ལོག་སྨྲ་ཚར་གཅོད།
དམ་ཚིག་མེད་པའི་དོལ་ཚོགས་ཤིག་གིས་དོན་དམ་སྐྱབས་མགོན་སྐུར་འདེབས་བྱས།།
རིགས་ཞེན་མེད་པའི་རུ་ཚོགས་ཤིག་གིས་རུལ་དྲི་ཁ་བའི་བྱ་ངན་བརྩམས།།
ལ་རྒྱ་མེད་པའི་ལས་ཚོགས་ཤིག་གིས་ལ་ལུང་ཀུན་ཏུ་ལས་ངན་བསགས།།
སྤྱི་སེམས་མེད་པའི་སྤྱི་ཚོགས་ཤིག་གིས་སྤྱི་དམངས་སེམས་ལ་རྨ་ཁ་བཟོས།།
རྙིང་མ་པ་ཡི་བསྟན་དགྲ་དེ་ཡིས་བསྟན་འཛིན་སྐྱེས་བུ་སྲོག་ཐོག་བཏང་།།
ས་སྐྱ་པ་ཡི་རྒྱལ་འགོང་དེ་ཡིས་རྒྱལ་དབང་རིམ་བྱོན་གདོང་དུ་ལངས།།
བཀའ་བརྒྱུད་པ་ཡི་གདོན་འདྲེ་དེ་ཡིས་གདོན་བགེགས་སྐྱབས་ཡུལ་ལམ་སྲོལ་གཏོད།།
དགེ་ལུགས་པ་ཡི་དམ་སྲི་དེ་ཡིས་དམ་ཉམས་ཁྲེལ་མེད་ཁྱུ་ཚོགས་བསྐངས།།
གུང་ཁྲན་ཏང་གི་སྲུང་མ་དེ་ཡིས་སྲུང་མ་དམར་ནག་ཐུགས་དགོངས་དཀྲུགས།།
སྨོན་ལམ་ལོག་པའི་རྒྱལ་འགོང་ཞིག་གིས་ཞི་བདེ་བསྐྲུན་པའི་ལམ་བུ་བཀག།
བསྟན་ལ་འཁུ་བའི་དམ་སྲི་ཞིག་གིས་གངས་ཅན་པ་ཡི་ཕུགས་འདུན་བཀག།
འགྲོ་ལ་འཚེ་བའི་གདོན་འདྲེ་ཞིག་གིས་ཁ་བ་རི་པའི་ལས་དོན་བཀག།
དམ་སྲི་གདོན་འདྲེ་དོལ་རྒྱལ་ཚོགས་པ་ས་ཡ་དྲུག་གི་སྤྱི་དགྲར་གྱུར།།
དོན་དང་མཐུན་པའི་སྙན་ངག་ཅིག་བྲིས་འདུག ཡི་རིང་ཡོད།
དངོས་ནས་ཡག་པོ་འབྲི་འདུག་ཕ་བཟང་བུ་ལ་ཐུགས་རྗེ་ཆེ་ཞུ་།
དོན་འདུས་པ་གནད་ལ་འཁེལ་བ་རྩོམ་སྦྱོར་ལེགས་པ་ཡག་པོ་ཞིག་བྲིས་འདུག་ལེགས་གསོལ་ཡོད།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པར། །
མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །
ཤུགས་ལྡན་དོལ་རྒྱལ་ནི།
༸རྒྱལ་དབང་ལྔ་པ་ཆེན་པོ་ཡིས། །
རྒྱུ་ནི་སྨོན་ལམ་ལོག་པ་དང་། །
ངོ་བོ་འབྱུང་པོ་དམ་སྲི་ལ། །
འབྲས་བུ་བསྟན་འགྲོར་གནོད་པར་གསུངས། །
འབྱུང་པོ་དམ་ཉམས་རེད།
གུས་པའི་དོལ་རྒྱལ་གཏོར་སྟངས་འདི་ཡིན།
རྒྱུ།
ཕྲག་གདོག་ནག་པོའི་དུག་གིས་རྒྱུད་འཁྲུགས་ཅིང་།
ཁྲག་དང་སྲོག་ལ་བརྔམས་པའི་མུ་གེ་བ།
བསྟན་དང་འགྲོ་བར་འཚེ་བའི་བདུད་སྡིག་ཏོ།
དི་རིང་ང་ཡི་གཏོར་མ་མགོ་ལ་ཟེད།
ལས།
ཕུང་དཀྲུག་རྒྱུད་དཀྲུག་ཞི་བདེའི་དགྲ་ཆེན་ཁྱོད།
གསོད་དང་བཅོམས་དང་རྐུ་མའི་འགོང་པོ་ཁྱོད།
སྡུག་དང་སྡིག་དང་ཁྲག་གི་ལས་ལ་ཤོར།
དི་རིང་བདེན་པའི་རལ་གྲི་ཀླད་ལ་ཟེད།
རྣམ་པ།
སྲུང་མ་ཡི་དམ་ལྷ་འདྲེའི་བག་གྱོན་ནས།
གདོན་ཞུགས་སྲི་ཞུགས་ཉམས་ཐག་ཁོག་བརླམས་ནས།
བསྟན་དང་འགྲོ་བའི་བདེ་སྐྱིད་གཏོར་བྱེད་མ།
དི་རིང་རྡུལ་ཕྲན་གཏོར་མ་སྙིང་ལ་ཟེད།
མགོན་པོ།
བྱམས་དང་སྟོང་ཉིད་སྙིང་རྗེའི་འོད་ཟེར་ཅན།
ལྷ་མི་ཀུན་གྱི་མཆོད་པའི་ཡུལ་དུ་གྱུར།
བསྟན་འགྲོའི་ཕན་བདེའི་ཉི་མ་ཆེན་པོ་སྟེ།
༧ཐམས་ཅད་མཁྱེན་པའི་དབུ་འཕང་གུང་དུ་འདེགས།
ཕུགས་བསམ།
ཆོལ་ཁ་ཆོས་ལུགས་མི་རིགས་ཀུན་འཆམ་ཞིང་།
བྱམས་པ་སྙིང་རྗེ་ཕན་པས་རྒྱུད་མཛེས་ཅིང་།
བདག་པའི་གཞན་གཅེས་དམ་པའི་ཆོས་འབྱོར་བ།
འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་གྱུར་ཅིག
# 4 ཀརྡོ་གཉེར་ཕྱག་པ་ལགས།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ།།
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།།
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་(པར)པ།།
མཆོག་གསུམ་བདེན་(པའི་)པས་རྩད་ནས་གཅོད་གྱུར་ཅིག།
ཅེས་པར་བཅོས་ན་འགྲིག་ལགས་སམ།
(ཁྱེད་ཀྱིས་འདི་ག་རང་སྐབས་མང་པོར་བཀོད་འདུག དེའི་ནང་རྐང་ཐ་མའི་འབྲེལ་སྒྲ་དེས་ནི་གོ་བ་ཡང་ཁྱད་མཚར་ཞིག་སྟེར་གྱིན་འདུག་པས། སེམས་ཀྱིས་མ་བཟོད་ནས་ཤོར་སོང་། དགོངས་དག)
རྩོམ་ཡག་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ།
དོལ་ཚོགས་འདི་རྩོག་གི ཉེ་ཆར་བོད་དུའང་པོད་ཕྲན་ནང་དུའང་ཁ་ཤས་སླེབས་འདུག་ཅིང་། ༸གོང་ས་མཆོག་སོགས་ལ་ཅིག་ཟེར་མཁན་འདུག
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེའི། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག །
འདི་རང་དག་པ་འདུག
དབྱངས་ཅན་འབངས་ལགས་ཀྱི་ནོར་བཅོས་ལ་བཀའ་དྲིན་ཆེ།
དོལ་རྒྱལ་ཤུགས་ལྡན།
དོལ་ལ་གདོན་འདྲེར་ངོ་བོར་སྐྱེས། །
རྒྱལ་པོ་འགོང་པོ་དམ་སྲི་ཁྱོད། །
ཤུགས་དང་ནུས་པ་ཡོད་ཚད་ཀུན། །
སེམས་ལྡན་འཁུར་ལྡན་ཀུན་ལ་གནོད། །
འདྲེ་གསར་ལས་གསར།
ད་ནས་འདྲེ་ཁྱོད་བསམ་ངན་དོར། །
སྨོན་ལམ་ལོག་པ་འགྱོད་བཤགས་གྱིས། །
རང་དང་གཞན་གྱི་དོན་བསམས་ནས། །
མ་ལན་མ་འགྱོད་རེམས་པར་མཛོད། །