སླར་དེར་གཅིག་གཟིག་དང་།https://www.youtube.com/watch?v=HJaFDWROx9Q
༄།།ལྡེ་ལི་དབུས་ལྷ་མི་སྲུང་སྐྱོབ་ཚོགས་པའི་ལས་བྱེད་རྙིང་པ་མཁས་དབང་དགེ་བཤེས་དཀོན་མཆོག་རྒྱལ་མཚན་མཆོག་གིས་ཚེ་ཀྲ་བླ་མའི་གདོང་རིས་ངོ་མ་དམར་རྗེན་དུ་བཏོན་པའི་དྲི་ལན།
Former administrator of Delhi National Dore Sugden Society Geshe kunchock Gyaltsen response to Tsetra Lama’s his real nature of true face.
རང་གིས་དངོས་སུ་མཐོང་བ་དང་ཐོས་པའི་གནས་ཚུལ་གཞི་ལ་བཞག་སྟེ། འཇིགས་ཞུམ་མེད་པར་སྐད་ཆ་བཤད་པ་འདི་ལེགས།
མཐོང་ཐོས་དངོས་གསུམ་གྱི་སྒོ་ནས་གསུངས་པ་ལ་དགའ་བསུ་ཡོད།
བླ་མ་ཚེ་བཀྲ་རིན་པོ་ཆེ་ནི། ༸གོང་ས་མཆོག་གི་༸སྐུ་ཕྱྭ་དང་། བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་འབེན་དུ་བཙུགས་ཟིན་པའི་སྐྱེས་བུ་དམ་པ་ཞིག་ཆགས་པ་རེད། ཁྱེད་ཀྱི་སྐུ་ཚེ་ལ་བར་ཆད་མི་འོངས་བའི་སྨོན་འདུན་ཡོད་དོ།།
དཔའ་བོ་ཁྲོ་ཐུང་འདྲ་བོ་ཞིག་ཐོན་བཞགས། ངོ་མ་བདེན་པ་ཡིན་ན་བཟང་གི་ཡ། མཐར་བདེན་པ་རྒྱལ་བའི་སྨོན་ལམ་ཞུ། ན་ནིང་ཞིག་ས་སྐྱ་གྲྭ་བ་ཞིག་གིས་ས་སྐྱའི་ཕྱག་ཐིལ་བརྐུས་པའི་ཡུ་ཊུབ་དང་རྔ་བ་ནས་བརྙན་ཐུང་འགའ་རེ་འདུག་པ་བཞིན་མིན་པར་ཤོག།
ཁོང་གིས་རང་ཉིད་བློས་བཏང་གིས་ཉམ་མྱོང་དང་། དངོས་བྱུང་བདེན་གཏམ་བཤད་པར་སྙིང་ནས་གུས་བཀུར་ཞུ།
བླ་མ་ཁོང་ཡང་དོལ་ཚོགས་ཀྱི་ཚོགས་གཙོའི་ལས་ཟུར་བ་ཞིག་རེད་འདུག་ག བལྟས་ཚོད་ལ་དོལ་ཚོགས་ཀྱིས་བརྙན་ཐུང་འདིའི་ལན་དུ་ཁོ་ཚོ་ནང་ཁུལ་དུ་བྱུང་བའི་དངུལ་གྱི་རྙོག་གྲ་འདྲ་བོ་ཞིག་བཤད་སྲིད་པ་རེད། གང་ལྟར་བླ་མ་ཚེ་བཀྲ་ཁྱེད་སྐུ་ཚེ་རིང་བར་ཤོག
སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་གསུང་སྟངས་ལ་གཞིགས་ན། ད་དུང་དངོས་དཔང་མི་ཉུང་བ་ཞིག་འདོན་རྒྱུ་ཡོད་པ་འདྲ། དཔང་རྟགས་དེ་རིགས་རིམ་པས་མི་མང་ལ་འགྲེམས་སྟོན་གནང་རྒྱུའི་རེ་བ་ཞུ། ཐུགས་རྗེ་ཆེ། སྐུ་ཉིད་ལ་མཆཽན་ན།་བློས་གཏོང་ཆེན་པོ་ཞིག་རེད་ལ་ང་ཚོ་བོད་མི་ཚོས་སྐུ་ཉིད་བརྗེད་སྲིད་ཀྱི་མ་རེད།
“བདེན་གཏམ་ས་གཞི་འདར་བའི་འབྲུག་སྒྲ།”
གདོང་ཐོག་རིན་པོ་ཆེའི་ཚིག་འདི་དེ་རིང་གཞི་ནས་བེད་སྤྱོད་བྱ་ས་ཞིག་རག་སོང་།
བླ་མ་ཚེ་བཀྲ་ལགས། ཐུགས་རྗེ་ཆེ། གང་ལྟར་དོལ་ཚོགས་པ་ཚོ་ཡང་༧གོང་ས་མཆོག་གི་བཀྲིན་གྱི་འཚོ་བཞིན་འདུག་གཱ། གང་ལགས་ན་རྒྱལ་བ་ཐམས་ཅད་མཁྱེན་མེད་ན་ཁོང་ཚོའི་ལས་ཀ་མེད་པ་ཆགས་ཚར་བཞག ཁོང་ནི་ཀུན་ཁྱབ་ཉི་མ་རང་རེད་འདུག སྐུ་ཚེ་རྡོ་རྗེ་ཁམས་སུ་བརྟན་ཞུགས་གསོལ།།
ནམ་རྒྱུན་འདིར་དོལ་ཚོགས་སྐོར་བཤད་ཡོང་དུས་དེ་ནི་ཆོས་དད་རང་མོས་ལ་སྒེར་གཅོད་བྱས་སོང་མདོག་མདོག་ཟེར་མཁན་མང་ད་ནི་ཁྲོན་པའི་ནང་གི་སྦལ་བ་དེ་ཚོར་ཡ་ལན་ཡག་པོ་ཞིག་བརྒྱབས་སོང་། ད་དུང་བདེན་དཔང་མང་པོ་ཞིག་གཞི་ནས་ཡོང་རྒྱུ་ཡོད་པ་འདྲ། སྒུག་ནས་འདུག ཁ་དྲོ།
སྐབས་འཚོལ་བ་འགའ་ཞིག་གིས་སྐྱབས་རྗེ་ཕ་བོང་ཁ་དང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལ་སོགས་པ་ཁ་ལ་ཁྱེར་ནས། སེར་སྐྱ་མང་པོ་ཞིག་ལོག་ལམ་དུ་ཁྲིད་ཀྱིན་འདུག སྐབས་འཚོལ་བ་ཚོས་སུ་ཞིག་གི་ཆེད་བྱ་བ་སྒྲུབ་ཀྱི་ཡོད་པ་ཧ་གོ་ན་ཧ་ཅང་ཡག་པོ་རེད།
སྐབས་འཚོལ་བ་འགའ་ཞིག་གིས་སྐྱབས་རྗེ་ཕ་བོང་ཁ་དང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལ་སོགས་པ་ཁ་ལ་ཁྱེར་ནས། སེར་སྐྱ་མང་པོ་ཞིག་ལོག་ལམ་དུ་ཁྲིད་ཀྱིན་འདུག སྐབས་འཚོལ་བ་ཚོས་སུ་ཞིག་གི་ཆེད་བྱ་བ་སྒྲུབ་ཀྱི་ཡོད་པ་ཧ་གོ་ན་ཧ་ཅང་ཡག་པོ་རེད།
གནས་ཚུལ་དེ་དག་ནི་ངས་དེ་སྔོན་ཚོད་དཔགས་བྱས་བ་ལྟར་བྱུང་འདུག་པས། གནས་ཚུལ་འདི་ཐོས་བས་དགའ་བོ་བྱུང་།
དང་པོ་བླ་མ་ཚེ་བཀྲ་མཆོག་ལ་འཚམས་འདྲི་ཡོད། ད་རེའི་དོལ་རྒྱལ་སྐོར་གྱི་དངོས་བྱུང་གི་གནས་ཚུལ་མང་པོ་ཞིག་ཁ་གསལ་གནང་བར་དངོས་གནས་ཡག་བྱུང་། ཁྱེད་ཀྱིས་གསུངས་པ་ལྟར་ཁོང་ཚོར་ཤུགས་ལྡན་ལ་དད་ཀི་མ་རེད་ལ། བླ་མའི་བཀའ་བརྩི་ཀིའང་མ་རེད། མཐར་དེད་ན་དོལ་རྒྱལ་ཁ་ལ་འཁྱེར་ནས་རྒྱ་མིས་དངུལ་ངོས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ངོ་རྒོལ་དང་བོད་མི་ནང་ཁུལ་དཀྲུགས་ཤིང་གི་ལས་ཀ་ཡིན་པ་དངོས་ཡོད་རེད།
དང་པོ་བླ་མ་ཚེ་བཀྲ་མཆོག་ལ་འཚམས་འདྲི་ཡོད། ད་རེའི་དོལ་རྒྱལ་སྐོར་གྱི་དངོས་བྱུང་གི་གནས་ཚུལ་མང་པོ་ཞིག་ཁ་གསལ་གནང་བར་དངོས་གནས་ཡག་བྱུང་། ཁྱེད་ཀྱིས་གསུངས་པ་ལྟར་ཁོང་ཚོར་ཤུགས་ལྡན་ལ་དད་ཀི་མ་རེད་ལ། བླ་མའི་བཀའ་བརྩི་ཀིའང་མ་རེད། མཐར་དེད་ན་དོལ་རྒྱལ་ཁ་ལ་འཁྱེར་ནས་རྒྱ་མིས་དངུལ་ངོས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ངོ་རྒོལ་དང་བོད་མི་ནང་ཁུལ་དཀྲུགས་ཤིང་གི་ལས་ཀ་ཡིན་པ་དངོས་ཡོད་རེད།
བླ་མ་ཚེ་བཀྲ་ཁོ་རང་ཤུགས་ལྡན་ལ་ཡིད་ཆེས་མེད་བཞིན་དུ་ལོ་མོང་པོའི་རིང་ལ་ཚོགས་པ་འདི་ཡི་ནང་ལས་ཀ་བྱེ་དགོས་དོན་གང་ཡིན་ནམ་
དོལ་རྒྱལ་བ་ཚོས་རྒྱ་གཞུང་གི་སྒོར་མོའི་དོན་དུ་རང་གི་མི་རིགས་དང་རྒྱལ་ཁབ་བློས་གཏོང་གིན་ཡོད་པ་ནི་བདེན་དཔང་ཡོད་མེད་ཅིག་ལས་དངོས་ཡོད་འཁྲུལ་མེད་རེད། ད་རེ་སྐུ་ཞོགས་འདིས་བདེན་དཔང་འདྲ་ཞིག་གནང་འདུག ཡིན་ནའང་། ཁོས་སྔོན་མའི་(མཚན་ཉིད་སློབ་དཔོན)མི་གསོད་དང་སྐུ་མདུན་དཀྲོང་རྒྱུའི་ལས་གཞི་ཚང་མ་ཤེས་བཞིན་དུ། དེ་དུས་གཞུང་དང་མི་མང་ལ་མ་བཤད་པར་གསང་འདུག དེ་མིན་ཁོས་ལོ་མང་རང་དོལ་ཚོགས་ནང་ལས་ཀ་བྱས་ཟིན་པ་དང་། རྒྱ་གཞུང་གིས་སྒོར་མོ་ཡང་ཟོས་ཚར་ཟིན་ནས། ད་དུང་རང་ཉིད་དག་གཙང་དང་སྐྱོན་མེད་ཅིག་ཏུ་འདོད་འདུག རང་ཉིད་ཁོ་ཚོའི་མཉམ་དུ་སོང་ཙམ་ལས་ཅི་ཡང་བསྒྲུབས་མེད་པ་འདྲ་ཞིག་ལབ་ཀི་འདུག འདི་ནི་དགོད་བྲོ་བ་ཞིག་མ་རེད་དམ། འོ་རེད། གང་ལྟར། ཁོས་འདི་འདྲ་ཞིག་བཤད་པར་བཟང་བྱུང་། དེ་ཡང་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་རེད། མི་མང་བོ་ཞིག་གིས་ཤེས་མེད་དུ། ཁོ་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ། མི་རིགས་ཀྱི་དཔའ་བོ་རེད་ཟེར་གྱིན་འདུག འདི་ནི་ཅི་བས་ཀྱང་དགོད་བྲོ་བ་དང་ཡ་མཚན་པ་ཞིག་རེད་ཨང་། ངོ་ནས་སྙིང་མེད་ཀླད་སྟོང་རང་རེད་འདུག ནང་རུལ་བ་ཞིག་ཕྱིར་དྲང་ལམ་དུ་ཞུགས་པར་བཀའ་དྲིན་ཞུ་དགོས་པ་ཅི་ཡོད། ད་དུང་ཁོས་བཤད་པ་བདེན་པ་དང་སེམས་པ་རྣམ་དག་ཡིན་མིན་སུས་ཤེས། མ་གཞི་ནས་མི་འདི་རིགས་ལ་ཡིད་ཆེས་རྒྱུ་ཡོད་མ་རེད། ཁོ་ཚོས་རང་གི་རྒྱལ་ཁབ་དང་མི་རིགས་བཙོང་ཐུབ་རྐྱེན། དྲན་འཁྲུལ་གྱི་ལས་བསམ་གྱིས་མི་ཁྱབས་པ་འདི་ལས་འདི་མི་ལས་ཟེར་རྒྱུ་ཞིག་གང་ན་ཡོད། ནང་རུལ་བ་ཕྱིར་རྒྱལ་གཅེས་པར་གྱུར་ན་ང་ཚོས་དེ་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་དགོས་པ་ཡོད་མ་རེད། སྨྱོན་པ་ཀླད་མེད་ཚོ། ཁོ་ལ་ཉེས་ཆད་མ་བཅད་ན་ཡག་བྱུང་བ་རེད། གལ་སྲིད་བོད་འདི་རྒྱལ་ཁབ་རང་བདག་ཅན་ཞིག་ཡིན་ན། རྒྱལ་ཡོངས་ཁྲིམས་ཞིབ་ཁང་གིས་ཁོ་ལ་ངེས་པར་འདྲི་གཅོད་དང་ཉེས་ཆད་ཁྲིམས་ཐག་གཅོད་ངེས་རེད། ཁོ་བོ་བློ་མི་བདེ་བ་ཞིག་འདུག་པ་ནི། ང་ཚོའི་གཞུང་གི་ཀླད་མེད་དེ་ཚོས་མི་འདི་ལ་ཉིན་ཞིག་སྐུ་མདུན་ལ་མཇལ་ཁ་འདྲ་གནང་དུ་འཇུག་སྲིན་ན་ཐང་། ང་ཚོས་ངས་པར་མི་འདི་རིགས་ལ་ནམ་ཡང་དོ་སྣང་བྱེད་དགོས། ལྷག་དུ་སྐུ་མདུན་གྱི་ཉེ་སར་འགྲོ་རུ་འཇུག་མི་རུང་། ཐུགས་རྗེ་ཆེ།
བཟང་ངན་གང་ཡིན་བཤད་རྒྱུ་སྔ་དྲགས་འདུག
བསྟོད་ན་འདོད་དུས་ལྷ་རུ་བཀུར་བ་དང་། །
སྨད་ན་འདོད་དུས་འདྲེ་རུ་བརྩི་བ་ཡི། །
གངས་ཅན་བོད་པའི་ལུགས་སྲོལ་ངན་པ་འདིས། །
ང་ནི་ཀུན་ལ་དོགས་པ་ཟ་བར་བྱས། །
ང་ཉེ་སྔོན་དོལ་ཚོགས་དང་འབྲེལ་བ་ཡོད་པའི་ཕྱི་མི་ཆོས་ཚོགས་ཤིག་གི་བདག་པོ་ཡིན་པ་ཞིག་དང་འཕྲད། ཁོང་གིས་ངའི་བླ་མས་དོལ་རྒྱལ་བརྟེན་གྱི་རེད། ང་ནི་རྒྱལ་བ་རིན་པོ་ཆེ་ལ་ཡང་དད་པ་ཡོད། ད་གང་འདྲ་བྱས་ན་དགའ་ཟེར་ནས་ང་ལ་དྲིས་སོང་། དེར་ངས། ཁྱོད་རང་ལ་སངས་རྒྱས་པའི་ལམ་ངོ་མ་དེ་སུས་སྟོན་ནུས་པའི་ཡིད་ཆེས་ཡོད་པ་དེའི་རྗེས་སུ་འབྲངས་དགོས་པ་རེད་ཅེས་བརྗོད།
ཁར་སང་ཡང་དོལ་ཚོགས་དང་འབྲེལ་བ་ཡོད་ཅིང་རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ལ་ཡང་འགྲོ་འདུག་མཁན་ཞིག་དང་གླེང་མོལ་བྱུང་། དེར་ངས། ད་ནི་དོལ་རྒྱལ་གྱི་གནད་དོན་འདི་ཚབ་ཆེ་རུ་འགྲོ་བཞིན་འདུག ཆོས་ལུགས་ཀྱི་རྩོད་རྙོགས་ཟེར་བ་དེ་ཚབ་ཆེན་རེད། ཁྱེད་རང་གིས་ཀྱང་འདི་འདྲ་བྱ་མ་བྱི་བྱས་ནས་ཁུངས་འཁྱོལ་གྱི་མ་རེད། མགོ་ཚེས་གཅིག་ནས་འཆུག་ན་མཇུག་གནམ་གང་ལ་འཆུག་ཟེར་བའི་དཔེ་བཞིན་དུ་ད་ལྟ་ནས་ཐག་གཅོད་ཡག་པོ་མ་བྱས་ན་རྗེས་སུ་མགོ་རྙོགས་པོ་ཡོང་གི་རེད་ཅེས་སྙིང་གཏམ་བཤད་དགོས་བྱུང་། དེར་མོས་ད་དཀའ་ལས་ཁག་པོ་འདུག ཡིན་ན་ཡང་བསམ་བློ་ཏན་ཏན་གཏོང་གི་ཡིན། ཐུགས་རྗེ་ཆེ་ཟེར་ནས་ཕྱིན་སོང་།
རྗེས་སུ་ཡི་རངས་ཡོད། ཤེས་སྤྲིངས་ལས། ། གང་ཞིག་སྔོན་ཆད་བག་མེད་ཀྱང་། ། ཕྱིས་ནས་བག་དང་ལྡན་གྱུར་ན། ། སྤྲིན་བྲལ་ཟླ་བ་ལྟར་གྱུར་ཏེ། ། དགའ་བོ་སོར་ཕྲེང་བདེ་བྱེད་མཐོང་ལྡན་བཞིན། གསུངས་པ་བཞིན་ལམ་ནོར་ལྡོག་ཤེས་ཐུབ་པ་ནི་དངོས་གནས་ཡག་པོ་ཞེ་དྲག་རེད་དོ། །
དོལ་ཚོགས་ཀྱི་བྱེད་གཏེར་ཞིག་ལ་ཁྱེད་ཚང་གིས་བླ་མ་དང་རིན་པོ་ཆེ་ཞེས་པའི་མི་སྣ་ཞིག་གྱུར་འདུག། ཧཧཧཧཧ། དངོས་གནས་དགོད་མོ་སློང་གིན། དོལ་རྒྱལ་འཛིན་ནས་ངན་དགུ་ཡོད་ཚོད་སྤྱོད་ནས་རྒྱ་བོད་གང་སར་ཁྱི་ངན་བཞིན་དུ་ཟུག་ནས་འགྲོ་སྡོད་མཁན་གྱི་བྱེད་གཏེར་གྱི་མི་འདི་འདྲ་རིགས་ལ་སྟོད་པ་ནི་གྱབ་ཆུང་གི་ལས་ཞིག་མིན་ན་གང་རེད། ཧཧཧཧཧ་ནམ་ཞིག་ན་ཨར་ཐ་ཚེ་རིང་དང་བདེ་ཆེན་སྤྲུལ་སྐུ། རྒྱ་མཚོ་མགོ་རིལ་བསོད་ནམ་བླ་མ་སོགས་ཀྱང་བོད་ལ་བློ་དཀར་དང་ལྷག་བསམ་ཅན་གྱི་དཔལ་རྒོད་དག་དག་འགྱུར་རྒྱུའི་ལམ་ཁ་ཞིག་འདུགགོ།། དོལ་རྒོལ་ཚང་གི་བྱ་ལས་གཙོག་པ་འདི་འདྲ་་་་་་་་་་་་་་་་་་་་་་་་་་་་་་་་།།།
ངོ་ཤེས་རྒྱུས་ཡོད་ཅིག་གིས་ཟེར་ན་མི་གཞིའི་རིན་ཐང་མེད་ལུགས་དང་དེང་སང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཡོད་རབས། དངུལ་གྱི་ཆེད་དུ་ཅི་ཡང་བྱེད་ཕོད་རབས་སོགས་མང་པོ་བཤད་ཡ་འདུག་པས་ལམ་སང་ཡིད་ཆེས་བློས་འགལ་མི་བྱེད་པར་བདེ་སྲུང་ལས་ཁུངས་སོགས་ཀྱིས་ནམ་ཡང་ལྷོད་གཡེང་མ་གནང་རོགས།
བླ་མ་ཚེ་བཀྲ་ལགས་ཀྱི་གསུང་ལས་ང་ཚོའི་ཤེས་དགོས་པ་ཞིག་ནི། རང་རའི་བོད་རྒྱ་ཞི་མོོོལ་གནང་སའི་འཐབ་ཕྱོགས་གཅིག་གྱུར་ཁང་ཞེས་པའི་ལས་ཁུངས་འདིའི་ལས་འཆར་གྱི་ཁྲོད་ན་རང་རེའི་བོད་ཐོག་འདི་ལྟའི་ཇུས་ངན་སྐྱི་གཡའ་བ་མང་པོ་ཡོད་པ་ཤེས་དགོས་པ་དེ་རེད། བླ་མ་མི་གསོད་མཁན་དང་མི་བཙོང་མཁན་རིགས་དེ་ཚོ་ཀྲུའུ་ཝེ་ཆོན་གྱི་ལས་འཆར་འདི་དག་ལག་བསྟར་བྱེད་མཁན་གྱི་རྒྱུགས་ཁྱི་སྐོར་ཞིག་ལས་སྟངས་ཛིན་བྱེེད་མཁན་ནམ་ཡང་ཆགས་མི་སྲིད། མི་འདི་ཚོའི་ནུས་པ་ནི་ཁོ་ཚོའི་བེད་སྤྱོད་ཀྱི་རིན་ཐང་ལ་རག་ལས་འདུག་པས། ད་རེས་ང་ཚོས་ཡིག་ངག་གཉིས་ཀྱི་ཐོག་ནས་འཛམ་བུ་གླིང་ཀུན་ལ་གསལ་སྟོན་བྱེད་ཐུབ་པ་དགོས་ལ། ལྷག་དོན་རྒྱ་ནག་ནང་ཁུལ་དུ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཚེ་རྫུན་རྐུབ་རང་བཞིན་གྱིས་བཏོན་ཡོང་གི་རེད། དོལ་རྒྱལ་གྱི་གནད་དོན་འདི་ནི་མདོར་ན་ཆབ་སྲིད་རྐྱང་པ་ལས་ཆོས་ལུགས་དང་འབྲེལ་མེད་དུ་གྲུབ་འདུག་ལ་དེང་ཕྱིན་ནས་ང་ཚོས་ཆོས་ལུགས་ཀྱི་བལྟ་བ་གཞིར་བཞག་སྟེ་དགག་ལན་སོགས་ནམ་ཡང་འབྲི་རྒྱུ་ཡོད་པ་མ་རེད། ཀྲུའ་ཝེ་ཆོན་སོགས་ཀྱིས་ངན ཇུས་འདི་བོད་ཐོག་ཏུ་བཀོལ་སྤྱོད་བྱས་པ་ཐེངས་དང་པོ་མ་རེད། བླ་བཙོང་མཁན་ནི་མི་རིགས་གང་དུའང་ཡོང་ཆོག་པ་ལྟ་བུ་རེད། མི་བླ་བཙོང་མཁན་ཉུང་ཤས་ཞིག་གིས་བོད་གངས་ཅན་གྱི་ལོ་རྒྱུས་ལ་ནམ་ཡང་འགུལ་ལྕོག་ཐེབས་སྲིད་ཀྱི་མ་རེད། གཙོ་བོ་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གོ་སྐབས་བཙལ་ཏེ་ཆོས་ལུགས་ནང་ཁུལ་ལ་འགལ་ཟླར་བཟོ་གི་ཡོད་པ་འདི་རེད། བླ་མ་ཚེ་བཀྲ་ལགས་ཀྱིས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་དོལ་རྒྱལ་གྱི་གནད་དོན་ནི་བླ་རྫུན་གྲ་རྫུན་ཁ་ཤས་ཀྱིས་རང་དོན་སྒྲུབ་བྱེད་ཙམ་ལས་རི་བོ་དགེ་ལུགས་པའི་བསྟན་པར་འབྲེལ་མེད་དུ་གསུངས་པ་ནི་དགག་ལན་ཀུན་གྱི་བཅུད་དུ་མཐོང་། བོད་མི་སྒྲིག་འཛུགས་ཀྱི་ངོས་ནས་སྐད་ཆ་འདི་ཚོར་ངེས་པར་བདག་པོ་རྒྱག་དགོས་ཀྱི་འདུག
མི་ཁོ་འདྲ་བོ་རྐྱང་རྐྱང་གི་རྗེས་སུ་སྙེགས་ནས་ང་ཚོ་མི་རིགས་འདི་མཐར་འདི་འདྲ་ཅིག་ལ་ཐུག་པར་དེ་ཤེས་དགོས། ཁོ་ཡིས་ལོ་རྒྱུས་དང་བྱུང་རིམས་ལ་ལྟོས་དང་ད་བཟོད་གཞི་ནས་སངས་སྲིད།
སེར་སྨད་ཇ་མ་རིན་པོ་ཆེ། ཧ་ཧ་ཧ་ཧ་། ད་ཁྱོད་རང་གི་གསོག་འབན་ལ་་གཙུགས་པ་བཀའ་དྲིན་ཆེ། ཁྱི་རྒན་དོལ་ཚོགས་འདི་རྒྱ་རོའི་ཁྱི་ཤ་དམར་པོ་་ཟ་བཞིན་པའི་བདེན་པའི་གཏམ་དེ་བོད་་མི་དམངས་་ལ་ལབ་ཐོབ་པ་་ཤིན་ཏུ་བཀའ་དྲིན་ཆེ། ད་ཁྱོད་ནི་མི་འགྱུར་རྡོར་རྗེ་ཡིན་ད། ཡང་ཁྱོད་རང་དོལ་ཚོགས་ཆག་མ་འགྲོ་ཨ། ཁྱོད་རང་སྔར་བྱེད་ལ་འགྱོད་བཤགས་དང་། ཕྱི་འབྱུང་དེ་ལྟར་མི་བྱེད་པའི་སྡོམ་སེམས་ཡང་ཡང་ངེས་པར་དུ་དགོས། ཁྱི་རྒན་དོལ་ཚོགས་འདི་ང་ཚོ་དགྲ་བོ་ངོ་མ་ཡིན།
མི་འདི་ཚོ་རིགས་གང་ཡང་བྱེད་སྲིད་པ་ཞིག་རེད། ཡིད་ཆེས་བྱེད་སྔ་དྲག་པ་འདྲ། ྄
ཨ་ཁུ་ཀླུ་སྨྱོན་གྱིས་ཟེར་བ་ལྟར་རེད། ཀུན་ལ་དོགས་པ་སྐྱེས་བའི་གཞི་རེད་འདུག།
དྲ་གྲོགས་ཁག་གཅིག་གིས་ཁོང་ལ་བཀའ་བཀྱོན་གནང་འདུག་པ་བདེན་པར་མ་མཐོང་། བོད་ཀྱི་གཏམ་དཔེར། དགྲ་ལག་འོག་ཏུ་ཚུད་ན་བུ་ལས་བྱམས། ཟེར་བ་ལ་ལྟོས་དང་ཤེས་ཐུབ།
གང་ལྟར་ཤེས་དགོས་པའི་གནད་དོན་མང་བོ་མཐོང་།
ཁོ་ཡང་སྙིང་སྟོབས་དང་བློ་ཁོག་ཆེན་པོ་ཞིག་ཏུ་མཐོང་།
བླ་མ་ཚེ་བཀྲ་སྔར་འདྲེ་རེད་ལ་ད་ལྷ་རུ་གྱུར་བ་འདྲ། མ་གཞི་དེའི་སྐོར་ལ་བསམ་ཚུལ་གང་ཡང་འདོན་གི་མིན། དྲང་པོར་བཤད་ན་དོལ་རྒྱལ་གྱི་དཀའ་ངལ་དེ་དགེ་ལུགས་པ་ནང་ཁུལ་གྱི་རྙོག་གྲ་ཞིག་རེད། རྙོག་གྲ་འདིས་བོད་མི་ཚང་མ་ཡར་དཀྲུགས་མར་དཀྲུགས་བྱེད་པ་ཡག་པོ་རྩ་བ་ནས་མ་རེད། རྙོག་གྲ་འདིས་གསལ་ལ་ཉེ་བའི་ཆབ་སྲིད་ཀྱི་ལམ་ཁ་དཀྲུགས་སོང་། མི་རིགས་བར་གྱི་མཐུན་ལམ་དང་ཡི་ཆེས་དཀྲུགས་སོང་། དགེ་འདུན་བར་གྱི་དམ་ཚིག་དང་བསླབ་བྱ་དཀྲུགས་སོང་། ནང་མིའི་བར་གྱི་བརྩེ་བ་དང་དགོད་སྒྲ་དཀྲུགས་སོང་།་་་་་་་་་་།།།།།།
ད་ལྷ་འདྲེའི་དོན་དུ་རྩོད་པ་བྱེད་ནས་ཕན་པ་གང་ཡོང། ངེས་པར་དུ་རྩོད་དགོས་ན་ཤོད་དགོས་ན། Boston གླེང་སྟེགས་དེར་སོང་ལ་ཤོད་དེ་མིན་མིང་བརྫུས་འོག་ནས་བཤད་པར་ཕན་གནོད་གང་ཡང་མེད་རེད། མ་གཞི་ནས་ལྷ་ཡིནའང་འདྲ་འདྲེ་ཡིན་ནའང་འདྲ་དེ་སུས་མཐོང་བ་རེད་དམ། མ་མཐོང་མ་རིག་པར་གཅིག་བཤད་ཁུལ་བྱེད་པའི་གཏམ་དེར་དགོད་དྲོ་ཡོང་གི་འདུག ནང་བསྟན་འདི་ལྷ་འདྲེ་ཞིག་གི་དོན་དུ་ཉིན་དང་ཟླ་བ་ལོར་རྩོད་ནས་སྡོད་རུང་ངམ།
ཁོང་གི་བཀའ་མོལ་ལ་ཐུགས་བསམ་ལེགས་པོ་གཏང་དགོས་འདུག གལ་སྲིད་རྒྱ་ནག་གཞུང་ལ་བཙན་བྱོལ་གྱི་མི་སྣ་ལྐོག་གསོད་བྱེད་པའི་ཇུས་ངན་ངོ་མ་ཡོད་པ་ཡིན་ན། དོལ་རྒྱལ་ཚོགས་པ་ལ་རེ་བ་བཅའ་ཨེ་དགོས་ན། འདི་དྲི་བ་ཧ་ཀྱང་གི་ཆེན་པོ་རེད། བོད་མི་ནང་མི་མཐུན་པ་བཟོ་བའི་ངན་ཇུས་ཡོད་པ་ཁོས་མ་བཤད་ནའང་ཟུར་བལྟས་ལེབ་མཐོང་རེད། །
ཁོས་དཔང་རྟགས་ཡོད་ཟེར་བ་ཙམ་ལས། དཔང་རྟགས་གང་ཡང་མ་བསྟན་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་དྲི་བ་གཉིས་པ་རེད། དྲི་བ་དེའང་ཆུང་ཆུང་མ་རེད།
གོང་ས་སྐྱབས་མགོན་ཆེན་པོ་ལ་དད་གུས་ཆེན་པོ་དེ་འདྲ་ཡོད་པ་ཡིན་ན། ལོ་ངོ་བཅུ་ཕྲག་ལྷག་ལ་གོང་ས་མཆོག་ལ་མཚན་སྨས་ངོ་རྒོལ་ལམ་ལ་རྒྱུ་མཚན་གང་གིས་ཞུགས་པ་ཡིན་ནམ། དེ་དྲི་བ་གསུམ་པ་རེད། ཉུལ་མའི་ཚུལ་དུ་སྡད་པ་རེད་པས། དེ་དྲི་བ་བཞི་པ་རེད།
ཅལ་རྗེས་འབྲངས་བ་དགའ་བའི་མི་རིགས་དག་དཔྱད་པ་སྔོན་ལ་ཐོངས། སྐད་ཆ་རྗེས་སུ་ཤོད
དགེན་ཚེ་བཀྲ་ལགས་མིག་དཔེ་ཡག་པོ་ཞིག་རེད། རྒྱ་མིའི་རྒྱུགས་ཆུ་ཚོས་ཁ་ལྟོའི་བར་གྱི་ལས་ཀ་སྐྱོ་བོ་དེ་བཞག་ནས་ཚེ་བཀྲ་ལགས་ཀྱི་རྗེས་སུ་ཞུགས་ན་བླ་མ་ལ་བཤགས་པས་འཐུས་ཀྱི་རེད། བོད་མི་རིགས་ལ་བསམ་བློ་བཏང་བར་བརྩི་གི་རེད། ཁོང་ཚོའི་མ་འོངས་མི་རྒྱུད་ཚུན་ཆད་ལ་བསམ་བློ་བཏང་བ་ཡིན་པར་ངོས་འཛིན་ཞུ་གི་རེད། གཞན་འདི་མེད་ཕྱི་མེད་ཀྱི་ལས་ཀ་དེ་ཚོ་ནི་བརྗོད་མི་ཤེས་པའི་བྱ་བ་ཞིག་ཡིན་པ་གདོད་མི་ཟའོ།།
རྡོ་རྗེ་རིན་ཆེན། དངོས་ཤུག་བརྒྱུད་གསུམ་ལ་མནོ་བསམ་གཏོང་དགོས་རེད། མཚམས་མཚམས་སུ་འཆར་སྣང་ཉུང་ངུ་བརྗོད་ཅིང་འཚམ་འདྲི་ལྟ་བུས་ཆོག་པར་མཛད་ན་ཕན་གི་རེད། ཡག་གི་རེད།
འཇམ་དབྱངས་བཞད་སྒྲའི་དྲི་བ་བཞི་བ་དེ་དང་འབྲེལ་བ་ཉེ་ས་རེད། ད་དུང་རྟགས་དགོས་པ་མཐོང་།
རིན་པོ་ཆེ་ལགས་ཐུགས་རྗེ་ཆེ་་་་་་་དོལ་རྒྱལ་ཁ་ལ་འཁྱེར་ནས་ལྐོག་ལ་གང་བྱེད་ཀྱི་འདུག་གསན་དང་གཟིགས་དང་་་་་་དམིགས་གསལ་དོན་རྒྱལ་བརྟེན་མཁན་རྣམས་ལ་ཞུ་ཡི་ཡོད་་་་་་ད་ཟབས་ཟབས་གནང་་་་ཚེ་འདི་ཕྱི་གཉིས་ལ་སྐྱབས་གནས་ཡང་དག་༸གོང་ས་མཆོག་ལས་ལྷག་པ་གཞན་མེད་པ་རེད་་་་་་་་་
སླར་དེར་གཅིག་གཟིག་དང་།https://www.youtube.com/watch?v=HJaFDWROx9Q
༄།།ལྡེ་ལི་དབུས་ལྷ་མི་སྲུང་སྐྱོབ་ཚོགས་པའི་ལས་བྱེད་རྙིང་པ་མཁས་དབང་དགེ་བཤེས་དཀོན་མཆོག་རྒྱལ་མཚན་མཆོག་གིས་ཚེ་ཀྲ་བླ་མའི་གདོང་རིས་ངོ་མ་དམར་རྗེན་དུ་བཏོན་པའི་དྲི་ལན།
Former administrator of Delhi National Dore Sugden Society Geshe kunchock Gyaltsen response to Tsetra Lama’s his real nature of true face.
ཧ ཧ ཡ་ཡ། དེ་རིང་ཁྲོ་ཐུང་ངོ་མ་དེ་ཐོན་བཞགས། གང་ལྟར་གཉིས་ཀ་རྫུན་མ་ཡིན་པར་གསལ་བོ་ཆགས་སོང་། མི་སྲིད་པའི་སྐད་ཆ་མང་རབས་བཤད་ན་ཞེ་འཁོན་ཆེ་རུ་འགྲོ་བ་ལས་གཞན་གང་ཡང་མེད་དགེ་བཤེས་དཀོན་མཆོག་རྒྱལ་མཚན་དང་བླ་མ་ཚེ་བཀྲ་གདོང་པ་ཐུག་ནས་དྲ་ཐོག་ནས་བཤད་གླེང་ཞིག་བྱས་ན་ང་ཚོས་བལྟ་ཆོག མདོར་ན་སྒེར་འཁོན་ནང་ནང་འཛིང་ཞིག་ལས་བོད་བསྟན་པ་ཁྱབ་སྲིད་ལ་གཉིས་ཀས་བསམས་བློ་བཏངས་ཐུབ་མི་འདུག་དྲན་ནོ།།
བླ་མ་ཚེ་བཀྲ་ལགས་ཀྱིས་དོལ་རྒྱལ་བའི་གདོང་རིས་དམར་རྗེན་དུ་སྟན་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དོལ་རྒྱལ་བ་ལ་ལས་རྒྱུ་འབྲས་འཁོར་བ་རེད། ད་ཁོ་ཚོའི་ལས་དབང་མར་ངོའི་ཟླ་བ་བཞིན་འགྲིབ་འགྲོ་ཡི་འདུག དགའ་བ་ལ་སྐྱིད་པ་ལ།
འཇམ་དཔལ་བཞད་སྒྲ་ལགས་ཀྱི་དྲི་བ་དེ་དག་ལ་ང་རང་ངོས་ནས་བསམ་ཚུལ་ཞིག་ཞུ་འདོད་བྱུང་། བཙན་བྱོལ་མི་སྣ་ལྐོག་གསོད་བྱེད་པར་རྒྱ་གཞུང་མི་གཏོང་རྒྱུ་མེད་པ་མིན་ཡང་། དགྲ་བོའི་ལག་པ་བེད་སྤྱད་ནས་དགྲ་བོ་ལ་རྒོལ་བ་ཞེས་པ་དེ་རྒྱ་གཞུང་གི་ཐབས་ཇུས་ཤིག་རེད། དཔེར་ན་རིགས་གནས་གསར་རྗེའི་སྐབས་སུ་བོད་པའི་དགོན་སྡེ་གཏོར་མཁན་དང་མངའ་བདག་ལ་རྡུང་རྡེག་གཏོང་མཁན་ཕལ་མོ་ཆེ་བོད་པའི་སྔོན་ཐོན་པ་དེ་ཚོ་རེད་ལ། འདི་ནི་རྒྱ་ནག་ལ་ལས་ཀ་བྱེད་མཁན་མེད་སོང་བ་མིན་ཡང་ཁོ་ཚོས་བོད་མི་རིགས་ནང་ཁུལ་དཀྲུག་ཐབས་དང་། རྒྱ་གཞུང་གི་ནག་ཉེས་འགེབ་སྲུང་ཆེད་བོད་པ་ནང་རྡུང་བྱེད་བཅུག་ཡོད་པ་གསལ་པོ་རེད། གཉིས་ནས་བླ་མ་ཁོང་གིས་ད་ལན་སྤང་རྟགས་སྟོན་མ་སོང་རུང་དེ་ཙམ་གྱིས་དོག་པ་ཟ་དགོས་པ་ཞིག་མིན་པར་སྤང་རྟགས་སྟོན་རྒྱུ་ཡོད་མེད་དེ་མུ་མཐུད་ནས་ལྟ་རྒྱུ་ཞིག་རེད་འདོད། མི་སུ་ལ་ཡང་ནོར་འཕྲུལ་ཡོང་སྲིད་པ་རེད་ལ་ཡང་ནོར་འཁྲུལ་ངོས་ཟིན་ནས་ལམ་ནོར་ལྡོག་ཤེས་ཡང་བྱེད་སྲིད་པ་རེད། དེས་ན་སྔོན་ལོག་ལམ་ལ་ཞུགས་མྱོང་བ་ཙམ་གྱིས་ད་ལྟ་ཡང་དེ་ལྟར་ཡིན་དགོས་པ་ལྟ་བུ་འདོད་ན་དེ་ནི་ལྟ་མཁན་རང་ཉིད་ཀྱི་ནོར་འཁྲུལ་རེད་སྙམ།
དོལ་རྒྱལ་གྱི་རྙོག་འདྲ་དགེ་ལུགས་ནང་ཁུལ་གྱི་རྙོག་འདྲ་རེད་བོད་སྤྱི་ལ་འབྲེལ་བ་མེད་ཟེར་མཁན་དག་གིས་བསམ་བློ་ཅུང་ཟད་ཙམ་ཡང་གཏོང་མེད་པར་འདོད། གོང་ས་མཆོག་གིས་དོལ་རྒྱལ་དམ་བསྒྲགས་གནང་དགོས་དོན་ནི་དོལ་རྒྱལ་གསོལ་མཁན་ཚོས་རྙིང་ཆོས་གཙོའི་པའི་ཆོས་རྒྱུད་གཞན་དག་ལ་སྡང་ཟུག་གིས་བོད་ཀྱི་ཆོས་རྒྱུད་བར་ལ་དམ་སེལ་བཟོ་ཡི་ཡོད་པའི་རྒྱུ་མཚན་གྱིས་དམ་བསྒྲགས་གནང་བ་ལས་དོལ་རྒྱལ་གྱིས་དགེ་ལུགས་པ་ལ་གནོད་པའི་རྒྱུ་མཚན་གྱིས་དམ་བསྒྲགས་གནང་བ་མིན་པ་གསལ་པོ་རེད། དེ་བཞིན་དོལ་རྒྱལ་ལ་དམ་བསྒྲགས་གནང་མཁན་བོད་ཀྱི་ཆོས་རྒྱུད་རིས་སུ་མ་ཆད་པའི་བླ་མའི་ཁྲོད་ལ་བྱུང་ཡོད་པས་དགེ་ལུགས་ནང་ཁུལ་གྱི་དོན་དག་ཡིན་ན་ཁོང་ཚོས་དམ་བསྒྲགས་གནང་དགོས་དོན་ཅི་ཡོད། གལ་སྲིད་འདི་དགེ་ལུགས་ནང་ཁུལ་གྱི་རྙོག་འདྲ་ཡིན་པའི་དབང་དུ་བཏང་ཡང་ད་ལྟའི་ཆར་དོལ་རྒྱལ་བ་ཚོས་རྒྱ་གཞུང་ལ་འབྲེལ་བ་བཙུགས་ནས་བོད་སྤྱི་དོན་ལ་གནོད་པའི་ལས་ཀ་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཟིན་པས་བོད་སྤྱི་དོན་མ་རེད་ཟེར་ས་གཏན་ནས་མི་འགྲོ་བ་རེད།
རྒྱ་ནག་གི་གཡོ་ཐབས་༣༦་ཁྲོད། 反奸计 ཟེར་བ་ཞིག་ཡོད་པ་རེད། དེ་གཡོ་སྒྱུ་ཕྱིར་བཟློག་གི་འཇུས་ཟེར་བ་རེད། གཡོ་སྒྱུ་ལ་བརྟེན་ནས་སླར་ཡང་གཡོ་རྒྱུ་འཁྲབ་པ་ལ་ཟེར། ཕྱོགས་གཉིས་ཀྱི་ལེགས་ཆ་བསྡུ་ཆོག་ལ། ཉེས་པ་བསྣོལ་ཆོག ཐག་གཅོད་མི་སྔ་བར་སུ་བདེན་ལྟད་མོ་བལྟ་བར་བྱའོ།།
དང་པོ་དོལ་ཚོགས་ཀྱིས་ཚོགས་གཙོ་བྱས་་་་གཉིས་པ་གསང་བ བཏོལ་་་་་གསུམ་པ་གང བྱས་ཀྱི་ཡིན་་་་་་་?????????
དྲྭ་གྲོགས་ཚོས་ཡིག་ནོར་ལ་གཟབ་དགོས་ཀྱི་འདུག
དཔེར་ན་་་་་རྒྱུགས་ཆུ་་་་་ཁྱི
སྤང་རྟགས་་་་་དཔང་རྟགས
ཡིན་སྙམ།
བླ་མ་ཚེ་བཀྲས་དོལ་ཚོགས་ཀྱིས་གསང་བ་གཏོར་བ་དངོས་གནས་དུས་ལ་བབས་པ་འདྲ་པོ་ཡག་པོ་རེད། ཐུགས་རྗེ་ཆེ། འོན་ཀྱང་རྒྱ་དང་འབྲེལ་བ་ཡོད་པ་ཙམ་དམིགས་བསལ་གསང་བ་དེ་འདྲ་ཞིག་མཐོང་གི་མི་འདུག ཁོ་རང་ཚོའི་མི་སྣ་ཡོད་ཚད་རྒྱ་ནག་ལ་སོང་བ་ཁོ་ཚོས་་གསང་བ་བྱེད་ཀྱི་ཡོད་མ་རེད་ལ་པར་སོགས་དྲྭ་ལམ་དང་རྒྱའི་དུས་དེབས་སོགསསུ་ཡོངས་གྲགས་་བཀྲབས་ཡོད་རེད། དཔེར་ན་གངས་ཅན་བླ་མ་དང་ང་བླ་མ་སོགས་བྱེ་གཏེ་ཚང་མ་རྒྱའི་པཎ་ཆེན་མཉམ་དུ་པར་རྒྱབ་ནས་ཁྱབས་བསྒྲགས་བྱེད་ཡོད་པ་རེད། གཙོ་བོ་མ་འོངས་པའི་དོལ་རྒྱལ་གྱི་ལས་དབང་དང་༧རྒྱལ་བའི་སྐུ་ཆ་དང་བོད་གཞུང་གཏོར་བཤིག་བཏང་ཐུབ་སྐོར་ལ་ཇུས་ངན་ཇི་འདྲ་ཡོད་མིན་གྱི་གསང་བ་ཡོད་ཚད་ཧ་གོ་ན་ཡོངས་གྲགས་བྱས་ཏེ་ངེས་པར་ཏུ་རྒྱ་འབྲེལ་གྱི་གསང་བ་བཤད་པ་བཞིན་གསུང་པའི་དུས་ལ་བབས་འདུག བླ་མ་ཁོང་དོལ་རྒྱལ་ལ་དད་པ་དམ་ཚིག་མེད་བཞིན་དུ་༡༩༩༧/ སོགས་གྱི་དོལ་ཚོགས་ཀྱི་བྱས་ཉེས་གསང་བ་ཆ་ཚང་དང་འབྲེལ་བ་ཡོད་ཚོད་འདུག་ན་དེ་ཡང་གསང་བ་ཡིན་པས་སྐབས་དེའི་གསང་བ་ཡང་ཉིན་གཅིག་ཡོངས་གྲགས་བྱེད་རྒྱུ་ཧ་ཅང་གལ་ཆེ།
ངོ་དེབ་ནང་གི་སྐུ་པར།
https://www.facebook.com/photo.php?fbid=783354158429313&set=pcb.783354321762630&type=1&theater
ཧཧཧཧ་་་བོད་པ་ཚོ། ད་ཡང་ཚེ་བཀྲ་ཁོང་གི་ཐབས་ཇུས་་་བསྒྱུར་བཅོས་བཏང་འདུག
ཡིད་གཟབ་གནོང་། ད་བར་རང་གཞུང་དང་། གོང་ས་མཆོག་ལ་མཚན་སྨད་རྐྱང་རྐྱང་ཞུས་པ་རེད། དེས་ལམ་བུར་དེ་ཙམ་མ་རྙེད་སྟབས་གསང་གཏམ་ཕྱིར་བསྒྲགས་བྱས་ཁུལ་གྱིས་ཡང་བསྐྱུར་སྒྲིག་འཛུག་དང་གོང་ས་མཆོག་དབུ་བསྐོར་ཞུ་སར་ནཅར་བ་རེད་སྙམ།
སོང་ཙང་འདི་ཚོ་རིགས་ལ་་་་ཡོད་ཆེས་ན་་་་་བླ་མ་སྐུ་འཁོར་ཡོངས་རྫོགས་ཕུངས་ཡོངས།
དངོས་བདེན་ཡིན་ན་དགའ་བསུ་ཞུ་དོད་རྒྱལ་ཁོག་བཞུགས་དྲ་འབུ་ཁ་བཤད་ཡོད་པསའཛུམ་མོ་ཁ་ལ་བཅུག་།
ང་ཚོ་བོད་པ་ཚང་ལ་དགའ་ན་ལྷ་རུ་བསྟོད་མཁན་དང་སྨད་ན་འདྲེ་རུ་སྨོད་པ་དེ་ཡོངས་གྲགས་རེད། བླ་མ་ཚེ་བཀྲས་དོལ་ཚོགས་ཀྱི་བྱེད་ལས་དང་། རྒྱ་གཞུང་དང་འབྲེལ་བའི་སྒོ་ནས་དངུལ་ལེན་པ་དང་བཙན་བྱོལ་བོད་མའི་སྒྲིགས་འཛུགས་ལ་བར་ཆད་བཟོས་པ་རེད་ཅེས་བཤད་པ་དེ་ལ་བོད་མི་མང་ཆེ་བས་དགའ་ཚོར་ཆེན་པོ་བྱེད་བཞིན་འདུག དེ་ནི་སྔོན་མ་ནས་ཧ་གོ་ཟིན་པའི་གནས་ཚུལ་ཞིག་རེད། དེ་ན་མཚན་ཉིད་རྒན་བློ་བཟང་རྒྱ་མཚོ་མཆོག་གྲོངས་བའི་སྐབས་ལ་དོལ་ཚོགས་སུ་ཚེ་བཀྲ་བླ་མའི་ལས་གནས་ག་རེ་རེད་འདུག དེ་ཚོ་ཧ་ལམ་ཁོང་ལ་འབྲེབ་མེད་པ་འདྲ་བོ་བཤད་འདུག གང་ལྟར། རྐྱེན་མ་ཡོང་གོང་ལ་ཟློག་པ་ཟེར་བ་བཞིན་གང་གཟབ་གནང་རོགས།
ད་ཆར་སྤྱི་ཚོགས་ནང་བླ་མ་ཚེ་བཀྲས་བཤད་པའི་སྐད་ཆའི་འོད་སྡེར་གང་སར་འགྲེམས་སྤེལ་བྱེད་བཞིན་འདུག དེ་རིང་ངའི་ལག་ཏུ་གཅིག་འབྱོར་བྱུང་། ལོ་འགའི་སྔོན་རྡ་སའི་ལག་དམར་བ་ཐད་དཀར་རྒྱ་ནག་ལ་ཁ་གཏད་ནས་ཕྱིན་པ་དེར་གསང་ལས་པས། ཤུགས་ལྡན་ཚོགས་པ་གུང་ཁྲན་གྱི་ལག་ཆ་ཡིན་པ་སྐབས་དེ་དུས་ནས་མཇུག་བསྡོམས་བརྒྱབས་ཡོད་ཀྱང་། ང་ཚོས་ཐེ་ཚོམས་དང་ལམ་ནོར་བཟློག་ཤེས་ཡོང་བར་རེ་བ་བྱས་ནས་སྒུག་པ་རེད་མོད། འོན་ཀྱང་དེ་ལས་ཟློག་ཏེ་༸གོང་ས་མཆོག་གི་༸སྐུ་ཕྱྭ་ལའང་གནོད་བསྐྱལ་རྒྱུའི་རྨི་ལམ་རྨི་བཞིན་པའང་ཚེ་བཀྲས་སྐད་ཆ་མ་བཤད་སྔོན་ནས་ཨ་རི་དང་གནས་ཡུལ་རྒྱ་གར་གསང་ལས་པས་ཤེས་ཏེ། ཡིད་གཟབ་དགོས་པའི་བརྡ་ལན་གནང་ཡོད། བླ་མ་ཚེ་བཀྲས་སྐད་ཆ་དང་རྣམ་འགྱུར་ལ་གཞིགས་ན། བསམ་པ་རྣམ་དག་ཡིན་བཟོ་འདུག དོལ་ཚོགས་གཞན་རྣམས་ཀྱང་ད་ལྟ་ནས་སྤངས་བླངས་ཚུལ་བཞིན་བགྱི་ན། སྔ་མ་དྲག་ནའང་ཕྱི་མེད། གུང་ཁྲན་ཏང་རྟག་པ་བརྟན་པ་མ་ཡིན་པས། ནམ་ཞིག་དེ་འཐོར་བའམ་དོལ་ཚོགས་ལག་ཆར་དགོས་མཁོ་མེད་པའི་སྐབས། འགྲོ་སྡོད་ཀྱི་གནས་མེད་པར་འགྱུར་སྲིད་ལ། དེ་བས་ཀྱང་འཇིགས་པ་ཞིག་ལ་ཨ་རི་གསང་བའི་ལས་ཁུངས་ཀྱི་ཐོའི་ནང་བཀོད་ཟིན་སྟབས། དམིགས་ཡུལ་སྒྲུབ་རྒྱུ་ཕར་ཞོགས། ས་སོའི་འགྲོ་སྡོད་ཀྱི་རང་དབང་དང་སྲོག་ཀྱང་གཞན་དབང་དུ་ཡོད་པ་ཤེས་ན་ཅི་མ་རུང་སྙམ་པའང་བཟང་ངན་ཇི་ལྟར་ཡང་རང་རིགས་ལ་སྙིང་རྗེའི་ཁ་ཏའོ། །
http://www.globaltvt.org/?p=364
དྲ་གྲོགས་ཚོ། ཞིབ་པར་ཉོན་དང་། གནས་ཚུལ་གསར་པ་ཅང་མིན་འདུག་ལ། བདེན་པ་ཁུངས་འཁྱོལ་བ་ཞིག་མིན་འདུག ཚང་མ་ང་ཚོས་ཤེས་པ་ཤ་སྟག་རེད། ད་དུང་ཁོང་གིས་བཤད་པའི་སྐད་ཆ་དེ་ཚོར་དཔང་རྟགས་ཀྱང་འདོན་རྒྱུ་མིན་འདུག བྱས་ཙང་། ངས་བལྟས་ན། ཁོང་གི་རང་ནོངས་འགྱོད་བཤག་བྱེད་པའི་ངོས་ལེན་སྐད་ཆ་ལྟ་བུ་ལས་དེ་མིན་གལ་ཆེ་བ་ཅང་མིན་འདུག་སྙམ།
མ་གཞི་ནས་ཁོང་༢༠༠༨ནས་མགོ་བཏགས་ཟིན་སྟབས། དམིགས་བསལ་ཕན་པའི་སྐད་ཆ་གསར་པ་ཡང་མིན་འདུག ཚང་མ་རྙིང་པ་ཤ་སྟག་རེད།
ངས་ལྟས་ན་སྐད་ཆ་གསར་པ་འགའ་རེ་འདུག དཔེར་ན་དོལ་རྒྱལ་བས་རྒྱ་གཞུང་གི་ལས་ཁུང་གང་དང་འགོ་ཁྲིད་སུ་ལ་འབྲེལ་བ་བྱེད་ཀྱི་ཡོད་པདང་། ཁོ་ཚོ་འབྲེལ་བཏུག་བྱེད་སའི་ས་གནས་གང་དུ་ཡིན་པ། འབྲེལ་བཏུག་བྱེད་མཁན་མི་སྣ་གཙོ་བོ་སུ་སུ་ཡིན་པ་སོགས་ཁ་གསལ་པོ་ཡོད་པ་དང་། དེ་བཞིན་སེར་སྨད་སྤོམ་རའི་བླ་རྒན་ཞིག་གིས་ཁྲི་བྱང་རིན་པོ་ཆེས་མ་འོང་པར་དོལ་རྒྱལ་སྐོར་ལ་བཀའ་སློབ་ག་རེ་གནང་ཡང་དེ་ལ་ཉན་དགོས་པ་ལས་མ་ཉན་ན་དམྱལ་བར་འགྲོ་གི་རེད་ཅེས་གསུངས་ཡོད་པ་བཤད་པ་དང་། དོལ་ཚོགས་ཀྱི་ཚོགས་མི་འགའ་རེ་དགའ་ལྡན་ཁྲི་རིན་པོ་ཆེའི་མདུན་དུ་གཅར་རབས་སོགས་ནི་སྔར་གོ་མ་མྱོང་བའི་གནས་ཚུལ་གསར་པ་རེད་འདོད།
གང་ལྟར་སེར་སྨད་ཇ་མ་ཚེ་བཀྲ་འདི་ལ་དྲི་བ་མང་པོ་ཞིག་འདུག། མཚན་ཉིད་རྒན་དཀྲོངས་སྐབས་ཁྱེད་རང་གིས་ཇོས་བཀོད་ཇི་ལྟར་བྱེད་མིན་དང། རྒྱལ་བ་ཡིད་བཞིན་ནོར་བུ་ཡང་དཀྲོངས་རྒྱུའི་མི་ལྔ་ཡི་ཁུངས་སུ་བཅུག་དུས་ཁྱོད་རང་སློབ་སྟོན་པ་ཡིན་མིན། ཁྱོད་རང་གིས་རྒྱ་རོའི་དངུལ་ག་ཚད་རག་མིན་དང། ཁྱོད་ད་ལྟ་ག་རེ་བྱེད་ནས་བློ་འགྱུར་མིན་དང། སྔོན་ལ་རྒྱལ་རིན་པོ་ཆེ་དཀྲོངས་རྒྱུར་ཐག་བཅད་སྐབས་བློ་མ་འགྱུར་ལ་། ད་ལྟ་ག་རེ་བྱེད་ནས་སེམས་འགྱུར་རམ། ཁྱོད་རང་ཕྱི་རྒྱལ་ལ་ཕྱིན་རྗེས་། ཡང་སྐྱར་སེར་སྤོམ་ཁང་ཚན་ལ་མང་ཇ་དང། དོལ་རྒྱལ་སྤྱན་འདྲེན་ཞུས་མིན་དང། གང་ལྟར་ཁྱོད་རང་བློ་འགྱུར་བ་བཟང་དེ་། ཁྱོད་ཀྱི་བཤད་པའི་སྐད་ཆ་དེ་ཚོ་ལ་པར་དང་སྒྲ་འཇུགས་འཁོར་ཐག་དང། ཁྱོད་རང་རྒྱ་དཔོན་ཚོས་མཉམ་དུ་འབྲེལ་བ་བྱེད་སྐབས་པར་དཔང་རྟག་དགོས། ང་ནི་མི་ཁྱེད་རང་ཡིད་ཆས་དཀའ་བོ། བོད་པ་ཚོ་མི་འདི་ཚོ་ལ་གཟབ་གཟབ་དང་མིག་འོག་མ་ཤོར་བ་ངེས་པར་དགོས།
སུ་ཞིག་གིས་ཚེ་བཀྲ་ཟེར་བ་འདི་ལ་ཡིད་ཆེས་བྱེད་ཟེར་གྱི་འདུག དོན་རྩ་ང་ཚོས་དོལ་རྒྱལ་བ་ཚོའི་གང་བྱས་ཅི་བྱེད་ཤེས་དགོས་པ་དེ་རེད། དོལ་རྒྱལ་བ་རྒྱ་ནགདང་ལག་འབྲེལ་ཡིན་པ་བཤད་རྒྱུན་ཙམ་ལས་ང་ཚོ་མི་མང་གི་ངོས་གཅིག་གཅིག་གཉིས་གཉིས་ཀྱིས་དོན་དག་གསལ་བོ་མེད་ལྦཱ། ད་ཐེངས་ཁོས་མང་ཚོགས་སུ་གསལ་བོོ་བཤད་པ་འདི་ང་ཚོ་ལ་དགོས་པ་དེ་རེད།