དགའ་ཀླུ་དགེ་བཤེས་དགེ་འདུན་ཆོས་འཕེལ།
མེ་ཏོག་ཕོག་པའི་ལྷ་སྐལ་སྤྱན་རས་གཟིགས།།
མི་ཡི་གཟུགས་ཀྱིས་བོད་ཁམས་སྐྱོང་བའི་མགོན།།
སྐུ་ཕྲེང་རིམ་བྱོན་སྙིང་དབུས་གདན་བཀོད་དེ།།
དམ་སྲི་འབྱུང་བོའི་དངོས་བྱུང་རི་མོར་འབྲི།།
མི་ལོ་བཞི་བརྒྱ་ཙམ་གྱི་སྔོན་དུས་སུ།།
སྤྱན་རས་གཟིགས་དབང་ལྔ་བ་ཆེན་པོའི་སྐབས།།
སྤྲུལ་རྫུན་གྲགས་རྒྱན་སྨོན་ལམ་ལོག་པའི་མཐུས།།
བསྟན་འགྲོར་འཚེ་བའི་གདོན་གྱིས་སྐྱེ་བ་བླངས།།
སྣ་དགུའི་ཆོ་འཕྲུལ་བསྟན་ནས་གང་སར་ཉུལ།།
མིང་ཡང་ཨ་སྲས་འཁྱམས་པོ་དོལ་རྒྱལ་གྲགས།།
བཀྲ་ཤིས་ལྷུན་པོར་འཛུལ་ཐབས་བྱས་ན་ཡང་།།
རྣམ་སྲས་རྟ་བདག་བརྒྱད་ཀྱིས་མཐར་སྐྲོད་བྱས།།
འབྱུང་བོ་ལྟོགས་སྐོམ་གཟིར་བའི་སྡུག་ཡུས་ཀྱིས།།
ས་སྐྱ་བདག་ཆེན་ཞིག་ལ་སྐྱབས་བཅོལ་བས།།
དམ་པ་དེ་ཡིས་གདོན་གྱི་རྒྱལ་བོ་དེར།།
སྙིང་རྗེས་ཟན་འཆང་བསྔོ་བའི་ཡུལ་ལ་བཞག།
ལྔ་བ་ཆེན་པོ་ལ་སོགས་རྟོགས་ལྡན་འགས།།
འབྱུང་བོ་གང་ཉིད་མེ་ལྷའི་ཁར་བྱིན་ཏེ།།
སྐྱེ་འགྲོ་མང་པོ་རྒྱལ་བོའི་གནོད་འཚེ་ལས།།
བསྐྱབས་པ་ལོ་རྒྱུས་མེ་ལོང་ངོས་སུ་གསལ།།
རིས་མེད་རྟོགས་ལྡན་མཁས་གྲུབ་ཕལ་མོ་ཆེས།།
ནང་བས་དོལ་རྒྱལ་འཇིག་རྟེན་དྲེགས་པ་སོགས།།
བསྟེན་ན་སྐྱབས་འགྲོ་གཏོང་བས་རྒྱུར་ཟད་པ།།
རྣམ་ཐར་ལོ་རྒྱུས་སོགས་སུ་ཐང་མར་བརྡལ།།
ཆོས་ཟབ་ས་ལ་བདུད་ཟབ་ཟེར་བ་ལྟར།།
ཡང་བསྐྱར་འབྱུང་པོ་གཞན་གྱིས་བརྫུས་པ་འམ།།
འབྱུང་བོ་དངོས་ཡིན་གང་ལྟར་ཕ་བོང་ཁས།།
གདོན་འདྲེ་བསྟེན་སྲོལ་ཁྱབ་གདལ་བཏང་བར་བརྟེན།།
སྤྱན་རས་གཟིགས་དངོས་སྐུ་ཕྲེང་བཅུ་གསུམ་པོས།།
ཕ་བོང་ཁ་བར་བཀའ་བཀྱོན་བསྟུད་མར་ཕབ།།
དེར་བརྟེན་ཕྱིས་འབྱུང་གདོན་དེར་མི་བསྟེན་ཞེས།།
ཁས་ལེན་གཡར་དམ་གཙང་མ་ཕུལ་ན་ཡང་།།
སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་གསུམ་པ།།
མྱ་ངན་འདས་རྗེས་བཀའ་དྲིན་ལོག་མཇལ་དུ།།
དོལ་རྒྱལ་བསྟེན་སྲོལ་ཆེས་ཆེར་དར་སྤེལ་བྱས།།
ནག་ཕྱོགས་དར་བའི་དུས་ངན་དེ་དུས་སུ།།
བོད་ཀྱི་ཆོས་སྲིད་ཉིན་རེར་ཉམས་ཆགས་དང་།།
དོལ་རྒྱལ་བསྟན་པ་ཉིན་རེར་ཇེ་ཆེར་རྒྱས།།
སངས་རྒྱས་བསྟན་པ་མིང་གི་ལྷག་མ་དང་།།
སྒོས་སུ་དགེ་ལྡན་རང་ལུགས་གཙང་མ་དེ།།
ལྷ་གསོལ་ཀླུ་གསོལ་ལྟ་བུའི་སྲོལ་ངན་དར།།
དེ་དུས་བོད་ལ་སྡུག་བསྔལ་མུན་པས་ཁྱབ།།
རྒྱ་འདྲེ་དར་ཞིང་དཀར་ཕྱོགས་ཡོངས་སུ་ཕམ།།
རྒྱལ་མཆོག་འཁོར་བཅས་བོད་འབངས་ཉུང་ཙམ་ཞིག།
རྒྱ་གར་ཡུལ་དུ་སྐྱབས་བཅོལ་ཞུ་དགོས་ཐུག།
བོད་ནང་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག།
མུ་གེས་བསད་དེ་གཞན་རྣམས་བཙོན་ཁང་དུ།།
སྡུག་བསྔལ་མནར་གཅོད་དྲག་པོའི་ལམ་དུ་བརྫངས།།
བཙལ་བྱོལ་བོད་དུའང་དོལ་རྒྱལ་རྗེས་འབྲངས་འགས།།
གདོན་གྱིས་རང་རྒྱུད་བརླམས་སམ་གང་ལྟར་ཡང་།།
ཆོལ་གསུམ་བོད་མིའི་སྒྲིག་འཛུགས་གོང་བུ་ཡང་།།
ཆིག་སྒྲིལ་ནུས་པའི་སྟོབས་ཤུགས་ཉམས་སླད་དུ།།
དགེ་ལུགས་ཤིག་གིས་རྙིང་ཆོས་བྱས་པ་དང་།།
གྲུབ་མཐའ་གཞན་གྱི་གླེགས་བམ་རང་ཤག་ཏུ།།
བཞག་ཙམ་བྱས་ན་གདོན་འདྲེ་དོལ་རྒྱལ་གྱིས།།
ཚར་གཅོད་བྱེད་ཚུལ་ཕ་རྒོད་ཞལ་ལུང་ཞེས།།
དཔེ་དེབ་བཏོན་ནས་བོད་བརྒྱུད་ནང་བསྟན་ཁག།
མཐུན་སྒྲིལ་གསེར་ཐག་གཅོད་རྒྱུའི་ངན་གཡོ་བརྩམས།།
འཇམ་མགོན་བླ་མའི་བྱང་ཆུབ་ལམ་རིམ་དུ།།
བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་།།
གསུང་རབ་མ་ལུས་གདམས་པར་ཤར་དགོས་པའི།།
བཀའ་གདམས་ཟབ་མོ་དེ་དང་ཡོངས་འགལ་ཏེ།།
ཐེག་ཆེན་ཆོས་ལ་སྨོད་པའི་ཆོས་སྤོང་ལས།།
ངན་ལས་ཚབས་ཆེན་དོལ་འབྲངས་མཁན་ཚོས་བསགས།།
འཇམ་མགོན་བླ་མས་ཆོས་ལུགས་རིས་མེད་ཀྱི།།
བླ་མ་བརྒྱ་ཕྲག་བསྟེན་ནས་ཟུང་འཇུག་བརྙེས།།
འབྱུང་བོར་སྐྱབས་འཚོལ་དོལ་རྒྱལ་རྗེས་འབྲངས་ཚོས།།
རིས་མེད་བླ་མ་བསྟེན་ན་བསྲེ་བསླད་ཅེས།།
གཏམ་དུ་སྤེལ་བ་གདོན་གྱིས་བརླམས་པའི་རྟགས།།
དེ་འདྲའི་ལས་ངན་གཡང་ལས་སྐྱོབ་པའི་ཆེད།།
སྤྱན་རས་གཟིགས་དབང་གོང་ས་བཅུ་བཞི་བས།།
སྙིང་རྗེས་མ་བཟོད་སྐུ་ངལ་འཛེམས་མེད་ཀྱིས།།
སྔོན་གྱི་ལོ་རྒྱུས་གསེར་གྱི་ས་གཞིའི་སྟེང་།།
དཔྱད་གསུམ་ལུང་རིགས་འབྲས་བུས་རབ་བརྒྱན་ཏེ།།
ལམ་སྟོན་བཀའ་སློབ་རིམ་པར་གནང་ན་ཡང་།།
རྒྱལ་འགོང་གདོན་གྱིས་ཞེ་རྩ་བརླམས་ནས་སུ།།
བོང་གུའི་རྣ་ལ་གསེར་གྱི་དཔེ་ཟླར་གྱུར།།
༧གོང་ས་མཆོག་གི་མཛད་འཕྲིན་ཉི་ཟླའི་འོད།།
འཛམ་གླིང་ཤར་ནུབ་ཀུན་ཏུ་འཕྲོ་བ་ལ།།
དམར་བོའི་རྒྱུགས་ཁྱི་དོལ་འབྲངས་རེ་ཟུང་གིས།།
འུག་པའི་སྲོལ་བཞིན་ཐན་སྐད་ཅི་ཡང་སྒྲོགས།།
མཚན་ཉིད་སློབ་དཔོན་བློ་བཟང་རྒྱ་མཚོ་དང་།།
དགེ་ཕྲུག་གཉིས་བཅས་སྐེ་བྲེགས་དམར་གསོད་བྱས།།
བྱང་རྩེ་མཁན་ཟུར་དགུང་ལོ་བརྒྱད་ཅུ་ཅན།།
མཚན་གུང་ཤག་ཏུ་ས་སྣུམ་བླུགས་ནས་ནི།།
དམར་གསོད་བྱེད་པའི་སྦྱོར་བ་དངོས་སུ་བརྩམས།།
དགེ་འདུན་སྤྱི་རྫས་མེར་བསྲེགས་བཏང་པ་དང་།།
དོན་གཅོད་བཟའ་མིར་གཅར་རྡུང་བཏང་བ་བཅས།།
བོད་པ་གང་འཕྲད་འཇིགས་སྐུལ་རྣམ་འགྱུར་སོགས།།
མི་ཡིས་མི་ཕོད་བདུད་ཀྱི་རང་མཚང་མང་།།
བོད་མི་བརྒྱ་ཆའི་ཆར་ཡང་མི་ཟིན་པའི།།
དམར་བོའི་ཕོག་ལ་རྔམས་པའི་སྨྱོ་སྤྱོད་དེས།།
ས་ཡ་དྲུག་གི་ཞི་བདེའི་ལམ་བུ་ལ།།
བར་གཅོད་ས་རྡུལ་སྤྲུགས་ཀྱང་གད་མོའི་གནས།།
དེ་ལྟར་བགྲང་བྱ་བཅུ་ཕྲག་གཉིས་ཙམ་རྗེས།།
འདུལ་ཁྲིམས་གཞིར་བཟུང་དགེ་འདུན་འདུས་ཚོགས་ཀྱིས།།
འབྱུང་བོ་ལྷན་དུ་ཆོས་དང་ཟང་ཟིང་གིས།།
མི་སྤྱོད་དགོངས་པ་གཅིག་གིས་ཚུལ་ཤིང་བླངས།།
སྐྱབས་འགྲོ་བོར་བའི་དམ་ཉམས་ཚོགས་ལྷན་དུ།།
མི་སྡོད་གཡར་དམ་རྡོ་རྗེའི་ཚིག་ལ་བྲིས།།
འདི་ནི་གདོན་གྱི་རྒྱལ་བོའི་ཉེས་སྤྱོད་ལས།།
གཞན་གྱིས་བཀའ་རྒྱ་ཡེ་ནས་བཏང་མིན་ལ།།
སྨོན་ལམ་ལོག་པའི་བྱེད་ལས་གཅིག་ཏུ་ངེས།།
ཡོངས་འཛིན་ཁྲི་བྱང་སྐུ་འཚོ་བཞུགས་པའི་སྐབས།།
དོལ་བསྐང་ཚོགས་དབུས་བཏོན་ན་འོས་མིན་དང་།།
ལྷ་མིའི་རྣམ་འདྲེན་རྒྱལ་བོའི་དབང་བོ་འདི།།
རྒྱལ་དབང་རིམ་བྱོན་ཡོངས་ཀྱི་བྱིན་རྫོགས་པ།།
ཡེ་ཤེས་དབྱིངས་དཔྱད་བཙས་པའི་ཀློང་ནས་ཕབ།།
ཆོས་སྲིད་ཉི་ཟླའི་བཀའ་སློབ་ལམ་སྟོན་འོག།
ཚང་མས་ཤར་བསྐྱོད་དགོས་པའི་ཞལ་ལུང་བསྩལ།།
ཕྱོགས་ལྷུང་གདོན་གྱིས་ཟིན་ནས་བཀའ་གསུང་དག།
ཕྱགས་དར་བཞིན་དུ་བྱེད་པའི་ཞེན་ཁོག་འདི།།
གློ་བ་འདྲེ་ཡིས་བརླམས་པའི་དན་རྟགས་ཡིན།།
མི་དགེའི་བཤེས་གཉེན་གངས་ཅན་རྒྱ་བོ་སོགས།།
ཆོས་ལུགས་དུག་ཏུ་ལྟ་བའི་རྒྱ་དམར་གྱིས།།
ལག་ཆར་སྤྱོད་པའི་པཎ་ཆེན་སྤྲུལ་རྫུན་དེར།།
མགོ་འབུལ་ལུས་འབུལ་བྱེད་པ་དེ་མཐོང་ན།།
དངུལ་ཕྱིར་རྒྱུགས་ཁྱི་ལས་ལ་བརྩོན་བཞིན་པ།།
རྩམ་ཟན་བོད་མི་ཡོངས་ལ་མངོན་སུམ་ཡིན།།
དོལ་རྒྱལ་འབྱུང་བོ་རྒྱ་འདྲེའི་རང་བཞིན་དུ།།
ཚད་ལྡན་ལོ་རྒྱུས་དེབ་ཐེར་དག་ལས་གསལ།།
རིགས་པས་བསྒྲུབ་ན་མིག་མཐོང་ལག་ཟིན་ཡིན།།
ཕྱག་ན་པདྨོ་བློ་བཟང་རྒྱ་མཚོ་ཡིས།།
དོལ་རྒྱལ་འཕྲིན་བཅོལ་བརྩམས་ཞེས་སྒྲོགས་པ་དང་།།
དོལ་རྒྱལ་འཇམ་དབྱངས་དངོས་དང་སངས་རྒྱས་སོགས།།
དཀོན་མཆོག་ཀུན་འདུས་ངོ་བོ་དབྱེར་མེད་ཅེས།།
དོལ་གསོལ་རྗེས་འབྲངས་དག་གིས་རྫུན་ཧམ་གླེང།།
དོལ་འདྲེ་མི་ཁོག་ཞུགས་སྐབས་དོལ་རྒྱལ་གྱིས།།
ཡིད་དགའ་ཆོས་འཛིན་གནས་ནས་འོང་བ་ཞེས།།
འབྱུང་བོ་ཁོས་ཀྱང་མི་ལ་སྐྱག་རྫུན་བསྐོར།།
བཀྲ་ཤིས་ལྷུན་པོར་འཛུལ་ཞུགས་མི་ཐུབ་པའི།།
འདྲེ་ཞིག་དགའ་ལྡན་ཡུལ་ནས་ཇི་ལྟར་འོང་།།
རྒྱུགས་ཁྱིའི་གཙོ་བོ་གངས་ཅན་རྒྱ་བོ་དང་།།
ཁྲི་ཟུར་མིང་ཅན་ལུང་རིགས་རྣམ་རྒྱལ་སོགས།།
རྫུན་གྱིས་དབུ་སྐོར་ག་རེ་བྱས་པ་སོགས།།
གཞིས་བྱེས་བོད་མི་ཡོངས་ལ་གསལ་རྐྱང་ཡིན།།
མདོར་ན་གསོལ་མཆོད་མཁན་དང་གསོལ་སའི་འདྲེ།།
ལམ་ལོག་སྟོན་པའི་བླ་རྫུ་བཤེས་རྫུ་ཀུན།།
བརྫུན་གྱི་འཁོར་ལོའི་བྱེད་པོ་ཉིད་དུ་འཁུམས།།
བཤེས་རྫུན་སྐལ་བཟང་རང་གིས་དགེ་ཕྲུག་ཚོར།།
༧གོང་ས་མཆོག་ལ་མཚན་སྨོད་ཞུ་བ་དང་།།
དམར་བོའི་དཔུང་གིས་ངོ་སོ་སྐོང་ཕྱིར་དང་།།
བོད་མིའི་སེམས་ལ་རྨ་ཁ་བཟོ་བའི་ཕྱིར།།
གོང་ས་སྐྱབས་མགོན་གང་ཕེབས་ཡུལ་ལུང་དེར།།
མི་བདེན་རྫུན་སྒྲོགས་ངོ་རྒོལ་བྱེད་འཇུག་པ།།
གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་བསྒྲེས།།
དོལ་རྒྱལ་བསྟེན་མཁན་དག་གིས་གླེང་བཞིན་པའི།།
དོལ་འདྲེ་ལོ་རྒྱུས་ད་ལྟ་གང་ཡོད་པ།།
གསོལ་མཁན་དག་གིས་འཁྲུལ་སྣང་རྨི་ལམ་ལ།།
གཞི་བཅོལ་བྲིས་པ་ཉིད་ལས་ཚད་ལྡན་མིན།།
རང་ཉིད་ཕྱི་མའི་ཡུལ་ལ་མ་ཆས་སྔོན།།
སྙིང་རྗེའི་ལྷ་མཆོག་ཕྱག་ན་པདྨོའི་མདུན།།
སྔར་བྱས་འགྱོད་ཅིང་ཕྱིན་ཆད་སྡོམ་པ་སོགས།།
སྟོབས་བཞིས་བཤགས་པ་བྱ་བའི་གོ་ཡོད་ན།།
རང་ཉིད་རང་གི་དགྲ་བོ་མ་བྱེད་ཅིག།
འདི་ལས་བྱུང་བའི་བསོད་ནམས་གང་ཡོད་པ།།
བློ་མིག་ལྡོང་ཞིང་ལམ་ལོག་འཕྱན་པ་རྣམས།།
བླང་དོར་འབྱེད་པའི་བློ་མིག་ལྡན་གྱུར་ནས།།
འདྲེ་གསོལ་ལམ་ངན་དེ་ལས་ཐར་བར་ཤོག།
ཞེས་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་ཉིན་ཡོ་རོབ་གླིང་ནས་དགའ་ཀླུ་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས་བྲིས་པ་དགེ་བར་གྱུར་ཅིག།།
དོལ་རྒྱལ་བདུད་ཡིན་པ་ཧ་ལམ་བསྒྲུབས་ཚར་སོང་། ལུང་རིགས་བྱེད་ལས་གང་ནས་འདྲེ་དེ་བདུད་གོང་ཡིན་པ་ཚད་ལྡན་སྐྱེས་བུ་དུ་མས་བཀག་ཚར་སོང་། དེའི་སྟེང་ལ་ད་ཆ་དོལ་རྒྱལ་བསྟེན་མཁན་ཚོའི་བྱ་སྤྱོད་ལ་བལྟ་སྐབས་གསལ་རུ་འགྲོ།
མིང་གོ་འདོད་མེད་ལ་ལོ་རྒྱུས་ཀྱང་ཤེས་འདོད་མེད།་་་་་་
““དགའ་ཀླུ་དགེ་བཤེས་དགེ་འདུན་ཆོས་འཕེལ།‚‚‚ལབ་བརྟོལ། འདི་ལས་ལྷག་མིང་ག་རེ་འགོད་དགོས་པ་རེད། གསལ་ཐག་ཅོད་རེད་འདུག་ག ཁྱེད་ནང་བཞིན་རེད་མི་འདུག །
དོལ་རྒྱལ་ནི། ནེ་པལ་ལིཡི་གྷ་ད་མི་ཞེས་པའི་ལྷ་འྡེ་དམར་མཆོད་འབུལ་དགོས་ས་ད་ེ་ལས། ཤུགས་ལྡན་གདོན་འདྲེ་འདི། དེ་ལས་བདུག་རྩུབ་ཅན་ཞིག་ཡིན་པ་ར་འཕྲོད་བཞིན་འདུག་གོ།
ལྷ་དང་འདྲེ་གང་ཡིན་མ་ཤེས། འགའ་རེས་བཤད་ན་མཆོད་རྒྱུ་ཟེར། ལ་ལས་བཤད་ན་གཡུག་རྒྱུ་ཟེར། བརྟེན་དང་མ་བརྟེན་བར་རོལ་ནས། ཆབ་སྲིད་ལག་ཆར་གྱུར་ནས་ཐལ། སྤུན་ཟླས་ནང་འཁྲུག་བྱས་ནས་བྱུང་།
བོད་རྒྱུད་ནང་བསྟན་འདི་ནང་བསྟན་གཞན་དང་མི་འདྲ་བ་ཞིག་འདུག རྟག་པར་ལྷ་ཀླུ་ཅིག་ཅིག་མིག་མིག་ཟེར་ནས་བཤད་བསྡད་ཀྱི་འདུག ལས་རྒྱུ་བཤད་རྒྱུ་མང་པོ་ཡོད་པའི་ཆོས་ལུགས་ཞིག་ཡིན་པ་འདྲ། གསང་སྔགས་ཟེར་ནས་སྟོན་པ་བཅོམ་ལྡན་འདས་ཀྱིས་མ་གསུངས་པའི་ཆོས་དང་ཡུལ་ལྷ་གཞི་བདག་ལྷ་ཀླུ་ཟེར་ནས་རྒྱ་གར་ན་མེད་པའི་ལྷ་མཆོད་ཀླུ་མཆོད་མང་ཐག་ཆོད་ཅིག་འདུག་དེས་རྐྱེན་གྱིས་སྙག་ཁྲ་སྙོག་ཁྲ་མང་པོ་ཞིག་སླེབས་ཡོང་གི་འདུག་ད་གང་ཤེས། གཅིག་བཤད་ནི་ཞི་བདེ་དང་འཆམ་མཐུན་རྐྱང་བཤད་བསྡད་ཀྱི་འདུག་ལས་རྒྱུ་ནི་དེ་ལས་ལྡོག་པ་རེད་འདུག
རྒྱལ་དབང་རིན་པོ་ཆེ་སྐུ་འཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ལ་དགོངས་པ་རྒྱ་ཆེན་པོ་འདུག བོད་ཆོལ་ཁ་གསུམ། ཆོས་ལུགས་རིས་མེད། སྲིད་གཞུང་བཅོས་སྒྱུར། དམངས་གཙོ། ཡར་རྒྱས། འོན་ཀྱང་བོད་པ་ཉུང་ཤས་ཤིག་གིས་རྟག་ཏུ་རྐང་པ་ནས་ཐེན་ནས་ལམ་ལ་འགྲོ་ཆུག་གི་མིན་འདུག
དོལ་རྒྱལ།
དོལ་རྒྱལ་གནོད་པ་གཏོང་བ་དོལ་ཚོགས་ཟེར། །
དོལ་རྒྱལ་ཕན་ལས་གནོད་ཆེ་ཀུན་གྱིས་ཟེར། །
ཤུགས་ལྡན།
ཤུགས་ལྡན་བསྟན་འགྲོར་ཕན་མེད་ཤུགས་མེད་རེད། །
ཤུགས་ལྡན་སྨོན་ལོག་དམ་སྲི་འབྱུང་པོ་རེད། །
རང་དབང་རེད།
ཆོས་དད་བྱེད་དང་མི་བྱེད་རང་དབང་རེད། །
ལྷ་སྲུང་བསྟེན་དང་མི་བསྟེན་རང་དབང་རེད། །
རང་དབང་མེད།
གཞན་ལ་གནོད་དང་མི་གནོད་རང་དབང་མེད། །
མ་རབས་ངོ་ཚ་ཁྲེལ་མེད་རང་དབང་མེད། །
ངའི་མཆན་བསུབ་ཤག ཁྱད་མི་འདུག མ་གཞི་ནང་པ་སངས་རྒྱས་པ་ཟེར་བ་དེ་དཀོན་མཆོག་གསུམ་མ་གཏོགས་སུ་ལའང་སྐྱབས་སུ་མི་འགྲོ་བ་ཞིག་ལ་ཟེར་གྱི་ཡོག་རེད། དཀོན་མཆོག་གསུམ་གང་རེད་ཅེ་ན། སངས་རྒྱས། ཆོས། དགེ་འདུན་གསུམ་རེད་ལ། སངས་རྒྱས་ནི་གོ་རྟོགས་ཁྱད་པར་བ་ཞིག་ཐོབ་པའི་མི་ལ་ཟེར་གྱི་ཡོག་རེད་ལ། ཆོས་ནི་བྱ་དངོས་ཐ་དག་གི་སྤྱི་མིང་རེད། དགེ་འདུན་པ་ནི་ཆོས་ཀྱི་གོ་དོན་རྟོགས་ནས་དགེ་བར་བསྐུལ་མཁན་རེད། དེ་བས། འདྲེ་དང་བདུད་ཅེས་པ་ནི་སངས་རྒྱས་ཆོས་ལུགས་ཐོག་ནས་འགྲེལ་དཀའ་ཙམ་འདུག འོན་ཀྱང་། བོན་ཆོས་སྒང་ནས་ཆེད་དུ་དུར་གཤེན་སོགས་ཀྱི་ལས་བགོས་གནང་ཡོད་པས། ཕལ་ཆེར་འགྲེལ་བཤད་བསྐྱོན་ཆོག་པ་འདྲ། ད་ལྟ་དྲི་བ་གང་ཡིན་ཟེར་ན། སངས་རྒྱས་ཆོས་ལུགས་ཀྱིས་ཁས་མི་ལེན་པའི་ལྷ་འདྲེ་ཡི་ལྟ་གྲུབ་འདི་བོད་པ་ཚོས་གང་ནས་ཁུར་ཡོང་བ་ཡིན་ནམ།
ཀརྨ་བློ་གསལ་ལགས། སྤྱིར་སེམས་ཅན་དུད་འགྲོ་བ་གླང་དང་། རྟ། ཁྱི། ཞི་མི་སོགས་ཀྱང་ལམ་དང་ཟམ་པ་སོགས་སུ་འཇུག་སྐབས་མིག་གིས་ལྟོས། སྣས་སྣུམ། རྣ་བས་ཉན་ནས་གང་ཟབ་ཟབ་བྱས་ནས་འགྲོ་གི་ཡོད་པ་ཁྱེད་ཀྱིས་ཧ་ཨེ་གོ། ལྷག་ཏུ་ང་ཚོ་མིའི་རིགས་རྣམས་རང་ཡུལ་ལ་འཇུག་སྐབས་དབང་བོ་ལྔའི་སྟེང་རྣམ་དཔྱོད་དེ་བེད་སྤྱོད་གཏོང་དགོས་པ་དུད་འགྲོ་སོགས་ལས་ལྷག་ཡིན་པའི་སྐད་རེད་མོད། ཁྱེད་ཀྱིས་བསམ་གཞིག་གང་ཡང་མེད་པར་དྲི་བ་བཏང་བ་དེ་མཐོང་དུས་སེམས་ཅན་དུད་འགྲོ་ལས་གོ་གནས་དམའ་བོ་ཞིག་ཏུ་གནས་ཡོད་པ་ཨ་ཁ་ཁ་ཞེས་སྐད་ཤོར་སོང་། དང་པོ། ཆོས་ནི་བྱ་དངོས་མཐའ་དག་གི་སྤྱི་མིང་རེད་ཟེར་བ། ལྷ་སའི་ཨ་མའི་ག་གེ་མོའི་ཁྱི་ཕྲུག་སེང་ཕྲུག་མིང་ཅན་དེ་སེང་གེ་རེད་དེའི་མིང་སེང་ཕྲུག་རེད་ཟེར་ནས་རྩོད་པ་གཉིས་སུ་མ་མཆིས། གཉིས་པ་ལྷ་འདྲེའི་ལྟ་གྲུབ་ཟེར་བ་དེ་རེད། ལྷ་འདྲེའི་ལྟ་གྲུབ་ཡོད་ན་འདྲེའི་ལྟ་གྲུབ་ཡོད་དགོས། དེ་ལྟར་ན་བོང་གུ་དང་རྟ་དང་གྲོག་མ་སོགས་ཀྱི་ལྟ་གྲུབ་ཡོད་དགོས། དེ་ནས་ས་རྡོའི་ལྟ་གྲུབ་ཡོད་དགོས་པས་དང་པོ་ཁྱེད་ཀྱི་ལྟ་གྲུབ་ཀྱི་གོ་དོན་ཤེས་པར་བྱས་ནས་ལྟ་གྲུབ་ཀྱི་སྐོར་བཤད་ན་ཡག་པོ་ཡོད་རེད་བསམ།།
ལྷ་འདྲེ་མེད་པར་འདོད་མཁན་གྱི་ནང་པ་ཡོད་པར་འདོད་མཁན་ཁོ་རང་གླེན་ལྐུགས་རང་འཚང་རྗེན་པ་སྟོན་པརེད་དོ།།
ཡག་པོ་བྲིས་འདུག
རང་འཚང་རྗེན་པ་སྟོན་པརེད་དོ།།
འདི།
རང་མཚང་རྗེན་པ་སྟོན་པ་རེད་དོ།།
བཅོས་ནས་ཀློག་རོགས།
དོལ་རྒྱལ་ཟེར་བ་དེ་འདྲེ་དང་ལྷ་གང་ཡིན་རུང་མིན་རུང་བོད་ལ་གནོད་པ་སྐྱེལ་མཁན་ཞིག་ཡིན་པ་ངེས་གཏན་ཡིན་ཏེ། ༧གོང་ས་མཆོག་ལ་ཁ་རྡུང་གཏོང་བཞིན་པ་དང་། བོད་པ་ནང་ཁུལ་ཁག་གཉིས་སུ་འབྱེད་པའི་ཕྱིར་རོ། །
ངས་ཟེར་རྒྱུ་ངོ་མ་དེ་ཤུགས་ལྡན་ཁོ་རང་རང་ངོས་ནས་ཡག་སྡུག་ཅི་ཤེས་ཏེ། ༧གོང་ས་མཆོག་གིས་བཀག་དྲག་པ་དང་། བོད་པ་གང་མང་ཞིག་གིས་སྡང་ཆེ་བས་ཁྱི་རྒན་ལ་རྡུང་རྒྱུ་མང་དྲག་ནས་རྩིགས་ཕུགས་ལ་སླེབས་པས་ཅི་བྱེད་འདི་བྱེད་མེད་པར་བདག་པོ་ཟུགས་པ་བཞིན་ནོ།།
བྱུང་ན་ཤུགས་ལྡན་བསྟེན་ན། ཨ་ལ་བསྟེན་ན། མ་ཤི་ཀ་བསྟེན་ན། གཤེན་བསྟེན་ན། ཤཀ་ཐུབ་བསྟེན་ན་རང་མོས་བྱས་བཅུགན་ཡག་ཤོས་རེད། ཤུགས་ལྡན་བསྟེན་ནས་བོད་ལ་གནོད་པ་དང་བཀག་ནས་གནོད་པ་གཉིས་ལ་བསྡུར་དུས་བཀག་ནས་གནོད་པ་དེ་ཚབས་ཆེ་བ་འདུག བོད་པ་ཚོ་ཧོལ་རྒྱུགས་མ་བྱེད་ཅིག
ཨ་སྲས་འཁྱམས་པོ་དོལ་རྒྱལ་གདོན་འདྲེའམ། ཤུགས་ལྡན་སྨོན་ལོག་ཁོ་དང་། ཁ་ཆེའི་ཨ་ལ། ཡི་ཤུའི་སྟོན་པ། བོན་གཤེན་གྱི་སྟོན་པ། ནང་པའི་སྟོན་པ་དེ་ཚོ་དང་འདྲ་བར་རྩིས་མཁན་མེ་དཀར་སྨྱོའམ། གླུན་རྟགས་ཀྱི་རང་མཚང་མ་བསྟན་ན་མི་མཛེས་སམ། ལགས།
མ་གཞི་ཤུགས་ལྡན་གྱིས་གནོད་སྟངས་གང་འདྲ་ཞིག་རེད་དམ། འགྲོ་བ་མིའི་སྤྱོད་ཡུལ་ལས་འདས་པའི་གནས་སྟངས་ལ་ཀུན་རྟོག་གིས་སྤྲོས་པས་བཅིངས་ནས་ཡིན་ཡིན་དང་མིན་མིན་སྨྲས་པ་འདི་དག་ལ་བརྟག་བཟོད་བཟོད་ཅང་མིན་འདུག ཀ་རྡོ་ཁྱོད་ཀྱིས་ཤུགས་ལྡན་ངན་པ་ཡོན་སྟངས་རིགས་པ་ཡང་དག་ཅིག་གིས་སྒྲུབས་དང་། གསུངས་པའི་ཕྱིར་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་ཟེར་རྒྱུ་ཡིན།
མེ་དཀར་ལགས་ཀྱིས།
ཀ་རྡོ་ཁྱོད་ཀྱིས་ཤུགས་ལྡན་ངན་པ་ཡོན་སྟངས་རིགས་པ་ཡང་དག་ཅིག་གིས་སྒྲུབས་དང་། གསུངས་པའི་ཕྱིར་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་ཟེར་རྒྱུ་ཡིན།
ཞེས་པའི་ལན་དུ། ཀརྡོས།
བོད་ཀྱི་ནང་ཆོས་ནང་ལ། སོ་ཐར་བྱང་སེམས་གསང་སྔགས་གསུམ་འཛོམས་ཡོད་པའི་སྲོལ་རྒྱུན་ཡིད་ཆེས་ནང་ལ། འདིར་གསང་སྔགས་ཀྱི་ལུགས་ལ། གསང་སྔགས་ཉམས་ལེན་བྱེད་མཁན་ཞིག སྐྱེ་བ་རྗེས་མ་དག་ཞིང་དང་། དལ་འབྱོར་མི་ལུས་མ་ལེན་པར། ལྷ་འདྲེས་སྐྱེས་ས་གཅིག་ཀྱང་ཡོད་རེད། ཡག་ག་དེ་དྲག་པོའི་སྐུར་བཞེང་མཁན་ཆོས་སྐྱོང་སྲུང་མར་བཞེངས་པ་དང་། ཉེས་པའི་ཆ་ལ། སྨོན་ལམ་དང་དམ་ཚིག་ཉམས་པའི་དབང་གིས། ཕར་རམ་མར་གདོན་འདྲེ་འབྱུང་པོ་ཡི་དྭགས་སོགས་སུ་སྐྱེས་ནས། ཚུར་བསྟན་འགྲོར་གནོད་ཐུབ་མཁན་གཅིག་ཀྱང་ཡོད་རེད། དོལ་རྒྱལ་ཕྱི་མའི་གྲལ་དུ་ཡིན་པ་དེ། མི་དོལ་ཚོགས་པ་། ལྷ་ཤུགས་ལྡན་དེ། ལྷ་ལས་དམན་པ་འདྲེ་ཡིས་བྱེད་ལས་མང་བ་་མངོན་སུམ་གྲུབ་ཚད་གྲུབ་མི་འདུག་གམ། ལགས། མེ་དཀར་ལགས།
ད་དུང་དོལ་རྒྱལ་འགོག་མཁན་དང་བསྟེན་མཁན་གཉིས་ཀས་འདོད་པའི་༸རྒྱལ་དབང་ལྔ་པ་ཆེན་པོའི་དུས་ད་བར་མི་ལོ་བཞི་བརྒྱ་ཙམ་གྱི་ལོ་རྒྱུས་ནང་ལ། དོལ་རྒྱལ་འགོག་མཁན་ཚོས། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཟེར་མཁན་དེ། རང་གི་ཨ་མའ་གཡོ་སྒྱུ་སྲིད་བྱུས་ལ་བརྟེན་ལས། དེའི་སྐབས་ཀྱི་པཎ་ཆེན་རིན་པོ་ཆེས་པཎ་ཆེན་བསོད་གྲགས་ཀྱི་ཡང་སྲིད་ངོས་འཛིན་བྱུང་ན་ཡང་། དེིའ་སྐབས་ཀྱི་༸གོང་ས་ལྔ་པས་ངོས་ལེན་རྒྱབ་སྐཡོར་ཐོབ་མེད་པ་ནས། གྲགས་རྒྱན་མི་ཚེ་གང་པོ་འདྲེ་རུ་མ་སྐྱེས་རང་ཆགས་སྔས་དེ། ཁྱེད་རང་གིས།
༼བོད་པ་གང་མང་ཞིག་གིས་སྡང་ཆེ་བས་ཁྱི་རྒན་ལ་རྡུང་རྒྱུ་མང་དྲག་ནས་རྩིགས་ཕུགས་ལ་སླེབས་པས་ཅི་བྱེད་འདི་བྱེད་མེད་པར་བདག་པོ་ཟུགས་པ་བཞིན་ནོ།།༽ དེ་དེའི་དུས་སུ་དང་། དུས་ད་ལྟ་གནས་ཚུལ་འཇུལ་མསྒྲིལ་བར་ལུས་པ་རེད་སྙམ་ལགས།
ཡི་གེ་ནོར་མང་པོ་མཐོང་ཡང་། དག་བཅོས་སླད་དི་དུས་ཚོད་བཏང་ཐུབ་མ་སོང་དགོངས་དགཞུའོ།།
ང་ཚོ་བོད་པའི་ཆོས་ལུགས་འདི་ནང་བ་སངས་རྒྱས་པའི་ཆོས་རྣམ་དག་ཅིག་མ་རེད། ནང་བ་སངས་རྒྱས་པ་ནི་ལྷ་མེད་སྨྲ་བའི་ལྟ་གྲུབ་ཁུར་མཁན་ཞིག་རེད། དཔེར་ན། ལྟ་བ་རྟེན་འབྱུང་ནི་རྩ་བའི་རྩ་དོན་རེད། དེ་བས། བོད་ལ་དར་བའི་ནང་ཆོས་འདི་བན་བོན་གཉིས་མཉམ་བསྲེས་ཀྱིས་དར་སྤེལ་བཏང་པ་ཞིག་ཡིན་པས། ༼བླ་མའི་ཆོས་ལུགས༽ཞེས་འབོད་ཀྱིན་པ་ནི་དོན་ལ་གནས་པ་འདྲ། དེ་ནས་བླ་མ་ལ་དོགས་སློང་བྱེད་མི་ཆོག་པ་དང་ལྷ་འདྲེ་སྐྱབས་སུ་འགྲོ་བ་སོགས་བྱེད་ཆོག་པ་རེད། འདི་ལྟར་ལྟ་སྐབས། ནུབ་ཕྱོགས་པས་བཀུར་བཞིན་པའི་དཀོན་མཆོག་ནི་གཟུགས་མེད་ཅིག་དང་། བོད་པས་བཀུར་བཞིན་པའི་བླ་མ་ནི་གཟུགས་ཅན་པ་ཞིག་ཡིན་པ་ལས་འདི་གཉིས་ལ་དོགས་སློང་བྱེད་མི་ཆོག་པ་འདྲ་འདྲ་མ་རེད་དམ།
བོད་ཀྱི་ནང་ཅོས་ནང་ལ། བླ་མ། ཡི་དམ། མཁའ་་འགྲོ ཆོས་སྲུང་སོགས་ལས། དང་པོ་དེ་མི་རེད་། མ་གཏོགས་གཞན་ཚང་མ་ལྷ་འདྲ་་བོམིག་གིས་མཐོང་རྒྱུ་མེད་པ་་རྐྱང་རྐྱང་རེད་གདའ། བོན་བོནབསྲེས་ན་སྐྱོན་མེད་ཀྱང་། རྒྱ་གར་གྱི་ནང་ཆོས་གསང་སྔགས་ནི། ངས་བཤད་ཟིན་པ་འདི་འདྲ་ཅིགདགོས་རེད་དོ།།
ཧཧ་ཀརྡོ་
གྲགས་པ་རྒྱལ་མཚན་ཡིན་ན་ཅིག་འདྲེ་ལ་སྐྱེས་ཟེར་བ་འདི་སུས་ཧ་གོ་བ་རེད། དཀོན་མཆོག ཡོད་རྒྱུ་མིག་གིས་མཐོང་ཞིང་རྣ་བས་ཐོས་རྒྱུ་ཡོད་པ་འདི་ཚོ་ཅམ་མེར་བཞག་ནས་མཐོང་ཐོས་ཀྱི་ཡུལ་ལས་འདས་པའི་དེའི་སྐྱེ་བ་དང་འདི་ལ་གནོད་ཚུལ་སོགས་རྣམ་རྟོག་འབའ་ཞིག་གིས་བསྐྲུན་པའི་འཁྲུལ་སྣང་ལ་བདེན་པར་འཛིན་པའི་ཀ་རྡོ་འདི་ཨ་ཙ་མ། ལར་ནས་ཤུགས་ལྡན་རང་འཇགས་ཅམ་མེར་བཞག་ན་ཡལ་འགྲོ་རྒྱུ་ལ་དོན་མེད་ཁྱོད་འདྲ་བ་ཁག་ཅིག་གིས jiro hero བཟོས་སོང་། ལྷ་མི་སྲུང་སྐྱོབ་ཚོགས་པ་བཟོས་སོང་། ༧གོང་ས་མཆོག་གང་དུ་ཕེབས་ནའང་ངོ་རྒོལ་བྱེད་མཁན་མང་ཐག་ཆོད་བཟོས་སོང་། ཅའི་ན་ལ་དགོས་ཡ་དེ་ཏག་ཏག་བཟོས་སོང་། ད་གང་བྱེད།
་་་་ མཐོང་ཐོས་ཀྱི་ཡུལ་ལས་འདས་པའི་དེའི་སྐྱེ་བ་དང་འདི་ལ་གནོད་ཚུལ་སོགས་རྣམ་རྟོག་འབའ་ཞིག་གིས་བསྐྲུན་པའི་འཁྲུལ་སྣང་ལ་བདེན་པར་འཛིན་པའི་ཀ་རྡོ་འདི་ཨ་ཙ་མ། ་་་་་་
ཞེས་པའི་ལན་དུ། དྲ་གྲོགས་མེ་དཀར་རང་དང་པོ་ལྷ་ཀླུའི་སྐོར་ཅུང་ཟད་སྦྱོངས་། དེ་ནས་ང་དང་རྩོད་ལ་ཤོག
དོལ་རྒྱལ་གྱིས་ང་ལ་ཕན་ཐོགས་ཅིག་བྱུང་སོང་། གཟུགས་མེད་ལྷ་འདྲེ་ཟེར་མཁན་ཅིག་ཡོད་པར་ངེས་ཤེས་དྲོངས་པ་ལ་ཕན་སོང་།
ང་མི་ཞིག་ཡིན་དུས་ལྷ་ཀླུའི་སྐད་སྦྱོང་དགོས་མེད་ལ་དེའི་བདེ་སྡུག་ཀྱང་གླེང་གི་མིན།
ཨེ་ཤི་ཡའི་རང་དབང་། བོད་སྐད་སྡེ་ཚན། | གསར་འགྱུར།
དོལ་རྒྱལ་སྐོར་ལ་ཁ་ཏ་བྱས་བར་ཁྲིམས་ཐག་བཅད་འདུག
2014-12-11
Photo: RFA
དོལ་རྒྱལ་བསྟེན་ཕྱོགས་ཐད་ཁ་ཏ་བསླབ་བྱ་བྱེད་མཁན་འཇམ་དབྱངས་ཚེ་རིང་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལོ་ན༧༧སོན་པའི་བོད་ལྗོངས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་སྟོབས་འབར་གྲོང་ནས་ཡིན་པའི་ལྕོ་བརྒྱད་ཚང་གི་འཇམ་དབྱངས་ཚེ་རིང་ལ་རྒྱ་ནག་གིས་ཏཱ་ལའི་ལོག་སྤྱོད་པའི་རྗེས་འབྲང་དང་། དོལ་རྒྱལ་བསྟེན་རྒྱུ་མེད་པའི་ངན་བསྐུལ་བྱེད་མཁན་ལ་ཉེས་འཛུགས་ཀྱིས་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ཕ་ཡུལ་ཚ་བ་མཛོ་སྒང་ནས་ཡིན་པའི་འཇམ་དབྱངས་ཚེ་རིང་ཐོག་མ་འདི་ལོ་སྤྱི་ཟླ་༦པའི་ཟླ་མཇུག་ཙམ་ལྷ་ས་ནས་འཇུ་བཟུང་གིས་ཁོང་ཆབ་མདོ་ལ་ཁྲིད་ཡོད་པ་དང་། དེའི་རྗེས་མཛོ་ སྒང་རྫོང་དུ་ད་བར་དུ་བཀག་ཉར་ཀྱིས་འདྲི་རྩད་བྱས་འདུག འདི་ལོ་ཕྱི་ཟླ་༡༢པའི་ཚེས་ཤར་ཙམ་ལ་མཛོ་སྒང་རྫོང་དུ་ཁྲིམས་ཐག་བཅད་ནས་མི་རིང་བར་ཁོང་ཉིད་ཆབ་མདོ་རུ་ཁྲིད་འགྲོ་རྒྱུ་ཡིན་པ་བཤད་ཀྱི་འདུག ཁོང་ལ་གྲང་བའི་ནད་གཞི་དང་ཕོ་བའི་ན་ཚ། ཁྲག་ཤེད་མཐོ་བ་སོགས་གཟུགས་གཞིའི་གནས་བབས་ཡག་པོ་མེད་པས། ཁོང་གི་ནང་མི་གཉེན་འབྲེལ་ཚོས་སེམས་ཁྲལ་བྱེད་ཡུལ་ཞིག་ཆགས་ཡོད་འདུག
འཇམ་དབྱངས་ཚེ་རིང་ཁོང་གིས་ངོ་ཤེས་པ་ཚོར་བརྗོད་དོན་ལ། ཁོང་གིས་ལས་ཀ་སྡུག་པ་རྩ་བ་ནས་བྱས་མེད་པས་ད་ལྟའི་བཙོན་འཇུག་གི་གནས་སྟབས་ལ་འགྱོད་པ་རྩ་བ་ནས་མེད། འོན་ཀྱང་ཁོང་གི་བཟའ་ཟླ་དགུང་ལོ་༨༣ཡིན་པ་ཁོང་མོ་ད་ལྟ་ལྷ་སར་ཁེར་རྐྱང་དུ་ལུས་ཡོད་པས། དེའི་སྐོར་སེམས་ཁྲལ་འདུག་ཅེས་བརྗོད་འདུག
ས་གནས་བོད་མི་ཚོས། འཇམ་དབྱངས་ཚེ་རིང་ནི་ནམ་རྒྱུན་དུ་ཆབ་སྲིད་ཀྱི་ཐོག་དོ་སྣང་ཤུགས་ཆེན་དང་། གོ་ རྟོགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་ལྷག་བསམ་རྣམ་དག་ཅན་ཞིག་ཡིན་པ་བརྗོད་འདུག ལོ་འགའ་ཤས་སྔོན་ཁོང་གིས་ལྷ་སར་རྒྱ་ནག་དུ་སློབ་སྦྱོང་ཆེད་བསྐྱོད་མཁན་བོད་ཕྲུག་གི་འདུ་འཛོམས་ཞིག་གི་ཐོག་འཛེམ་བག་ མེད་པར་ཕྲུ་གུ་དེ་དག་ལ་༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་གི་དགོངས་གཞི་བསྒྲུབ་དགོས་པ་དང་། བོད་མིའི་ལ་རྒྱ་འཛིན་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པའི་བརྙན་པར་ཞིག་མཐོང་རྒྱུ་ཡོད་པ་རེད།
དོལ་རྒྱལ་མ་བསྟེན་ཞེས་ཁ་ཏ་བསླབ་བྱ་བྱེད་མཁན་རྒྱ་ནག་གིས་འཇུ་བཟུང་གིས་ཁྲིམས་ཐག་བཅད་པ་འདི་གར་རླུང་འཕྲིན་ཁང་གི་ཤེས་རྟོགས་བྱུང་བ་ཐོག་མ་དེ་རེད་འདུག
གསར་འགོད་པ་རྡོ་རྗེ།
གནས་སྟངས་འདི་འདྲ་སུས་བཟོས་པ་རེད་དམ། ཀར་རྡོ་ལགས།
མེ་ཏོག་དཀར་པོ་ལགས། གནས་སྟངས་འདི་འདྲ་སུས་བཟོས་མིན་ཤེས་འདོད་ན། དང་པོ་རྒྱལ་དབང་ལྔ་བ་སྐབས་ནས་བཟུང་བའི་མི་ལོ་བཞི་བརྒྱ་ཙམ་གྱི་ལོ་རྒྱུས་ལ་རྟོག་ཞིབ་གནོང་། དེ་ནས་ལྷ་དང་འདྲེའི་སྐོར་སྦྱོང་། དེ་ནས་ལྷ་དང་ཀླུ། འདྲེའི་སྐད་ཆ་སྦྱོང་ར་ཤེས་ནི་རེད། དེའི་ཐོག་ལ་དོལ་རྒྱལ་ཚོགས་པའི་འཆར་གཞི་དང་། ཁོང་ཚོའི་བྱ་སྤྱོད་ལ་རྟོག །
དོལ་རྒྱལ་སྐོར་གྱི་བླང་དོར་བཀའ་སློབ་གནང་མེད་ན་བོད་ཀྱི་ཆོས་བརྒྱུད་ཁག་དང་། བོད་ཆོལ་ཁ་གསུམ་གྱི་མཐུན་སྒྲིལ་གོང་བུ་གཅིག་གྱུར་འདི་གས་འཐོར་གྱིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་ཚང་མ་འཇའ་ལྟར་ཡལ་རྒྱུའི་འགོ་བརྩམ་ཚར་བ་རེད་གྲོགས་པོ།
http://video.sina.com.cn/news/#1-1-136623597-1
རྒྱ་ནག་རྒྱལ་ཁབ་ཀྱིས་ནན་ཅིན་འདས་མཆོད་བྱས་འདུག མ་འོངས་པར་བོད་ཀྱི་གཤིན་པོ་རྣམས་ལ་འང་འདི་ལྟར་བྱེད་དགོས་མིན་གྱི་གླེང་གཞི་བྱུང་འདུག །
ཁྱོད་མི་ཡིན་པས་ལྷ་འདྲེ་སྐོར་རྒྱུས་ལོན་མི་དགོས་ན། ཁྱོད་བོད་པ་ཡིན་པས་བོད་སྐད་མ་གཏོགས་སྦྱོང་མི་དགོས་ཟེར་བ་དང་གཅིག་མཚུངས་རེད། ང་ཚོའི་བདེ་སྡུག་མང་ཆེ་བ་གཅིག་ལ་གཅིག་བརྟེན་ཡིན་པས་རྒྱུས་ལོན་དགོས་པ་ལྟར། ལྷ་དང་མི། འདྲེ་སོགས་ཀྱང་དེ་ལྟར་ཡིན།
ཤུགས་ལྡན་གྱི ལོ་རྒྱུས་རིང་པོ་འདིའི་ནང་ཐབས་སྡུག་ཤོས་ཀྱི་བྱ་སྤྱོད་ད་ལྟའི་གནས་འདི་རེད། དེ་ཤུགས་ལྡན་བཀག་འགོག་བྱས་པའི་འཇུག་འབྲས་རེད། ནང་ཁུལ་གྱི་མཐུན་སྒྲིལ་དེང་སང་སྡུག་ག་འདུག ཆོས་དང་ཟང་ཟིང་གི་འབྲེལ་བཅད་པ་འདི་འདྲ་བོད་ཀྱི་ལོ་རྒྱུས་ནང་དང་པོ་རེད། འདི་ཡང་ཤུགས་བཀག་རྗེས་བྱུང་བ་ལས་ཤུགས་ལྡན་སྐྱེས་རྗེས་བྱུང་བ་མ་རེད།
མི་རིགས་དང་ཆོས་བརྒྱུད་ཟེར་རྒྱུ་མེད་དུམ་བུ་གཉིས་སུ་གྱེས་པའི་ཉེས་པའི་རྩ་བ་ཤུགས་བཀག་ཆེས་པ་ལས་བྱུང་བ་རེད།
རྟེན་འབྱུང་ཡིན་ན་ཅིག་གིས་ཞྭ་དཔེ་ལྷམ་ལ་བཀབ་ནས་བཤད་ཁུལ་བྱས་འདུག་པས་དམིགས་བསལ་ལན་མི་དགོས།
ལྷ་མིའི་སྲུང་སྐྱོབ་ཟེར་བ་འདི་ཡག་པོ་མིན་འདུག་ན་འདི་བཙུག་དགོས་པ་དེ་ཤུགས་ལྡན་བཀག་ཆེས་པ་ལས་བྱུང་བ་རེད།
མ་གཞི་བོད་པའི་ནང་ཨི་ཤུ་ཡོད་ཆོག མུས་ལིམ་ཡོད་ཆོག ཧིན་དུ་ཡོད་ཆོག བོན་པོ་ཡོད་ཆོག ནང་པ་ཡོད་ཆོག་ན་ཤུགས་ལྡན་བསྟེན་མི་ཆོག་ཟེར་བ་རྣ་བར་མི་འགྲོ་བའི་སྐད་ཆ་རེད།
མེ་ཏོག་དཀར་པོལ། ཁྱེད་རང་མགོ་ཡག་པོ་ཚོད་མིན་འདུག ཤུགས་ལྡན་ནམ་དོལ་རྒྱལ་བསྟེན་མི་ཆོག་སུས་ཟེར་གྱི་འདུག ༧གོང་ས་མཆོག་ནས་ཕ་མའི་བུ་ལ་བསླབ་བྱ་གནང་བ་ལྟར་དོལ་རྒྱལ་བསྟེན་ན་དགེ་སྐྱོན་ཇི་ཡིན་ལམ་སྟོན་ཁ་གསལ་གནང་ཡོད་པ་དང་ལྷག་པར་དུ་༧གོང་ས་མཆོག་ནས་ཁ་ཆེ་ཕ་ལུའི་རྣམ་མཐར་བཤད་ཡོད་དོ། ཉན་དང་མི་ཉན་སོ་སོ་འདོད་པ་རེད་བཅས་ཁ་གསལ་གསུང་ཡོད་པ་ས་བསྒྲས་གནམ་བསྒྲགས་ཡིན།
༧གོང་ས་མཆོག་གིས་དེ་ལྟར་གསུངས་མེད་ན་ཤིན་ཏུ་ལེགས།
ཁ་དང་ཁ་སྤུ་དབྱེ་འབྱེད། ཤ་དང་གྲི་སོ་སོར་འབྱེད་གི་ཡིན་ཟེར་ནས་ངར་ངར་བྱེད་མཁན་དེ་ཚོ་་་
ཁྱོད་རང་མགོ་ཡག་པོ་ཚོད་གི་ཡོད་ན་ཤུགས་ལྡན་བསྟེན་དང་མ་བསྟེན་རང་དབང་རེད་དམ་མ་རེད། ཤུགས་ལྡན་བསྟེན་ན་བོད་པའི་སྤྱི་ཚོགས་ནང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་དགོས་རེད་དམ།
མེ་ཏོག་དཀར་པོ་ལགས། ཁྱེད་རང་མགོ་ཁྱོན་ནས་ཚོས་ཀྱི་མི་འདུག
དོལ་རྒྱལ་བཀག་མཁན་སུ་གཅིག་ཡོད་མ་རེད། དོལ་རྒྱལ་བསྟེན་ན་དགེ་སྐྱོན་འདི་དང་འདི་འདུག་གསུང་ནས་ལེགས་ཉེས་ཀྱི་བཀའ་སློབ་གནང་སྐབས། དོལ་རྒྱལ་བ་ལ་རྒྱ་འདྲེས་བརླམས་ནས་སོ་སོའི་མི་རིགས་དང་ཆོས། རིག་གཞུང་སོགས་གད་སྙིགས་ལྟར་དོར་ནས་ཁྱི་སྤྱང་ལག་སྦྲེལ་གྱིས་མི་རིགས་ཀྱི་ཞབས་ནས་འཐེན། མི་གསོད་ཁྲག་སྦྱོར་གྱི་འཁོར་ལོ་བསྐོར་ཡོང་སྐབས་དགེ་འདུན་པ་ཚོས་དང་བླངས་ཀྱིས་ཁོ་ཚོ་དང་ཁ་ཁ་སོ་སོ་བྱས་པ་ཞིག་རེད། ཁྱེད་རང་གི་ཁ་ནང་གི་སོ་རུལ་ནས་ན་ཚ་ཞེ་དྲགས་བཏང་ན་སྨན་ཁང་ནང་སོང་ནས་བཀོག་དགོས་རྒྱུ་འདུག་ག། སོ་ན་ན་ཡང་ངའི་སོ་ཡིན་ཟེར་ནས་ཞེན་ཁོག་གནང་ས་འགྲོ་གི་མི་འདུག་ག། སྨན་པས་ཐ་མག་དང་། ཆང་གི་ཉེས་དམིགས་བཤད་ན་ཆང་འཐུང་དང་དུད་འཐེན་ཚོས་ཐ་མག་དང་ཆག་བཀག་གི་འདུག་ཟེར་ནས་ངོ་ལོག་རྒྱག་པ་དང་གཅིག་པ་རེད་གྲོགས་པོ།
ལགས་སོ།།
ངས་བལྟས་ན་༧གོང་ས་མཆོག་ནས་ཁྱེད་ཀྱིས་ཟེར་བ་ལྟར་དགེ་སྐྱོན་ཙམ་གནང་བ་ཡིན་ཀྱང་དེའི་དོན་མ་རྟོགས་པའི་བུད་མེད་ཚོགས་པ་ཟེར་བ་དེ་དག་གིས་བོད་འབངས་རྣམས་དོལ་རྒྱལ་མི་བསྟེན་རྒྱུའི་མནའ་སྐྱེལ་དུ་བཅུག བསྟེན་མཁན་དང་མཉམ་དུ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱ་རྒྱུའི་བཙན་དབང་བཏང་བས་དོལ་རྒྱལ་བ་དག་མ་བཟོད་པས་སྡུག་སྐད་ཤོར་བ་ལས་ཁྱི་སྤྱང་ལག་འབྲེལ་དང་རྒྱ་འདྲེས་བརླམས་ཟེར་བ་འདི་ཚོ་འབོར་ཤོད་བཤད་པ་ཙམ་ལས་སྙིང་པོ་མ་མཐོང་།
༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་སྐོར་ལ།
https://www.facebook.com/video.php?v=10152863668616460&set=vb.824661459&type=2&theater
གྲོགས་པོ། སྐུ་མདུན་ནས་ལེགས་ཉེས་བཀའ་སློབ་གནང་ནས་མི་ལོ་༢༠་རྗེས་ནས་ཁ་ཁ་སོ་སོ་བྱས་པ་ཞིག་རེད། མི་ལོ་༢༠་དེའི་ནང་བོད་མི་བརྒྱ་ཆ་གཅིག་ཙམ་ཡང་མི་ཟིན་པའི་དོལ་རྒྱལ་བ་ཚོས་བོད་མི་མང་ཐོག་འཇིགས་སྐུལ་ག་རེ་བྱས་ཡོད་མེད་ཁྱེད་ཀྱིས་རྟོག་ཞིབ་གནང་ན་ཤེས་ངེས། དགེ་འདུན་པའི་སྨོན་ལམ་འཚོགས་སྐབས།
སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ།།ཟེར་བའི་སྨོན་ལམ་འདོན་མི་ཆོག་ཚུལ་སོགས་ཀྱི་རྙོག་དྲ་མང་པོ་བཤད་རབས་འདུག།
བོད་གཞུང་དང་བོད་མི་མང་གི་ངོས་ནས་ཁོང་ཚོ་ལ་ཐོབ་ཐང་འདྲ་མཉམ་སྤྲད་ཡོད་པ་ཀུན་ལ་གསལ། འོན་ཀྱང་དོལ་རྒྱལ་བསྟེན་མཁན་ལ་ལྟ་ཚུལ་ངན་པ་སྤྱི་ཚོགས་ནང་ཡོད་པ་བདེན་པ་རེད། དེ་ཡང་ཁོང་ཚོའི་སྤྱོད་ངན་ལས་བྱས་པ་ལས། ༧གོང་ས་མཆོག་གི་བཀའ་སློབ་གནང་ནས་ཡོང་བ་ཞིག་མ་རེད། དེ་ཡིན་ན་༡༩༨༥་ནས་ཡོང་ཆོག་པ་ལ་དེ་མིན་པར་ལོ་རེ་རེར་སྡུག་རུ་འགྲོ་བ་དེ་ལས་ཤེས་ཐུབ།
མ་འགྲིག་པ་ཡོད་ཚད་ཤུགས་ལྡན་པའི་མགོ་ལ་གཡོག་ན་ཏག་ཏག་ཅིག་འགྲིག་གི་ཨ་ཡོད་ན། འདི་དག་ཀྱང་རྟེན་འབྱུང་མིན་ནམ། རང་དབང་ཚུགས་ཐུབ་དེ་འདྲ་ཡིན་གྱི་མ་རེད།
ལོ་ ༢༠ བཟོད་པ་བསྒོམས་རྗེས་ད་གཟོད་དབུགས་ཤོར་འདུག་ག
གནོད་པ་སྐྱེལ་མཁན་དེ་སུ་རེད། བཟོད་པ་སྒོམ་མཁན་སུ་རེད། མི་གསོད་མཁན་དེ་སུ་རེད། བཟོད་པ་སྒོམ་མཁན་སུ་རེད། ལགས། མེ་དཀར་ལགས།
ཤུགས་ལྡན་ལ་དད་མཁན་ཚོ་བཟོད་པ་བསྒོམ་མཁན། ཤུགས་ལྡན་བསྟེན་མི་ཆོག་ཟེར་མཁན་རྗེས་འབྲང་དང་བཅས་པ་སྨྲ་བརྗོད་རང་དབང་ཆོས་དད་རང་དབང་འཕྲོག་མཁན་ཚོ་གནོད་པ་སྐྱེལ་མཁན། གུང་ཐང་ཚུལ་ཁྲིམས་གསོད་མཁན་ངས་ཧ་གོ་མ་སོང་ཁྱོད་ཀྱིས་ཤེས་ན་ཤོད་དང་། ཀརྡོ་ལགས།
མི་ལོ་བཞི་བརྒྱ་ཙམ་གྱི་སྔོན་ནས་ད་བར་དུ་སྐྱེས་བུ་དམ་པ་མང་པོ་ཞིག་གིས་དོལ་རྒྱལ་བཀག ཉུང་ཤས་ཞིག་གིས་ཁྱབ་གདལ་བཏང་ནས་ཡོང་བ་རེད། དེ་ལྟར་༧་གོང་ས་མཆོག་གིས་ཀྱང་སྔོན་གྱི་སྐྱེས་བུ་དམ་པ་དེ་ཚོ་ལྟར་དོལ་རྒྱལ་བསྟེན་ན་འགྲིག་གི་མི་འདུག་གསུང་ནས་ལེགས་ཉེས་ཀྱི་བཀའ་སློབ། ལོ་རྒྱས་དང་རྒྱུ་མཚན་བགྲང་ནས་གསུང་སྐབས། དོལ་རྒྱལ་བ་ཚོས་མི་གསོད་ཁྲག་སྦྱོར་རིམ་པར་བྱས་པ་རེད། ཡིན་ཡང་ཚུར་ཕྱོགས་ནས་བཟོད་སྒོམ་དང་ཞི་བའི་ཐོག་གནས་པ་རེད། དེས་སུ་ལ་གནོད་ཡོད་མེད་བསམ་བློ་ཞིབ་ཚགས་གཏོང་ན་ཤེས་ཀྱི་རེད།
ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་༧གོང་ས་སྐྱབས་མགོན་ཆེན་པོ་བཅུ་བཞི་བ་འདི་སྤྱན་རས་གཟིགས་དངོས་ཡིན་པ་དང་། བོད་བསོད་ནམས་ཀྱིས་ཁྱོག་ན་རྒྱལ་དབང་སྐུ་ཕྲེང་ན་རིམ་གཅིག་ཏུ་བསྡོམས་པ་ལས་ལྷག་ཡིན། ཆོས་སྲིད་ལམ་སྟོན་བཀའ་སློབ་འོག་ཚང་མས་ཤར་སྐྱོད་དགོས་ཚུལ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་ཡིག་ཆ་དང་དེབ་ལས་གསལ་བོར་ཡོད། ལྷག་ཏུ་དོལ་བསྐང་གྲྭ་ཚང་གི་ཚོགས་དབུས་འདོན་ན་འགྲིག་གི་མེད་ཚུལ་ཡང་གསུང་ཡོད་པ་ད་ལྟ་བཞུགས་བཞིན་པའི་ཁོང་གི་སློབ་མ་ཐེ་བོ་སྤྲུལ་སྐུས་གསུང་གི་འདུག དེར་ལྟོས་ན་དོལ་རྒྱལ་ཐོག་ཁྲི་བྱང་རིན་པོ་ཆེས་ལྟ་སྟངས་ག་འདྲ་ཞིག་ཡིན་པའང་གསལ་བོ་རེད་པ།
ཕན་དང་གནོད་ཟེར་བ་འདི་དག་ལྷ་མཐོང་འདྲེ་མཐོང་རྐྱང་རྐྱང་ལ་གཞི་བྱས་པ་འདི་ལས་སྐྱུགས་བྲོ་བ་ལ་ཨང་། འདི་འདྲ་ལ་བློ་བཏད་ནས་བོད་མི་དུམ་བུ་གཉིས་སུ་ཕྱེ་བ་འདི་སྐྱོ་བ་ལ་་་་
ཡོངས་འཛིན་གྱིས་གསུངས། ལྔ་པ་ཆེན་པོས་གསུངས་སོགས་གསུངས་པའི་ཕྱིར་གསུངས་པའི་ཕྱིར་ཟེར་ན་ཁས་ལེན་རྒྱུ་མིན་ཞེས་གོང་ནས་བཤད་ཡོད།
དོལ་རྒྱལ་ལམ་ཤུགས་ལྡན་ཞེས་པ་དེ་ལྷ་འདྲེ་གང་ཡིན་དང་བོད་མིའི་སྤྱི་ཚོགས་ལ་གནོད་པས་སྤོང་རྟགས་སུ་ལ་ཡང་བཤད་རྒྱུ་མེད་པ་མངོན་སུམ་ཚད་གྲུབ་རེད་འདུག། གཟིམ་ཁང་གོང་འོག་གཉིས་མ་མཐུན་པའི་དབང་གིས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དེ་དོལ་རྒྱལ་ལ་སྤྱོད་ནས་གླེང་རྩོད་འདི་བྱུང་བ་ཡང་ཚད་གྲུབ་རེད་འདུག། བླ་བྲང་གཉིས་ཀས་དེའི་སྐོར་རྟོག་བཏགས་དང་སྒྲོ་སྐུ་སྣ་ཚོགས་ཀྱི་རྒྱུད་རིམས་འོག་ནས་ཆོས་རྒྱུད་བཞིའི་ཆོས་་ལུགས་ཀྱི་བྱེད་སྒོའི་བསྲེགས་སྲེག་དང་མནན་གནོན་སོགས་ཀྱི་ལས་སྦྱོར་ཡོད་ཚོད་སྤྱོད་ནས་གླེང་སྡོད་པ་རེད། འོན་ཀྱང་དོལ་རྒྱལ་ཞེས་པའི་གླེང་གཞི་དེ་ཤུགས་ཆེ་ནས་ཆེ་རུ་སོང་སྡོད་པ་རེད། གོང་ས་མཆོག་གིས་བདུན་བཅུ་དོན་གྲངས་ནས་གླེང་གཞི་དེ་ཆབ་སྲིད་ཀྱི་རྣམ་པ་ཞིག་ཏུ་སྒྱུར་ནས་ལྷ་འདྲེའི་རྩོད་པ་དེ་བོད་མིའི་སྤྱི་ཚོགས་ཀྱི་གླེང་གཞི་ཞིག་ཏུ་གྱུར་སོང་རེད། དེས་ཀྱང་དོལ་རྒྱལ་མེད་པ་བཟོ་མ་ཐུབ་པ་དོལ་རྒྱལ་གྱི་ནུས་པ་དེ་འཛམ་གླིང་གང་སར་ཁྱབ་སོང་བ་རེད། དོལ་སྒོལ་བ་ཚོས་དོལ་ཚོགས་པ་དེ་དག་རྒྱ་དམར་དང་འབྲེལ་མཐུན་ཡིན་ཚུལ་བཤད་བཤད་ཉིད་ཀྱིས་དེང་སྐབས་རྒྱ་དམར་གྱིས་དོལ་ཚོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་གསལ་དུ་སོང་བ་རེད། ཤུགས་ལྡན་ཤེས་པའི་མིང་དེ་དོན་ལྡན་འདྲ་པོ་འདུག། ཆོས་ཀྱིས་མི་ཐུབ། ཆབ་སྲིད་ཀྱིས་མི་ཐུབ། སྤྱི་ཚོགས་ཀྱིས་མི་ཐུབ། དཔལ་འབྱོར་གྱིས་མི་ཐུབ། ཉིན་རེ་བཞིན་རྒྱས་འགྲོ་ཡི་འདུག། ད་གང་དྲག་གམ། འདྲེ་ཐ་མ་པ་དེ་འདྲ་ཞིག་འདུལ་བའི་ནུས་པ་ཡོད་པའི་བླ་སྤྲུལ་ཞིག་གངས་ཅན་པ་ལ་མེད་སོང་བ་ཡིན་ནམ།་་་་་་་་་་་་་་་་་་་་་་རྩོད་རྩོད་རྩོད་་་་་་་་་་་་་་གླེང་གླེང་གླེང་་་་་་་་་་་་་་་་་་་་་་་་་།
དོལ་རྒོལ་ལ་བཅོས།
ཤུག་ལྡན་ཡང་མ་རེད་ལྷ་ཡང་མ་རེད་འདྲེ་རེད་འདྲེ་དེ་གནའ་སྔ་མོ་ནས་མེད་པ་བཟོད་འཚར་བ་རེད་ཁྱོད་འཚོ་བརྩོད་པ་མ་རྒྱབ་འདྲེ་ཡི་མིང་འཁུར་ནས་རྒྱ་ནག་པའི་རྒྱུག་འཁྱི་དེ་འཚོ་ངོ་ཚ་མེད་པ་ལས་འབྲས་ལ་མི་བརྩི་མཁན་རེད་ནང་པ་མ་རེད་བོད་པ་མ་རེད
གང་ལྟར་ཕྱོགས་ཡོངས་ནས་བསམ་ན་དོལ་རྒྱལ་བཀག་པ་དེ་འགྲིག་བསྡད་ཡོད་པ་རེད། དེ་མིན་ན་བོད་འདི་ཚར་ཚར་བ་རེད།
དང་པོ་བོད་སོག་ལས་ཁུངས་ཀྱི་རྙོག་དྲ།
གཉིས་པ་ཆུ་བཞི་སྒང་དྲུག་གི་རྙོག་དྲ།
གསུམ་པ་དོལ་རྒྱལ་གྱི་རྙོག་དྲ་བཅས་རིམ་བཞིན་སེལ་ནས་ཡོང་བ་ཞིག་རེད།
སྤྱི་ཚོགས་ཅིག་ནང་ལ་རྙོག་དྲ་ཅུང་མེད་པ་ཞིག་གང་ནས་ཡིན་ན་ཡང་ཡོད་མ་རེད། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་བདུད་ལྷས་བྱིན་གྱིས་རྙོག་དྲ་མང་པོ་བཟོས་པ་རེད། དེ་སོང་ཙང་དོལ་རྒྱལ་གྱི་རྙོག་དྲ་དེ་ཧ་ལས་དགོས་པ་ཞིག་མ་རེད།
དོལ་རྒྱལ་དད་པས་བསྟེན་ན་བོད་ལ་གནོད་ཚུལ་གང་འདྲ་རེད། ཅིག་ཅིག་གི་མནལ་ལམ། མིག་མིག་གི་ཐུགས་བརྟག་སོགས་ཟེར་རྒྱུ་ལས་གཞན་ཅང་མེད་པ་ཐག་གཅོད།
བོད་དུམ་བུ་གཉིས་སུ་གྱེས། ༧གོང་ས་མཆོག་ལ་དངོས་སུ་རྒོལ་མཁན་གྱི་བོད་པ་མང་ཐག་ཆོད་ཅིག་ཤུགས་ལྡན་དད་ལྡན་པ་ཚོར་བརྙས་བཅོས་བཏང་བ་ལས་བྱུང་སོང་།
ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་མ་ཎི་ནང་བཞིན་བགྲང་མཁན་བོད་པ་ཚོ་རང་དང་མ་མཐུན་ན་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་རྒྱ་མི་ནང་བཞིན་རྡོལ་རོལ་དུ་གཏོང་མཁན་རྐྱང་རེད་འདུག
སྤྱིར་བཏང་དགེ་ལུགས་ནང་ཁུལ་གྱི་རྙོགས་དྲ་འདི་བོད་སྤྱི་པའི་སྟེང་སྤུངས་པ་འདི་མ་བཟང་།
དེང་སྐབས་དོལ་ཚོགས་པས་ཕྱོགས་གང་ས་ནས་སྤྱོད་པ་སློག་ཡོང་གི་འདུག། ཁོ་ཚོར་ཁག་མེད། དོལ་རྒོལ་ཚོས་ཚོད་ཟིན་མ་སོང་། ཁས་ཞི་བདེ་དང་གཏན་ལྷིང་། བྱམས་པ་དང་སྙིང་རྗེ། མཐུན་ལམ་དང་གྲོས་མོལ་སོགས་བོད་ཀྱི་བླ་དཔོན་ཚོས་རྒྱུན་དུ་གསུངས་སྡོད་ཀྱི་ཡོད་འོན་ཀྱང་དོལ་ཚོགས་པར་དེ་ལས་ལྡོག་ནས་བྱས་སྡོད་སོང་། ད་དུང་ཡང་ལྷ་འདྲེའི་རྩོད་པ་འདིས་བོད་ཀྱི་ནང་ཆོས་ཀྱི་ནང་ཁྲོམས་མང་དག་ཞིག་སྟོན་རྒྱུ་སྡོད་ཡོད།
མེ་ཏོག་དཀར་པོ་དང་དྲ་གྲོགས་རྣམ་པ།
ངས་འདིར་དོལ་རྒྱལ་གྱི་ཐུག་པ་ཞིམ་པོ་དེར་ཚྭ་ཏོག་ཙམ་ཞལ་འདེབས་འབུལ་ཆོག་པ་གནང་བ་སྤྲོད་རོགས།
སྒེར་གྱི་འཁོན་འཛིན་ཤུགས་ལྡན་གྱི་འཐབ་རྩོད་ལ་སྤོ་བ།
གོང་ས་མཆོག་གིས་ཤུགས་ལྡན་མ་བསྟེན་ན་ལེགས། ང་རང་བསྟེན་པ་ཡིན། ནོར་འདུག་གསུངས་རྗེས།་ཤུགས་ལྡན་གསོལ་མཁན་མང་ཆེ་བ། ལྷག་པར་དུ་སྲོག་གཏད་ཡན་ཆད་ཞུས་ཟིན་པའི་དགེ་ལུགས་པའཻ་བླ་མ་རྣམས་ལ་དེ་བཞག་པར་དཀའ་ངལ་འཕྲད་མེད། ལྷག་པར་དུ་ཁྲི་བྱང་སྤྲུལ་སྐུའི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་གཅིག་ཁོ་ན་སྟེ། བླ་ཏི་རིན་པོ་ཆེས་ཡང་། འཕྲལ་མར་དོལ་རྒྱལ་མཚམས་བཞག ཁོང་གི་བླ་བྲང་དང་སློབ་མ། ཁྲི་བྱང་སྤྲུལ་སྐུ་ཕར་ཕུད་པ་ཚང་མར་དགའ་དགའ་སྤྲོ་སྤྲོའི་ཐོག་མཚམས་བཞག རྙོག་ཁྲ་བྱུང་མིན་འདུག བླ་ཏི་རིན་པོ་ཆེས་ཁྲི་བྱང་སྤྲུལ་སྐུར། སྐུ་ཚེ་འདིར་བདེ་མཆོག་གཙོ་བོར་ཉམས་བཞེས་གནང་དགོས་ཅེས་ཡང་ཡང་ཞུ་སྐུལ་མཛད་རུང་། གསན་མིན་འདུག
སྐབས་དེ་དུས་ཤུགས་ལྡན་བསྟེན་མཚམས་བཞག་འདོད་མེད་པ་རྣམས་ཀྱིས་གསང་བའི་ཐོག་བསྟེན་པ་དེ་ཡང་གོང་ས་མཆོག་གིས་ལོ་མང་གཡུགས་བཞག་འདུག
གཙོ་བོ་དེ་དགེ་བཤེས་སྐལ་བཟང་ཟེར་བའི་དབྱིན་ཡུལ་བཀའ་གདམས་གསར་མའི་ཆོས་ཚོགས་ཟེར་བ་མི་དེ་དང་དཀའ་ངལ་འཕྲད་འདུག དཀའ་ངལ་འཕྲད་སྟངས་ཀྱི་རྒྱུ་མཚན་ཤུགས་ལྡན་དང་འབྲེལ་བ་མེད་པ་ཆེན་པོ་གསུམ་འདུག
དང་པོ། དགེ་བཤེས་སྐལ་བཟང་ལོན་ཊོན་ལ་བླ་མ་ཡེ་ཤེས་ཀྱི་ཆོས་ཚོགས་མན་ཇུ་ཤེ་རེ་ཟེར་བར་གདན་ཞུ་བྱས་ནས། ཆོས་ཚོགས་དེ་གའི་ཆོས་དགེ་ལྟ་བུར་བསྐོས་འདུག དགེ་བཤེས་སྐལ་བཟང་གིས་ཆོས་ཚོགས་དེ་གའི་མིང་དང་སློབ་མ་ཚང་མ་ཁྱེར་ནས། གྲོང་ཁྱེར་གཞན་པ་ཞིག་ལ་ཆོས་ཚོགས་བཙུགས། ད་དུང་བླ་མ་ཡེ་ཤེས་ཀྱི་ཆོས་ཚོགས་ཀྱི་མ་རྩ་བགོས་དགོས་ཅེས་དབྱིན་ཇིའི་ཁྲིམས་ལ་བཏུགས་སྐབས། དེ་ལ་གོང་ས་མཆོག་གིས་དབྱིན་ཇིའི་ཁྲིམས་ཁང་ལ་དཔང་རྟགས་ཡི་གེ་གནང་ནས། ཆོས་ཚོགས་དེའི་བདག་པོ་སྙོས་མེད་དེ་བླ་མ་ཡེ་ཤེས་ཡིན་པས། དགེ་བཤེས་སྐལ་བཟང་ལ་རྒྱུའི་ཐོབ་ཐང་རྩོད་པའི་གོ་བབ་མེད་ཅེས་བཏང་བའི་རྗེས། རྩོད་པ་དེ་གཞི་ནས། དགེ་བཤེས་སྐལ་བཟང་དེ་ནས་བཟུང་གོང་ས་མཆོག་དགྲ་ལྟ་བུའི་འདུ་ཤེས་བཟུང་བ་རེད། ཐུག་ས་དངུལ་རེད།
གཉིས་པ། དགེ་བཤེས་སྐལ་བཟང་གིས་རྒྱུན་པར་སྙིང་མའི་རྫོགས་ཆེན་དེ་ནང་པའི་ལྟ་བ་མིན་ཚུལ། རྫོགས་ཆེན་ཆོས་སྐོར་གསར་བཟོ་ཡིན་པའི་སྐད་ཆ་རྟག་ཏུ་ཤོད་བཞིན་པ་དེར་གོང་ས་མཆོག་ནས་མི་བརྒྱུད་ལན་བསྐུར་ནས། ཁྱེད་རང་འདུལ་བ་འཛིན་པའི་དགེ་སློང་ཞིག་གིས་དེ་ལྟར་གསུངས་ན། དགེ་སློང་གི་བསླབ་པ་ལྟུང་གི་རེད་ཅེས་བཀའ་བསྩལ་བ་དེར་དགེ་བཤེས་སྐལ་བཟང་གིས་རྒྱུན་པར་ཟུར་ཟ་དང་། གོང་ས་མཆོག་ཏ་ལའི་བླ་མའི་ཡང་སྲིད་ངོ་མ་ཡིན་མིན་དྭོགས་པ་འདུག་ཟེར་བའི་སྐད་ཆ་བཀྲམས་པ་རེད། དེ་རྙོག་ཁྲ་གཉིས་པ་དེ་རེད།
གསུམ་པ། གོང་ས་མཆོག་གིས་རྡ་རམ་ས་ལའི་གཙུག་ལག་ཁང་ནང་ལ་གུ་རུའི་སྐུ་བཞེངས་པ་དེས། དགེ་བཤེས་སྐལ་བཟང་དང་། སྤེལ་ཟུར་ཇོ་ལགས། སོག་པོ་གུ་རུ་དེ་ཝ་ཟེར་བ་སོགས་ཀྱིས་ངོ་རྒོལ་ཆེན་པོ་བྱས་འདུག་རུང་། གོང་ས་མཆོག་གིས་དེ་ལ་གསན་འཇོག་མཛད་མེད། རྗེས་མ་ཁོང་ཚོ་འུ་ཐུག་ནས། མཛེ་སྨད་སྤྲུལ་སྐུར་ཞུ་བ་ཐེན་ནས། སྙིང་མའི་ཆོས་བྱས་ན་དོལ་རྒྱལ་གྱིས་སྲོག་བཅོམ་གྱི་རེད་ཟེར་བའི་གཞི་རྩ་འདི་འདྲ་གཅིག་ལ་རེ་བ་བཅོལ་ནས། ཕ་རྒོད་བླ་མའི་ཞལ་ལུང་བརྩམས་པ་རེད།
གསལ་པོ་ཤེས་དགོས་པ་ཞིག་ལ། དགེ་བཤེས་སྐལ་བཟང་ཁོ་རང་སྔོན་མ་དོལ་རྒྱལ་བསྟེན་སྲོལ་བྱེད་ཀྱི་མིན་འདུག ཕ་རྒོད་བླ་མའི་ཞལ་ལུང་མ་འཐོན་གོང་དང་། ཤུགས་ལྡན་རྩོད་རྙོག་མ་ཡོང་གོང་ཁོང་གི་ཆོས་ཚོགས་ལ་ཡང་དོལ་རྒྱལ་སྐུ་མཐོང་རྒྱུ་མེད། ལྷག་པར་དུ་འདྲི་བ་ཆེན་པོ་ཞིག་ལ། དགེ་བཤེས་སྐལ་བཟང་གི་དོལ་རྒྱལ་སྲོག་གཏད་ཞུ་ཡུལ་ཡང་ལྐོག་འགྱུར་རེད། སྔོན་མ་སློབ་མ་ཞིག་གིས་དགེ་བཤེས་སྐལ་བཟང་གི་སྲོག་གཏད་རྒྱུད་པ་གསུང་རོགས་ཟེར་དུས། འཇམ་དཔལ་དབྱངས་ཀྱི་རྨི་ལམ་ལྟ་བུ་ཞིག་ལས་བཤད་རྒྱུ་མེད། དགེ་བཤེས་སྐལ་བཟང་གི་སློབ་མ་རྙིང་པ་ཚོས་བཤད་རྒྱུར། དགེ་བཤེས་སྐལ་བཟང་ཐོག་མར་དབྱིན་ལན་ལ་ཡོང་དུས་རྒྱུན་པར་རྟ་མགྲིན་གྱི་ཟླ་བསྐང་གཏོང་གི་འདུག་ཟེར།
ད་བསམ་བློ་ཡག་པོ་གཏོང་དང་།་ད་ལྟ་གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་གྱི་འགོ་ཁྲིད་དགེ་བཤེས་སྐལ་བཟང་རེད།
བཞི་པ། སྔོན་མ་བླ་ཏི་རིན་པོ་ཆེ་སྐུ་བཞུགས་པའི་སྐབས་ལ། དགེ་བཤེས་སྐལ་བཟང་ལ་ཁྱེད་རང་ཤུགས་ལྡན་བསྟེན་ནས་ཟུར་དུ་ཐོན་ན་སྐྱོན་མེད། འོན་ཀྱང་གོང་ས་མཆོག་ལ་སྐྱོན་བརྗོད་དང་ངོ་རྒོལ་མཚམས་འཇོག་དགོས་ཅེས་བཀའ་བསྩལ་འདུག དེའི་ལན་ལ་དགེ་བཤེས་སྐལ་བཟང་གིས། ཤུགས་ལྡན་འཇོག་རྒྱུ་དེ་ཤིན་དུ་ལས་བསླ་པོ་རེད། ང་དང་སྐུ་སྒེར་ཡིག་ཚང་གི་གནས་ཚུལ་དེ་ཤུགས་ལྡན་མ་རེད། གཙོ་བོ་སངས་རྒྱས་བསྟན་པར་ཐུག་ཡོད། ཐུག་སྟངས་དེ་གོང་ས་མཆོག་གིས་ཆོས་ཀྱི་མཛད་པར་ཐུག་ཡོད། དེ་ངས་ཞུ་མི་དགོས། ཁོང་གིས་མཁྱེན་མཁྱེན་པ་རེད། དགེ་ལྡན་བླ་མའི་མཛད་སྤྱོད་གཙང་མ་གནང་ན། ཤུགས་ལྡན་ལས་ལྷག་པ་རང་གི་སྲོག་ཀྱང་འབུལ་ཐུབ་ཟེར་ནས། གོང་ས་མཆོག་གིས་གསང་སྔགས་རྙིང་མའི་ཟབ་ཆོས་ལ་ཉམས་ལེན་གནང་བ་དེར་དགེ་བཤེས་སྐལ་བཟང་དཀའ་ངལ་འཕྲད་ཡོད། འདི་ཚོ་ཚང་མ་ཁྲི་བྱང་སྤྲུལ་སྐུས་དང་ཁོང་གི་བླ་བྲང་མི་སྣ་ཚོས་ཤིན་དུ་གསལ་པོ་མཁྱེན་གྱི་ཡོད།
བསམ་ཤེས་ལགས་ཀྱིས་ཁ་ལག་ནང་ཚྭ་ཏོག་ཙམ་བརྒྱབ་ནས་བྲོ་བ་ཞིམ་རུ་བཏང་སོང་ཐུགས་རྗེ་ཆེ།
དོལ་རྒྱལ་གྱི་རྐྱེན་ཀྱིས་གུ་རུ་རིན་པོ་ཆེའི་སྐུ་འདྲ་ཆུར་གཡུག་པའི་ལོ་རྒྱུས་མང་པོ་ཡོད་པ་རེད། རྙིང་མས་རྣམ་རྟོག་ཆེན་པོ་ཟ་དགོ་ཡ་གཅིག་དེ་རེད། གཉིས་ནས་དོལ་རྒྱལ་བསྟེན་མཁན་ཚང་མས་གུ་རུ་རིན་པོ་ཆེ་དང་ཡི་དམ་རྟ་མགྲིན་ལ་དགའ་གི་མ་རེད། དེ་ཁོ་དམ་སྲི་དང་རྒྱ་འདྲེ་ཡིན་པའི་རྟགས་མཚན་གསལ་བོ་ཞིག་རེད། ག་རེ་རེད་ཟེར་ན་གུ་རུ་རིན་པོ་ཆེ་དང་ཡི་དམ་རྟ་མགྲིན་དེ་དེའི་ཁག་གནོན་ཡིན་ཙང་རེད།
གསུམ་ནས་བོད་གཞུང་ལ་དགའ་གི་མ་རེད། དེ་ཐོག་ནས་ཀྱང་གསལ་བོ་རེད། གང་ལྟར་ལོ་རྒྱུས་ལ་ལྟོས།
བསམ་ཤེས་འདི་ཐོས་རྒྱ་ཆེ་བ་ལ། ངས་དེ་རིང་མ་གཏོགས་དེ་ལྟར་གོ་ཡང་མ་མྱོང་། ད་གོ་ཤེས་ཐུབ་པར་བསམ་ཤེས་ལགས་སུ་བཀའ་དྲིན་ཆེ་ཞེས་ཞུའོ། ད་དུང་གང་ཤེས་གསུང་རོགས་གནོངས།
དགེ་བཤེས་སྐལ་བཟང་གི་དོལ་རྒྱལ་བསྟེན་གསོལ་སྐོར་ལ་རྩོད་རྒྱུ་གང་ཡང་ལྷག་ཡོད་མ་རེད། གོང་ས་ཆོག་གིས་དགེ་བཤེས་སྐལ་བཟང་གི་བྱེད་སྟངས་དེ་འགྲིག་པ་རེད། ཁོང་གིས་ཕྱི་གསལ་ནང་གསལ་བྱེད་གནང་གི་ཡོད་རེད། ཁོང་ཆོས་རྣམ་དག་རེད། ཞེས་ཡང་ཡང་གསུངས་ཚ་བ་རེད། རྫོགས་ཆེན་འབྱུང་ཁུངས་བོན་པོ་ནས་ཡིན་པར་བོན་གྱི་ལོ་རྒྱུས་ནང་ག་ཚོད་དགོས་དགོས་ཡོད་རེད། གུ་རུ་རིན་པོ་ཆེ་དང་རྟ་མགྲིན་བཅས་ནི་དོལ་རྒྱལ་གྱི་ཁག་གནོན་ཡིན་ཞེས་ཟེར་ན་གུ་རུ་རིན་པོ་ཆེ་དང་ཡི་དམ་རྟ་མགྲིན་གཉིས་ལ་སྨད་པ་རེད།
བསྟན་འཛིན་ལགས།
དོལ་རྒྱལ་ངོ་མ་ལྷ་ནུས་སྟོབས་ཅན་ཁྱེད་ཚོས་བཤད་པ་ནང་བཞིན་ཡིན་ན། ད་ལྟ་མི་ཚང་མས་དོལ་རྒྱལ་ལ་ཁ་བརྡུང་དང་། རྩ་མེད་གཏོང་དུས། ལྷའི་ནུས་པ་ཞིག་འདོན་དགོས་ཚོད། དེ་བྱུང་མ་སོང་། དེས་གང་མཚོན་ནམ། ལྷ་དེར་ནུས་པ་མེད་པ་གསལ་པོ་ཆག་མ་སོང་ངམ།
དོལ་རྒྱལ་སྟེན་མཁན་ཚོས། དོལ་རྒྱལ་གྱིས་མི་སྐྱོབ་ཀྱི་ཡོད་པའི་འདོད་པ་རེད། དོན་དངོས་ལ་ད་ལྟ་མི་ལི་ཐར་ཨ་དར་དང་། དཀོན་མཆོག་རྒྱལ་མཚན། དགེ་བཤེས་སྐལ་བཟང་། གངས་ཅན་བླ་མིང་ཅན་སོགས་ཀྱིས་དོལ་རྒྱལ་ཕར་སྐྱོབ་ནས་བསྡད་འདུག ལྷ་མི་སྲུང་སྐྱོབ་མིང་དོན་མཚུངས་འདུག
མིས་ཕར་ལྷ་སྐྱོབ་དགོས་པའི་དུས་ཚོད་འདི་འདྲ་ཞིག་ལ་ད་དུང་དོལ་རྒྱལ་གྱི་ནུས་པ་བཤད་ན་ཅུང་ནོངས་པ་ཞིག་མི་ཡོང་ངམ། དེ་བཞིན་ལྷ་མི་སྲུང་སྐྱོབ་ཚོགས་པ་ཟེར་དུས་ནས་ལྷ་དེ་ལ་ནུས་པ་མེད་པ་གསལ་པོ་ཆགས་མི་སོང་ངམ།
ལན་ཐུང་ཐུང་ཞིག་བསྟེར་ན། ངས་དགེ་བཤེས་སྐལ་བཟང་གི་གསང་བ་ཆེ་ཤོས་དེ་ཉིན་ཤས་བརྟོལ་རྒྱུར་བརྒྱང་རྒྱུ་ཡིན།
དོལ་རྒྱལ་མི་ཡིས་སྐྱོབ་ན་འདྲ།་སུ་ཡིས་སྐྱོབ་ན་ཁྱད་མི་འདུག། གལ་སྲིད་དེ་ཡོད་པ་ཡིན་ན་དེ་ག་རང་གིས་ཁོ་ལ་ནུས་པ་ཡོད་སོང་བ་རེད། མ་གཞི་ནི་ལྷ་འདྲེ་ཟེར་བ་དེ་ཚོ་ཆོས་དམག་གི་ཆེད་དུ་མི་ཡིས་རྟོག་རྟགས་ཀྱིས་སྐྱོབ་སྡོད་པ་ལས་གཞན་ཅང་ཡོད་བཟོ་མི་འདུག།
གདོན་འདྲེ་མང་པོ་ཡོད་པའི་ནང་ནས་འགའ་ཤས་དང་། དེ་ཡང་ཅུང་ནུས་པ་ཡོད་མཁན། རྒྱུད་མ་རུང་བ་ཡིན་མཁན་དེ་ཚོས་ཆོ་འཕྲུལ་འདྲ་མིན་བསྟན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིན་མདོག་གིས་མི་ལ་མགོ་སྐོར་བཏང་། མིས་མགོ་སྐོར་ཐེབས་ནས་ཁོ་ལ་མགོ་འབུལ་ལུས་འབུལ་ཞུས་ཡོང་དུས་རྗེས་ནས་མི་ལ་གནོད་པ་བསྐྱེལ་ཐུབ་ཀྱི་ཡོད་ཚོད་འདུག དེ་མིན་འབྲེལ་བ་མེད་ན་གང་ཡང་གནོད་ཐུབ་ཀྱི་མ་རེད། དེ་མིན་ལུས་སེམས་ཀྱི་ནུས་སྟོབས་ཧ་ཅང་དམའ་བོ་ཡོད་མཁན་ཚོར་སེམས་གཡེང་བའི་སྐབས་གནོད་པ་བསྐྱེལ་ཐུབ་ཀྱི་ཡོད་ཚོད་རེད།
ཨ་ལ་ལ། མཆན་ཡག་པོ་མང་ཐག་ཆོད་ཞིག་བྲིས་འདུག། ད་ལྷ་ཡིན་ན་དགའ་དགོས་བའི་དུས་དང་འདྲེ་ཡིན་ན་གནོད་བྱེད་པའི་དུས་ལ་སླེབ་འདུག ད་ངེད་ནས་ནི་ཨོཾ་མོའི་ཙེ་དུང་སོཧྭ་ཞེས་གསོལ་བ་ཞིག་བཏབ་ནས་ཉལ་རྒྱུ།
མཆན། 58 བསམ་ཤེས་ལགས། སོག་བླ་གུ་རུ་དེ་ཝ་ཞུ་བ་ཕྲན་གྱིས་ངོ་ཤེས་རྒྱུས་ཡོད། ཁོ་ལ་དགྲ་གཉེན་གཉིས་ལས་བར་མ་མེད་ཟེར་མཁན་ཞིག་རེད། དོལ་རྒྱལ་ཕྱོགས་བྱེད་དོན་གཙོ་བོ་དངུལ་ལ་ཐུག་ཡོད། ཁོས་ང་ལ་འདི་ལྟར་བཤད་མྱོང་། གསང་སྔགས་ལ་བླ་མས་གང་གསུངས་སྒྲུབ་དགོས་པ་ཤེས་མོད། བླ་མ་གྲྭ་ཚང་ལ་བློ་ཡོད་ཚད་གཏད་ཀྱང་བསླུས་པ་ཡིན་ན་བཀའ་ལ་ཉན་དགོས་མེད་ཟེར། དེ་ཅི་འདྲ་ཡིན་དྲིས་པས། ཁོ་ལ་རྒྱུ་ནོར་ཁང་པ་དང་ཅ་ལག་ཡོད་ཚད་འཕྲོག་སོང་ཟེར། དེའི་རྒྱབ་རྩ་ན་བླ་མ་ཆེ་ཁག་དང་། བོད་གཞུང་ཡང་ཡོད་ཟེར། ཡང་བརྒྱུད་རིམ་དྲིས་པས། དང་པོ་དོལ་རྒྱལ་ཕྱོགས་བྱས་པ་ཡིན། དེ་ནས་༧གོང་ས་མཆོག་ལ་བཀའ་འདརི་ཞུས་ཏེ་གསུང་བཞིན་སྒྲུབས་་བསམ་ཡོད་ཀྱང་སྐུ་མདུན་མཇལ་ཁ་མ་ཐོབ་པར་མ་ཟད་གདོན་འདྲེ་ལྟ་བུར་བརྩིས་གང་དུ་སོང་ཡང་བོད་པ་ཚོས་རྣམ་འགྱུར་སྡུག་པོ་བསྟན། དེ་ནས་གྲྭ་ཚང་ནས་གནས་དབྱུང་བཏང་། ད་ཆ་བལ་ཡུལ་དུ་སྡོད་ས་མེད་པར་གྱུར་སོང་ཟེར། གཙོ་བོ་ཁོ་བོའི་རྒྱུ་ནོར་གཞུང་བཞེས་ཀྱི་ཆེད་རེད་། ད་ནི་ལམ་ཁ་གཅིག་ལས་མེད་ཟེར། ཕྲན་གྱིས་དེ་༧གོང་ས་མཆོག་གིས་མཁྱེན་མེད་སྲིད། མཇལ་གཅར་ཞུས་ན་ད་དུང་གོ་སྐབས་ཡོད་ངེས་བྱས་པས། གོང་ས་མཆོག་གི་མདུན་ན་འདོན་མང་པོ་སྔོན་ཆད་ངའི་གྲོགས་པོ་རེད། མཁྱེན་ངེས་པར་ཡོད། ད་ནི་ཤི་ཡང་བོད་གཞུང་དང་འབྲེལ་བ་མི་བཟོ་ཟེར། ཡང་དྲིས་པ། ཁྱོད་རྙིང་མའི་ཆོས་ལ་མི་དགའ་བ་ཡོད་དམ་དྲིས་པས། རྙིང་ཆོས་ཐམས་ཅད་གཙོག་པ་ག་ལ་ཡིན། བར་ཆད་ལམ་སེལ་ངའི་ཁ་འདོན་ཡིན། བསྭེ་ཁྲབ་ཀྱི་ཞལ་ཐང་ངོས་སུ་གུ་རུ་དང་རྟ་མགྲིན་གྱི་སྐུ་བྲིས་ཡོད། སྔོན་ཆད་རྙིང་ཆོས་མང་པོ་ཞུ་མྱོང་། རྙིང་མའི་ཚེ་སྒྲུབས་ལྕགས་སྡོང་དང་རྡོ་རྗེ་གོ་ཁྲབ་ཡང་ཉིན་རེར་ཆགས་མེད་ཡིན། ཁྲི་བྱང་རིན་པོ་ཆེའི་ཡང་དེ་དག་གསན་ཡོད་པ་རེད། རྣམ་ཐར་དང་ཐོབ་ཡིག་ལ་ལྟོས་དང་ཤེས་ཟེར། ཕྲན་གྱིས་བསམ་ཚོད་ལ། སོག་བླ་ཁོང་མི་བརྟན་པོ་ཞིག་ཡིན་པས་རྫུན་བཤད་པ་མ་མཐོང་། གཤིས་ཀ་གྱོང་བ། ལ་རྒྱ་བཤད་མཁན། དཔེ་ཆ་མི་ཤེས་མཁན། བུད་མེད་ལ་མཉེས་པ། མི་ཐབས་ལ་མཁས་པ་ཞིག་རེད། ཁོས་བཤད་པ་ཚང་མ་ལོག་རྟོག་ཡིན་སྲིད་ཀྱང་བསམ་བཞིན་རྫུན་བཟོ་པ་མིན་ལས་ཆེ། མདོ་སྨད་ཡོན་རྒྱམ་གྱི་བྱ་བྲལ་སངས་རྒྱས་རྡོ་རྗེའི་རྒལ་ལན། གདོང་ཐོག་སྤྲུལ་སྐུའི་རྒལ་ལན་ཁག་གོང་ས་མཆོག་ལ་རྒོལ་བའི་ཡི་གེ་སོགས་པར་འདེབས་མཁན་སོག་བླ་ཡིན་པ་ཡང་ཁོ་རང་གི་ཁས་ལེན་འདུག དེར་མ་ཟད་རྒལ་ལན་དེབ་རེ་པར་་ཚེ་ཡོན་སྦྱོར་མཁན་གྱི་སྦྱིན་བདག་རེ་ཤི་སོང་བའི་ལོ་རྒྱུས་ཡང་ཁོ་རང་གིས་བཤད་སོང་། དངུལ་གྱི་ཡོང་ཁོང་ཐེ་ཝན་ཡིན་པ་ཡོངས་གྲགས་སོ། །དོལ་རྒྱལ་བརྟེན་ཙམ་གྱིས་རྙིང་ཆོས་དགྲ་བཞིན་བལྟ་བ་དེ་འདྲ་མི་འདུག་སྙམ། གཅིག་ཏུ་ཐག་གཅོད་མ་ཤེས། དཔྱད་པ་བྱེད་ས་འདུག་སྙམ། །འདི་དཔྱད་པ་ཙམ་ལས་བདེན་རྫུན་ཐག་གཅོད་ཀྱི་གཏམ་མིན་པ་ཀུན་གྱིས་དགོངས་པར་མཛོད། །
ཡ། ད་རེས་ཀྱི་མཆན་བུ་བའི་ནང་རྒྱུགས་ཁྱི། ཕོགས་གཟན་སོགས་ཟེར་ཏེ་ཁ་རྡུང་གཏོང་མཁན་མ་བྱུང་བར་ཚང་མས་ཅི་ཐུབ་ཀྱིས་དོན་དག་སྒང་ལ་བཤད་ཁུལ་གནང་བར་དགའ་ཡོད།
ལྷག་པར་བསམ་ཤེས་ལགས་ཀྱིས་བརྟག་བརླིང་སྒམ་གསུམ་ཐོགས་དོལ་རྒྱལ་གྱི་རྩོད་པ་སྒེར་གྱི་འཁོན་འཛིན་དང་དེ་ཤུགས་ལྡན་ད་འབྲེལ་བ་མེད་པ་གསུངས་སོང་།
ཨ་ཕས་བཤད་ན་ཨ་ཕ་བདེན། ཨ་མས་བཤད་ན་ཨ་མ་བདེན། ཟེར་བའི་དཔེ་ལྟར་དུ་མཐོང་།
བརྒྱ་བཤད་ཀྱི་རྩ་བ་ནི་༧གོང་ས་མཆོག་ལྟ་བུ་འཕགས་པ་སྤྱན་རས་གཟིགས་ཞལ་མི་གཉིས་པ་འདིས་ཀྱང་ནོར་འཁྲུལ་གྱིས་ཤུགས་ལྡན་བསྟེན་འདུག་ན་བོད་པ་བྱིངས་ནང་བློ་རྨོངས་ཤིང་ལོག་པའི་བཤེས་གཉེན་དང་ཕྲད་ནས་ཤུགས་ལྡན་་བསྟེན་པ་ན་དེ་མ་ཐག་མཚམས་འཇོག་རྒྱུ་ཧ་ཅང་གིས་དཀའ། གལ་ཏེ་བསྟེན་འདོད་ན་བསྟེན་དུ་ཆུག་ནའང་ཅི་སྐྱོན།
ཤུགས་ལྡན་བསྟེན་པས་གུ་རུའི་ཆུ་ལ་གཡུག་པ་སོགས་ནི་བདེན་དུ་ཆུག་ཀྱང་དེ་ནི་ཤུགས་ལྡན་ཁོ་ནའི་རྒྱུ་མཚན་ཅང་ཨ་ཡིན་ན། རྒྱལ་བ་ཙོང་ཁ་པའི་ལྟ་བ་གོ་རམ་པས་བཀག རྫོགས་ཆེན་གྱི་ལྟ་བ་ལ་བོན་པོའིའོ་ཟེར་ཟུར་ཟ་བ་སོགས་ཀྱི་བོད་ཀྱི་ཆོས་བརྒྱུད་ཁག་ནང་ན་ཚ་སྔ་ས་ནས་ཡོད་ཡོད་པ་རེད། དོན་དག་རྡོག་རྡོག་དེ་ངས་གོང་དུ་ཞུས་པ་བཞིན་ཤུགས་ལྡན་བསྟེན་ནས་བོད་ལ་གནོད་ཟེར་བ་ལ་ཡིད་ཆེས་པའི་རྒྱུ་མཚན་ཐིགས་པ་གཅིག་མེད། དེ་བཞིན་བོད་སྤྱི་པ་ཁ་ལ་འཁྱེར་བ་རེད་མ་གཏོགས་དོན་དགེ་ལུགས་སྒེར་གྱི་རྩོད་རྙོགས་རེད། དགེ་ལུགས་པ་འདི་ཚོ་སྤྱང་པོ་ཡོད་དུས་ཁོ་རང་གིས་བརླག་མ་ཁེལ་བས་དཔུང་རོགས་སུ་བོད་སྤྱི་པ་དྲུད་ཡོང་གི་འདུག་པ་འདི་མ་འོས་པ་ཞིག་རེད། ད་ནི་རེ་བསྐུལ་གཉིས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་ངོ་མ་དེ་ཤུགས་ལྡན་བསྟེན་མ་བསྟེན་རང་རང་དབང་ཡིན་གསུངས་པ་དེའི་དགོངས་པ་ལོན་ནས་ཧོལ་རྒྱུགས་མཁན་བུད་མེད་ཚོགས་པའི་དབུས་ཚོགས་སྒེར་ཚང་མས་ཤུགས་ལྡན་བསྟེན་མཁན་དང་དེའི་རྗེས་འབྲང་པ་དག་ལ་ལྟ་ཚུལ་ངན་པ་དོར་རོགས། ཤུགས་ལྡན་པ་དག་གིས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་རྒྱུ་དང་བོད་དོན་ལ་གནོད་པ་སྐྱེལ་དུ་མཚམས་བཞག་ནས་ཨ་མའི་པང་དུ་ལོག་རོགས་ཞེས་པ་འདི་ཡིན།
་་་་་་་ །དོལ་རྒྱལ་བརྟེན་ཙམ་གྱིས་རྙིང་ཆོས་དགྲ་བཞིན་བལྟ་བ་དེ་འདྲ་མི་འདུག་སྙམ། གཅིག་ཏུ་ཐག་གཅོད་མ་ཤེས། དཔྱད་པ་བྱེད་ས་འདུག་སྙམ། །འདི་དཔྱད་པ་ཙམ་ལས་བདེན་རྫུན་ཐག་གཅོད་ཀྱི་གཏམ་མིན་པ་ཀུན་གྱིས་དགོངས་པར་མཛོད། ། ་་་་་་་
དྲ་གྲོགས་མེ་ཏོག་དཀར་པོ་ལགས་ཀཡིས།
་་་་་་་་་ བརྒྱ་བཤད་ཀྱི་རྩ་བ་ནི་༧གོང་ས་མཆོག་ལྟ་བུ་འཕགས་པ་སྤྱན་རས་གཟིགས་ཞལ་མི་གཉིས་པ་འདིས་ཀྱང་ནོར་འཁྲུལ་གྱིས་ཤུགས་ལྡན་བསྟེན་འདུག་ན་བོད་པ་བྱིངས་ནང་བློ་རྨོངས་ཤིང་ལོག་པའི་བཤེས་གཉེན་དང་ཕྲད་ནས་ཤུགས་ལྡན་་བསྟེན་པ་ན་དེ་མ་ཐག་མཚམས་འཇོག་རྒྱུ་ཧ་ཅང་གིས་དཀའ། གལ་ཏེ་བསྟེན་འདོད་ན་བསྟེན་དུ་ཆུག་ནའང་ཅི་སྐྱོན། ་་་་་་་་
# 68 མེ་ཏོག་དཀར་པོ་ལགས་ཀྱིས་མཆན་བཏབ་པ།:
December 13th, 2014 at 8:43 PM
་་་་་་་་་་་་་་་་་་་་་་། དོན་དག་རྡོག་རྡོག་དེ་ངས་གོང་དུ་ཞུས་པ་བཞིན་ཤུགས་ལྡན་བསྟེན་ནས་བོད་ལ་གནོད་ཟེར་བ་ལ་ཡིད་ཆེས་པའི་རྒྱུ་མཚན་ཐིགས་པ་གཅིག་མེད། དེ་བཞིན་བོད་སྤྱི་པ་ཁ་ལ་འཁྱེར་བ་རེད་མ་གཏོགས་དོན་དགེ་ལུགས་སྒེར་གྱི་རྩོད་རྙོགས་རེད། དགེ་ལུགས་པ་འདི་ཚོ་སྤྱང་པོ་ཡོད་དུས་ཁོ་རང་གིས་བརླག་མ་ཁེལ་བས་དཔུང་རོགས་སུ་བོད་སྤྱི་པ་དྲུད་ཡོང་གི་འདུག་པ་འདི་མ་འོས་པ་ཞིག་རེད། ་་་་་་་་་་་་་་་་་་་་་་་་་་་་ ཟེར།
ཀ་རྡོས་འདི་འདྲེན་ན་ལེགས། ་་་་་་་་་་་ད་ནི་རེ་བསྐུལ་གཉིས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་ངོ་མ་དེ་ཤུགས་ལྡན་བསྟེན་མ་བསྟེན་རང་རང་དབང་ཡིན་གསུངས་པ་དེའི་དགོངས་པ་ལོན་ནས་ཧོལ་རྒྱུགས་མཁན་བུད་མེད་ཚོགས་པའི་དབུས་ཚོགས་སྒེར་ཚང་མས་ཤུགས་ལྡན་བསྟེན་མཁན་དང་དེའི་རྗེས་འབྲང་པ་དག་ལ་ལྟ་ཚུལ་ངན་པ་དོར་རོགས། ཤུགས་ལྡན་པ་དག་གིས་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་རྒྱུ་དང་བོད་དོན་ལ་གནོད་པ་སྐྱེལ་དུ་མཚམས་བཞག་ནས་ཨ་མའི་པང་དུ་ལོག་རོགས་ཞེས་པ་འདི་ཡིན།་་་་་་་་་་་ཟེར། ཧཧཧ
ཀརྨ་རྡོ་རྗེ།
༢༠༡༤/༡༡/༡༨ ཉིན་འདོན་སྤེལ་བྱས། དོལ་རྒྱལ་ཤུགས་ལྡན་འདི། སྨོན་ལོག་དམ་སྲི་འབྱུང་པོ་ཡིན་པའི་ཁུངས་ལ།
༸གོང་ས་ལྔ་པའི་གསུང་གཟུ་དཔང་ལས།
ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། །
གདོང་བཞི་མགོན་པོ་ལྕམ་དྲལ་བེག་ཙེ་སོགས། །
བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། །
གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །
དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །
སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །
བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །
མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །
http://www.tibettimes.net/news.php?id=9510
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༤/༡༢/༠༥ ཉིན་འདོན་སྤེལ་བྱས། ཀ་བཤད་དོལ་ཚོགས་ཏ་ལའི་རྗེས་རྒྱུགས་མ་བཞུགས་སོ།།
ཀ་བ་བུམ་པ་བཞིན་དུ་ལྷ་སྲུང་རྩོད། །
ཁ་དོག་དཀར་དམར་བཞིན་དུ་ཆོས་ལུགས་རྩོད། །
ག་ས་གང་དུ་དོལ་འདྲེའི་ཐོབ་ཐང་རྩོད། །
ང་དང་ཁྱོད་ཀྱི་ལྷ་ཞེས་དོན་མེད་རྩོད། །
ཅ་ཅོ་་བདེན་མེད་དོན་མེད་སྐད་ཅོར་བརྒྱབ། །
ཆ་འཇོག་མེད་པའི་གདོན་འདྲེར་རེ་བ་བརྒྱབ། །
ཇ་ཆང་ཆེད་དུ་དགྲ་ལའང་རེ་སྒུག་བརྒྱབ། །
ཉ་ག་ཉོག་གེའི་རྒོལ་གཏམ་ལམ་ཁར་བརྒྱབ། །
ཏ་ལའི་བླ་མར་མཚན་དམོད་ཞུས་ནས་འགྲོ །
ཐ་ན་ཡ་རབས་གྲལ་ནས་འབུད་ནའང་འགྲོ །
ད་ལྟ་བོད་མིའི་གྲལ་མཐར་གྱུར་ནའང་འགྲོ །
ན་རཀ་དམྱལ་བར་འགྲོ་འདོད་མེད་ནའང་འགྲོ །
པ་ར་མི་ཏའི་ཉམས་ལེན་མེད་ནས་འདུག །
ཕ་བཟང་བསླབ་བྱ་བཟང་པོ་བརྗེད་ནས་འདུག །
བ་འབྲི་འོ་མའི་དྲིན་ལན་བརྗེད་ནས་འདུག །
མ་དང་གཉེན་སྲིང་དམ་ཚིག་བརྗེད་ནས་འདུག །
ཙྭ་རིའི་སྒོམ་ཆེན་སོགས་ཀྱི་གདམས་ངག་མེད། །
ཚ་གྲང་དཀའ་ཐུབ་བཟོད་པའི་ཉམས་ལེན་མེད། །
ཛ་ཡའི་བསྟན་པ་སྤེལ་བའི་ལྷག་བསམ་མེད། །
ཝ་ལྟར་སེང་གེར་འགྲན་པའི་སྤོབས་པ་མེད། །
ཞྭ་སེར་ཅོད་པཎ་གྱོན་རྒྱུར་དང་འདོད་ཆེ། །
ཟ་འདྲེ་གདོན་འདྲེ་བསྟེན་ལ་ངལ་བ་ཆེ། །
འ་ར་འུ་རེའི་ངན་དམོད་བྱེད་འདོད་ཆེ། །
ཡ་མེད་མ་རབས་གྲལ་མཐར་སྡོད་འདོད་ཆེ། །
ར་ཡི་རྭ་ལྟར་སེམས་རྒྱུད་རྡོ་དང་འདྲ། །
ལ་རྒྱ་མེད་ལ་ཁྲེལ་མེད་གདོན་དང་འདྲ། །
ཤ་ཞེན་མེད་པ་ངོ་མེད་གཏིང་བརྗེད་འདྲ། །
ས་དང་ལམ་ལ་དད་མེད་ཀླད་མེད་འདྲ། །
ཧ་ཅང་ཧམ་པ་ཆེ་བའི་དོལ་ཚོགས་ཀུན། །
ཨ་མ་རྒན་མོའི་དྲིན་ལན་དྲན་པར་གྱིས། །
ཧ་བ་ཧོབ་པའི་ཧོལ་རྒྱུགས་ད་བཞག་ནས། །
ཨ་མ་དང་འདྲའི་ཏ་ལའི་རྗེས་སུ་རྒྱུགས། །
ལྷ་འདྲེ་མི་འདོད་མཁན་མའོའི་རྗེས་འབྲངས་ཚོ་འདིར་འོངས་དགོས་དོན་མེད། བཀའ་གདམས་དགེ་ལྡན་ཆོས་དད་པ་མེད་པ་ཚོཡང་། འདིར་བྱུས་གཏོགས་བྱ་དགོས་མེད་ཀྱང་།
དོལ་རྒྱལ་དང་། དོལ་ཚོལསལ་དགའ་པོ་ཡོད་མཁན་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་དང་། ༸གོང་མཆོག་ལ་མི་དགའ་མཁན་ཚོ་འདིར་ཕེབས་བསུ་དང་། དགའ་བསུ་ཡོད་གདའ། དྲ་གྲོགསཚོ།། །།
ཀ་བ་བུམ་པ་བཞིན་དུ་ལྷ་སྲུང་རྩོད། །
ཁ་དོག་དཀར་དམར་བཞིན་དུ་ཆོས་ལུགས་རྩོད། །
ག་ས་གང་དུ་དོལ་འདྲེའི་ཐོབ་ཐང་རྩོད། ། ལྷ་དང་འདྲེ་ནི་ལྟོས་འཇོག་རེད། ཐོབ་ཐང་རྩོད་མི་ཆོག་པའིི་རྒྱུ་མཚན་ཤོད།
ང་དང་ཁྱོད་ཀྱི་ལྷ་ཞེས་དོན་མེད་རྩོད། །
ཀ་ཁ་ང་ནི་ཁྱོད་རང་གི་རང་རྣམ་རེད་འདུག
ལྷ་དང་འདྲེ་ནི་ལྟོས་འཇོག་རེད། །
ཐོབ་ཐང་རྩོད་མི་ཆོག་པའིི་རྒྱུ་མཚན་ཤོད།
ཞེས་པ་ལ།
ནང་པའི་བོད་པའི་དོལ་རྒྱལ་དང་། །
ཕྱི་པའི་བལ་པོའི་གྷ་རྡི་མ། །
ལྷ་འདྲེ་ཕོ་མོ་འདི་གཉིས་ནི། །
སུ་ཡིས་བསྒྲལད་ཀྱང་དགེ་བ་ཉིད། །
དཀོན་མཆོག་ཀ་རྡོ་འདི་སྨྱོ་མིན་འགྲོ། བྱམས་སྙིང་རྗེ། བཟོད་བསྒོམ་བསམ་ཤེས། འཚེ་བེད་པ་ཟེར་བ་འདི་དགེ་བསྙེན་ཀ་རྡོ་པས་བརྗེད་དམ།
ངའི་ཆོས་ནང་། ཞི་རྒྱས་དབང་དྲག་བཞི་ནང་ལ། མངོན་སྤྱོད་ལས་གཅིག་ཀྱང་གསུངས་པ་འདི་ལ་ཡང་དད་མོས་ཡོད་ལགས།
འཚེ་བ་མེད་པ
རེད། འཚེ་བ་མེད་པ་རེད། གལ་སྲིད་གཅིག་གིས་མངོན་སྤྱོད་ཀྱི་དྲག་ལས་བྱས་ན། དེ་བྱེད་དུས་རྒྱུའི་ཀུན་སློང་སྙིང་རྗེས་ཀུན་ནས་བླངས་བྱས་དྲག་ལས་ཀྱིས་བསྒྲལད་ཐུབ་པ་ཡིན་ན། བསྒྲལ་བྱ་དེ་ཡང་བསྐྱབས་པས། འཚེ་བ་མེད་པའི་ལས་བཟང་པོ་བསགས་པ་རེད། དེ་མིན་ཕྱོགས་རིས། ཕྲག་དོག ཁོང་ཁྲོས་བསྒྲལད་ཐུབ་པ་ཡིན་ན་ཡང། རང་ཡང་མར་དམྱལ་བར་འགྲོ་ཆོག་པའི་ཆོག་མཆན་ཝི་ས་ཞུས་པ་དང་གཅིག་མཚུངས་ཆགས་པ་རེད་དོ།། །།
དྲི་མེད་ལྷག་བསམ་ལགས།
ཁྱེད་ཀྱི་མཆན་༦༧ལ་གསལ་འདེབས་ཞུ་རྒྱུར། སོག་པོ་གུ་རུ་དེ་ཝས་རྡ་ས་གཙུག་ལག་ཁང་ལ་གུ་རུའི་སྐུ་བཞེངས་མི་ཉན་པ་དང་། དགེ་ལྡན་པ་ཞིག་གིས་རྙིང་ཆོས་བྱེད་མི་ཉན་པའི་གཏམ་འཛོར་པོ་གཅིག་ལས་གཅིག་བཙོག་པ་འདི་འདྲ་ཁོང་གིས་བྲིས་ནས་སྐུ་སྒེར་ཡིག་ཚང་ལ་བཏང་། འདྲ་བཤུས་ཁྲི་བྱང་བླ་བྲང་དང་གླིང་བླ་བྲང་ལ་འདུག
རྒྱལ་བ་རིན་པོ་ཆེ་མི་བུ་ཞིག་གི་ཐོག་ནས་བཤད་ན་ངོ་མ་མི་བཟང་པོ་ཞིག་རེད་འདུག སྔོན་མ་གུ་རུ་དེ་ཝས་ལས་ཀ་འཛོར་པོ་མང་པོ་ཞིག་བྱས། དེ་དག་བྱས་རྗེས་ལྟ་བུས་སྐུ་སྒེར་ལ་སྙན་ཞུ་ཕུལ། གོང་ས་མཆོག་གིས་སྐུ་སྒེར་ལ་བཀའ་ཕབ་ནས། དེ་ཚོ་ཚང་མ་ཕྱི་ལ་བཏོན་མི་ཆོག་གསུངས། དེ་བཞིན་སྐལ་རྒྱམ་ལྟ་བུས་མི་བསད་རྐུན་འཇག་གི་ལས་ཀ་སྡུག་པ་ཚང་མ་གོང་ས་མཆོག་གི་མཁྱེན་གྱི་ཡོད། ཡིན་ནའང་། ཇི་ཙམ་ཚུར་རྙོག་ཁྲ་སྤྲད་རུང་། ཁོང་ཚོར་ཕར་ཁ་གཏད་མི་འཇལ་བ་འདིས། བླ་མ་འདི་ཤིན་དུ་ཚད་ལྡན་ཞིག་ཡིན་པར་སེམས།
ང་རང་མར་མི་དྭགས་གསུམ། གཙང་པ་རྒྱ་རས་དང་རྒོད་ཚང་། དྭགས་པོའི་མཐར་རྒྱན། ཕྱག་ཆེན་གངས་ག་མ་དང་། ངེས་དོན་རྒྱ་མཚོ་དང་། འབྲི་གུང་ལྔ་ལྡན་སོགས་ཀྱི་འདོད་པ་ཤིན་དུ་འཚིམས་ནས། དུས་འཁོར་དབང་ཆེན་དང་། ལམ་རིམ་སོགས་ལ་འདི་ཙམ་དོ་སྣང་མེད་ལ། ཁ་པོ་ཆེན་པོ་ཞུས་ན། གོང་ས་མཆོག་དང་ཐད་ཀར་ཆོས་འབྲེལ་མེད། ད་མ་འོངས་པར་ཁོང་ཡང་ངའི་རྒྱུད་པའི་བླ་མར་གྱུར་ངེས། རྒྱུ་མཚན་ནི་ད་ལྟའི་རྒྱལ་དབང་བཅུ་བདུན་པ་མཆོག་གིས་རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་དུ་མ་བསན་འདུག མ་ཟད། འབྲི་གུང་ཆེ་ཚང་མཆོག་གིས་ཀྱང་རྒྱལ་བའི་དྲུང་ནས་གསུང་ཆོས་གསན་སྟབས། ཁོང་ངའི་རྒྱུད་པའི་བླ་མར་ཕེབས་སོང་།
ངས་རྒྱལ་བ་ལ་ཆོས་ལུགས་དང་བླ་མའི་འདུ་ཤེས་བཞག་ནས་ཤུགས་ལྡན་བ་ཚོ་དང་རྒོལ་གྱི་མེད། ངས་བཤད་པ་ནི། ཤུགས་ལྡན་ཁ་ལ་ཁྱེར་ནས་བོད་པའི་བླ་མ་དང་དགེ་བཤེས་མིང་འཛིན་པ་ཚོས་བོད་པའི་སྤྱི་ཚོགས་ཡར་དཀྲུག་མར་དཀྲུག་བྱེད་ཀྱི་འདུག་ཟེར་བ་ཡིན་ལགས། གཙོ་བོ་ཆོས་ལུགས་རང་དབང་གི་འཐབ་རྩོད་ཞིག་ཡིན་ས་མིན་འདུག
ཁྱེད་རང་གི་མཁྱེན་གྱི་ཡོད་ཤག ཁྲི་བྱང་སྤྲུལ་སྐུ་སྐྱེས་པ་ནས་ད་བར་དབྱིན་ཇིའི་ལུང་པར་ཕེབས་མྱོང་མེད། སྐལ་བཟང་རྒྱ་མཚོ་ཁྲི་བྱང་ཨ་རིར་བྲོས་ཕེབས་པ་ནས་ད་བར་ཨ་རིར་ཕེབས་མྱོང་མེད། ཁོང་གཉིས་ཀ་དོལ་རྒྱལ་གྱི་འགོ་པ་ལྟ་བུ་ཡིན་རུང་ཕན་ཚུན་ད་བར་མཇལ་ཕྲད་ཞུ་མྱོང་མེད། ཁྱེད་རང་གི་འདིའི་རྒྱུ་མཚན་མཁྱེན་གྱི་ཡོད་པས། དེའི་སྐོར་ལ་ཡང་སྒྲུང་རིང་པོ་ཞིག་ཡོད། ཉིན་མ་གཅིག་ལྷོད་ལྷོད་བྱས་ཞུ་རྒྱུ་ཡིན།
རྒྱལ་དབང་བཅུ་བདུན་པ་ཁ་ཤས་ཤིག་འདུག་པས་་་་
དོལ་རྒྱལ་ནི་རི་བོ་དགའ་ལྡན་པའི་བསྟན་པ་སྲུང་མཁན་ཡིན་ཞེས་སྐད་གསང་མཐོན་པོའི་བཤད་ཀྱིན་པ་དངོས་འབྲེལ་ཡིན་ན། རྒྱ་དམར་ནས་བོད་ཀྱི་ནང་ཆོས་བསྟན་པ་ཙ་གཏོར་བཏང་སྐབས་མ་སྐྱོབས་པར་ག་པར་གབ་ནས་ཉལ་བསྡད་པ་ཡིན་ནམ། གང་ལྟར་ལྷ་འདྲ་གསོ་སྲོལ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་པའི་ཆོས་དེ་མ་ཡིན་པས་རྙོག་འདྲ་མི་དགོས་ན་སངས་རྒྱས་ཀྱི་ཆོས་ངོ་མ་དེ་ཉམས་ལེན་མཛོད།
བསམ་ཤེས་ལགས། ཕྲན་གྱིས་སོག་བླ་གུ་རུ་དེ་ཝས་གང་བཤད་པའི་མཐོང་ཐོས་བཀོད་པ་ལས། ཁོའི་སྐད་ཆ་བཤད་ཚད་བདེན་པ་རེད་ཞུས་པ་མ་ལགས། རང་སྐྱོན་འགེབས་ཕྱིར་མི་ལ་ཐུག་ན་མི་སྐད་སྨྲ་བ་དང་། ཁྱི་ལ་འཕྲད་དུས་ཁྱི་སྐད་གཏོང་མཁན་གྱི་མི་རེ་ཟུང་འདུག སོག་བླ་དེ་ལྟ་བུ་ཞིག་ཨེ་ཡིན་སྙམ། འོན་ཀྱང་སོག་བླ་དཔའ་ངར་ཡོད་ཟེར་བའི་བླུན་པོ་ཞིག་རེད། ཕལ་ཆེར་ཁོའི་དོལ་རྒྱལ་ཕྱོགས་ཀྱི་ལ་རྒྱ་བཟུང་ནས་ངར་མདོག་ཡོད་བྱེད་སྲིད་པས་ཁྱོད་ཀྱི་བཤད་པ་ལའང་བདེན་པའི་ཤས་ཆེ། བླ་རྒན་ཀུན་གྱི་ལག་པའི་རྩེ་ལ་ཕྱར་བདེ་བ་དང་སྤྱོད་བདེ་བ་ཞིག་རེད། ཁོའི་རང་བཞིན་ཤེས་མཁན་ཚོའི་ངཽ་སྟོད་བྱས་ནས་དངུལ་ལོ་ཁུར་བའི་གནས་ཚུལ་ཀྱང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བས་སོ། ། ༧གོང་ས་མཆོག་གི་མཛད་པ་ནི་རྨད་དུ་བྱུང་བ་ལས་དམིགས་སུ་མེད། ཕྲན་ལ་ནི་དད་གུས་གཉིས་ཀ་ཡོད། གང་མཛད་འཕགས་པ་ཐུགས་རྗེ་ཆེན་པོའི་ཐབས་ལ་མཁས་པའི་རྣམ་འཕྲུལ་བསམ་མི་ཁྱབ་པ་ཡིན་པའི་དག་སྣང་སྦྱང་བའི་ཁུལ་ལོ། །ཁྲི་བྱང་ལོ་རྒྱུས་དེ་ཕྲན་གྱིས་མི་ཤེས་སོ། །
དོལ་རྒྱལ་དམ་ཉམས་པའི་དགྲ་དགའ་གཉེན་སྡུག་གཟིགས་དང་།
https://www.facebook.com/photo.php?fbid=689292144502182&set=a.226757470755654.47759.100002642078748&type=1&theater
མེ་ཏོག་དཀར་པོ་ཞེས་པ་འདི་བོད་པ་མ་རེད་འབྲུག་པ་རེད། འབྲུག་པས་བོད་པ་ལ་ཕན་པའི་སྐད་ཆ་ཞིག་མི་བཤད་པ་ང་ཚོས་ཤེས་ཡོད། རྟག་ཏུ་བོད་པར་སྡང་མཁན་ཞིག་གིས་བོད་པ་ལ་སེམས་ཁུར་ཆེ་མདོག་བྱེད་པ་ནི་ཕན་སེམས་མིན་པ་ཤེས་དགོས། ཤུགས་ལྡན་ཅི་འདྲ་ཞིག་ཡིན་མིན་ང་ཚོ་བོད་པ་ཚོས་གསལ་ཤོས་ཤེས་ཀྱི་ཡོད། གོང་ས་ཐམས་ཅད་མཁྱེན་པས་འདིས་སྐོར་ལ་དེ་སྔ་ཡན་ཆད་བཀའ་སློབ་བརྒྱ་ཕྲག་ལས་བརྒལ་བ་གནང་ཟིན་པས། དེ་ཚོ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ཤུགས་ལྡན་གྱིས་གནོད་པ་ཅི་ཡོད་ཤེས་ཚོད་ཡིན། འདི་ན་གནོད་སྟངས་ལ་དོག་འདྲི་བྱེད་དགོས་པ་གང་ཡང་ལྷག་མེད།
གངས་ཅན་བླ་མ་རྒྱུགས་ཁྱི།
https://www.facebook.com/photo.php?fbid=689148501183213&set=a.226757470755654.47759.100002642078748&type=1&theater
་་་་་་་་་་་་་་་་་ རྟག་ཏུ་བོད་པར་སྡང་མཁན་ཞིག་གིས་བོད་པ་ལ་སེམས་ཁུར་ཆེ་མདོག་བྱེད་པ་ནི་ཕན་སེམས་མིན་པ་ཤེས་དགོས། ཤུགས་ལྡན་ཅི་འདྲ་ཞིག་ཡིན་མིན་ང་ཚོ་བོད་པ་ཚོས་གསལ་ཤོས་ཤེས་ཀྱི་ཡོད། ་་་་་་་་་་་་་་་་་་་
ཚིག་མཛོང་ནང་ལ།
ཆབ་ཆོབ། ཆབ་བེ་ཆོབ་བེའི་བསྡུས་ཚིག
ཆོབ་ཆོབ། ཟས་ཟ་བ་དང་སྣོད་དུ་ཆུ་སོགས་བླུགས་པའི་སྒྲ་ལྟ་བུ། ཤིབ་འབྲས་གཏོགས་ནས་ཆོབ་ཆོབ་ཅེས་ཞིམ་མདོག་ཁ་བོར་ཟ་བ།
དོ་རྒྱལ་ལོ་རྒྱུས་ཅིག
https://www.youtube.com/watch?v=-AZzrHb4omI
ཟམ་གདོང་རིན་པོའི་ཆེས་དོ་རྒྱལ་སྐོར་ལ།
https://www.youtube.com/watch?v=Om8S0NNJhtM
སྨར་ཁམས་བླ་མས།
https://www.youtube.com/watch?v=WvWYO7hCqcM
ཐུབ་བསྟན་ཐོགས་མེད་ཀྱིས།
https://www.youtube.com/watch?v=nB7GDP62TZQ
ཐེ་པོ་སྤྲུལ་སྐུས།
https://www.youtube.com/watch?v=nB7GDP62TZQ
Panel Discussion: “The Shugden Controversy & the 14th Dalai Lama”
ལོན་ཌོན་ནས།
https://www.youtube.com/watch?v=Ba-pdha1noE
ཡུ་ཊུབ་ནང་ལ།
ཤུགས་ལྡན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་ལྟངས།
Very Large Protest Against the Dalai lama by ISC and Tibetans. August 23rd 2014
BBC ནང་ལ།
https://www.youtube.com/watch?v=XTAio7kr05I
དོལ་རྒྱལ་ཤུགས་ལྡན་ཁོག་བཞུགས།
https://www.youtube.com/watch?v=XTAio7kr05I
གྲོགས་པོ་ཀརྨ་བློ་གསལ་ལགས། lhasospa@email.cz རྒྱུད་ནས་ང་ལ་འབྲེལ་བ་ཞིག་བྱོད་དང་། ཐུགས་རྗེ་ཆེ།
མཁྱེན་ལྡན་ལུག་རྟོག་ལགས། ཡོད་ཚད་༧གོང་ས་མཆོག་གིས་གསུངས་པས་འགྲིག་གི་ཡོད་ན། དེ་འདྲ་ཡིན་རྡ་སའི་རི་མགོ་ན་སྤྱི་མཐུས་ལྷན་ཁང་ག་རེ་བྱས་ཡ་རེད་དམ།
སྤྱིར་བཏང་ང་བོད་པ་དང་འབྲུག་པ་ག་རེ་ཡིན་མིན་ལ་ཁྱད་པར་ག་རེ་ཡོད་ན། ངས་བཤད་པའི་དོན་དག་ལ་ལན་གསུངས་རོགས། རྟོན་པ་བཞིའི་ནང་ནས་དང་པོ་གང་ཟག་ལ་མི་རྟོན་ཆོས་ལ་རྟོམ་དགོས་པའི་ཕྱིར་རོ།།
པཎ་རྫུན་རྒྱལ་ནོར་དང་། ཤུགས་ལྡན་སྐོར།
https://www.facebook.com/photo.php?fbid=849004831818823&set=a.325389564180355.92007.100001279427179&type=1&theater
མེ་ཏོག་དཀར་པོ་ལགས། གོང་ས་མཆོག་གིས་གསུང་པ་ནང་ལ་མ་འགྲིག་པ་དང་མ་འཐུས་པ་དོན་དང་མི་མཐུན་པ་ཅི་ཞིག་འདུག་ན་གནས་ལུགས་རྒྱུ་མཚན་ལྡན་པའི་ཐོག་ནས་བཤད་ཤོག་དང་དེ་ནས་བགྲོ་གླེང་བྱེད་ཆོག དེ་མིན་དམངས་གཙོ་དམངས་གཙོ་ཞེས་པ་དེ་ནི་སྐབས་འཚོལ་བ་ཚང་མའི་ལག་ཆ་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད། དམངས་གཙོ་ཞེས་པ་དེ་གནས་ལུགས་དང་རྒྱབ་འགལ་ལ་སོང་ན་དགོས་པ་ཅི་ཡང་མེད་པ་རེད།
ཤུགས་ལྡན་བསྟེན་པ་ལ་དགག་པ་ཤུགས་ཆེན་གནང་བ་ཆོས་དད་རང་དབང་དང་སྨྲ་བརྗོདརང་དབང་དང་འགལ་བ་རེད། ཁོ་བོ་ཡང་ཕྱག་ན་པདྨོ་གང་ལ་དད་པ་ཁྱོད་ལས་མི་དམན་ཙམ་ཡོད་ཀྱང་ཁོང་གི་གསུང་ལ་དྲང་དོན་དང་ངེས་དོན་གྱི་ཁྱད་འབྱེད་དགོས་པའང་གལ་ཆེན་དུ་བརྩིས་བཞིན་ཡོད། ལུང་རྟོགས་ལགས།
ནེ་པལ་ལི་ཡི་གདོན་འདྲེ་ག་དྷི་མི་དང་། དོལ་རྒྱལ་གཉིས་ནི། ལྷ་འདྲེ་སྡུག་ཤོས་གཉིས་ཡིན་པ་ནི། ཛམྦུ་གླིང་གི་ཆོས་དད་མེད་མཁན་ཚོས་ཀྱང། ཤེས་ཚོད་ལ་སླེབས་འདུག
འཇིག་རྟེན་དྲེག་པ་སྟེན་པ་ནི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བས་ཆོས་དད་རང་དབང་གི་སྐད་ཆ་བཤད་ས་མེད་པ་རེད། དོལ་རྒྱལ་ཚོགས་པས་གོང་ས་མཆོག་ལ་ཁ་ནས་གང་ཐོན་བཤད་ཆོག་ཀྱི་འདུག་ན་སྨྲ་བརྗོད་རང་དབང་ཇི་ལྟར་བཀག་པ་རེད། ལར་ནས་གོང་ས་མཆོག་གིས་དོལ་རྒྱལ་སྟེན་པའི་དགེ་སྐྱོན་གསལ་བཤད་གནང་ནས་སྟེན་ན་མི་ལེགས་པ་གསུང་པ་ལས་སྟེན་མི་ཆོག་ཅེས་བཙན་བཀག་གནང་མེད་པ་ཚང་མས་ཤེས་གསལ་རེད།
འཇིག་རྟེན་དྲེགས་པ་བསྟེན་པ་དེའང་ཆོས་དད་རེད། སུ་བཟང་དང་སུ་ངན་ལྟོས་ས་ལྟོས་འཇོག་རེད།
ལུང་རྟོགས་ལགས། འདིར་ཁྱེད་དང་ཁྱེད་འདྲ་བ་ཁག་ཅིག་གིས་༧གོང་ས་མཆོག་གི་དགོངས་པ་དཔེར་ན་ཤུགས་ལྡན་བསྟེན་པའི་ཁེ་ཉེན་དང་ཕན་གནོད་ལས་མཐའ་གཅིག་ཏུ་བསྟེན་མི་ཆོག་ཅེས་བཀའ་བསྩལ་མེད་པ་ཡང་ཡང་གསུངས་པ་དེ་དེ་བཞིན་ལགས་མོད་ཀྱང་། ཟམ་གདོང་གཙོས་ བོད་འབངས་གང་མང་ཞིག་གིས་དེ་ལྟར་མ་རྟོགས་པར་བོད་འབངས་ནང་ཁུལ་དུ་ཁ་དང་ཁ་སྤུ་དབྱེ་འབྱེད། ཤ་དང་གྲི་སོ་སོར་འབྱེད་དགོས་ཞེས་བོད་འབངས་དམ་ཚིག་འོ་ཆུ་གཅིག་འདྲེས་ལ་དཀྲུག་ཤིང་ཁྲག་གི་འཁོར་ལོ་བསྐོར་བཞིན་འདུག་པར་དེ་དག་གསལ་བཤད་ལེགས་པོ་ཞིག་གནང་ཐུབ་ན་ལེགས་པོ་འདུག་དྲན་ཞིང་དེ་ལྟར་མཛད་པར་བསྐུལ་ལོ།།
བོད་ཆོས་ནང་པས་སྤྱན་རས་གཟིགས་དྲག་ཏུ་ཁྲོས་པ།ཆོས་སྲུང་མགོན་པོ་ལས་ཀྱང་ལྷག་པ་མཐོ་བར། སྨོན་ལོག་དམ་སྲི་བསྟན་འགྲོ་ལ་གནོད་མཁན་དོལ་རྒྱལ་ལམ་ཤུགས་ལདན་ཡི་དྭགས་དེ། འཕགས་པ་འཇམ་དཔལ་དབྱངས་དང་། ༸རྗེ་རིན་པོ་ཆེ་སྤྲུལ་པ་རེད། ཅེས་འུར་སྒོག་བྱས་ནས་བསྟེན་མཁན་རྣམས་ལ། ཆོས་དད་དབང་གི་གྲལ་དུ་མི་རིགས་པ་འདི། མེ་དཀར་ལགས་ཀྱིས་ཀྱང་ཤེས་པར་བྱོས་ཤིག་ཀྱེ།
མེ་དཀར་ལོ་ལོ།
འབྲུག་གཞུང་གིས་དོལ་རྒྱལ་བཀག་སོང་། དེ་ལ་ཁྱོད་ཅི་ཟེར། དེ་བཞིན་འབྲུག་གཞུང་གིས་འབྲུག་པ་བཀའ་བརྒྱུད་པའི་སྐྱབས་མགོན་འབྲུག་ལ་ཆོས་བཤད་མ་བཅུག་པ་དེ་ལ་ཅི་ཤོད། འབྲུག་པ་ཀླ་ཀློ་འདྲ་བ་དེ་ཚོས་འབྲུག་པའི་ཕྲུ་གུ་དབང་པོ་མ་ཚང་བ་སྐྱེས་ན་ལོ་གསུམ་ཙམ་ནས་དུག་སྤྲད་ནས་གསོད་སྲོལ་འདུག འདི་ལ་འགྲོ་བ་མིའི་ཐོབ་ཐང་ཤོད་དང་།
དོལ་རྒྱལ་འདི་བོད་མི་རིགས་ལ་གནོད་པས་བོད་པ་མང་ཆེ་བས་སྤོང་བཞིན་ཡོད།
འབྲུག་པས་ཤུགས་ལྡན་བཀག་པར་དགའ་བསུ་ཡོད། ཅིའི་ཕྱིར་ཞེ་ན་ཤུགས་ལྡན་ལྷ་རུ་བཟུང་མཁན་འབྲུག་པ་ཕལ་ཆེར་མེད། དེ་བས་ན་དེ་བཀག་པས་འབྲུག་པའི་སེམས་ལ་དཀའ་ངལ་ཕྲད་རྒྱུ་གང་ཡང་མེད་ངེས་ཡིན།
འབྲུག་པའི་དབུ་བླ་༧སྐྱབས་མགོན་རྗེ་མཁན་པོ་སྐུ་གཟི་མདངས་ལྷང་ངེ་ལྷམ་མེ་ལྷན་ནེར་བཞུགས་པས་ཡིད་བདེ་བར་བྱོས།
དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་དུག་སྤྲད་ནས་བསད་ཟེར་བ་ད་རེས་དང་པོར་གོ་བ་བདེན་མི་བདེན་མ་ངེས་པས་གལ་ཏེ་ཡིན་ན་རྒྱལ་སྤྱིའི་ཁྲིམས་ལ་སྦྱོར་འོས།
འབྲུག་པ་ཀླ་ཀློ་ཟེར་དུས་དོན་ལ་བོད་པ་ཀླ་ཀློ་ཡིན་དང་འབྲུག་པ་ཀླ་ཀློ་ཡིན་ཞིབ་ཞིབ་ཏུ་དཔྱོད་དང་ས་གནམ་ལ་འཕྱར་ན་རྡོ་ལྷང་ལ་བུད་ཡོང་ངོ་།།
མཁྱེན་ལྡན་ཀློང་ཡང་ལགས།
ཀློང་ཡང་ཞེས་པ་ཀློང་ཆུང་དུ་བཅོས།
མེ་དཀར་ལགས། དོལ་རྒྱལ་ཚོགས་པའི་བྱ་སྤྱོད་ལ་བསམ་བློ་བཏང་བ་ཡིན་ན་ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་པ་ནི་འོས་ཤིང་འཚམ་པ་ཞིག་ཡིན་པ་མ་ཟད་ཆད་ལས་ཧ་ཅང་ཆུང་ཆུང་ཞིག་རེད། འོན་ཀྱང་ཁྱོད་དང་ཁྱོད་ལྟ་བུ་དག་གིས་བོད་ཀྱི་དབུ་ཁྲིད་དང་མི་མང་ཚོའི་སྐྱོན་མཐོང་བ་ལས་དེའི་ཁ་གཏད་ཚོའི་སྐྱོན་མི་མཐོང་བ་ནི་ཕྱོགས་ལྷུང་གི་མིག་ཤེལ་ནག་པོ་དེས་མིག་ཡ་ཅིག་སྒྲིབ་སོང་བའི་དེན་རྟགས་རེད། དོལ་རྒྱལ་བ་ཚོ་ལ་བོད་གཞུང་གི་ངོས་ནས་བཙན་བྱོལ་བོད་མིའི་ཐོབ་ཐང་གང་ཡོད་ཀྱང་ཚང་མ་ཅིག་མཚུངས་སྤྲད་ཡོད་པ་ལས་དབྱེ་འབྱེད་གང་ཡང་བྱས་མེད་པ་རེད། བོད་མི་སྒེར་སོ་སོས་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་མི་བྱེད་ནི་སོ་སོའི་རང་དབང་རེད་ལ། བོད་ཀྱི་ཕ་ཆུས་བཙོང་མཁན་དང་མགོན་སྐྱབས་ལ་རྒོལ་མཁན་ཞིག་ལ་བསམ་ཡོད་ཀྱི་མི་སུ་ཞིག་ཡིན་ཡང་འབྲེལ་བ་བྱེད་འདོད་མེད་པ་རང་བཞིན་རེད། དཔེར་ན་ཁྱོད་ཚོ་འབྲུག་པའི་མི་ཞིག་གིས་རྒྱལ་ཁབ་ཀྱི་ཕ་ཆུས་བཙོང་ཞིང་འབྲུག་རྒྱལ་ལ་རྒོལ་ན་མི་དེ་ལ་ཁྱེད་རང་ངོས་ནས་འབྲེལ་བ་བྱེད་འདོད་ཡོང་ས་རེད་མ་རེད་བསམ་བློ་ཐོང་།
ལུང་རྟོགས་ལགས། དོལ་རྒྱལ་ཚོགས་པའི་བྱ་སྤྱོད་དུས་ནམ་ཡང་དག་པ་སྟེར་མྱོང་མེད། ༧གོང་ས་མཆོག་ལ་རྒོལ་བའི་བརྙན་པར་དག་མཐོང་དུས་སྙིང་ཡང་འཕར་ལྡིང་དུ་བྱེད། བོད་མིའི་སྒྲིག་འཛུགས་ཀྱིས་དོལ་རྒྱལ་རྗེས་འབྲང་བོད་མི་དག་ལ་བཙན་བྱོལ་བོད་མིའི་ཐོབ་ཐང་གཅིག་མཚུངས་སུ་འཇོག་པ་ངས་ཤེས།
ཡིན་ནའང་དོལ་རྒྱལ་ལ་བཀག་འགོག་ཚབས་ཆེན་འདི་འདྲ་བྱས་མེད་ན་འདི་ལྟ་བུའི་སྐྱོན་ཡོང་དགོས་མི་འདུག་སྙམ་པ་ངའི་བསམ་ཚུལ་ཡིན།
ངས་ཁ་ན་ན་བར་དུ་བཤད་ཡ་དེ་དོལ་རྒྱལ་གྱིས་བོད་ཆུས་ལ་གནོད་སྟངས་ཡིད་ཚིམ་པ་ཞིག་གཏན་ནས་མེད། གོང་དུ་དཔྱོད་ལྡན་བསམ་ཤེས་དང་དྲི་མེད་སོགས་ཀྱིས་མིས་ལྷ་སྲུང་དགོས་ཐུག་དུས་ལྷ་ལ་ནུས་པ་མེད་རྟགས་རེད་ཅེས་པ་ལྟར་ལྷའམ་འདྲེ་གང་མཐོང་རྒྱུ་མེད་པའི་དངོས་པོ་དེས་བོད་ལ་གནོད་སྟངས་ཇི་འདྲ་རེད། ༧ལྔ་པ་ཆེན་པོ་ལ་ཡིད་ཆེས་ན་དེ་སྐབས་སྨིན་གླིང་གཏེར་བདག་གླིང་པ་དང་བྱང་བདག་པདྨ་ཕྲིན་ལས་སོགས་གུ་རུ་མིའི་གཟུགས་སུ་བྱོན་པའི་བླ་མ་དག་གིས་དོལ་རྒྱལ་མེ་ལྷའི་ཞལ་དུ་བཏབ་ཟིན་ན་ད་བོད་པ་གནོད་པ་བྱེད་མཁན་དེ་སུ་རེད། གོང་དུ་ཞུས་པ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་ཟབ་མོ་དེ་ཚོ་བོད་མི་དག་ལ་གསལ་བསྒྲགས་གནང་ནས་སླར་ཡང་བོད་འབངས་ཆིག་སྒྲིལ་འོ་མཚོ་གཡས་སུ་འཁྱིལ་བ་གཅིག་ཏུ་བརྩོན་པར་རིགས་སོ།།
ཁ་དང་ཁ་སྤུ་དབྱེ་འབྱེད་ཅེས་ཆིག་སྒྲིལ་གྱི་གོང་བུ་བཏོར་བ་འདི་ཆད་ལས་ཆུང་ཆུང་ཟེར་དུས་ཆད་ལས་ཆེན་པོ་དེ་isis ལྟ་བུ་མ་ཡིན་པར་ཤོག
ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ (ISIS) དང་། དོལ་ཚོགས་འཇིགས་སྐུལ་ཚོ་གཉིས་ལ་ཁྱད་པར་གང་དང་གང་འདུག་གམ། ལགས།
འཇིགས་བསྐུལ་བ་སུ་ཡིན་ཁ་ཚོན་གཅོད་དཀའ་སྟེ། རྡོ་རྗེ་ཤུགས་ལྡན་རྗེས་འབྲང་དང་བཅས་པས་བལྟས་ན་དེའི་ལྡོག་ཕྱོགས་རྣམས་ཁ་ནས་ཞི་བདེ་སྨྲས་དོན་དུ་འཇིགས་བསྐུལ་བ་ཨང་ཀི་དང་པོ་རུ་སྣང་གི་ཡོད་པ་ཐེ་མི་ཚོམ།
མེ་དཀར་ཁྱོད་བདེན་ཡང་་་་་་་ ཧཧཧཧཧཧ།
གོང་གི་ཉིད་ཀྱི་མཆན་བུ་རྣམས་ལ་ཞིབ་གཟིགས་ཤིག་གནང་དང་ཁྱེད་རང་ཡང་འཇིགས་བསྐུལ་བར་དོན་གྱིས་སོང་འདུག
མེ་དཀར་ལགས། ཆིག་སྒྲིལ་གྱི་གོང་བུ་གཏོར་མཁན་དོལ་རྒྱལ་བ་ཚོ་རེད། ཁོ་ཚོས་འདྲེ་ཞིག་གསོལ་རྒྱུའི་ཆེད་དམ་ཡང་ན་དངུལ་གྱི་ཆེད་དུ་སྔ་བསམ་ཕྱི་འདངས་གང་ཡང་མེད་པར། རྒྱ་གཞུང་ལ་སྐྱབས་བཅོལ་ནས་བོད་པའི་ཕ་ཆུས་བཙོང་མི་གསད་མེ་རྒྱག་གོང་ས་མཆོག་ལ་ངོ་རྒོལ་བྱེད་པ་འདི་ནི་ཆིག་སྒྲིལ་གཏོར་བའི་བྱ་ངན་ངོ་མ་དེ་རེད། དེས་ན་ཆིག་སྒྲིལ་གཏོར་མཁན་སུ་ཡིན་མིན་ཤེས་ནས་སྐད་ཆ་བཤད་ན་ཡག་པོ་རེད། དེ་མིན་མགོ་མ་ཚོས་གོང་ནས་ལྕེ་ལ་སྙབས་པའི་དཔེ་རུ་འགྱུར་རྒྱུ་རེད། དོལ་རྒྱལ་གྱིས་དགེ་ལུགས་རང་གི་བསྟན་འཛིན་གྱི་སྐྱེས་ཆེན་མང་པོ་ཞིག་སྐུ་སྲོག་དཀྲོང་པའི་ལོ་རྒྱུས་ཛེ་སྨད་ཀྱི་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པ་དེས་ནང་ལ་བཀོད་ཡོད་པ་རེད། དེ་ཚོ་བདེན་པ་ཡིན་མིན་གང་ལྟར་ཡང་དངོས་ཡོད་གནས་ཚུལ་ལ་དོལ་རྒྱལ་རྗེས་འབྲང་བ་ཚོས་གུ་རུ་རིན་པོ་ཆེ་ལ་དགྲ་ལྟར་བརྩིས་ནས་སྐུ་འདྲ་བཅག་གཏོར་བྱས་པ་དང་བཀའ་ཐང་མེར་སྲེག་གཏོང་བའི་དངོས་བྱུང་ལོ་རྒྱུས་ཡོད་པ་རེད་ལ། རྙིང་ཆོས་ལ་དུག་ལྟར་འཛེམ་བཞིན་ཡོད་པ་ཡང་གསལ་པོ་གསལ་རྐྱང་རེད། ཆོས་རྒྱུད་ནང་ཁུལ་མཐུན་སྒྲིལ་མེད་ན་བོད་སྤྱི་ལ་གནོད་པ་ཡོད་པ་ནི་སུ་ལ་ཡང་འགྲེལ་བཤད་རྒྱག་དགོས་མེད་པ་རེད། དེང་སང་རྙིང་མ་པ་ཡིན་ཟེར་མཁན་ཁག་ཅིག་གིས་དོལ་རྒྱལ་ཚོགས་པ་ལ་རྒྱབ་སྐྱོར་གྱི་སྐད་ཆ་བཤད་པ་ནི་དགེ་སྐྱོན་དང་བཟང་ངན་མི་ཤེས་པའི་ཀླད་མེད་བྱབ་ཆུང་གི་བྱེད་སྟངས་རེད།
བདག་ལ་དོལ་རྒྱལ་སྒྲུབ་པའི་ཁུར་མེད་ལ།།
ནན་ཏན་འགོག་པའི་རྒྱུ་མཚན་ཀྱང་མ་མཆིས།།
འོན་ཀྱང་རྐྱག་སྐམ་ཐུར་མས་དཀྲུག་ཆེ་ན།།
དྲི་ངན་གནམ་ས་བཀང་འདིར་མ་བཟོད་ཙམ།།
མཁྱེན་ལྡན་ལུང་རྟོགས་ལགས། རང་དང་ལྟ་བ་མ་མཐུན་པ་ན་ འདྲེ། ཀླད་མེད། བྱབ་ཆུང་ཟེར་བ་ནི་ཁ་ཕྱིར་བལྟས་འབའ་ཞིག་གི་གཏམ་དུ་ཟད་དོ།།
ཡོད་ཚད་གང་པོ་དབུ་མ་ལ་ཁྲིད་མཁན་དག་གིས་ཤུགས་ལྡན་སྐོར་དབུ་མ་ལ་ཁྲིད་མ་ཐུབ་པ་གང་ཡིན་ནམ།
ཁྱེད་ལ་དོལ་རྒྱལ་སྒྲུབ་པའི་ཁུར་མེད་ན།།
དོལ་རྒྱལ་བ་ལ་རྒྱབ་སྐྱོར་བྱེད་དགོས་ཅི།།
ཁུར་མེད་ཁུར་ལེན་བྱས་ནས་བཞུགས་པ་ལས།།
རང་ཞལ་བདག་པ་རྒྱག་ནས་བཞུགས་ན་ལེགས།།
དོལ་རྒྱལ་བ་དབུ་མ་ལ་ཁྲིད་ཐབས་མ་བྱས་པ་མ་རེད། འོན་ཀྱང་དོལ་རྒྱལ་བ་དང་གུང་ཕྲན་ཏང་གཉིས་རྒྱུ་ཅ་ཅིག་པ་ཡིན་དུས་དབུ་ལམ་ལ་མ་ཡོང་བ་རེད་དོ། དེ་ཤེས་པར་གྱིས།
དོལ་རྒྱལ་བ་ལ་རྒྱབ་སྐྱོར་བྱས་མྱོང་མེད།།
དོལ་རྒྱལ་འགོག་ལ་ངལ་བ་བླངས་པ་མེད།།
དོལ་རྒྱལ་སྒོ་ཁའི་ཁྱི་བཞིན་འདུག་པ་ལ།།
སྟག་ལྟར་ངར་མ་བཟོ་མཁན་ཁྱེད་ཅག་ཡིན།།
ཉམ་ཆུང་བོད་མིའི་བཟོད་སྒོམ་བྱས་བྱས་ཀྱང་།།
མ་ཕན་དོལ་རྒྱལ་ཚོགས་པའི་བྱ་སྤྱོད་དེས།།
ད་ནི་ཡི་ཐང་གཏིང་ནས་ཆད་གྱུར་པས།།
རྒོལ་ལན་སྤྲད་ལས་གཞན་པའི་ཐབས་ཅི་ཡོད།།
རི་བོ་ལུད་པ་ཐག་པས་མི་བསྡོམས་ཞེས།།
མེས་པོའི་དཔེ་ལྟར་ཤུགས་ལྡན་འདྲེ་ཉལ་ལ།།
ཕཊ་སྒྲས་དཀྲོགས་པའི་ཉེས་པ་ཅི་ཡོད་ཀུན།།
མི་འདོད་བཞིན་དུ་ཁུར་དགོས་སྙིང་རེ་རྗེ།།
གངའ་ཅན་བླ་མ་རྒྱ་ཡི་རྒྱུགས་ཁྱི་ཡིན་པའི་དཔང་རྟགས་ལ།
https://www.facebook.com/photo.php?fbid=666539863462792&set=pcb.666540090129436&type=1&theater