་ཚོགས་བསྟེན་ཡ་དེ་སྤྱིར་རྒྱལ་བའི་བསྟན་པ་དང་སྒོས་སུ་དགེ་ལུགས་ཀྱི་བསྟན་པ་དང་མཐུན་གྱི་མིན་འདུག་གསུངས་ཀྱི་འདུག། དེ་ལྟར་གསུངས་དུས་དགེ་ལུགས་པ་ཨ་ཙི་ལ་ཞིག་ཡིན་ན་དེ་ལ་ཉན་དགོས་རེད། གལ་ཏེ་དེ་ལ་མ་ཉན་པ་ཡིན་ན་དེ་དག་དགེ་ལུགས་པ་མཚན་ཉིད་པ་ཞིག་མ་རེད། དོལ་ཚོགས་པ་ཚོས་རྒྱལ་བ་རིན་པོ་ཆེས་དོལ་ཚོགས་བསྟེན་པའི་རིང་ལུགས་དེ་རྣམ་དག་མིན་པའི་རྒྱུ་མཚན་གསུང་རྒྱུ་མིན་འདུག་ཟེར། རྒྱུ་མཚན་གསུང་རྒྱུ་མེད་པ་རེད་མིན་འདུག། རྒྱུ་མཚན་གསུངས་པ་དེ་ཚོ་ཕྱོགས་གཅིག་ཏུ་བསྒྲིག་ཡོང་དུས་དེབ་ཐེར་གཉིས་ལོངས་བཞག། དེ་ཡིན་དུས་ང་ཚོས་དོལ་ཚོགས་པ་དེ་ཚོར་དྲི་བ་ཞིག་དྲིས་དགོས་པ་ནི་དོལ་ཚོགས་མ་བསྟེན་ན་སྤྱིར་བོད་བརྒྱུད་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་ཞྭ་སེར་བསྟན་པ་རིན་པོ་ཆེ་ལ་གནོད་པ་ག་རེ་ཡོད་དང་། དེ་བསྟེན་ན་ཕན་པ་ག་རེ་ཡོད་དྲི་དགོས་འདུག།
གཡུ་འབྲུག་དཀར་པོ་ལགས། རྒྱལ་བ་རིན་པོ་ཆེན་གངས་ཅན་བོད་ཀྱི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཅི་ལྟར་ཆགས་སོང་བ་རེད་དམ། ཞྭ་སེར་བསྟན་པའི་མངའ་བདག་ཅི་ལྟར་ཆགས་སོང་བ་རེད། དགའ་ལྡན་ཁྲི་བ་ཞྭ་སེར་བསྟན་པའི་མངའ་བདག་རེད། རྗེ་བདག་ཉིད་ཆེན་པོའི་སྐུ་ཚབ་རེད།
ཧམ་བཤད་རིང་ལུགས་པ་ཚོས་ངོས་ནས་བྱས་ན་རྒྱལ་བ་རིན་པོ་ཆེན་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཡིན་ལབ་ཀྱི་ཡོད་རེད། ཁོ་རང་ཚོའི་ལབ་ཆོག་གི་རེད། ཡིན་ཀྱང་དོན་དངོས་ཐོག་དེ་འདྲ་མ་རེད། ནང་པའི་རྒྱལ་ཁབ་ཁག་གི་ཆོས་ལུགས་པ་ཚོས་ཁས་ཅང་ལེན་གྱི་མ་རེད། འབྲུག་པས་ཀྱང་ཅང་ཁས་ལེན་མི་འོང་།
འབྲས་སྤུངས་བླ་བྲང་གོང་མ་ཚང་གི་ལྷ་དང་བླ་མ་རྣམམ་སངས་རྒྱས་ཀྱི་བསྟན་པ་དང་མཐུན་གྱི་མི་འདུག་ཟེར་ན་དགོད་མོ་ཤོར་བའི་རྒྱུ་རེད་བ། སེར་འབྲས་གཉིས་ཀྱི་གྲྭ་པ་དམག་ལ་ཁྲིད་མཁན་བླ་བྲང་གོང་མ་ཚང་མ་རེད་བ། བཀའ་རྒྱུད་དང་ཇོ་ནང་པའི་གྲྭ་པ་སྟོང་ཕྲག་དམར་གསོད་བཏང་མཁན་བླ་བྲང་གོང་མ་ཚང་མ་རེད་བ། ཇོ་ནང་པའི་ཡིག་ཆ་དང་ཤིང་དཔར་མེ་ལ་བསྲེགས་མཁན་བླ་བྲང་གོང་མ་ཚང་མ་རེད།
འབྲས་སྤུངས་བླ་བྲང་གོང་མ་ཚོའི་མི་ལྷ་གཉིས་ཀྱིས་བསྟན་དང་འགྲོ་བ་ལ་འཚེ་བ་བྱས་མྱངས་མེད་པ། ཅིའི་ཕྱིར་་་སངས་རྒྱས་བསྟན་པ་དང་མི་མཐུན་པ་རེད་དམ། བདུད་རྒན་མི་ཡུལ་དུ་རྒྱུགས་རྒྱུགས་བྱས་ནས་སྲིད་དབང་འཕྲོག་རྩོད་བྱས་བསྡད་མཁན་དེ་དག་སངས་རྒྱས་ཀྱི་བསྟན་པ་དང་མཐུན་གྱི་ཡོད་ན་་་་ཅིའི་ཕྱིར་དུ་བླ་བྲང་གོང་མ་ཚང་གི་ལྷ་མི་གཉིས་ཀ་སངས་ཆོས་དང་མི་མཐུན་ནམ།་་་་ཧཧ
ཅོ་རི། དྲང་པོ་བཤད་ན་ཁྱེད་རང་གིས་མིས་སྐད་ཆའི་ནང་དོན་ཡང་ཉན་ཤེས་ཀྱི་མི་འདུག ད་དུང་གོང་ས་མཆོག་ལྟ་བུ་ཞིག་ལ་ཁ་གཏོང་ཁུལ་བྱེད་པ་ནི་ཁྭ་ཏས་རྨ་བྱ་ལ་ཁ་གཏོང་བ་རང་རེད། ངས་དོལ་རྒྱལ་གསོལ་མཆོད་བྱེད་པ་དེ་ལྷ་གསོལ་འདྲེ་གསོལ་ཙམ་ལས་དེ་ལ་ལྟ་གྲུབ་གང་ཡང་ཡོད་མ་རེད་ཟེར་བ་ཡིན་གྱི། འབྲས་སྤུང་བླ་བྲང་གོང་གི་བླ་མ་ཚོར་ལྟ་གྲུབ་ཡོད་མ་རེད་ཅེས་གང་དུ་བཤད་སོང་། བླ་བྲང་གོང་གི་བླ་མ་ཚོས་གཞུང་བཀའ་སྤོད་ལྔའི་འབྲེལ་བ་རྩོམས་པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ཡི་དགོངས་འབྲེལ་རེད་མ་གཏོགས་དོལ་རྒྱལ་གསོལ་མཆོད་བྱེད་སྟངས་ཀྱི་ལྟ་གྲུབ་མ་རེད་ད། སྐད་ཆ་སོམས་ནས་ཤོད། རྩམ་པ་ལྡད་ནས་མིགས། དོལ་ཚོགས་རྒྱ་གཞུང་གི་རྒྱུག་ཁྱི་ཡིན་དོལ་རྒྱལ་བ་སྣ་བོ་རྒྱ་མཚོ་ཟེར་བའི་གྲྭ་གཟུགས་དེས་བོད་ནང་གི་བོད་མི་ཁག་གཅིག་ལ་”ཁྱོད་ཚོས་གུང་ཕྲན་ཏང་གི་བཀའ་ལ་ཉོན་དང་གཞན་སུ་གང་ལ་ཉན་དགོས་མ་རེད་” ཅེས་བཤད་པའི་བརྙན་ཐུང་དངོས་སུ་མཐོང་ཡ་འདུག་ལ། བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་ལོ་གསར་སྐབས་ཀྱི་སྐུ་མགྲོན་གཙོ་བོ་དེ་ནམ་ཡིན་ཡང་གངས་ཅན་བླ་མ་ཞེས་པའི་དོལ་རྒྱལ་བའི་མི་སྣ་གཙོ་གྲས་དེ་ཡིན་པ་ཡོངས་གྲགས་རེད་ན་འདི་ལས་ལྷག་པའི་དཔང་རྟགས་ཅི་ཞིག་དགོས། མདོ་ཁམས་ཚུ་སྒང་དུམ་བུར་གྱུར་པ་དེ་ཡང་ལི་ཐང་ཨ་ཐར་ཟེར་བའི་མི་ངན་དེས་གཙོས་པའི་ཆུ་སྒང་གི་མི་སྣ་ཁག་གཅིག་གིས་དོལ་རྒྱལ་གྱི་ཆེད་དུ་གོང་ས་མཆོག་དང་བོད་གཞུང་ལ་རྒོལ་བའི་རྐྱེན་གྱིས། མདོ་སྟོད་ཀྱི་བསམ་ཡོད་མི་སྣ་ཚོས་ཁོ་ཚོ་དང་མཉམ་ལས་བྱེད་མ་འདོད་པར་ལོགས་སུ་ཐོན་དགོས་བྱུང་བ་རེད། དབུ་ལམ་པ་ཚོས་ཞི་ཅིན་ཕིན་མགོ་ལ་ཕྱར་ན་ཡང་བོད་མི་མང་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། ཁྱོད་ཚོ་དོལ་རྒྱལ་བ་ཚོས་དངུལ་དམར་བྱུང་ན་དེ་ལས་གཞན་པའི་ཐོབ་ཐང་སྣ་གཅིག་རྩོད་ཀྱི་མེད་པ། དེས་ན་ཁྱོད་ཚོས་དབུ་ལམ་པ་ཚོ་ལ་ཁ་གཏོང་བའི་ཐོབ་ཐང་ཅི་ཡང་མེད། བལ་ཡུལ་ལ་གངས་ཅན་བླ་མས་འགོ་ཁྲིད་རྒྱ་ནག་གཞུང་གིས་དངུལ་བཏང་ནས་རྒྱབ་པའི་དགོན་པ་ཆེ་ཐག་ཆོད་འདུག་ལ། ཡོང་གྲགས་སུ་དགོན་པའི་མིང་ཡང་རྒྱ་དགོན་པ་ཞེས་འབོད་ཀྱི་འདུག་ན་འདི་ལས་ལྷག་པའི་བདེན་དཔང་ཅི་ཞིག་དགོས་སམ།
དོལ་རྒྱལ་བ་ཚོ་ལ་མི་རིགས་མི་གཙོ་རིག་གཞུང་མི་གཙོ་ཆོས་མི་གཙོ་བླ་མ་མི་གཙོ་དོལ་རྒྱལ་གཙོ་བོ་དང་ཡོད་ཚད་རེད་འདུག་བ། འདི་འདྲ་འདི་འགོས་ནད་མིན་ན་སུ་འགོས་ནས་ཡིན། འགོན་ནད་ནང་ནས་ཀྱང་སྡུག་ཤོས་ཨེ་ཙི་ལྟ་བུ་ཞིག་རེད།
ལུག་རྟོག་ལགས། ཏ་ལའི་བླ་མ་ལ་ཁ་གཏོང་གི་འདུག་ཟེར་ན་ཁས་ལེན་གྱི་མིན་ད། སྒྲོ་འདོགས་དང་སྐུར་འདེབས་གང་ཡང་བྱེད་བཞིན་མེད། དྲང་བདེན་བརྗོད་པ་ལ་ཁ་བཏང་གི་འདུག་ཟེར་ན་ནི་ཡིན་པར་ཆ་ཞོག
༡་་་དོལ་རྒྱལ་ཚང་ཟེར་ནའང་འདྲ། འབྲས་སྤུངས་བླ་བྲང་གོང་མ་ཚང་ཟེར་ནའང་ཆོག སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཚང་ཟེར་ནའང་རེད། གཅིག་པ་རེད། ཁོ་ཚོའི་བླ་བྲང་གཅིག་རེད། དོན་གཅིག་མིང་གི་རྣམ་གྲངས་རེད། དེ་ཙམ་མ་ཤེས་ན་ཁ་བཙུམ།
༢་་་་རྣ་བོ་རྒྱ་མཚོ་ཟེར་བ་ཤིག་གིས་གུན་ཁྲན་ཏང་གི་ཁ་ལ་ཉན་དགོས་རེད་ཟེར་བ་ཙམ་གྱིས་རྒྱ་གུན་ཁྲན་གྱི་རྒྱུགས་ཁྱི་ཆགས་སོང་བ་ཡིན་ན་་་་ཏང་གི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་བོད་རིགས་རྫོགས་སྡོད་དགོས་རེད་ཟེར་མཁན་ཁྱོད་ཚོ་དང་དེ་ལས་ཀྱང་ཏང་གི་རྒྱུགས་ཁྱི་ཡིན་དགོས་ཀྱི་རེད་བ།
ཏང་གི་རྩ་ཁྲིམས་ཁུར་དགོས་རེད་ཟེར་དུས་ཏང་གི་ཁ་ལ་ཉན་དགོས་རེད་ཟེར་གྱི་ཡོད་རེད་ད། རྣ་བོ་རྒྱ་མཚོ་ལས་ཁྱོད་ཚོ་ཉེས་པ་ཆེ་བ་འདུག་ག དོལ་ཚོགས་རྒྱའི་རྒྱུགས་ཁྱི་ཡིན་པའི་དཔང་རྟགས་དེ་ལས་མེད་ན་ཁས་ལེན་ཐུབ་ས་མ་རེད།
བལ་ཡུལ་དུ་རྒྱའི་གཞུང་ཚབ་ཁང་དུ་ལོ་གསར་གྱི་སྐབས་སུ་སྐུ་མགྲོན་ཕྱིན་པ་ཙམ་གྱིས་རྒྱུགས་ཁྱི་གྱུར་སོང་བ་ཡིན་ན་དོལ་རྒྱལ་བརྟེན་མཁན་ལས་མི་བརྟེན་མཁན་མང་བ་སྐུ་མགྲོན་འགྲོ་མཁན་འདུག་ག སིད་སི་རྒྱའི་གཞུང་ཚབ་ལ་སྐུ་མགྲོན་འགྲོ་མཁན་རྣམས་ཀྱི་ནང་དུ་དོལ་རྒྱལ་བ་གཅིག་ཀྱང་ཡོད་པའི་ཟོལ་མི་འདུག་ག
གཉིས་པ། ལུག་རྟོག་ལགས། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གཅེས་དཔའ་བོ་ལི་ཐང་ཨ་ཐར་ལགས་ཀྱིས་དོལ་རྒྱལ་གྱི་ཆེད་དུ་རྒྱལ་བ་རིན་པོ་ཆེན་པ་རྒོལ་བ་རེད་ཟེར་བའི་སྐད་ཆ་འདི་ཁྱོད་ཀྱི་རྫུན་རེད་ད། ཅི་བཤད་འདི་བཤད་མེད་དུས་ཁྱོད་ཚོས་འདི་འདྲ་བཤད་འོང་གི་རེད།
ཁྱོད་ཚོ་ལ་མི་རིགས་མི་གཙོ། རྒྱལ་ཁབ་མི་གཙོ། རང་བཙན་མི་གཙོ། སྲིད་གཞུང་མི་གཙོ། ཁྱོད་ཚོའི་གཙོ་བོ་རྒྱལ་བ་རེད། རྒྱལ་བ་རིན་པོ་ཆེན་བྱུང་ན་ཁྱོད་ཚོའི་ཡོད་ཚད་ནས་ཡོད་ཚད་རེད། འདི་ཡང་འགོས་ནད་ཤིག་ཨེ་རེད། ནད་འདི་འདྲ་འགོས་ཚར་བའི་མི་རྣམས་ཀྱིས་བོད་རང་བཙན་ཡང་ཁྱིའི་སྐྱག་གཡུགས་གཡུགས་བྱེད་འོང་གི་འདུག་ག འགོས་ནད་དེའི་མིང་ལ་ཅི་བཏགས་དགོས་སམ།
དོལ་རྒྱལ་བ་ཚོ་ལ་མི་རིགས་མི་གཙོ་ཟེར་བ་འདིར་བདེན་པ་མ་རེད། རྒྱ་ལོ་ནང་བཞིན་རྒྱ་མོ་མནའ་མ་ལེན་ནས་རྒྱ་ཕྲུག་གསོ་སྐྱོང་བྱས་ནས་བསྡད་མི་འདུག་ག དོལ་རྒྱལ་པ་ལ་རིག་གཞུང་མི་གཙོ་ཟེར་བ་རྫུན་རེད་མཐོ་ས་ནས་བཤད་ན་དགའ་ལྡན་ཁྲི་བ་འདུག རིག་གཞུང་ཤེས་ནས་དགའ་ལྡན་ཁྲི་ལ་བདག་པོ་མེད་པའི་རྐྱེན་གྱིས་ཁྲི་བ་ཆགས་སོང་བ་རེད་འདུག་ག དོལ་རྒྱལ་པ་ལ་ཆོས་ལུགས་མི་གཙོ་ཟེར་བ་མི་བདེན། ཆོས་དད་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་བཞིན་འདུག
ལྷག་པ་ཏུ་དོལ་ཚོགས་ཀྱི་ནང་དུ་སྐྱེ་བོ་ཡོན་ཏན་ཅན་མང་པོ་འདུག ཀུན་བདེ་གླིང་རིན་པོ་ཆེན་ཟེར་བའི་བླ་མ་དེ་ནི་ཆོས་འཇིག་གཉིས་ལ་མཁས་པ། དེང་རབས་གསར་རྙིང་གཉིས་ཀྱི་ཡོན་ཏན་ལ་རྒྱུས་མངའ་ཡོད་པ། འཛམ་གླིང་ཤར་ནུབ་ཡོངས་ཀྱི་རིག་གཞུང་ཤེས་མཁན་ཀྱི་སྐྱེ་བོ་ཡོན་ཏན་ཅན་དེ་འདྲ་རེད་འདུག་ག དགའ་ལྡན་ཕོ་བྲང་ཚང་གི་ལུག་ཐུང་དེ་ཚོས་འགྲན་ཟླ་བྲལ་འདུག་ག་་་ཧཧཧཧཧ
དོལ་རྒྱལ་བ་ཚོ་ལ་མི་རིགས་མི་གཙོ་ཟེར་བ་འདིར་བདེན་པ་མ་རེད། རྒྱ་ལོ་ནང་བཞིན་རྒྱ་མོ་མནའ་མ་ལེན་ནས་རྒྱ་ཕྲུག་གསོ་སྐྱོང་བྱས་ནས་བསྡད་མི་འདུག་ག དོལ་རྒྱལ་པ་ལ་རིག་གཞུང་མི་གཙོ་ཟེར་བ་རྫུན་རེད་མཐོ་ས་ནས་བཤད་ན་དགའ་ལྡན་ཁྲི་བ་འདུག རིག་གཞུང་ཤེས་ནས་དགའ་ལྡན་ཁྲི་ལ་བདག་པོ་མེད་པའི་རྐྱེན་གྱིས་ཁྲི་བ་ཆགས་སོང་བ་རེད་འདུག་ག དོལ་རྒྱལ་པ་ལ་ཆོས་ལུགས་མི་གཙོ་ཟེར་བ་མི་བདེན། ཆོས་དད་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་བཞིན་འདུག
ལྷག་པ་ཏུ་དོལ་ཚོགས་ཀྱི་ནང་དུ་སྐྱེ་བོ་ཡོན་ཏན་ཅན་མང་པོ་འདུག ཀུན་བདེ་གླིང་རིན་པོ་ཆེན་ཟེར་བའི་བླ་མ་དེ་ནི་ཆོས་འཇིག་གཉིས་ལ་མཁས་པ། དེང་རབས་གསར་རྙིང་གཉིས་ཀྱི་ཡོན་ཏན་ལ་རྒྱུས་མངའ་ཡོད་པ། འཛམ་གླིང་ཤར་ནུབ་ཡོངས་ཀྱི་རིག་གཞུང་ཤེས་མཁན་ཀྱི་སྐྱེ་བོ་ཡོན་ཏན་ཅན་དེ་འདྲ་རེད་འདུག་ག དགའ་ལྡན་ཕོ་བྲང་ཚང་གི་ལུག་ཐུང་དེ་ཚོས་འགྲན་ཟླ་བྲལ་འདུག་ག་་་ཧཧཧཧཧ
དྲ་ལམ་དུ་ཞུགས་མ་ཐུབ་པར་དུས་ཡུན་གང་མཚམས་ཤིག་ཡིན། དེ་རིང་འགྲོ་ཞོར་འདུག་ཞོར་ལ་འདིར་ཅིག་ཡོང་ཡིན། སྤྱིར་བཏང་ད་སྐབས་འུ་ཚོའི་དྲ་ལམ་གང་ས་དྲ་འབུའི་ཁྱབ་འདུག་པས་དྲ་ལམ་དུ་ཡོང་བའི་ཡི་ག་མེད་དོན་དེ་ཡིན། གོང་གི་༧གོང་ས་མཆོག་ཆིབས་བསྒྱུར་དང་དོལ་རྒྱ་ཚོའི་སྡུག་སྐད་སྐོར་འདི་རེད། ཀ་རྩོམ་འདི་ཀློག་སྙིང་འདོད་པ་དེ་འདྲ་ཅི་གང་མི་འདུག་ན་ཡང་འོག་གི་མཆན་དག་ལ་མིག་གཤེར་ཅིག་བྱས་པ་ཡིན། ཡང་གླེན་རྒན་ཅོ་རིས་གླེན་བཤད་ཁ་ཚ་བ་དེ་འདྲ་བྱས་འདུག གླེན་པ་ཅོ་རིས་བཤད་ན་དོལ་རྒྱ་ཚོས་སྡུག་སྐད་རྒྱག་བཞིན་འདི་ཁྲིམས་དང་མཐུན་ཚུལ། དོལ་ཚོགས་ལ་ཡང་དག་པའི་བདེན་པ་ཡོད་པ་འདྲ་བོ། ཏཱ་ལའི་བླ་མས་སྒེར་གཅོད་བྱས་སོང་མདོག་མདོག ཁྱོད་ཀྱིས་ཟེར་ན་ཆོས་ལུགས་དད་པ་རང་མོས་ཟེར་བ་དེ་གང་ཞིག་ལ་འཛིན་གྱི་ཡོད། ངས་ཁྱོད་ལ་དཔེར་གཅིག་འཇོག ཁྱོད་ཀྱིས་ཕ་མས་ཁྱོད་རང་གྲྭ་ལོག་མ་བྱེད་ཟེར་བ་ཡིན་ན་ཁྱོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་འཕྲོག་སོང་ཟེར་རྒྱུ་ཡིན་ནམ། ཁྱོད་ཀྱི་དགེ་རྒན་གྱིས་ཁྱོད་ཀྱི་སློབ་སྦྱོང་དང་བསམ་བློ་གང་ཅིའི་ཕྱོགས་ནས་ཧ་ཅང་ཞན་པོ་འདུག་ཟེར་ན་ཁྱོད་ཀྱིས་ཁྱོད་ལ་མ་ཉེས་ཁ་གཡོགས་བྱེད་སོང་ཟེར་རྒྱུ་ཡིན་ནམ། ནམ་དུ་ཤར་ཁྱོད་ལ་གླེན་བཤད་འདི་མ་གཏོགས་མེད།
ཁྱོད་རང་ཉིད་གླེན་པ་ལུག་འདྲ་ཞིག་ཡིན་པ་རང་ཉིད་ལ་ར་འཕྲོད་ཀྱི་མེད་ན་ཁྱོད་ཀྱིས་སྐར་ཆ་ཁ་ཤས་ཤིག་གི་ནང་རང་ཉིད་ཀྱི་སྐད་ཆ་ལ་བདག་པོ་རྒྱག་ཐུབ་མེད་པ་ངས་ཁྱོད་ལ་བསྟན་ཆོག གོང་ན་ཁྱོད་ཀྱིས་ཁྱི་རྣ་བོ་རྒྱ་མཚོ་ཟེར་བ་དེས་དོལ་རྒྱ་ཚོགས་པའི་ཚབ་བྱེད་ཐུབ་གི་མ་རེད་ཟེར་བཞིན་དུ་རྒྱ་ལོ་དོན་འགྲུབ་ཀྱིས་བཙན་བྱོལ་གཞུང་གཙོ་བྱས་༧གོང་ས་མཆོག་གི་རྗེས་འབྲངས་ཡོངས་ཀྱི་ཚབ་མཚོན་ཅི་ལྟར་བྱེད་ཀྱི་རེད། འདི་ཁྱོད་ཀྱིས་གླེན་རྟགས་ཁྲོམ་ལ་བཤམ་པ་རེད། ད་དུང་དོལ་རྒྱ་ཚོ་ལ་མི་རིགས་གཙོ་རབས་ཟེར་གི དོལ་རྒྱ་དང་ཁྱོད་ལ་མི་རིགས་གཙོ་ན་ཉིས་སྟོང་བརྒྱད་ལོར་བོད་མི་རིགས་གསོད་བརྡུང་འཛིན་གསུམ་བྱས་དུས་དོལ་རྒྱ་ཚོགས་པ་གང་དུ་ཡོད་རེད། ཉིས་སྟོང་དགུ་ལོ་ནས་ད་བར་དུ་གཞིས་ལུས་བོད་པ་གཙོས་རྒན་དར་གཞོན་གསུམ། སེར་སྐྱ་དབྱེར་མེད། ཕོ་མོ་ཁྱད་མེད་བརྒྱ་དང་ལྔ་བཅུ་མ་ཟིན་ཙམ་གྱིས་བོད་མི་རིགས་ཀྱི་བདེ་སྡུག་ཆེད་སྐུ་ལུས་མེར་བསྲེགས་གནང་བ་དེ་ཚོར་ཉིན་གཅིག་དུས་ཚོད་གཅིག་སྐར་ཆ་གཅིག་ལ་དོལ་རྒྱ་ཚོགས་པས་ཁ་ནས་ཨག་གཅིག་ཟེར་མྱོང་མེད་པ་འདི་མི་རིགས་གཙོ་བ་རེད་དམ།
དེ་བཞིན་དགའ་ལྡན་ཁྲི་བ་ཁྲམ་པ་དེ་དཔེ་ལ་འཁྱེར་ཡོང་གི་འདུག ཁྲི་བ་ཁྲམ་པ་དེ་དང་པོ་དོལ་རྒྱ་བསྟེན་གསོལ་བྱེད་ན་མི་འོས་ཚུལ་ཤོད་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད་ཁོས་དོལ་རྒྱ་བསྟེན་གསོལ་བྱེད་ཀྱི་མེད་རབས་ཀྱིས་མནའ་བསྐྱལ་དམ་བཅའ་མཁན་དེ་རེད་ལྦཱ། དཔེ་འདི་འདྲ་རྫོབ་པོ་ཞིག་འཁྱེར་ཡོང་བ་འདི་ཡང་དོན་དམ་པར་ཁྱོད་ཀྱིས་ང་རང་གླེན་པ་ལུག་འདྲ་ཞིག་ཡིན་ཟེར་གི་ཡོད་རེད་དཱ།
དོལ་རྒྱ་ལ་ཆོས་ལུགས་གཙོ་བས་ཁོ་ཚོས་ཆོས་ལུགས་ཀྱི་རང་དབང་འཐབ་རྩོད་བྱེད་ཀྱི་ཡོད་རེད་ཟེར་གི དོལ་རྒྱ་ཚོགས་པ་དང་ཁྱོད་ཀྱིས་ཆོས་ལུགས་ཀྱི་རང་དབང་རྩོད་ཀྱི་ཡོད་ཟེར་བའི་སྙིང་ཁམས་འདི་དོལ་གང་ནས་རག་སོང་། བོད་ནང་དགོན་སྡེ་དྲུག་སྟོང་ལྷག་ཡང་སྒོས་དགའ་ལྡན་དགོན་པ་ས་དང་རྡུལ་ལ་བསྲེས་པའི་གོ་ཆག་དྲན་མི་ཕོད་པ་དེ་ཚོ་དོལ་རྒྱ་ཚོགས་པ་དང་ཁྱོད་ཀྱི་ཁ་ནས་ཟུར་ཙམ་ཡང་ཐོན་རྒྱུ་མེད་འདི་ཆོས་ལུགས་དད་མོས་རང་དབང་རྩོད་སྟངས་རེད་དམ།
དོལ་རྒྱ་ཚོགས་པ་དང་ཁྱོད་ལ་མཁས་དབང་མང་ཚོད་འདུག དཔེར་ན་ཨ་དར་ཟེར་བ་དེས་རྣམ་དབྱེའི་ཐོབ་ཐང་ཙམ་ཡང་མི་ཤེས་པ་མ་ཟད་དབྱིན་ཡིག་གི་ཚིག་གྲུབ་གཅིག་ཀྱང་འབྲི་ཤེས་ཀྱི་མེད་པ་དངོས་ཡོད་གནས་ཚུལ་ཡིན་ཡང་ཁོའི་མིང་ལ་མཁས་དབང་ཨ་དར་ཅེས་མིང་གཏགས་ཡོད། ཅི་འདྲའི་དགོད་རེ་བྲོ་ཨང་། འདི་ཡང་ཁྱོད་དང་དོལ་རྒྱ་ཚོགས་པའི་མཁས་པའི་ཚབ་མཚོན་རེད། ཧཧཧཧཧ
བཙན་པོ་ཟེར་བ་འདིས་ཅི་ཟེར་བསྡད་རེད་ཨ། བོད་གངས་ཅན་པའི་བསྟན་པ་ཆབ་སྲིད་བསྟན་དགྲ་རྒྱ་དམར་གྱིས་བཅོམ་དུས། དགའ་ལྡན་དགོན་པ་གཙོ་བོ་གྱུར་པའི་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་དུས། དོལ་རྒྱལ་བའི་བླ་མ་ཁྲི་བྱང་རིན་པོ་ཆེན་གྱིས་ཇུས་བཏོན་པ་དང་། དོལ་རྒྱལ་བ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་བསྟན་སྲུང་དྭང་བླང་དམག་སྒར་བཙུགས་པ། ལྷ་རྒྱལ་ཆེན་ཤུགས་ལྡན་གྱིས་ལུང་བསྟན་རབས་སོགས་ཀྱི་ལོ་རྒྱུས་ཆུ་སྒང་གི་དེབ་ཐེར་ནང་དུ་གསལ་པོ་བྲིས་ཡོད་པར་ཁྱོད་ཀྱིས་མ་མཐོང་ངམ།
བསྟན་དགྲ་རྒྱ་དམར་གྱི་ཁ་གཏད་བཅགས་མཁན་དོལ་རྒྱལ་བའི་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་མགོ་ཁྲིད་པའི་ཆུ་སྒང་དམག་མི་་ཡིན་པ་ལས་བོད་བཙན་པོའི་ཕ་སར་འཕྲོག་དུས་སུ་ཡང་བྱུང་མི་འདུག་ག སྲོག་དམར་པོ་འབེན་ལ་བཙུགས་ནས་བོད་བསྟན་སྲིད་གྱི་དོན་དུ་དགྲ་བོ་དང་དམར་འཛིང་བྱེད་མྱངས་མཁན་མང་ཆེ་བ་དོལ་རྒྱལ་བ་ཤ་སྟག་རེད་དོ། དེ་ཙམ་ཡང་མ་ཤེས་ན་ཁ་བཙུམ་ནས་སྡོད། ལུག་ལས་གླེན་པ་ཕག་པ་ནང་བཞིན་ཡིན་ས་རེད་་་་་ཧཧ
ལི་ཐང་པ་དང་ཕྱག་ཕྲེང་པ་དེ་དག་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་འབེན་ལ་བཙུགས་མཁན་་རྣམས་ཀྱི་བུ་རབས་ཚ་རྒྱུད་དེ་དག་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་དུ་བཏོན་པའི་ཕྱག་ཕྲེང་པ་ཕུན་ཚོགས་ཟེར་བ་དེ་ཕྱག་ཕྲེང་པ་གོ་བ་བསྟན་པ་རྒྱལ་མཚན་གྱི་བུ་རེད། རྒྱལ་གཅེས་དཔའ་བོ་གོ་བ་བསྟན་པ་རྒྱལ་མཚན་ལགས་སྔོན་མར་བསྟན་དགྲ་རྒྱ་དམག་དང་འཛིངས་དུས་མེ་རྒྱོག་རྒྱག་མཁན་རེད། ཤེས་སོང་ངམ། བུ་དཔའ་བོའི་་གདོང་ལ་ཁྱི་སྤུ་བཙུགས་མཁན་ཁྱོད་རང་ཚོ་རེད། བོད་བསྟན་སྲིད་ཀྱི་ཆེད་དུ་སྲོག་འབེན་ལ་བཙུགས་མྱངས་མཁན་དོལ་རྒྱལ་བ་ཚོ་རེད། ཁྱོད་ཚོས་དགྲ་བོ་རྒྱ་དམག་དང་འཐབ་འཁྲུག་ཇི་ལྟར་བྱས་མྱངས་ཡོད་དམ། ཁྱོད་ཚོས་དགའ་ལྡན་དགོན་པ་ས་དང་བསྲེས་མཁན་གྱི་མཉམ་དུ་དམག་འཐབ་ཇི་ལྟར་བྱས་མྱངས་ཡོད་དམ།་་་་་ཚིག་ངན་ཙམ་ལབ་མྱངས་ཡོད་པེ།་་་་ཧཧཧཧ་་་ཧམ་བཤད་འདི་ཚོ།
ཅོ་རི། དོལ་རྒྱལ་དང་སྤྲུལ་སྐུ་གྲགས་རྒྱལ་གཉིས་གཅིག་རེད་ཟེར་ན་གླེན་པ་ལུག་གི་སྐད་ཆ་བཤད་སྟངས་རེད། སྤྲུལ་སྐུ་གྲགས་རྒྱལ་མི་རེད་ལ་དོལ་རྒྱལ་འདྲེ་རེད། འདྲེ་དང་མི་གཉིས་གཅིག་རེད་ཟེར་ན་བསམ་བློ་གཏོང་མི་ཤེས་པའི་གླེན་གཏམ་ལས་ཅི་ཡིན། དབུ་ལམ་པ་ཚོས་རྒྱ་གཞུང་གི་རྩ་ཁྲིམས་འོག་ལ་སྡད་ཀྱི་ཡིན་ཟེར་ཡང་བོད་མི་རིགས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། སྣ་བོ་རྒྱ་མཚོས་པད་ཤག་གི་ཆེད་དུ་སྐད་ཆ་དེ་ལྟར་བཤད་པ་ལས་བོད་མི་རིགས་ལ་ཕན་པའི་ཐོབ་ཐང་གང་ཡང་རྩོད་ཀྱི་མེད། འདི་གཉིས་སྡུར་བ་བྱེད་པ་ནི་གསེར་དང་སྐྱག་པ་སྡུར་བ་དང་གཅིག་མཚུངས་རེད། རྒྱ་མིའི་རྒྱུག་ཁྱི་ཡིན་ཚད་དོལ་རྒྱལ་ཡིན་པ་སུས་ཀྱང་བཤད་ཀྱི་ཡོད་མ་རེད། དོལ་རྒྱལ་མིན་པའི་རྒྱ་ནག་གཞུང་ཚབ་ཀྱི་སྐུ་མགྲོན་ལ་འགྲོ་མཁན་ཡོད་ན་དེ་དག་ཀྱང་རྒྱ་མིའི་རྒྱུག་ཁྱི་རེད། དོལ་རྒྱལ་བ་ཚོ་དང་གཅིག་པ་རེད། ལི་ཐང་ཨ་ཐར་ཟེར་བ་དེ་དོལ་རྒྱལ་ཚོགས་པའི་ཚོགས་འདུའི་ནང་མཉམ་ཞུགས་བྱས་པའི་བརྙན་པར་ཡང་ལྟ་རྒྱུ་འདུག དེ་ལས་ལྷག་པའི་དཔང་རྟགས་ཅི་ཞིག་དགོས།
ལུག་རྟོག་ལགས། དོལ་རྒྱལ་དང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཉིས་གཅིག་རེད་ཅེས་ག་པ་བྲིས་འདུག་གམ། གཅིག་སྟོན་ཤོག་དང་། ཧམ་བཤད་ཀྱི་ན་ཚ་ཡོད་པའི་མི་ཁྱོད་ཀྱིས་ཧམ་བཤད་བྱེད་ཡ་ཚོད་བཟུང་ཐུབ་ས་མ་རེད་པེ།
༡་་་་གལ་སྲིད་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་དང་ཤུགས་ལྡན་གཉིས་གཅིག་པ་རེད་ཅེས་བཤད་ན་སྐྱོན་ག་རེ་འདུག་གམ། ཁྱོད་ཚོས་ངོས་ནས་ཏ་ལའི་བླ་མ་དང་སྤྱན་རས་གཟིགས་གཉིས་གཅིག་པ་མ་རེད་པེ། ཏ་ལའི་བླ་མ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཁས་ལེན་པ་ལྟར་དོལ་རྒྱལ་ཡང་སྤྲུལ་སྐུ་གྲགས་རྒྱལ་མཚན་གྱིས་དྲག་པོའི་སྐུ་བཞེས་པ་རེད་ཅེས་བཤད་ཀྱི་འདུག་ག
༢་་་རྒྱལ་གཅེས་དཔའ་བོ་ལི་ཐང་ཨ་ཐར་ནོར་བུ་ལགས་ལྷ་མི་སྲུང་སྐྱོབ་ཚོགས་པའི་འཚོགས་འདུས་ནང་དུ་མ་ཕྱིན་པའི་སྔོན་ནས་ཆུ་སྒང་རྡོ་རྡུང་བཏངས་ནས་དུམ་བུ་བྲལ་བཏང་ཟིན་པ་རེད། ཆུ་སྒང་ཁ་བྲལ་བཏང་ཚར་བའི་རྗེས་་་༡༩༩༦་ལོར་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་བ་ཞིག་བཙུགས་པ་རེད། ཚོགས་པ་དེའི་འཚོགས་འདུས་ནང་དུ་ཨ་ཐར་ཕྱིན་པའི་བརྙན་པ་ཡོད་རེད། ལུག་རྒན་ཁྱོད་ཀྱི་དཔང་རྟགས་ཡིན་ཟེར་ན་འགྲིག་གི་མ་རེད།
༣་་་་རྣ་བོ་རྒྱལ་མཚོས་དངུལ་གྱི་ཆེད་དུ་ཡིན་པའི་དཔང་རྟགས་ག་རེ་ཡོད་དམ། སྔ་ནས་ད་ལྟའི་བར་དུ་ཁྱོད་ཚོས་སྣང་བ་མི་འགྲོ་བའི་མི་རྣམས་ལ་ཐད་ཝན་དངུལ་བཟའ་མཁན་དང་རྒྱ་མིའི་དངུལ་བཟའ་རེད་ཟེར་ནས་ཁྱོད་ཚོས་འབོད་བསྡད་པ་རེད། ཡིན་ཀྱང་དོན་དངོས་ཐོག་དཔང་རྟགས་སྣེ་གཅིག་ཁྱོད་ཚོ་ལ་སྟོན་འོང་གྱི་མེད་པ། དཔང་རྟགས་མེད་པའི་རྫུན་གཏམ་བཤད་ན་ཕན་ཐོགས་ཀྱི་མ་རེད། སྐྱེ་བོ་ཚོད་ལྡན་སུས་ཀྱང་ཁས་ལེན་གྱི་མ་རེད། ཁྲིམས་ཀྱི་མདུན་སར་ལག་དག་གི་མ་རེད་དོ།
ཅོ་རི། དོལ་རྒྱལ་ཚང་ཟེར་ན་འདྲ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཚང་ཟེར་ནའང་རེད་གཅིག་པ་རེད། སྐད་ཆ་འདི་དོལ་རྒྱལ་དང་སྤྲུལ་སྐུ་གྲགས་རྒྱལ་གཉིས་གཅིག་པ་ཡིན་པའི་སྐད་ཆ་མིན་ན་ཅི་རེད། དོལ་རྒྱལ་དང་གྲགས་རྒྱལ་གཉིས་གཅིག་པ་མིན་ན་དོལ་རྒྱལ་ཚང་དང་གྲགས་རྒྱལ་ཚང་གཅིག་པ་ཇི་ལྟར་ཆགས་སོང་བ་རེད། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་ན་སྤྱན་རས་གཟིགས་མ་ཡིན་པས་ཁྱབ། དཔེར་ན་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་སྤྲུལ་པ་ཡིན་ཡང་ལོངས་སྤྱོད་རྫོགས་སྐུ་མ་ཡིན་པ་ལྟ་བུ་རེད། རིག་པ་འདི་ཙམ་ཡང་གཏོང་མ་ཤེས་ན་གདན་ས་ནས་ལོ་མང་རིང་འབྲས་རྡ་ལི་ཟོས་པ་འཕྲོ་བརླག་མ་རེད་དམ། ལྷ་མི་སྲུང་སྐྱོབས་ཚོགས་པ་མ་བཙུགས་གོང་ནས་ཆུ་སྒང་དུམ་བུར་གྱུར་ཟིན་པའི་དཔང་རྟགས་སྟོན་ཤོག ཆུ་སྒང་དུམ་བུར་གྱུར་དུས་ཀྱི་ལོ་ཚིག་ཡོད་པའི་ཡིག་ཆ་ཁྱེར་ཤོག དེ་ནས་ཧམ་བཤད་སུས་བྱས་མིན་ལྟ་ཆོག སྣ་བོ་རྒྱ་མཚོས་དངུལ་གྱི་ཆེད་དུ་མིན་ན་གང་གི་ཆེད་དུ་རེད། དོལ་རྒྱལ་གྱི་ཆེད་དུ་རེད་ཟེར་བ་ཨེ་ཡིན་གད་མོ་རྐུབ་ནས་ཤོར། དངུལ་གྱི་ཆེད་དུ་མིན་ན་གུང་ཕྲན་ཏང་གི་བཀའ་ལ་ཉོན་ཟེར་དགོས་དོན་ཅི་རེད། གུང་ཕྲན་ཏང་གི་བཀའ་ལ་ཉན་ན་དོལ་རྒྱལ་བ་ལ་ཕན་ཐོག་ག་རེ་ཡོད་པ་རེད། ཁོ་ཚོ་ལ་དངུལ་གང་འདོད་སྤྲད་ཀྱི་ཡོད་པ་འདི་ལས་འགྲོ་ས་གཞན་གང་ཡང་མེད་པ།
བཙན་པོས་བཙིར་ནས་ཡོང་ན་ཅོ་རི་ཟེར་བ་འདི་ལ་”འདྲེ་ཤར་ལ་བཞག་གླུད་ནུབ་ལ་གཏོང་”ཟེར་བའི་དཔེ་ལས་ཅི་གང་བཤད་རྒྱུ་མི་འདུག་གཱ