དོལ་རྒྱལ་དང་འབྲེལ་བའི་སྐོར་ལ་བདེ་སྲུང་བཀའ་བློན་གྱིས་གསལ་བཤད་། Posted on 2014-03-182014-03-20 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 31 Comments on དོལ་རྒྱལ་དང་འབྲེལ་བའི་སྐོར་ལ་བདེ་སྲུང་བཀའ་བློན་གྱིས་གསལ་བཤད་། གསར་འགྱུར།
གོང་གི་གནས་ཚུལ་མང་པོ་ཞིག་ཉན་དུས་ངོ་མ་ཁོང་ཁྲོ་ལངས་བྱུང་། དོལ་རྒྱལ་བསྟེན་མཁན་ཚོར་བོད་གཞུང་གིས་ངོས་སྦྱོར་དང་ཡིག་ཆ་མང་པོ་དེ་འདྲ་སྤྲད་ཡོད་ན། ཅིའི་ཕྱིར་སྤྲད་པ་རས། དྲང་པོ་བྱས་ནས་སྤྲད་ཡོད་ན་གཞུང་གིས་ཅིའི་ཕྱིར་ད་བར་མ་བཤད་པ་རས། རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཆོས་ལུགས་རང་དབང་དང་ཆོས་ལུགས་དབྱེ་འབྱེད་ཀྱི་འདྲི་བ་འདྲི་དུས་དེ་ཚོ་མཁྱེན་གྱི་མེད་ཚོད། ཁྱེད་ཚོས་ལམ་གསེང་གསར་འགོད་པ་ཚོར་འགྲེལ་བཤད་མི་རྒྱག་པ་འདི་ཅིའི་ཕྱིར། དོལ་རྒྱལ་བ་ཚོ་ཧམ་པ་ཆེ་རུ་ཆེ་རུ་དང་། སེམས་པ་གནག་ཏུ་གནག་ཏུ་འགྲོ་བཞིན་འདུག ལྷག་དོན་ཁོང་ཚོས་མི་ཚོའི་སེམས་ནང་ལ་དུག་གཅིག་ལྡུག་པ་ནི། གོང་ས་མཆོག་མེད་ན་དོལ་རྒྱལ་གྱི་རྙོག་ཁྲ་མེད་ཟེར། ལས་འགུལ་འདི་ཉེན་ཚབ་ཆེ། དེ་མུ་མཐུད་ནས་ཕྱིན་ན། མཐར་གོང་ས་མཆོག་གི་སྐུ་སྲོག་ལ་འཚེ་བ་ཡོང་བའི་གཞི་བྱེད་པས། གཞུང་གིས་ལས་བྱེད་ཚོས་ཁ་སྟོང་པ་བཤད་མི་སྡད་པར་ལས་ཀ་བྱེད་དགོས་ཀྱི་འདུག ཨ་རིའི་དོན་གཅོད་རྒྱུན་དུ་དོལ་རྒྱལ་བ་ཚོ་ཐུག་ནས་འགྲེལ་བརྗོད་དང་གྲོས་མོལ་བྱས་ནས་གོང་ས་མཆོག་གི་སྐུ་སྲོག་ལ་འཚེ་བ་མི་ཡོང་བར་ལས་ཀ་བྱེད་དགོས་ཀྱི་འདུག ད་བར་ལ་དོན་གཅོད་རྙིང་པ་མང་ཆེ་བས་དོལ་རྒྱལ་གྱི་ལས་འགུལ་ལ་ལྟད་མོ་ལྟས་ནས་སྡོད་པ་ལས་གདོང་ལེན་རྩ་བ་ནས་བྱས་མ་སོང་། དེ་དོན་གཅོད་རྙིང་པ་ཚོར་ཤོད་ཀྱི་ཡོད། དོལ་རྒྱལ་བ་ཚོར་ཁ་གཏད་དོན་གཅོད་གཅིག་བྱུང་བ་དེ་ལ། དོལ་རྒྱལ་ལ་ཁ་གཏད་འགོ་ཚུགས་མ་ཐག་ལས་ཁྱུར་བཏང་སོང་། དེ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་རེད། ཁོང་དོལ་རྒྱལ་ལ་ཁ་གཏད་གཅོག་འགོ་ཚུགས་པ་དང་ལམ་གསེང་དོན་གཅོད་ནས་ཁྱུར་སོང་། འདི་ཨ་རིའི་ནང་གི་གནས་ཚུལ་རྟོག་མཁན་བོད་མི་མང་ཆེ་བའི་ཚོར་སྣང་རེད།
རྒྱུགས་ཁྱི་ཟེར་ན་ཁོང་ཚོ་རེད། བླ་མ་ཕ་བོང་ཁ་བའི་ཞབས་ནས་འཐེན་མཁན་ཡང་ཁོང་ཚོ་རེད། ཁྲི་བྱང་མཆོག་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་ནས་བསླུ་ཁྲིད་བཏང་ནས་སྐྱ་སར་ཕབ་མཁན་ཡང་འདི་ཚོར་འབྲེལ་བ་ཡོད། རྡ་སར་མི་བསད་ནས་ཉམ་ཐག་སྲིད་གཞུང་ལ་ལོ་གསར་ལེགས་སྐྱེས་བསྐུར་མཁན་ཡང་འདི་ཚོའི་དཔའ་རྒོད་རེད། དགའ་ལྡན་དགོན་པར་དམག་བརྒྱག་མཁན་གུང་ཁྲན་ཏང་རེད་ད།
ཉེ་བའི་ཨ་རིར་དོད་རྒྱལ་ཚོགས་པའི་རྙོག་དྲ་བླངས་མཁན་དེ་ཚོའི་འདྲ་པར་གང་མང་འགྲེམ་སྤེལ་བྱས་ན་ ཤེས་རྒྱུ་ཕན་ཐོགས་ཡོད་པའི་སྟེང་ཕྱིས་སུ་མི་དེའི་རིགས་ཡོད་ཚེ་དོགས་ཟོན་བྱེད་རྒྱུ་ཕན་ཐོགས་ཆེན་པོ་ཡོང་སྲིད་སྙམ།
ཉེ་བའི་ཆར་ཨ་རིར་དོད་རྒྱལ་ཚོགས་པའི་རྙོག་དྲ་བླངས་མཁན་དེ་ཚོའི་འདྲ་པར་གང་མང་འགྲེམ་སྤེལ་བྱས་ན་ ཤེས་རྒྱུ་ཕན་ཐོགས་ཡོད་པའི་སྟེང་ཕྱིས་སུ་མི་དེའི་རིགས་ཡོད་ཚེ་དོགས་ཟོན་བྱེད་རྒྱུ་ཕན་ཐོགས་ཆེན་པོ་ཡོང་སྲིད་སྙམ།
ད་དོལ་ཚོགས་ཀྱི་ཁེ་ཕན་དེ་བོད་མིས་འགྲེལ་བཤད་ཀྱིས་ལྡོག་ཐུབ་ཀྱི་མ་རེད། ཁོ་ཚོས་དོལ་རྒྱལ་ཡིན་ན་དེ་བསྟེན་ན་བསྟེན་ནས་ཁ་རོག་བསྡད་བཞག་ན་ཆོག་གི་མོ། ༸རྒྱལ་བ་རིན་པོ་ཆེ་ཚང་གིས་ཁོ་ཚོར་གང་ཡང་བྱས་མེད་པ་ཉི་མ་ཁ་དཀར་ངོ་དཀར་རེད། དགེ་ཆོས་མཆོག་གི་ཞལ་ནས། བསྒྱུར་ཏུ་མེད་ཅིང་ལྡོག་མེད།། ལོག་པའི་དཔུང་ནི་རྡོ་རྗེ་ཉིད།། གླེན་པ་ལྕགས་ཀྱི་གདོང་ཅན་ལ།། སུ་ཞིག་གིས་ནི་རྒོལ་བར་ནུས།། གསུངས་པ་ཅིས་མ་བདེན།
བཀའ་བློན་གསུང་སྐད་དེ་ཅུང་འགགས་འདུག་ཀྱང་བདེན་པ་བདེན་རྐྱང་དང་། ཞི་ཞིང་དུལ་བས་བདེན་ཁ་ར་སྤྲོད་ཅིག་མཐོང་ཐོས་བྱུང་། ཁྱད་པར་དམངས་ཁྲོད་ཁ་བརྡ་དང་བརྡུར་ན་གདོན་འདྲེ་འཐབ་འཁྲུག་དངོས་རེད་བཞག། ངོ་མ་ལྷ་ཡི་ཞི་བདེ་དང་འདྲེའི་གདུང་རྩུབ་ཟེར་བ་འདི་འདྲ་ལས་ལོགས་སུ་ཡོད་ས་མ་རེད་དྲན། མདོར་ན་ཁྲིམས་ཐོག་ནས་ཐག་ཆོད་དགོས་ས་རེད།
འཇིག་རྟེན་འདིར་བཙན་པོ་རྣམས་ཀྱིས་སྐད་ཆ་བཤད་སྟངས་དེ་འདྲའི་གཅིག་པ་ལ། དོལ་རྒྱལ་བསྟེན་མིན་གྱི་གནད་དོན་ནི་ཆོས་དད་རང་དབང་དང་འབྲེལ་བ་མེད་ཟེར་བ་དང་། རྒྱ་ནག་གིས་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་དང་མི་རིགས་ཀྱི་གནད་དོན་ལ་འབྲེལ་བ་ཟེར་བ་གཉིས་ཅི་འདྲའི་མཐུན་པ་ལ། གཞན་ཡང་དོལ་རྒྱལ་བསྟེན་མཁན་ཚོ་སྐུ་ཤ་ལ་ཉེན་ཁ་ཡོད་པས་འབྲེལ་ཡོད་རྒྱལ་ཁབ་དག་ལ་འབྲེལ་བ་བྱས་ཏེ་ཕྱིན་ཆད་ངོ་རྒོལ་དེ་རིགས་འགོག་ཐབས་བྱེད་དགོས་སྐོར་དང་། རྒྱ་ནག་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་དང་ཧྥ་ལུང་གོང་། ཡུ་གུར་སོགས་ཀྱིས་རྒྱ་ནག་གི་དཔོན་རིགས་དང་གཞུང་ཚབ་ལ་ངོ་རྒོལ་བྱེད་པ་ནི། དེ་དག་གི་བདེ་འཇགས་ལ་ཉེན་ཁ་ཡོད་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་ཚུལ་བཤད་ནས་གང་ཐུབ་ཀྱིས་བཀག་སྡོམ་བྱེད་པ་གཉིས་ཇི་འདྲའི་མཐུན་པ་ལ། དེ་ནི་སྒེར་འཛིན་པ་ཚོའི་ཐུན་མིང་གི་ཁྱད་ཆོས་ཤིག་མ་ལགས་སམ། དེ་བརྟེན། སྤྱི་འཐུས་རྣམས་ཀྱིས་འགོ་འཇུག་བར་གསུམ་དུ་གཟིགས་ནས་གྲོས་ཆོད་འཇོག་རྒྱུ་ལས། ཕ་རོལ་པ་ལ་ཁ་གཏད་གཅོད་ཆེད་ཁོ་ནར་དམིགས་ན་མ་འོངས་བར་རང་ཉིད་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་འགྲོ་ལམ་གྱི་གནོད་བྱེད་དུ་འགྱུར་ངེས་ལ། རང་མགོ་གཅོག་པའི་ཐོབ་པར་མི་འགྱུར་བའི་ངེས་བ་མེད། གནས་ཚུལ་དེ་རིགས་ཀྱིས་རྡ་སའི་ཁོར་ཡུག་དང་མི་རབས་རྒན་པ་ཚོའི་རྒྱབ་སྐྱོར་ཐོབ་ཐབས་སུ་ཕན་སྲིད་ཀྱང་། གཞོན་སྐྱེས་དང་ཕྱི་གླིང་བ། ལྷག་པར་དུ་ནུབ་ཕྱོགས་པ་ལ་དོན་མཐུན་གྱིས་འགྲེལ་བཤད་གནང་དཀའ།
ཆ་ཚང་ཉན་པ་ཡིན། སྐུ་ངོ་བདེ་སྲུང་བཀའ་བློན་མཆོག་གིས་ངོ་སྤྲོད་ཞིབ་མོ་ཞིག་གནང་སོང་ལ། སྒོས་སུ་དགག་པ་རྒྱག་མཁན་དང་དགག་ལན་སྤྲོད་མཁན་ཕན་ཚུན་གཉིས་ཀར་ལེན་རྒྱུ་ཡོད་པ་དང་། བགྲོ་གླེང་ལྷུག་པོ་ཡོང་གཞི་ཞིག་བསྐྲུན་སོང་། ཡང་སྒོས་གལ་ཆེ་བ་ནི་རྡ་རམ་ས་ལའི་ལངས་ཕྱོགས་གསལ་བོ་བཟོས་སོང་སྟེ། མདོ་དོན་གཤམ་གསལ། ༡ རྒྱལ་བ་རིན་པོ་ཆེ་ལ་ལྷ་སྲུང་གང་བསྟེན་མིན་ཐད་རང་དབང་ཡོད་པས། ཁོང་གིས་མི་བསྟེན་པའི་ལྷ་སྲུང་བསྟེན་མཁན་རྣམས་བཀའ་ཆོས་ཞུ་རུ་ཡོང་འཇུག་མིན་གྱི་ཐོབ་ཐང་ཡོད་པ། ༢ རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཡང་ཕལ་ཆེ་བ་བོད་མི་ཡིན་པས། བཙན་བྱོལ་བའི་ཐོབ་ཐང་ཁྱབ་མཉམ་དུ་ཡོད་པ་དང་། སྤྱི་འཐུས་ནང་ལའང་ཆ་ཤས་ལེན་འོས་པ། གོང་གི་རྡ་སའི་ལངས་ཕྱོགས་འདིར་དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་གནང་གི་ཡོད་པའི་ཁྱད་ཆོས་ཐོན་ཡོད་པའི་ཁར། ཕན་ཚུན་བར་ནང་མོལ་ཡོང་གཞི་ཞིག་ཏུ་མཐོང་འོས་པར་འདོད། གང་ལྟར་དགག་པ་རྒྱག་མཁན་དང་དགག་ལན་སྤྲོད་མཁན་ཕན་ཚུན་བར་ཚིག་རྩུབ་དོར་ནས་བསམ་ཚུལ་ལྷུག་པོར་བརྗོད་རྒྱུ་གལ་ཆེན་དུ་འདོད། ལྷག་པར་དུ་ཕན་ཚུན་སུ་ཡིན་ཡང་མིང་ངོ་མ་བཀོལ་ནས་རྩོད་པའམ། གོ་བསྡུར་བྱེད་པ་ལས་གཟུགས་མེད་པའི་སྐྱེ་བ་བླངས་ན་རྙོག་དྲ་ཆེ་རུ་གཏོང་བྱེད་ཙམ་ལས་དགོས་ཕན་མཐོང་གི་མི་འདུག དཔེར་ན། འདི་འདྲ་ཞིག་དགོས་པ་རེད། གནམ་ལོ་ཡག་ཟེར་དུས། མི་ངོས་འཛིན་རྒྱུ་ཡོད་པ་དང་། སྐད་ཆ་འགྲིག་མིན་ཐད་ནས་རྗེས་འདེད་ཆོག་པ། དྲི་བ་གཏོང་བ་དང་ཁྲིམས་ཁར་ཁྲིད་ཆོག་ཆོག་ཅིག་ཡོད་སྟབས། སྐད་ཆར་འགན་འཁུར་རྒྱུ་རེད་ལ། ཟུར་ལྟའང་བཟུང་ཆོག་གི་རེད། དེ་མ་གཏོགས་དོན་དངོས་སུ་དད་པའི་ཆེད་དུ་ཡིན་ནམ། རྙོག་དྲ་བཟོ་སླད་ཡིན་པའང་ཧ་གོ་ཐུབ་ཀྱི་མི་འདུག
དོལ་རྒྱལ་སྐོར་འཇིགས་སྣང་སྐྱེས་ནས་ཤོད་མ་ཕོད་མཁན་དེ་འདྲའི་མང་བ་ལ། ཚང་མས་བསྐོར་ནས་གཅིག་བཤད་ཀྱི་འདུག དངོས་ཡོད་གནས་ཚུལ་ག་རེ་ཡིན་པ་ཤེས་འདོད་ན་བདེ་སྲུང་གི་བཀའ་བློན་དངོས་གྲུབ་ལགས་ནས་གསུངས་པ་འདི་ཆ་ཚང་པོ་ཞིག་མཐོང་སོང་། ཞི་ཞིང་ལྷོད་པོའི་ངང་ནས་རྒྱུ་མཚན་རེ་རེ་དང་དཔེ་མཚོན་རེ་རེ་བཀོད་ནས་གསུངས་སོང་། ངོ་མ་འགྲིག་ག མི་དེས་རྒྱུ་མཚན་དྲངས་ཀྱི་འདུག་ལ་གནས་ལུགས་བརྗོད་རྒྱུ་འདུག དམངས་ཁྲོད་ཁ་བརྡ་ཟེར་བ་དེའི་ནང་རྒྱུ་མཚན་དང་གནས་ལུགས་ཀྱི་ཕོངས་པའི་སྐད་ཆ་གང་བྱུང་མང་བྱུང་བཤད་དེ་རྒྱ་མིའི་གཞུང་གིས་ཤོད་དགོས་ངེས་དེ་ཚོ་ཁོང་ཚོས་ཚབ་བྱས་ནས་བཤད་ཀྱི་འདུག དེ་རིང་བདེ་སྲུང་བཀའ་བློན་ལགས་ནས་སློབ་གྲྭ་ནས་སུ་ཕུད་སོང་། ལས་བྱེད་ནས་སུ་ཕུད་སོང་། གྲྭ་ས་ནས་སུ་ཕུད་སོང་། མིང་འཁུར་ཤོག ར་འཕྲོད་བྱ་གི་ཡིན། དམྱལ་བར་འགྲོ་མི་དགོས་པར་སྔ་ཙམ་ཁ་ཚུར་བསྐོར་ན་སྒོ་ཕྱེ་ཕྱེ་བ་ཡིན་གསུངས་སོང་། ལྷོ་ཕྱོགས་སུ་ཤར་དགའ་ལྡན་ཟེར་བའི་ནང་ཕྱག་མཛོད་རྒས་པོ་དེར་ཉེས་བརྡུང་བཏང་སོང་ཟེར་ཕྱིར་རྫུན་བཤད་པ་དེ་ཉེན་རྟོག་པའི་འཁྲིས་སུ་སླེབས་སྐབས་ཞིབ་འཇུག་མི་དགོས་པའི་རེ་བ་ཡིག་ཐོག་ཏུ་ཕུལ་ཡོད་པ་གསུངས་སོང་། གང་ལྟར་ང་ཚོས་དམངས་ཁྲོད་ཁ་བརྡས་དེ་དག་ལ་ལན་ག་རེ་རྒྱག་གི་འདུག་ལྟ་རྒྱུ་རེད། དོལ་རྒྱལ་བསྟེན་མཁན་ཚོས་འཇིགས་བསྐུལ་གྱི་ལས་ཀ་བྱས་ཏེ་མི་བསད་པ་དང་། ཉེས་བརྡུང་གཏོང་བ། སྡིགས་བསྐུལ་བྱས་ཏེ་ཡི་གེ་གཏོང་བ་སོགས་བྱས་ཏེ་དྲག་པོའི་ལས་ངན་མང་དག་བརྩམས་རྗེས་ད་ལྟ་དྲག་ཤུགས་ཀྱིས་རྒྱལ་ཁ་ཐོབ་ཀྱི་མེད་པ་ཤེས་ཏེ་ཞི་བའི་ཐོག་ནས་ཐབས་ལམ་འཚལ་ཏེ་ངོ་རྒོལ་བྱ་ཐབས་བྱེད་པ་མ་ཟད། ཐབས་སྐྱོ་ཤོས་དེ་ནི་ད་ལྟ༌ཁོང་ཚོ་དོལ་རྒྱལ་བསྟེན་གསོལ་གྱི་འཐབ་རྩོད་བྱ་གི་མེད་པར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བོད་རིགས་ནང་ཁུལ་དཀྲུག་རྒྱུའི་དངུལ་ལོར་དང་གཡོ་འོག་ཏུ་རྒྱུགས་ཏེ་ཆོས་དད་རང་མོས་ཟེར་བ་དང་། རྫུན་མ་ཤོད་ཟེར་བའི་ཚིག་ཁ་ཤས་འཁུར་ཡོང་སྟེ་ཉིན་རེའི་ལྟོ་གོས་ཆེད་དགྲ༌བོའི་རྐུབ་ལ་སྦྱར་ཏེ་མི་རིགས་ཀྱི་ལ་རྒྱ་དོར། ཕ་ས་བརྗེད། ཁྲམ་པའི་ལས་བརྩམས་ཏེ་ཁོང་ཚོའི་འགོ་པ་ཁ་ཤས་བོད་དུ་ལྟ་སྐོར་དང་འཆམ་འཆམ། གང་དགའ་གང་སྐྱིད་བྱས་ཏེ་དོལ་རྒྱལ་བསྟེན་གསོལ་ཟེར་བའི་ཚིག་འདི་ཁྲམ་པ་དང་གཡོ་སྒྱུ། ལས་འབྲས་མི་བརྩི་མཁན་མི་ཁག་ཅིག་གི་ལྟོ་གོས་འཚོལ་བའི་ལག་ཆ་ཡིན་པ་གསལ་པོ་འདུག་དདདདདད
ངས་ལྟས་ན་ཤུགས་ལྡན་ཚོགས་པ་སྔོན་ཆད་སྐུ་མདུན་གྱི་སྐུ་ཤ་ལ་གནོད་པ་ཡོད་པ་བདེན་ཡང་། དེང་སྐབས་དོལ་རྒྱལ་གྱི་གནས་སྟངས་བོད་ཡུལ་ཀུན་ལ་ཁྱབ་ཅིང་། དེ་སེལ་ཐབས་ཀྱི་ལམ་ཁ་ཡག་ཤོས་དེ་སྐུ་མདུན་དང་གྲོས་མོལ་བྱས་ཏེ་སེལ་ཡ་དེ་ཡིན་པས། ཤུགས་ཚོགས་ཀྱིས་སྐུ་མདུན་གྲོངས་བ་ཡིན་ན་ཁོང་ཚོ་དཀའ་ངལ་སེལ་བྱེད་དང་། གནོད་ཤུགས་སྤྲད་ས་ཡི་རྩ་བ་བརླགས་པས་ཁོང་ཚོས་ཚོགས་པ་ཡིས་བཀོད་བྱུས་འོག་ཏུ་ལྐོག་གསོད་ཀྱི་འཆར་གཞི་འཐེན་མི་སྲིད། འོན་ཀྱང་། མི་སྒེར་ནི་སྒེར་གྱི་འདོད་མོས་དང་ཉིན་རེའི་བསམ་བློའི་གནས་བབ་དང་འབྲེལ་བས་ཉེན་ཁ་མེད་པ་བྱེད་མི་ཕོད། རྒྱ་ནག་ཡིན་ཡང་དེ་ལྟར་རེད། སྐུ་མདུན་རྒྱུན་རིང་དུ་བཞུགས་ན་ཁོང་ཚོ་ལ་གནོད་ཤུགས་སྤྲད་ས་ཡོད་པས་ཁོང་ཚོའི་ཕུགས་རྒྱང་རིང་པོའི་ཁེ་ཕན་དང་མཐུན་པས་སྐུ་ཤ་ལ་ཉེན་ཁ་མེད་པ་སེམས། བོད་པ་ཡིན་ན་སྐུ་མདུན་ནི་་དད་པ་བྱེད་ཡུལ་དང་དགའ་མོས་བྱེད་ས། རེ་བ་བྱེད་ཡུལ་ཡིན་པས་ཉེན་ཁ་མེད། དེ་ལས་ཨ་རི་དང་རྒྱ་གར་གྱི་གསང་བ་ལས་བྱེད་པ་ཁ་ཤས་ཀྱིས་བོད་ཀྱི་མཐུན་སྒྲིལ་གཏོར་ཆེད་གནས་ཚུལ་རྫུན་མ་སྤྲད་ཤས་ཆེ། དེ་སྔོན་རྒྱ་གར་གྱི་གསང་བའི་ལས་བྱེད་པས་བོད་འབྲུག་བར་ལ་དཀྲུག་ཤིང་བརྒྱབས་པ་ལས་བསླབ་བྱ་ལེན་གལ་ཆེ། གང་ལྟར་བོད་མི་རྣམས་ཀྱིས་གནས་ཚུལ་གང་ཞིག་བྱུང་ཡང་བསམ་བློ་མང་དུ་བཏང་ཞིང་བགྲོ་གླེང་མང་དུ་གནང་གལ་ཆེ། གནས་སྐབས་ཀྱི་ཁེ་ཕན་ལ་བསམ་བློ་མ་བཏང་བ་ཕུགས་རྒྱང་རིང་པོའི་བོད་ཀྱི་བདེ་སྡུག་ལ་བསམ་བློ་བཏང་ནས་ལས་དོན་སྤེལ་གལ་ཆེ།
ངས་ལྟས་ན་ཤུགས་ལྡན་ཚོགས་པ་སྔོན་ཆད་སྐུ་མདུན་གྱི་སྐུ་ཤ་ལ་གནོད་པ་ཡོད་པ་བདེན་ཡང་། དེང་སྐབས་དོལ་རྒྱལ་གྱི་གནས་སྟངས་བོད་ཡུལ་ཀུན་ལ་ཁྱབ་ཅིང་། དེ་སེལ་ཐབས་ཀྱི་ལམ་ཁ་ཡག་ཤོས་དེ་སྐུ་མདུན་དང་གྲོས་མོལ་བྱས་ཏེ་སེལ་ཡ་དེ་ཡིན་པས། ཤུགས་ཚོགས་ཀྱིས་སྐུ་མདུན་གྲོངས་བ་ཡིན་ན་ཁོང་ཚོ་དཀའ་ངལ་སེལ་བྱེད་དང་། གནོད་ཤུགས་སྤྲད་ས་ཡི་རྩ་བ་བརླགས་པས་ཁོང་ཚོས་ཚོགས་པ་ཡིས་བཀོད་བྱུས་འོག་ཏུ་ལྐོག་གསོད་ཀྱི་འཆར་གཞི་འཐེན་མི་སྲིད། ལྷག་པར་དུ་ཤུགས་ལྡན་ཚོགས་པའི་གནད་ཡོད་དབུ་ཁྲིད་མང་པོ་ཆོས་དཔོན་ཡིན་མ་ཟད། ཁོང་ཚོས་ཕྱི་རྒྱལ་དུ་ཆོས་ལུགས་དར་སྤེལ་བཏང་བཞིན་ཡོད་པས་སྐུ་མདུན་བགྲོང་བ་ལྟ་ཅི། མི་གསོད་ཁྲག་སྦྱོར་གྱི་ལས་དོན་སྤེལ་བ་ཡིན་ན་མ་འོངས་བའི་ཁོང་ཚོའི་ཆོས་ལུགས་དར་སྤེལ་ལ་གནོད་པ་མ་ཟད། སྦྱིན་བདག་ཐོབ་ཐབས་ཀྱི་ཁོར་ཡུག་ལ་ཚབས་ཆེའི་གནོད་སྐྱོན་འགྱུར་བས་དེ་ལྟར་བྱེད་པ་ཁོ་བོ་ཡིད་ཆེས་མེད། རྒྱུ་མཚན་ནི། སྔོན་དུས་ཀྱི་ཤུགས་ཚོགས་དང་དེང་སྐབས་ཀྱི་ཚོགས་གཉིས་མི་འདྲ། དེང་སྐབས་ཆོས་ལུགས་དར་སྤེལ་བཏང་ས་དང་རྒྱབ་སྐྱོར་བཙལ་ས་ཡི་ལྟེ་བ་ཕྱི་གླེང་བ་ཡིན་པས། འཚེ་ལས་བྱས་ན་ཆོས་ལུགས་ཡང་དག་ཏུ་སྒྲུབ་དཀའ་ཞིང་། ཆོས་སྒོ་ཞུགས་མཁན་ཉུང་དུ་འགྲོ་བས་རེད། དེ་ནི་ཤུགས་ཚོགས་གཅིག་བུ་ལ་འཕྲད་པའི་དཀའ་ངལ་ཞིག་མིན་པ་ནུབ་གླེང་དུ་ཆོས་ལུགས་དར་སྤེལ་བཏང་མཁན་གྱི་ཆོས་དཔོན་ཀུན་ལ་འཕྲད་པའི་གཅིག་མཚུངས་ཀྱི་དཀའ་ངལ་ཞིག་ཡིན། དེ་བརྟེན། ཆོས་དཔོན་མང་པོ་ཞིག་གིས་ང་ཚོས་ཆོས་ལས་སྲིད་ལ་ཁ་ཡ་མི་བྱེད་ཟེར་ནས་མི་རིགས་ཀྱི་བདེ་སྡུག་སྣང་མེད་དུ་འཇོག་བཞིན་ཡོད། ཡིན་ཏེ། ཁོང་ཚོར་མཚོན་ན་ཆོས་ནི་མི་རིགས་ལས་གལ་ཆེ་བས་རེད་ལ། ཕྱི་གླེང་བའི་ཆོས་དད་པ་ནི་བོད་རིགས་མིན་པས་ཆོས་ལུགས་ལས་མི་རིགས་ཀྱི་གནད་དོན་གླེང་ཚེ། ཁོང་ཚོ་ཕྱི་མིར་ཆགས་པས། བོད་དོན་ལ་ཐུགས་སྣང་མེད་ཅིང་། ཆོས་ལུགས་སྲིད་དུ་བསྲེས་བ་འདོད་ནས་འགྲོ་ཉེན་ཆེ་བས་རེད། གསལ་དུ་བཤད་ན་བོད་དོན་ནི་ཁོང་ཚོའི་གནད་དོན་མིན་པས་ལེན་ཡ་ལས་བཏང་ཡ་མང་པས་དོ་སྣང་མེད་ཅིང་། ཆོས་ལུགས་བཤད་ཚེ་ཁོང་ཚོ་དགའ་ས་ཡིན་པས་ལེན་ཡ་ཡོད་ཅིང་། རང་དོན་ཡིན་པས་དོ་སྣང་བྱེད་པས་རེད། རྒྱུ་མཚན་ནི། ཆོས་ལུགས་བྱེད་ན་བྱེད་མཁན་རང་ཉིད་ལ་ཕན་ཚུལ་བསྒྲགས་པས། འོན་ཀྱང་། སྲིད་དོན་ནམ་བོད་དོན་བཤད་ན་བོད་ལ་རོགས་སྐྱོར་བྱེད་ཡ་ལས། བོད་ཀྱིས་ཁོང་ཚོར་སྤྲད་ཡ་མེད་པས་དོ་སྣང་བྱེད་མཁན་ཉུང་བས་རེད།
རྒྱུགས་ཁྱི་འདི་ཚོས་བྱ་སྤྱོད་མཐོང་དུས་བློ་ཕམ་ཡོང་གི་འདུག། རྒྱ་སྒོར་དོན་ལས་ཀ་བྱེད་མཁན་འདི་ཚོས་འབྲེལ་བཤད་ག་ཚོད་བྱེད་ཅང་ཉན་གི་མ་རེད་། འདི་ཁོས་ཚོས་འཚོ་ཐབས་རེད་། ཁོས་དམིགས་ཡུལ་གཞན་ནི་ཆོས་ལུགས་རྨོངས་དད་ཅན་འགའ་ལམ་ནོར་ལ་འཁྲིད་ཡ་འདི་ཡིན།།།།།
དོལ་ཚོགས་ནི་དེང་སྐབས་བསྟན་དགྲ་ངོ་མ་དེ་ཆགས་འདུག བོད་པ་ཚོས་དོལ་ཚོགས་དང་རྒྱ་དམར་གཉིས་ལ་ལྟ་སྟངས་ཅིག་པ་འཛིན་དགོས་པའི་དུས་ལ་སླེབས་འདུག ད་དུང་སྐུ་མདུན་གྱི་སྐུ་ཕྱ་ལ་ཡང་དོལ་ཚོགས་ལས་ལྷག་པའི་ཉེན་ཁ་ཅན་ཞིག་མེད་པ་འདི་དངོས་དོན་ཞིབ་འཇུག་བྱས་ནས་ར་འཕྲོད་བྱུང་བ་ཞིག་ཡིན་དུས་དོལ་ཚོགས་ལ་ངེས་པར་དུ་གཟབ་དགོས་ཀྱི་འདུག
གོང་གི་གཞུང་འབྲེལ་གྲོས་ཆོད་འདི་སྤྱི་ལྷན་དྲ་བ་ནས་འདིར་གདན་འདྲེན་ཞུས་ཡོད། http://www.chithu.org/index.php?option=com_content&view=article&id=1155:2014-03-18-12-10-57&catid=99:2011-03-08-06-51-19&Itemid=237
རྒྱ་ཆེན་ཤུགས་ལྡན་ཚོགས་པ་ནི་བོད་ཕྱི་ནང་ཚོགས་པ་ནག་པོ་སྟེ་(黑社会)ཡང་ན་མ་ཕེ་ཡ་(Mafia)ཞེས་པའི་ཆོས་ལུགས་ཚོགས་པ་ཆེས་ཤོས་རེད། འཛམ་གླིང་གི་ཚོགས་པ་ཆེས་ཤོས་འདི་རིགས་ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་སོགས་ལ་འབྲེལ་བ་གཏིང་ཟབ་མོ་ཡོད། རྒྱ་ནག་གུང་ཁྲན་གྱིས་སྲིད་དབང་ཟིན་པ་ཡང་ཨ་མེ་རི་ཀའི་ཚོགས་པ་ནག་པོ་རྒྱ་ཆེན་རྒྱ་སྒོ་(洪门)ཞེས་པས་དངོས་ཤུགས་ཀྱི་རོགས་རམ་ལ་རག་ལས་བ་རེད། གང་ལྟར་སྤྱི་ཚོགས་ནག་པོའི་སྐོར་གྱི་བྱེད་ལས་ཨ་རིའི་གློག་བརྙན་༼ཨ་མཆོད།༽(the godfather) ཞེས་པ་དེར་ལྟོས་དང་ཤེས་ཡོང་། བོད་ཀྱི་སྨན་གཞུང་ནས་དུག་ལ་སྨན་ཡོད་ཟེར་བ་ལྟར་རྒྱ་ཆེན་ཤུགས་ལྡན་གྱི་དུག་འདི་ཐབས་མཁས་ངང་བེད་སྤྱོད་བྱས་ཏེ་རང་གཞན་ལ་ཕན་པ་ཞིག་བྱེད་དགོས་ཀྱི་ཡོད། ཧོབ་སྟེ་འབུར་འཇོམས་བྱེད་མི་ཐུབ། ཅིག་བྱས་ན་རྒྱ་ཆེན་ཤུགས་ལྡན་ལ་བསྟེན་ནས་ང་ཚོས་རྒྱ་གཞུང་གི་མགོ་ལྟིང་སློག་ན་ཐེངས། ཧ་ཧ་ཧ།
དོལ་ཚོགས་ཞེས་པ་དེ་ཇི་འདྲ་ཡིན་མིན་སྤྱི་འཐུས་ཡོངས་བྱེས་གསལ་གསལ་ཐིང་ཐིང་གསུངས་སོང་། ཨ་འདི་འདྲའི་ཐབས་སྐྱོ་ལ་ཨང་། རྒྱ་འདྲེ་རེད་ཅེས་བརྗོད་པ་དངོས་བདེན་རེད་འདུག་སྙམ། གོང་དུ་ཁག་གཅིག་གི་གྲོས་མོལ་དགོས་པའི་སྐད་ཅ་བཤད་པ་དེ་སྟོང་བསམ་རང་རེད། རྒྱུ་མཚན་དགོས་པ་ག་རེ་ཡོད་རེད། དོལ་རྒྱལ་སྐོར་བརྒྱ་ཆ་བརྒྱ་ནོར་འཁྲུལ་དང་མཚམས་བཞག་ཡས་ལས་བསྟེན་རྒྱུ་ཡོང་ཐབས་མེད་པ་ཡིན་པས། སྐད་ཅ་བཤད་དགོས་དོན་གང་ཡང་མེད། ཁོང་ཚོས་རྡ་རམ་ས་ལར་མི་བསད། རྒྱ་ལ་མགོ་བཏགས་ཞུས། འདྲ་མིན་སྣ་ཚོགས་བྱས་ནས་ད་ཆ་རྒྱ་སྒོར་གཡོ་བྱུས་འོག་དགྲ་བོ་རྒྱ་དམར་དང་ཟླ་སྒྲིལ་ནས་ཡོང་དུས། སྐད་ཅ་བཤད་ཡས་ཅི་ཡང་ལྷག་མེད། རང་ཉིད་ཇི་ཡིན་རང་ངོ་སྤྲོད་པར་སླེབས་དུས་ཁ་ཡ་བྱས་ན་སྨྱོན་པ་རེད། དེ་ལས་ང་རང་ཚོ་རྡོག་སྒྲིལ་ཐབས་དང་། མ་འོངས་གཞོན་སྐྱེས་ནང་དེ་ལྟར་མི་ཡོང་བའི་ཐབས་ཤེས་ཡོད་རྒུར་རྩལ་སྤྲུགས་གནང་གལ་ཆེ། ང་དང་ཁྱོད་སུ་དང་སུ་ཡིན་རུང་ལྷ་འདྲེ་ག་རེ་བསྟེན་ན་ཡང་རང་མོས་རེད། སྤྱི་དོན་དང་ཐུག་དུས་དེ་ལྟར་རེད། གང་ལྟར་མགོ་སེར་ཚོས་༧གོང་ས་མཆོག་བདུད་འདྲེ་ག་རེ་ལབ་རུང་ཁྱད་པར་མེད། གོས་ཐུང་སྟོད་ཐུང་གྱོན་ནས་ཁྲིར་བསྡད་ཆོས་འདྲ་བཤད། མགོ་མཇུག་བསློགས་ནས་འགྲོ་ན་ཡང་རང་མོས་རེད། ཁོ་རང་ཚོས། སྙིང་རྗེ། dalai lama stop lying མ་ལབ་གོང་བདེན་རྫུན་ག་རེ་ཡིན་མིན་དཔྱད་མི་ཤེས་ལ། ཤེས་བཞིན་གང་ལྟར་ཡང་ཁྱད་མེད། ང་རང་ཚོས་གཟབ་གཟབ་བྱས་ན་ད་གས་འགྲིགས། རྒྱུ་མཚན་བཤད་སར་བཤད་མ་ཐུབ་པ་མ་བྱས་ན་དེ་གས་འགྲིགས་པ་རེད། བོད་རྒྱལ་ལོ།། ༧རྒྱལ་བ་རྒྱལ་ལོ།།
བདེན་གསྲུངས་བཀའ་བློན་མཆོག་ནས་རྒྱུ་མཚན་དང་། རྒྱབ་བརྟེན་ཡིག་ཆ་དང་འབྲེལ་རྒྱ་རོའི་རྒྱུག་ཁྱི་དོལ་རྒྱལ་བ་ཁ་ཤས་ཀྱིས་་རྫུན་ཕུབ་གསལ་པོ་གཏོལ་བ་བཀའ་དྲིན་ཆེ། དོལ་རྒྱལ་ལ་དགའ་མོས་བྱེད་མཁན་དེ་ལ་རིགས་གཉིས་ཡོད། དང་པོ་དེ་ཆོས་མ་ཏོག་སྲིད་ལ་དོན་གནང་དང་དངུལ་གྱི་ཆེད་དུ་མིན་པར་དད་པ་རང་བྱེད་ནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་པ་། དོལ་རྒྱལ་ལ་དད་པ་ཡོད་མཁན་གནས་རྟེན་བགྲེས་སོང་མང་དག་ཅིག་ཡོད། གཉིས་པ་དེ་དོལ་རྒྱལ་ཁ་ལ་ཁུལ་ནས་རྒྱ་རོའི་རྒྱུག་་ཁྱི་དམར་པོ་་དང་། རྒྱལ་བའི་སྐུ་་གསོག་ལ་ཡང་རྒོལ་བ་རྩམ་ཕོད་པ་དངུལ་མ་ཏོག་གང་ཡང་ཕུག་བསམ་མེད་པ། གོང་ཞུས་དོལ་རྒྱལ་བརྟེན་མཁན་ཡོངས་ལ་མགོ་སྐོར་གཏང་མཁན་དེ་རིགས་གཉིས་པ་་རེད། དཔེར་ན་འཆི་ཚེ་རིང་དང་ དམངས་ཕྲོད་ཁ་བརྡ་བ་་འདི་ཚོ་དང་ ཁྱིརྒན་དམར་པོ་བསྟན་འཛིན་རྒྱ་མཚོ་ཞེས་པའི་གྲྭ་གཟུགས་འདི་ཚོ་རེད། ང་ཚོ་བོད་མི་ཡོངས་ནས་ཁྱི་རྒན་འདི་ཚོ་ལ་རྒོལ་གདུང་དང་ཁ་གཏད་ཐ་ན་སྲོག་ཡིན་ཡང་་སླུས་གཏང་ནས་མི་རབས་ནས་མི་རབ་ལ་རྗེད་མི་ཐུབ་པ་དང། དྲ་གྲོགས་ཚོས་ཁྱི་རྒན་འདི་ཚོ་རྒྱ་རོ་ལ་འབྲེལ་་བ་བྱེད་གཏང། ་པར་དང་། ལོ་རྒྱུས་་། གང་མང་དམངས་ཁྲོདལ་་འདོན་སྤེལ་ཞུ་རོག།
༧གོང་ས་མཆོག་དང་དོལ་ཚོགས་བར་གྲོས་མོལ་ཡོང་བར་ཚང་དགོས་བའི་ཆ་རྐྱེན་ངེས་ཅན་པ་ཞིག་ཚང་དགོས་། ཆ་རྐྱེད་དེ་ནི་དོལ་ཚོགས་ཀྱིས་དུས་ནམ་ཞིག་དོལ་རྒྱལ་འདོར་བ་ཡིན་ན་དུས་དེ་ནས་༧གོང་ས་མཆོག་དང་གྲོས་མོལ་ཡོང་ཐུབ་་། རྒྱུ་མཚན་ནི་། གནད་དོན་དེ་ནི་ཆབ་སྲིད་ཀྱི་གནད་དོན་མ་ཡིན་པར་བླ་སློབ་ཀྱི་དམ་ཚིག་གི་གནད་དོན་ཡིན་པས་རེད་། གང་་ལྟར་དོལ་ཚོགས་བ་དེ་ཚོས་བོད་མིའི་ཞབས་འདྲེན་མ་བྱས་བར་བོད་མིའི་གྲལ་ནས་སྡད་དེ་བོད་དོན་ལ་བྱ་བ་བྱེད་པའི་འདོད་པ་ཡོད་པ་དང་བོད་མའི་སྒྲིག་འཛིགས་ཀྱི་ནང་དུ་འཛུལ་ན་གོ་སྐབས་ཡོངས་རྫོགས་ཡོད་འདུག་། ཡིན་ཡང་དོལ་ཚོགས་བས་ཤེས་དགོས་བ་ནི་འུ་ཚོ་རྒྱ་ནག་ལྟ་བུ་མ་ཡིན་པར་མང་གཙོ་ཡིན་པ་ཤེས་དགོས་ལ་མང་གཙོར་གུས་ཞབས་ཀྱང་བྱ་དགོས་།
དོལ་རྒྱལ་ཚོགས་པ་དང་ཏཱ་ལའི་བླ་མའི་བར་ན་གྲོས་མོལ་བྱ་རྒྱུ་གང་ཡང་ལུས་མེད། དོལ་རྒྱལ་ཚོགས་པ་དང་རྒྱལ་བ་རིན་པོ་ཆེའི་བར་ན་གྲོས་མོལ་བྱ་རྒྱུ་གང་ཡང་ལུས་མེད། དོལ་རྒྱལ་བརྟེན་གསོལ་མཚམས་འཇོག་ནི་རྒྱལ་བ་རིན་པོ་སྐུ་སྒེར་གྱི་ཆོས་དད་རང་མོས་ཀྱི་གདམ་ཀ་ཁོ་ན་ཡིན་སྟབས་སུས་ཀྱང་བཙན་ཤེད་ཀྱིས་གནོན་ཤུགས་སྤྲོད་མི་རུང་། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ཆོས་དད་རང་དབང་གི་བདམ་ཀ་འདི་ལ་མི་སུས་བཙན་ཤེད་དང་། འཇིགས་སྐུལ། གནོན་ཤུགས་སྤྲོད་མཁན་ཚོར་རྒྱལ་བ་རིན་པོ་ཆེའི་སློབ་བརྒྱུད་དང་། ཁོང་གི་རྒྱབ་སྐྱོར་བ་ཚོས་རྒྱུ་མཚན་དང་འབྲེལ་བའི་དགག་ལན་དུས་ཐོག་ཏུ་གནང་འོས། རྒྱལ་བ་རིན་པོ་ཆེའི་དོལ་རྒྱལ་བརྟེན་གསོལ་མཚམས་འཇོག་མཛད་པའི་སྐོར་ལ་བཀའ་མང་པོ་ཞིག་གནང་ཡོད། དོལ་རྒྱལ་བརྟེན་གསོལ་གྱི་གནད་དོན་འདི་ཐོག་དང་པོར་མངོན་གསལ་ཆུང་བའི་མི་སྒེར་གྱི་ཆོས་དད་རང་དབང་གི་གདམ་ཀ་དང་འབྲེལ་བའི་གནད་དོན་ཞིག་ཡིན་མོད། དོལ་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་གནོན་ཤུགས་དང་། ཨུ་ཚུགས། ཚ་འདྲི་མཚམས་མ་བཞག་སྟབས་རྒྱལ་བ་རིན་པོ་ཆེས་གསལ་བཤད་རིམ་པར་གནང་དགོས་ཐུག་པ་རེད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་ཀྱི་སྐོར་ལ་གང་གསུངས་བ་ཚང་མ་ཉམ་ཆུང་དྲང་བདེན་དང་། རང་སྲུང་། ཁུངས་ལུང་ཡོད་པ། རྒྱུ་མཚན་དང་སྦྲགས་པ། ནང་ཁུལ་གྱི་ཞི་མཐུན་བཀའ་མོལ་ཤ་སྟག་མ་གཏོགས་བཙན་ཤེད་ཀྱི་རྣམ་པ་སྤུ་ཙམ་ཡང་མེད། དེ་ལས་ལྡོག་སྟེ་དོལ་རྒྱལ་ཚོགས་པས་ནམ་ཡིན་ཡང་ཨུ་ཚུགས་དང་། བཙད་ཤེད། རྨོངས་དད། ཐ་ན་རང་གི་མི་རིགས་ཀྱི་མདུན་ལམ་རྩ་དོན་ཡན་ཆད་བློས་དོར་ནས་རྒྱལ་བ་རིན་པོ་ཆེའི་མཛད་པ་གང་དུ་བསྐྱངས་པར་སྡིག་དམོད་བྱེད་པར་སླེབས་ཡོད། ང་རང་ཚོ་རྒྱ་བལ་འབྲུག་གསུམ་དུ་སྐྱབས་བཅོལ་བའི་འཚོ་བ་བསྐྱལ་ནས་འདུག་མྱོང་མཁན་ཚང་མས་ཤེས་གསལ་ལ། རྒྱལ་བ་རིན་པོ་ཆེ་དང་འབྲེལ་ཡོད་སྒྲིག་འཛུགས་ཚོའི་ངོས་ནས་དོལ་རྒྱལ་རྟེན་མཁན་རྒྱལ་བ་རིན་པོ་ཆེའི་བཀའ་ཆོས་ལ་མི་བཅར་བའི་འབོད་སྐུལ་ཞུ་བ་ཙམ་མ་གཏོགས་གཞན་སྐྱབས་བཅོལ་བོད་མིའི་ཐོབ་ཐང་ཆ་ཚང་གནང་ཡོད། བཙན་བྱོལ་བོད་མིའི་རྩ་ཁྲིམས་དང་། བཅའ་ཁྲིམས། སྒྲིག་ཁྲིམས་གང་གི་ནང་ན་ཡང་དོལ་རྒྱལ་རྟེན་མཁན་ལ་སྐྱབས་བཅོལ་བོད་མིའི་ཐོབ་ཐང་གི་ཟུར་ཙམ་ཡང་མེད་ཚུལ་ཚིག་གཅིག་ཀྱང་གསལ་མེད། དགེ་ལུགས་པའི་གདན་ས་ཆེན་པོ་ཁག་ཏུ་དོལ་རྒྱལ་རྟེན་མཁན་འཛུལ་ཞུགས་མི་ཡོང་བའི་འབོད་སྐུལ་བྱེད་པ་དེ་ནི་བླ་མ་དང་སངས་རྒྱས་དབྱེར་མེད་དུ་ལྟ་བའི་བོད་བརྒྱུད་ནང་བསྟན་གྱི་རྨངས་གཞིའི་ཤེས་བྱ་ཙམ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ཕྱིན་ཤེས་གསལ་རེད། སྤྱིར་ན་ཡེ་ཤུའི་ཆོས་ཚོགས་ལ་འཛུལ་ཞུགས་བྱེད་པར་ཡེ་ཤུའི་ཆོས་ལུགས་ཀྱི་ལམ་སྟོན་བཞིན་འགྲོ་དགོས་པ་དང་། ཨི་ཟི་ལམ་གྱི་ཆོས་ལུགས་སུ་ཞུགས་ན་ཕག་ཤ་མི་ཟ་བ་སོགས་ཀྱི་ཚུལ་ཁྲིམས་བསྲུངས་དགོས། དེ་བཞིན་དུ་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་བླ་ན་མེད་པའི་ཆོས་ལུགས་ཉམས་སུ་ལེན་པ་ལ་བླ་མའི་བཀའ་བསྒྲུབ་དགོས་པ་དེ་གཞི་རྩའི་དམ་ཚིག་རེད། དེ་ནི་དགེ་ལུགས་པའི་གདན་སའི་དགེ་འདུན་པ་མང་ཆེ་བ་རྒྱལ་བ་རིན་པོ་ཆེའི་ཞལ་སློབ་ཡིན་པས་དེའི་ནང་དུ་རང་གི་རྩ་བའི་བླ་མ་དང་ལྟ་སྤྱོད་མི་མཐུན་མཁན་དང་མཉམ་དུ་འདུག་མི་རུང་བ་དེ་བོད་བརྒྱུད་ནང་བསྟན་གྱི་རྩ་དོན་ཡིན། དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གང་ཡིན་ན་ཡང་རང་རང་གི་བླ་མ་དང་ལྟ་སྤྱོད་མི་མཐུན་མཁན་འབྲེལ་བ་གཅོད་པ་ཡོངས་ཁྱབ་ཀྱི་སྲོལ་རྒྱུན་ཡིན་པ་མ་གཏོགས་དོལ་རྒྱལ་ཚོགས་པ་ཁོ་ན་ལ་མིན། དགེ་ལྡན་པའི་གདན་ས་ཆེན་པོ་ཁག་གི་ནང་དུ་དོལ་རྒྱལ་བསྟེན་མཁན་ཡོད་མི་རུང་། དེ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཚོགས་ཤིག་ན་བླ་མའི་བཀའ་དང་རྒྱབ་འགལ་བྱེད་མཁན་གྱི་མི་སྣ་ཡོད་ན་འོ་མ་རུལ་བ་ཐིག་པ་གཅིག་གིས་འོ་མ་ཡོངས་རྫོགས་རུལ་བར་བྱེད་པའི་དཔེ་དོན་བཞིན་དུ་བོད་བརྒྱུད་ནང་བསྟན་གྱི་རྩ་དོན་དང་རྒྱབ་འགལ་བྱས་པ་རེད། ཆོས་ལུགས་ལ་ཆ་རྒྱུས་མེད་པའི་མི་ཞིག་ཡིན་ན་ཡང་འདི་ནི་ལས་སླ་པོར་ཤེས་ཐུབ་པའི་གནད་དོན་ཞིག་ཡིན། དཔེར་ན། དམངས་གཙོ་ཚོགས་པ་ལ་ཞུགས་ན་དམངས་གཙོ་ཚོགས་པའི་ལངས་ཕྱོགས་བཞིན་བསྒྲུབ་དགོས་པ་དང་། ལྗང་ཁུ་ཚོགས་པར་ཞུགས་ན་ལྗང་ཁུ་ཚོགས་པའི་སྒྲིག་ཁྲིམས་ཁུར་དགོས། ངལ་རྩོལ་ཚོགས་པ་ལ་ཞུགས་ན་ངལ་རྩོལ་ཚོགས་པའི་ལས་འགན་བསྒྲུབ་དགོས་པ་བཞིན་དུ་བོད་བརྒྱུད་ནང་བསྟན་ལ་ཞུགས་ན་རྩ་བའི་བླ་མའི་བཀའ་བསྒྲུབ་དགོས་པའི་གཞི་རྩའི་ཤེས་བྱ་འདི་བརྗེད་མི་རུང་།
བགྲོ་གླེང་ཆ་ཚང་བཀླགས་ཡོང་ན། ཕལ་ཆེ་བའི་རང་མིང་བཀོལ་ཐུབ་ཀྱི་མི་འདུག་མ་གཏོགས་ཆ་ཤས་བླངས་པ་ཡག་བྱུང་། དེའི་ཁྲོད་ནས་ཨ་ནུ་ཚང་བསོད་ནམས་ལགས་དང་སྤོབས་པ་མཐའ་ཡས་ལགས་ཀྱི་མཆན་ལ་ཚབ་མཚོན་རང་བཞིན་ལྡན་འདུག་སྙམ། དེ་བས། ང་རང་ཞིབ་འཇུག་པ་ཞིག་གི་ཆ་ནས་འཕྲོས་དོན་དྲི་བ་འགའ་ཞུ་ཆོག་པ་གནང་། ཨ་ནུ་ཚང་ལགས། ༡ རྒྱ་གར་གསང་བའི་ལས་ཁུངས་ཀྱིས་སྔར་བོད་འབྲུག་བར་ཕྲ་མ་ཇི་ལྟར་རྒྱབ་པ་ཞིབ་ཕྲ་གསུང་ཐུབ་བམ། ༢ བདེ་སྲུང་བཀའ་བློན་གྱི་གསལ་བཤད་ལས་ཤུགས་ལྡན་བསྟེན་མིན་རང་དབང་དང་། བསྟེན་མཁན་རྣམས་རྒྱལ་བ་རིན་པོ་ཆེ་ཡི་བཀའ་ཆོས་ཞུགས་མི་ཆོག་པ་ཙམ་ལས་གཞན་བཙན་བྱོལ་བོད་མིར་ཡོད་པའི་ཐོབ་ཐང་ཆ་ཚང་ཡོད་འདུག་པས། ཤུགས་ལྡན་བསྟེན་མཁན་རྣམས་ལ་ད་དུང་ཁ་སྣོན་གསལ་བཤད་ཡོད་མེད་མཁྱེན་གྱི་ཡོད་དམ། སྤོབས་པ་ལགས། ཡང་བསྐྱར་ཁྱེད་ལ་བཀའ་འདྲི་ཞུ་བའི་གོ་སྐབས་བྱུང་བར་དགའ་ཡོད། ༡ བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བླ་མ་བསྟེན་སྟངས་དེ་འདྲ་ཞིག་ཡིན་ན། དེ་དང་ནུབ་ཕྱོགས་ཀྱི་དཀོན་མཆོག་བསྟེན་སྟངས་གཉིས་ཀྱི་མ་འདྲ་ས་གང་ཡིན་ནམ། བདག་མེད་ཀྱི་ལྟ་བར་མཐུན་གྱི་ཡོད་དམ། ༢ ད་ལྟ་ཁྱེད་རང་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཞིག་ཡིན་པར་ཆ་བཞག་ནས་ཡང་བསྐྱར་བསམ་བློ་ཞིག་ཐོངས་དང་། ཇི་ལྟར་གནང་ན་ད་གཟོད་རྙོག་གླེང་རིམ་པས་ཞི་འཇམ་དུ་འགྲོའམ། དེ་མིན་གཞན་ཁ་ཤས་ཤིག་གིས་༼རྒྱ་འདྲེ༽དང་༼འཐབ་ཕྱོགས་གཅིག་གྱུར་ཁང་གི་ལག་ཆ༽སོགས་གླེང་ཡོང་གི་འདུག གལ་སྲིད་དབུ་མའི་ལམ་གྱི་སྲིད་བྱུས་རྒྱ་དམར་རྩ་ཁྲིམས་འོག་ལ་འགྲོ་ཡིན་ཟེར་བ་ལས་འགྱུར་མེད་ན། དེ་དག་དབུ་མའི་ལམ་གྱི་བསྙོན་འབྱིན་ཡང་ཡིན་པས། བསམ་བློ་ཡག་པོ་གཏོང་རན་མི་འདུག་གམ།
པན་ཆེན་རིན་པོ་ཆེས་སྲུང་མའི་སྐོར་ལ་བཀའ་སློབ་སྙན་པོ་ཞིག་གནང་བ་གོ་མྱོང་། ཁོང་གིས། སྲུང་མ་ཚོའི་ལས་ཀ་ནི་ཆོས་པ་ཚོར་རོགས་པ་བྱས་ནས་མཐུན་རྐྱེན་སྒྲུབ་པ་དང་འགལ་རྐྱེན་གཏོར་བ་དེ་རེད། དེར་བརྟེན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བོད་ལ་སྲུང་མ་མང་པོ་དམ་ལ་བཏགས་ནས་ལས་ཀ་སྐུལ་ཡོད། རྗེ་རིན་པོ་ཆེས་སྲུང་མ་མང་པོར་བཀའ་བསྐོས་ནས་ལས་ཀ་སྐུལ་གྱི་ཡོད། ཤུགས་བསྟན་དེ་རྒྱལ་བ་ལྔ་པས་འདེད་ནས་བཀྲ་ཤིས་ལྷུན་པོ་དང་ས་སྐྱར་བྲོས་ཡོང་བ་རེད། དེ་ལ་ལས་ཀ་སྐུལ་བ་དེ་ནོར་བ་རེད། བྱས་ཙང་བཀྲ་ཤིས་ལྷུན་པོར་དོལ་རྒྱལ་སྲོག་གཏད་ལྟ་ཅི། སྲུང་མའི་འགྲས་སུ་འཇོག་གི་མིན་གསུངས། རྗེས་མ་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་གསར་པའི་ནང་ལ་དོལ་རྒྱལ་བསྟེན་མི་ཆོག་པ་གསལ་པོ་འདུག འདི་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་ཕྱོགས་བསྡུས་ནང་ལ་འདུག ད་དོལ་རྒྱལ་བ་ཚོས་པན་ཆེན་རིན་པོ་ཆེའི་སྐུ་པར་བཞག་ནས་ཁོང་ཚོའི་མགོན་སྐྱབས་ཡིན་མདོག་བྱེད་པ་འདི་ཧམ་པ་དང་སྐྱག་རྫུན་ལས་མི་འདས།
ད་རྙོག་དྲ་འདིའི་ནང་དུ་པན་ཆེན་རིན་པོ་ཆེ་འཐེན་ཡོང་དགོས་དོན་མི་འདུག ལོ་རབས་བརྒྱད་ཅུའི་ནང་བོད་ནང་དོལ་རྒྱལ་སྐོར་གྱི་རྙོག་དྲ་ཐོས་མྱོང་མེད། གཙོ་བོ་དགུ་བཅུ་གོ་བདུན་རྗེས་ནས་གོ་རྒྱ་འདུག དེ་དུས་རིན་པོ་ཆེ་བཞུགས་ཡོད་པ་མ་རེད།
དོལ་རྒྱལ་ཡིན་ན་འདྲ། གནས་ཆུང་ཡིན་ན་འདྲ། དཔལ་ལྡན་ལྷ་མོ་ཡིན་ན་འདྲ། བོད་རྒན་ཚོས་བསྟེན་པའི་སྲོང་མ་དེ་ཚོ་སྤྱི་དགྲ་མི་ཐུབ་མཁན་རྐྱང་རྐྱང་རེད། ནང་ཁུར་དཀྲིག་དཀྲིག་བྱེད་མཁན་གྱི་ལྷ་སྲོང་འདི་ཚོས་ཅི་བྱེད།
བདེ་སྲུང་བཀའ་བློན་ལ་དགའ་བསུ་དང་གུས་བརྩི་ཡོད། དོལ་ཚོགས་ཚང་གིས་རྒྱ་དམར་དང་ལག་འབྲེལ་གྱིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་ཁྱད་གསོད་དང་སྐུ་ཕྱར་བདོ་ན་ངོ་རྒོལ་མཐའ་གཅིག་ཏུ་ཡོད། བོད་མི་ཚོས་ནམ་ཡང་གཏེ་བོ་དོལ་ཚོགས་ལ་རྒོལ་ལན་སྤྲོད་དགོས།
དམ་སྲི་གདོན་གཟུགས་དེ་བསྒྲལ་ཟིན་ན་ད་དུང་ནག་ཕྱོགས་འདྲེ་ལ་སྐྱབས་སུ་འཛིན་པ་དང་ནང་བསྟན་བཀའ་གདམས་པ་ཡིན་ཟེར་ན་སྨྱོན་པ་ལས་གཞན་མ་ཚོར། ལོག་པའི་ལམ་ལ་མཐའ་མེད་ཀྱང་།། དེ་དག་འདི་ན་སྤྲོས་བྱ་མིན།། ཞེས་པ་རེད། མདོར་ན་བཀའ་གདམས་གཚང་མ་དགེ་ལུགས་ཡང་དག་པ་སྤོབས་པ་མཐའ་ཡས་ཀྱི་གསུང་ལ་མངོན་པར་བསྟོད་དོ།།
གནམ་ལོ་ཡག་ལགས། རྒྱ་གར་གསང་བའི་ལས་བྱེད་པ་ཞིག་གིས་བོད་འབྲུག་བར་ལ་དཀྲུག་ཤིང་བརྒྱབས་པའི་གནས་ཚུལ་དེ་རྒྱལ་ལོ་དོན་འགྲུབ་ཀྱིས་གསུངས་ཀི་འདུག རྒྱག་མཁན་དེ་ཡང་རྒྱལ་དོན་གྱི་ངོ་ཤེས་སམ་ལས་དོན་མཉམ་ལས་བྱེད་མཁན་གྱི་རྒྱ་གར་གསང་བའི་ལས་ཁུང་གི་ལས་བྱེད་ཅིག་ཡིན་ཞིང་། ཁོང་གི་འདུག་ས་ལྡི་ལི་རེད། གནད་དོན་དེ་བྱུང་རྗེས་རྒྱལ་དོན་ལྡི་ལི་རུ་ཁོ་ལ་ཐུག་འཕྲད་དུ་ཕྱིན་ཡང་། མི་དེ་རང་གནོང་གིས་ངོ་ཚ་ནས་ཕྱི་རུ་འབུད་ཐུབ་ཀྱི་མེད་སྐོར་གསུངས་སོང་། དེའི་སྐོར་གསལ་བོ་མཁྱེན་འདོད་ན་རྒྱལ་དོན་གྱི་གསུངས་བཤད་ཁག་ལ་སྐྱར་ཞིབ་གནང་དང་། རྙེད་ངེས་རེད། གཞན་ཡང་ཕྲན་གྱིས་ལྟས་ན་བདེ་སྲུང་གིས་གསལ་བཤད་གནང་བ་ཧ་ཅང་གིས་ཡག་ཀྱང་དེས་དོལ་རྒྱལ་ཚོགས་པའི་འདོད་འདུན་ཚིམས་དཀའ་བ་མ་ཟད། ཁོང་ཚོས་བསམ་པར་བོད་མིའི་སྒྲིག་འཛུགས་ཀྱིས་བར་དཔང་མི་བྱེད་པ་སྐུ་མདུན་ལ་མཐའ་གཅིག་ཏུ་ཕྱོགས་པ་མཐོང་ནས་སྔ་ལས་སྐྱོན་བརྗོད་བྱེད་སྲིད། དེ་ལས་བོོད་མིའི་སྒྲིག་འཛུགས་ཀྱིས་གང་ཐུབ་ཀྱིས་བར་དཔང་གི་སྐད་ཆ་གསུངས་ཤིང་། ལས་དོན་སྒྲུབ་པའི་རྣམ་པ་བསྟན་ན་སྐུ་མདུན་དང་དོལ་རྒྱལ་བར་དུ་ཞི་གྲོས་ཡོང་བར་ཕན། འོན་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལྟར་བྱེད་ཡ་ཁག་པས་ད་དུང་ཡང་དོལ་རྒྱལ་དང་ཞི་གྲོས་བྱེད་པའི་བར་ཐག་རིང་། འོན་ཀྱང་། ཕྱོགས་གཉིས་ཀས་གང་ཐུབ་ཀྱིས་གནས་ལུགས་དང་བདེན་པའི་སྒོ་ནས་ཕན་ཚུན་ལ་སྐྱོན་འཛུགས་བྱེད་ཐབས་བྱ་བཞིན་ཡོད་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཏུ་མཐོང་ལགས།
ཨ་ནུ་ཐང་བསོད་ནམས་ཕེབས་ནས་དྲིས་ལན་གནང་བར་ཐུགས་རྗེ་ཆེ། སྤྱིར་གནད་དོན་ཆེ་མ་ཆུང་གསུམ་གང་ཡིན་ཡང་གྱོད་པ་དང་གྱོད་ཡའི་ངོས་ནས་རང་རང་སོ་སོ་དཀར་བོ་ཡོང་ཐབས་གནང་བའང་ཆོས་ཉིད་ཅིག་རེད། ཡང་ཅིག་བཤད་ན། འགྲོ་བ་མི་ཡི་གཤིས་ཀ་ཞིག་ཀྱང་རེད། ཡིན་ནའང་། གནད་དོན་སེལ་ཐབས་བཙལ་རྒྱུ་དེ་གནད་ཀྱི་དམ་པར་མཐོང་། དེ་བས། རྡ་སའི་ཕྱོགས་ནས་འབབ་ས་ཡོད་པའི་ལམ་ཁ་ཞིག་བསྟན་ཟིན་པ་འདྲ། ང་རང་ལ་གོ་ནོར་ཐེབས་མེད་ན། བདེ་སྲུང་བཀའ་བློན་གྱི་གསུང་འགྲོས་ལས་གསལ་ཡོང་བ་ནི། ཤུགས་ལྡན་བསྟེན་མིན་རང་དབང་དང་། གལ་སྲིད་བསྟེན་ན་རྒྱལ་བ་རིན་པོ་ཆེ་ཡི་གསུང་ཆོས་ཞུགས་མི་ཆོག་པ་དང་། དགེ་ལུགས་པའི་དབུ་ཁྲིད་ཁག་གིས་གཏན་འབེབས་གནང་བའི་དགེ་ལུགས་པའི་གྲྭ་ས་ཁག་ལ་འགྲོ་མི་ཆོག་པ་གཉིས་ལས་གཞན་སྒོ་ཚང་མ་ཕྱེ་འདུག ཡང་ཅིག་བཤད་ན། ཤུགས་ལྡན་བསྟེན་མི་བསྟེན་དེ་སྐྱེ་བོ་སྒེར་གྱི་རང་དབང་ཡིན་པས་མི་གླེང་བ་བྱོས། དེ་འཕྲོས་རྩོད་གཞི་གཙོ་བོ་དེ་དགེ་ལུགས་པའི་གྲྭ་ས་ཁག་ལ་ཤུགས་ལྡན་བསྟེན་མཁན་ཞུགས་ཆོག་མིན་ཁོ་ནར་ཐུག་འདུག་པ་འདྲ། དེ་བས། ངའི་ཐོས་ཚོད་ཡིན་ན་ཁྲི་བྱང་རིན་པོ་ཆེ་ཡི་ཡང་སྲིད་མཆོག་ཤུགས་ལྡན་ཚོགས་པའི་མི་སྣ་གཙོ་བོ་ཞིག་ཡིན་སྐད། དེ་ན་ཁྲི་བྱང་སྐུ་གོང་མ་ཟམ་གདོང་རིན་པོ་ཆེ་ཡི་རྩ་བ་བླ་མ་ཡིན་ཚུལ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལོོ་ཤས་སྔོན་སཱ་ར་མཐོ་སློབ་ཏུ་ཡོངས་གྲགས་སུ་གསུངས་ཡོད་པ་ལྟར་ཡིན་པའི་ཁར། རིན་པོ་ཆེ་མཆོག་གིས་དེང་སྐབས་དགའ་ལྡན་ཕོ་བྲང་གི་དབུ་འཛིན་གནང་བཞིན་པས། བླ་སློབ་སླར་ཡང་ཞལ་འཛོམས་ཀྱིས་གྲོས་མོལ་གནང་བ་ཡིན་ན་ཤུགས་ལྡན་བསྟེན་མཁན་རྣམས་གྲྭ་སར་ཞུགས་མི་ཆོག་པའི་གནད་དོན་དེ་སེལ་མི་ཐུབ་པ་ཞིག་མིན་པ་འདྲ། ཁྱེད་ལ་དགོངས་ཚུལ་ག་འདྲ་འདུག་གམ།
སྲུང་མའི་སྐོར་གྱི་རྩོམ་ཡིག་འདི་ལྟ་བུས་ཀློག་མཁན་མང་པོར་ཤེས་བྱ་གསར་པ་སྤྲོད་པ་གདོན་མི་ཟ། འོན་ཀྱང་སྲུང་མའི་སྐོར་གྱི་རྙོག་དྲ་དེ་ནི་ཤེས་མ་ཤེས་ཀྱི་གནད་དོན་ཞིག་མིན་པར་འདོད་མི་འདོད་ཀྱི་གནད་དོན་ཞིག་ལ་ཐུག་ཡོད། འདིའི་སྐོར་གྱི་སྐད་ཆ་ཧ་ཅང་འཕྲོས་ཚེ་སྤྱི་ཚོགས་ཀྱི་བདེ་རྩ་ལ་དགོས་མེད་ཀྱི་ཟིང་ཆ་ཞིག་ཏུ་འགྱུར་ཉེན་ཆེ་བརྟེན། ཁ་བརྡའི་ངོས་ནས་གནས་སྐབས་རིང་རྩོམ་ཡིག་འདི་ལ་མཆན་འདེབས་པའི་སྒོ་བཀག་པ་ཡིན། རྩོམ་པ་པོ་དང་མཆན་འདེབས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ཁ་བརྡས་ཕུལ།
གོང་གི་གནས་ཚུལ་མང་པོ་ཞིག་ཉན་དུས་ངོ་མ་ཁོང་ཁྲོ་ལངས་བྱུང་། དོལ་རྒྱལ་བསྟེན་མཁན་ཚོར་བོད་གཞུང་གིས་ངོས་སྦྱོར་དང་ཡིག་ཆ་མང་པོ་དེ་འདྲ་སྤྲད་ཡོད་ན། ཅིའི་ཕྱིར་སྤྲད་པ་རས། དྲང་པོ་བྱས་ནས་སྤྲད་ཡོད་ན་གཞུང་གིས་ཅིའི་ཕྱིར་ད་བར་མ་བཤད་པ་རས། རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཆོས་ལུགས་རང་དབང་དང་ཆོས་ལུགས་དབྱེ་འབྱེད་ཀྱི་འདྲི་བ་འདྲི་དུས་དེ་ཚོ་མཁྱེན་གྱི་མེད་ཚོད། ཁྱེད་ཚོས་ལམ་གསེང་གསར་འགོད་པ་ཚོར་འགྲེལ་བཤད་མི་རྒྱག་པ་འདི་ཅིའི་ཕྱིར།
དོལ་རྒྱལ་བ་ཚོ་ཧམ་པ་ཆེ་རུ་ཆེ་རུ་དང་། སེམས་པ་གནག་ཏུ་གནག་ཏུ་འགྲོ་བཞིན་འདུག ལྷག་དོན་ཁོང་ཚོས་མི་ཚོའི་སེམས་ནང་ལ་དུག་གཅིག་ལྡུག་པ་ནི། གོང་ས་མཆོག་མེད་ན་དོལ་རྒྱལ་གྱི་རྙོག་ཁྲ་མེད་ཟེར། ལས་འགུལ་འདི་ཉེན་ཚབ་ཆེ། དེ་མུ་མཐུད་ནས་ཕྱིན་ན། མཐར་གོང་ས་མཆོག་གི་སྐུ་སྲོག་ལ་འཚེ་བ་ཡོང་བའི་གཞི་བྱེད་པས། གཞུང་གིས་ལས་བྱེད་ཚོས་ཁ་སྟོང་པ་བཤད་མི་སྡད་པར་ལས་ཀ་བྱེད་དགོས་ཀྱི་འདུག ཨ་རིའི་དོན་གཅོད་རྒྱུན་དུ་དོལ་རྒྱལ་བ་ཚོ་ཐུག་ནས་འགྲེལ་བརྗོད་དང་གྲོས་མོལ་བྱས་ནས་གོང་ས་མཆོག་གི་སྐུ་སྲོག་ལ་འཚེ་བ་མི་ཡོང་བར་ལས་ཀ་བྱེད་དགོས་ཀྱི་འདུག ད་བར་ལ་དོན་གཅོད་རྙིང་པ་མང་ཆེ་བས་དོལ་རྒྱལ་གྱི་ལས་འགུལ་ལ་ལྟད་མོ་ལྟས་ནས་སྡོད་པ་ལས་གདོང་ལེན་རྩ་བ་ནས་བྱས་མ་སོང་། དེ་དོན་གཅོད་རྙིང་པ་ཚོར་ཤོད་ཀྱི་ཡོད།
དོལ་རྒྱལ་བ་ཚོར་ཁ་གཏད་དོན་གཅོད་གཅིག་བྱུང་བ་དེ་ལ། དོལ་རྒྱལ་ལ་ཁ་གཏད་འགོ་ཚུགས་མ་ཐག་ལས་ཁྱུར་བཏང་སོང་། དེ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་རེད། ཁོང་དོལ་རྒྱལ་ལ་ཁ་གཏད་གཅོག་འགོ་ཚུགས་པ་དང་ལམ་གསེང་དོན་གཅོད་ནས་ཁྱུར་སོང་། འདི་ཨ་རིའི་ནང་གི་གནས་ཚུལ་རྟོག་མཁན་བོད་མི་མང་ཆེ་བའི་ཚོར་སྣང་རེད།
རྒྱུགས་ཁྱི་ཟེར་ན་ཁོང་ཚོ་རེད། བླ་མ་ཕ་བོང་ཁ་བའི་ཞབས་ནས་འཐེན་མཁན་ཡང་ཁོང་ཚོ་རེད། ཁྲི་བྱང་མཆོག་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་ནས་བསླུ་ཁྲིད་བཏང་ནས་སྐྱ་སར་ཕབ་མཁན་ཡང་འདི་ཚོར་འབྲེལ་བ་ཡོད། རྡ་སར་མི་བསད་ནས་ཉམ་ཐག་སྲིད་གཞུང་ལ་ལོ་གསར་ལེགས་སྐྱེས་བསྐུར་མཁན་ཡང་འདི་ཚོའི་དཔའ་རྒོད་རེད། དགའ་ལྡན་དགོན་པར་དམག་བརྒྱག་མཁན་གུང་ཁྲན་ཏང་རེད་ད།
ཉེ་བའི་ཨ་རིར་དོད་རྒྱལ་ཚོགས་པའི་རྙོག་དྲ་བླངས་མཁན་དེ་ཚོའི་འདྲ་པར་གང་མང་འགྲེམ་སྤེལ་བྱས་ན་
ཤེས་རྒྱུ་ཕན་ཐོགས་ཡོད་པའི་སྟེང་ཕྱིས་སུ་མི་དེའི་རིགས་ཡོད་ཚེ་དོགས་ཟོན་བྱེད་རྒྱུ་ཕན་ཐོགས་ཆེན་པོ་ཡོང་སྲིད་སྙམ།
ཉེ་བའི་ཆར་ཨ་རིར་དོད་རྒྱལ་ཚོགས་པའི་རྙོག་དྲ་བླངས་མཁན་དེ་ཚོའི་འདྲ་པར་གང་མང་འགྲེམ་སྤེལ་བྱས་ན་
ཤེས་རྒྱུ་ཕན་ཐོགས་ཡོད་པའི་སྟེང་ཕྱིས་སུ་མི་དེའི་རིགས་ཡོད་ཚེ་དོགས་ཟོན་བྱེད་རྒྱུ་ཕན་ཐོགས་ཆེན་པོ་ཡོང་སྲིད་སྙམ།
ད་དོལ་ཚོགས་ཀྱི་ཁེ་ཕན་དེ་བོད་མིས་འགྲེལ་བཤད་ཀྱིས་ལྡོག་ཐུབ་ཀྱི་མ་རེད། ཁོ་ཚོས་དོལ་རྒྱལ་ཡིན་ན་དེ་བསྟེན་ན་བསྟེན་ནས་ཁ་རོག་བསྡད་བཞག་ན་ཆོག་གི་མོ། ༸རྒྱལ་བ་རིན་པོ་ཆེ་ཚང་གིས་ཁོ་ཚོར་གང་ཡང་བྱས་མེད་པ་ཉི་མ་ཁ་དཀར་ངོ་དཀར་རེད།
དགེ་ཆོས་མཆོག་གི་ཞལ་ནས།
བསྒྱུར་ཏུ་མེད་ཅིང་ལྡོག་མེད།། ལོག་པའི་དཔུང་ནི་རྡོ་རྗེ་ཉིད།།
གླེན་པ་ལྕགས་ཀྱི་གདོང་ཅན་ལ།། སུ་ཞིག་གིས་ནི་རྒོལ་བར་ནུས།། གསུངས་པ་ཅིས་མ་བདེན།
ད་དོལ་ཚོགས་པ་དེ་ཚོས་ཧམ་པ་ཚ་རུ་ཚ་རུ་འགྲོ་ཡི་འདུག་བསྟན་དགྲ་དམ་ཉམས་རང་རེད།
བཀའ་བློན་གསུང་སྐད་དེ་ཅུང་འགགས་འདུག་ཀྱང་བདེན་པ་བདེན་རྐྱང་དང་། ཞི་ཞིང་དུལ་བས་བདེན་ཁ་ར་སྤྲོད་ཅིག་མཐོང་ཐོས་བྱུང་། ཁྱད་པར་དམངས་ཁྲོད་ཁ་བརྡ་དང་བརྡུར་ན་གདོན་འདྲེ་འཐབ་འཁྲུག་དངོས་རེད་བཞག། ངོ་མ་ལྷ་ཡི་ཞི་བདེ་དང་འདྲེའི་གདུང་རྩུབ་ཟེར་བ་འདི་འདྲ་ལས་ལོགས་སུ་ཡོད་ས་མ་རེད་དྲན། མདོར་ན་ཁྲིམས་ཐོག་ནས་ཐག་ཆོད་དགོས་ས་རེད།
འཇིག་རྟེན་འདིར་བཙན་པོ་རྣམས་ཀྱིས་སྐད་ཆ་བཤད་སྟངས་དེ་འདྲའི་གཅིག་པ་ལ། དོལ་རྒྱལ་བསྟེན་མིན་གྱི་གནད་དོན་ནི་ཆོས་དད་རང་དབང་དང་འབྲེལ་བ་མེད་ཟེར་བ་དང་། རྒྱ་ནག་གིས་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་དང་མི་རིགས་ཀྱི་གནད་དོན་ལ་འབྲེལ་བ་ཟེར་བ་གཉིས་ཅི་འདྲའི་མཐུན་པ་ལ།
གཞན་ཡང་དོལ་རྒྱལ་བསྟེན་མཁན་ཚོ་སྐུ་ཤ་ལ་ཉེན་ཁ་ཡོད་པས་འབྲེལ་ཡོད་རྒྱལ་ཁབ་དག་ལ་འབྲེལ་བ་བྱས་ཏེ་ཕྱིན་ཆད་ངོ་རྒོལ་དེ་རིགས་འགོག་ཐབས་བྱེད་དགོས་སྐོར་དང་། རྒྱ་ནག་གིས་ཕྱི་རྒྱལ་དུ་ཡོད་པའི་བོད་དང་ཧྥ་ལུང་གོང་། ཡུ་གུར་སོགས་ཀྱིས་རྒྱ་ནག་གི་དཔོན་རིགས་དང་གཞུང་ཚབ་ལ་ངོ་རྒོལ་བྱེད་པ་ནི། དེ་དག་གི་བདེ་འཇགས་ལ་ཉེན་ཁ་ཡོད་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་ཚུལ་བཤད་ནས་གང་ཐུབ་ཀྱིས་བཀག་སྡོམ་བྱེད་པ་གཉིས་ཇི་འདྲའི་མཐུན་པ་ལ། དེ་ནི་སྒེར་འཛིན་པ་ཚོའི་ཐུན་མིང་གི་ཁྱད་ཆོས་ཤིག་མ་ལགས་སམ། དེ་བརྟེན། སྤྱི་འཐུས་རྣམས་ཀྱིས་འགོ་འཇུག་བར་གསུམ་དུ་གཟིགས་ནས་གྲོས་ཆོད་འཇོག་རྒྱུ་ལས། ཕ་རོལ་པ་ལ་ཁ་གཏད་གཅོད་ཆེད་ཁོ་ནར་དམིགས་ན་མ་འོངས་བར་རང་ཉིད་ཀྱིས་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་འགྲོ་ལམ་གྱི་གནོད་བྱེད་དུ་འགྱུར་ངེས་ལ། རང་མགོ་གཅོག་པའི་ཐོབ་པར་མི་འགྱུར་བའི་ངེས་བ་མེད།
གནས་ཚུལ་དེ་རིགས་ཀྱིས་རྡ་སའི་ཁོར་ཡུག་དང་མི་རབས་རྒན་པ་ཚོའི་རྒྱབ་སྐྱོར་ཐོབ་ཐབས་སུ་ཕན་སྲིད་ཀྱང་། གཞོན་སྐྱེས་དང་ཕྱི་གླིང་བ། ལྷག་པར་དུ་ནུབ་ཕྱོགས་པ་ལ་དོན་མཐུན་གྱིས་འགྲེལ་བཤད་གནང་དཀའ།
ཆ་ཚང་ཉན་པ་ཡིན། སྐུ་ངོ་བདེ་སྲུང་བཀའ་བློན་མཆོག་གིས་ངོ་སྤྲོད་ཞིབ་མོ་ཞིག་གནང་སོང་ལ། སྒོས་སུ་དགག་པ་རྒྱག་མཁན་དང་དགག་ལན་སྤྲོད་མཁན་ཕན་ཚུན་གཉིས་ཀར་ལེན་རྒྱུ་ཡོད་པ་དང་། བགྲོ་གླེང་ལྷུག་པོ་ཡོང་གཞི་ཞིག་བསྐྲུན་སོང་། ཡང་སྒོས་གལ་ཆེ་བ་ནི་རྡ་རམ་ས་ལའི་ལངས་ཕྱོགས་གསལ་བོ་བཟོས་སོང་སྟེ། མདོ་དོན་གཤམ་གསལ།
༡ རྒྱལ་བ་རིན་པོ་ཆེ་ལ་ལྷ་སྲུང་གང་བསྟེན་མིན་ཐད་རང་དབང་ཡོད་པས། ཁོང་གིས་མི་བསྟེན་པའི་ལྷ་སྲུང་བསྟེན་མཁན་རྣམས་བཀའ་ཆོས་ཞུ་རུ་ཡོང་འཇུག་མིན་གྱི་ཐོབ་ཐང་ཡོད་པ།
༢ རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཡང་ཕལ་ཆེ་བ་བོད་མི་ཡིན་པས། བཙན་བྱོལ་བའི་ཐོབ་ཐང་ཁྱབ་མཉམ་དུ་ཡོད་པ་དང་། སྤྱི་འཐུས་ནང་ལའང་ཆ་ཤས་ལེན་འོས་པ།
གོང་གི་རྡ་སའི་ལངས་ཕྱོགས་འདིར་དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་གནང་གི་ཡོད་པའི་ཁྱད་ཆོས་ཐོན་ཡོད་པའི་ཁར། ཕན་ཚུན་བར་ནང་མོལ་ཡོང་གཞི་ཞིག་ཏུ་མཐོང་འོས་པར་འདོད།
གང་ལྟར་དགག་པ་རྒྱག་མཁན་དང་དགག་ལན་སྤྲོད་མཁན་ཕན་ཚུན་བར་ཚིག་རྩུབ་དོར་ནས་བསམ་ཚུལ་ལྷུག་པོར་བརྗོད་རྒྱུ་གལ་ཆེན་དུ་འདོད། ལྷག་པར་དུ་ཕན་ཚུན་སུ་ཡིན་ཡང་མིང་ངོ་མ་བཀོལ་ནས་རྩོད་པའམ། གོ་བསྡུར་བྱེད་པ་ལས་གཟུགས་མེད་པའི་སྐྱེ་བ་བླངས་ན་རྙོག་དྲ་ཆེ་རུ་གཏོང་བྱེད་ཙམ་ལས་དགོས་ཕན་མཐོང་གི་མི་འདུག
དཔེར་ན། འདི་འདྲ་ཞིག་དགོས་པ་རེད། གནམ་ལོ་ཡག་ཟེར་དུས། མི་ངོས་འཛིན་རྒྱུ་ཡོད་པ་དང་། སྐད་ཆ་འགྲིག་མིན་ཐད་ནས་རྗེས་འདེད་ཆོག་པ། དྲི་བ་གཏོང་བ་དང་ཁྲིམས་ཁར་ཁྲིད་ཆོག་ཆོག་ཅིག་ཡོད་སྟབས། སྐད་ཆར་འགན་འཁུར་རྒྱུ་རེད་ལ། ཟུར་ལྟའང་བཟུང་ཆོག་གི་རེད། དེ་མ་གཏོགས་དོན་དངོས་སུ་དད་པའི་ཆེད་དུ་ཡིན་ནམ། རྙོག་དྲ་བཟོ་སླད་ཡིན་པའང་ཧ་གོ་ཐུབ་ཀྱི་མི་འདུག
དོལ་རྒྱལ་སྐོར་འཇིགས་སྣང་སྐྱེས་ནས་ཤོད་མ་ཕོད་མཁན་དེ་འདྲའི་མང་བ་ལ། ཚང་མས་བསྐོར་ནས་གཅིག་བཤད་ཀྱི་འདུག དངོས་ཡོད་གནས་ཚུལ་ག་རེ་ཡིན་པ་ཤེས་འདོད་ན་བདེ་སྲུང་གི་བཀའ་བློན་དངོས་གྲུབ་ལགས་ནས་གསུངས་པ་འདི་ཆ་ཚང་པོ་ཞིག་མཐོང་སོང་། ཞི་ཞིང་ལྷོད་པོའི་ངང་ནས་རྒྱུ་མཚན་རེ་རེ་དང་དཔེ་མཚོན་རེ་རེ་བཀོད་ནས་གསུངས་སོང་། ངོ་མ་འགྲིག་ག མི་དེས་རྒྱུ་མཚན་དྲངས་ཀྱི་འདུག་ལ་གནས་ལུགས་བརྗོད་རྒྱུ་འདུག དམངས་ཁྲོད་ཁ་བརྡ་ཟེར་བ་དེའི་ནང་རྒྱུ་མཚན་དང་གནས་ལུགས་ཀྱི་ཕོངས་པའི་སྐད་ཆ་གང་བྱུང་མང་བྱུང་བཤད་དེ་རྒྱ་མིའི་གཞུང་གིས་ཤོད་དགོས་ངེས་དེ་ཚོ་ཁོང་ཚོས་ཚབ་བྱས་ནས་བཤད་ཀྱི་འདུག དེ་རིང་བདེ་སྲུང་བཀའ་བློན་ལགས་ནས་སློབ་གྲྭ་ནས་སུ་ཕུད་སོང་། ལས་བྱེད་ནས་སུ་ཕུད་སོང་། གྲྭ་ས་ནས་སུ་ཕུད་སོང་། མིང་འཁུར་ཤོག ར་འཕྲོད་བྱ་གི་ཡིན། དམྱལ་བར་འགྲོ་མི་དགོས་པར་སྔ་ཙམ་ཁ་ཚུར་བསྐོར་ན་སྒོ་ཕྱེ་ཕྱེ་བ་ཡིན་གསུངས་སོང་།
ལྷོ་ཕྱོགས་སུ་ཤར་དགའ་ལྡན་ཟེར་བའི་ནང་ཕྱག་མཛོད་རྒས་པོ་དེར་ཉེས་བརྡུང་བཏང་སོང་ཟེར་ཕྱིར་རྫུན་བཤད་པ་དེ་ཉེན་རྟོག་པའི་འཁྲིས་སུ་སླེབས་སྐབས་ཞིབ་འཇུག་མི་དགོས་པའི་རེ་བ་ཡིག་ཐོག་ཏུ་ཕུལ་ཡོད་པ་གསུངས་སོང་། གང་ལྟར་ང་ཚོས་དམངས་ཁྲོད་ཁ་བརྡས་དེ་དག་ལ་ལན་ག་རེ་རྒྱག་གི་འདུག་ལྟ་རྒྱུ་རེད། དོལ་རྒྱལ་བསྟེན་མཁན་ཚོས་འཇིགས་བསྐུལ་གྱི་ལས་ཀ་བྱས་ཏེ་མི་བསད་པ་དང་། ཉེས་བརྡུང་གཏོང་བ། སྡིགས་བསྐུལ་བྱས་ཏེ་ཡི་གེ་གཏོང་བ་སོགས་བྱས་ཏེ་དྲག་པོའི་ལས་ངན་མང་དག་བརྩམས་རྗེས་ད་ལྟ་དྲག་ཤུགས་ཀྱིས་རྒྱལ་ཁ་ཐོབ་ཀྱི་མེད་པ་ཤེས་ཏེ་ཞི་བའི་ཐོག་ནས་ཐབས་ལམ་འཚལ་ཏེ་ངོ་རྒོལ་བྱ་ཐབས་བྱེད་པ་མ་ཟད། ཐབས་སྐྱོ་ཤོས་དེ་ནི་ད་ལྟ༌ཁོང་ཚོ་དོལ་རྒྱལ་བསྟེན་གསོལ་གྱི་འཐབ་རྩོད་བྱ་གི་མེད་པར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བོད་རིགས་ནང་ཁུལ་དཀྲུག་རྒྱུའི་དངུལ་ལོར་དང་གཡོ་འོག་ཏུ་རྒྱུགས་ཏེ་ཆོས་དད་རང་མོས་ཟེར་བ་དང་། རྫུན་མ་ཤོད་ཟེར་བའི་ཚིག་ཁ་ཤས་འཁུར་ཡོང་སྟེ་ཉིན་རེའི་ལྟོ་གོས་ཆེད་དགྲ༌བོའི་རྐུབ་ལ་སྦྱར་ཏེ་མི་རིགས་ཀྱི་ལ་རྒྱ་དོར། ཕ་ས་བརྗེད། ཁྲམ་པའི་ལས་བརྩམས་ཏེ་ཁོང་ཚོའི་འགོ་པ་ཁ་ཤས་བོད་དུ་ལྟ་སྐོར་དང་འཆམ་འཆམ། གང་དགའ་གང་སྐྱིད་བྱས་ཏེ་དོལ་རྒྱལ་བསྟེན་གསོལ་ཟེར་བའི་ཚིག་འདི་ཁྲམ་པ་དང་གཡོ་སྒྱུ། ལས་འབྲས་མི་བརྩི་མཁན་མི་ཁག་ཅིག་གི་ལྟོ་གོས་འཚོལ་བའི་ལག་ཆ་ཡིན་པ་གསལ་པོ་འདུག་དདདདདད
ངས་ལྟས་ན་ཤུགས་ལྡན་ཚོགས་པ་སྔོན་ཆད་སྐུ་མདུན་གྱི་སྐུ་ཤ་ལ་གནོད་པ་ཡོད་པ་བདེན་ཡང་། དེང་སྐབས་དོལ་རྒྱལ་གྱི་གནས་སྟངས་བོད་ཡུལ་ཀུན་ལ་ཁྱབ་ཅིང་། དེ་སེལ་ཐབས་ཀྱི་ལམ་ཁ་ཡག་ཤོས་དེ་སྐུ་མདུན་དང་གྲོས་མོལ་བྱས་ཏེ་སེལ་ཡ་དེ་ཡིན་པས། ཤུགས་ཚོགས་ཀྱིས་སྐུ་མདུན་གྲོངས་བ་ཡིན་ན་ཁོང་ཚོ་དཀའ་ངལ་སེལ་བྱེད་དང་། གནོད་ཤུགས་སྤྲད་ས་ཡི་རྩ་བ་བརླགས་པས་ཁོང་ཚོས་ཚོགས་པ་ཡིས་བཀོད་བྱུས་འོག་ཏུ་ལྐོག་གསོད་ཀྱི་འཆར་གཞི་འཐེན་མི་སྲིད། འོན་ཀྱང་། མི་སྒེར་ནི་སྒེར་གྱི་འདོད་མོས་དང་ཉིན་རེའི་བསམ་བློའི་གནས་བབ་དང་འབྲེལ་བས་ཉེན་ཁ་མེད་པ་བྱེད་མི་ཕོད།
རྒྱ་ནག་ཡིན་ཡང་དེ་ལྟར་རེད། སྐུ་མདུན་རྒྱུན་རིང་དུ་བཞུགས་ན་ཁོང་ཚོ་ལ་གནོད་ཤུགས་སྤྲད་ས་ཡོད་པས་ཁོང་ཚོའི་ཕུགས་རྒྱང་རིང་པོའི་ཁེ་ཕན་དང་མཐུན་པས་སྐུ་ཤ་ལ་ཉེན་ཁ་མེད་པ་སེམས།
བོད་པ་ཡིན་ན་སྐུ་མདུན་ནི་་དད་པ་བྱེད་ཡུལ་དང་དགའ་མོས་བྱེད་ས། རེ་བ་བྱེད་ཡུལ་ཡིན་པས་ཉེན་ཁ་མེད།
དེ་ལས་ཨ་རི་དང་རྒྱ་གར་གྱི་གསང་བ་ལས་བྱེད་པ་ཁ་ཤས་ཀྱིས་བོད་ཀྱི་མཐུན་སྒྲིལ་གཏོར་ཆེད་གནས་ཚུལ་རྫུན་མ་སྤྲད་ཤས་ཆེ། དེ་སྔོན་རྒྱ་གར་གྱི་གསང་བའི་ལས་བྱེད་པས་བོད་འབྲུག་བར་ལ་དཀྲུག་ཤིང་བརྒྱབས་པ་ལས་བསླབ་བྱ་ལེན་གལ་ཆེ། གང་ལྟར་བོད་མི་རྣམས་ཀྱིས་གནས་ཚུལ་གང་ཞིག་བྱུང་ཡང་བསམ་བློ་མང་དུ་བཏང་ཞིང་བགྲོ་གླེང་མང་དུ་གནང་གལ་ཆེ། གནས་སྐབས་ཀྱི་ཁེ་ཕན་ལ་བསམ་བློ་མ་བཏང་བ་ཕུགས་རྒྱང་རིང་པོའི་བོད་ཀྱི་བདེ་སྡུག་ལ་བསམ་བློ་བཏང་ནས་ལས་དོན་སྤེལ་གལ་ཆེ།
ངས་ལྟས་ན་ཤུགས་ལྡན་ཚོགས་པ་སྔོན་ཆད་སྐུ་མདུན་གྱི་སྐུ་ཤ་ལ་གནོད་པ་ཡོད་པ་བདེན་ཡང་། དེང་སྐབས་དོལ་རྒྱལ་གྱི་གནས་སྟངས་བོད་ཡུལ་ཀུན་ལ་ཁྱབ་ཅིང་། དེ་སེལ་ཐབས་ཀྱི་ལམ་ཁ་ཡག་ཤོས་དེ་སྐུ་མདུན་དང་གྲོས་མོལ་བྱས་ཏེ་སེལ་ཡ་དེ་ཡིན་པས། ཤུགས་ཚོགས་ཀྱིས་སྐུ་མདུན་གྲོངས་བ་ཡིན་ན་ཁོང་ཚོ་དཀའ་ངལ་སེལ་བྱེད་དང་། གནོད་ཤུགས་སྤྲད་ས་ཡི་རྩ་བ་བརླགས་པས་ཁོང་ཚོས་ཚོགས་པ་ཡིས་བཀོད་བྱུས་འོག་ཏུ་ལྐོག་གསོད་ཀྱི་འཆར་གཞི་འཐེན་མི་སྲིད། ལྷག་པར་དུ་ཤུགས་ལྡན་ཚོགས་པའི་གནད་ཡོད་དབུ་ཁྲིད་མང་པོ་ཆོས་དཔོན་ཡིན་མ་ཟད། ཁོང་ཚོས་ཕྱི་རྒྱལ་དུ་ཆོས་ལུགས་དར་སྤེལ་བཏང་བཞིན་ཡོད་པས་སྐུ་མདུན་བགྲོང་བ་ལྟ་ཅི། མི་གསོད་ཁྲག་སྦྱོར་གྱི་ལས་དོན་སྤེལ་བ་ཡིན་ན་མ་འོངས་བའི་ཁོང་ཚོའི་ཆོས་ལུགས་དར་སྤེལ་ལ་གནོད་པ་མ་ཟད། སྦྱིན་བདག་ཐོབ་ཐབས་ཀྱི་ཁོར་ཡུག་ལ་ཚབས་ཆེའི་གནོད་སྐྱོན་འགྱུར་བས་དེ་ལྟར་བྱེད་པ་ཁོ་བོ་ཡིད་ཆེས་མེད། རྒྱུ་མཚན་ནི། སྔོན་དུས་ཀྱི་ཤུགས་ཚོགས་དང་དེང་སྐབས་ཀྱི་ཚོགས་གཉིས་མི་འདྲ། དེང་སྐབས་ཆོས་ལུགས་དར་སྤེལ་བཏང་ས་དང་རྒྱབ་སྐྱོར་བཙལ་ས་ཡི་ལྟེ་བ་ཕྱི་གླེང་བ་ཡིན་པས། འཚེ་ལས་བྱས་ན་ཆོས་ལུགས་ཡང་དག་ཏུ་སྒྲུབ་དཀའ་ཞིང་། ཆོས་སྒོ་ཞུགས་མཁན་ཉུང་དུ་འགྲོ་བས་རེད།
དེ་ནི་ཤུགས་ཚོགས་གཅིག་བུ་ལ་འཕྲད་པའི་དཀའ་ངལ་ཞིག་མིན་པ་ནུབ་གླེང་དུ་ཆོས་ལུགས་དར་སྤེལ་བཏང་མཁན་གྱི་ཆོས་དཔོན་ཀུན་ལ་འཕྲད་པའི་གཅིག་མཚུངས་ཀྱི་དཀའ་ངལ་ཞིག་ཡིན། དེ་བརྟེན། ཆོས་དཔོན་མང་པོ་ཞིག་གིས་ང་ཚོས་ཆོས་ལས་སྲིད་ལ་ཁ་ཡ་མི་བྱེད་ཟེར་ནས་མི་རིགས་ཀྱི་བདེ་སྡུག་སྣང་མེད་དུ་འཇོག་བཞིན་ཡོད། ཡིན་ཏེ། ཁོང་ཚོར་མཚོན་ན་ཆོས་ནི་མི་རིགས་ལས་གལ་ཆེ་བས་རེད་ལ། ཕྱི་གླེང་བའི་ཆོས་དད་པ་ནི་བོད་རིགས་མིན་པས་ཆོས་ལུགས་ལས་མི་རིགས་ཀྱི་གནད་དོན་གླེང་ཚེ། ཁོང་ཚོ་ཕྱི་མིར་ཆགས་པས། བོད་དོན་ལ་ཐུགས་སྣང་མེད་ཅིང་། ཆོས་ལུགས་སྲིད་དུ་བསྲེས་བ་འདོད་ནས་འགྲོ་ཉེན་ཆེ་བས་རེད། གསལ་དུ་བཤད་ན་བོད་དོན་ནི་ཁོང་ཚོའི་གནད་དོན་མིན་པས་ལེན་ཡ་ལས་བཏང་ཡ་མང་པས་དོ་སྣང་མེད་ཅིང་། ཆོས་ལུགས་བཤད་ཚེ་ཁོང་ཚོ་དགའ་ས་ཡིན་པས་ལེན་ཡ་ཡོད་ཅིང་། རང་དོན་ཡིན་པས་དོ་སྣང་བྱེད་པས་རེད། རྒྱུ་མཚན་ནི། ཆོས་ལུགས་བྱེད་ན་བྱེད་མཁན་རང་ཉིད་ལ་ཕན་ཚུལ་བསྒྲགས་པས། འོན་ཀྱང་། སྲིད་དོན་ནམ་བོད་དོན་བཤད་ན་བོད་ལ་རོགས་སྐྱོར་བྱེད་ཡ་ལས། བོད་ཀྱིས་ཁོང་ཚོར་སྤྲད་ཡ་མེད་པས་དོ་སྣང་བྱེད་མཁན་ཉུང་བས་རེད།
རྒྱུགས་ཁྱི་འདི་ཚོས་བྱ་སྤྱོད་མཐོང་དུས་བློ་ཕམ་ཡོང་གི་འདུག། རྒྱ་སྒོར་དོན་ལས་ཀ་བྱེད་མཁན་འདི་ཚོས་འབྲེལ་བཤད་ག་ཚོད་བྱེད་ཅང་ཉན་གི་མ་རེད་། འདི་ཁོས་ཚོས་འཚོ་ཐབས་རེད་། ཁོས་དམིགས་ཡུལ་གཞན་ནི་ཆོས་ལུགས་རྨོངས་དད་ཅན་འགའ་ལམ་ནོར་ལ་འཁྲིད་ཡ་འདི་ཡིན།།།།།
དོལ་ཚོགས་ནི་དེང་སྐབས་བསྟན་དགྲ་ངོ་མ་དེ་ཆགས་འདུག བོད་པ་ཚོས་དོལ་ཚོགས་དང་རྒྱ་དམར་གཉིས་ལ་ལྟ་སྟངས་ཅིག་པ་འཛིན་དགོས་པའི་དུས་ལ་སླེབས་འདུག ད་དུང་སྐུ་མདུན་གྱི་སྐུ་ཕྱ་ལ་ཡང་དོལ་ཚོགས་ལས་ལྷག་པའི་ཉེན་ཁ་ཅན་ཞིག་མེད་པ་འདི་དངོས་དོན་ཞིབ་འཇུག་བྱས་ནས་ར་འཕྲོད་བྱུང་བ་ཞིག་ཡིན་དུས་དོལ་ཚོགས་ལ་ངེས་པར་དུ་གཟབ་དགོས་ཀྱི་འདུག
གོང་གི་གཞུང་འབྲེལ་གྲོས་ཆོད་འདི་སྤྱི་ལྷན་དྲ་བ་ནས་འདིར་གདན་འདྲེན་ཞུས་ཡོད།
http://www.chithu.org/index.php?option=com_content&view=article&id=1155:2014-03-18-12-10-57&catid=99:2011-03-08-06-51-19&Itemid=237
བོད་མི་རིགས་བསོད་ནམས་ཡོད་རུང་བསོད་ནམས་བྱེད་སྤྱོད་བྱེད་ཤེས་ཀཡི་མིན་འདུག།
རྒྱ་ཆེན་ཤུགས་ལྡན་ཚོགས་པ་ནི་བོད་ཕྱི་ནང་ཚོགས་པ་ནག་པོ་སྟེ་(黑社会)ཡང་ན་མ་ཕེ་ཡ་(Mafia)ཞེས་པའི་ཆོས་ལུགས་ཚོགས་པ་ཆེས་ཤོས་རེད། འཛམ་གླིང་གི་ཚོགས་པ་ཆེས་ཤོས་འདི་རིགས་ཡེ་ཤུ་ཆོས་ལུགས་དང་ཁ་ཆེ་སོགས་ལ་འབྲེལ་བ་གཏིང་ཟབ་མོ་ཡོད། རྒྱ་ནག་གུང་ཁྲན་གྱིས་སྲིད་དབང་ཟིན་པ་ཡང་ཨ་མེ་རི་ཀའི་ཚོགས་པ་ནག་པོ་རྒྱ་ཆེན་རྒྱ་སྒོ་(洪门)ཞེས་པས་དངོས་ཤུགས་ཀྱི་རོགས་རམ་ལ་རག་ལས་བ་རེད། གང་ལྟར་སྤྱི་ཚོགས་ནག་པོའི་སྐོར་གྱི་བྱེད་ལས་ཨ་རིའི་གློག་བརྙན་༼ཨ་མཆོད།༽(the godfather) ཞེས་པ་དེར་ལྟོས་དང་ཤེས་ཡོང་། བོད་ཀྱི་སྨན་གཞུང་ནས་དུག་ལ་སྨན་ཡོད་ཟེར་བ་ལྟར་རྒྱ་ཆེན་ཤུགས་ལྡན་གྱི་དུག་འདི་ཐབས་མཁས་ངང་བེད་སྤྱོད་བྱས་ཏེ་རང་གཞན་ལ་ཕན་པ་ཞིག་བྱེད་དགོས་ཀྱི་ཡོད། ཧོབ་སྟེ་འབུར་འཇོམས་བྱེད་མི་ཐུབ། ཅིག་བྱས་ན་རྒྱ་ཆེན་ཤུགས་ལྡན་ལ་བསྟེན་ནས་ང་ཚོས་རྒྱ་གཞུང་གི་མགོ་ལྟིང་སློག་ན་ཐེངས། ཧ་ཧ་ཧ།
དོལ་ཚོགས་ཞེས་པ་དེ་ཇི་འདྲ་ཡིན་མིན་སྤྱི་འཐུས་ཡོངས་བྱེས་གསལ་གསལ་ཐིང་ཐིང་གསུངས་སོང་། ཨ་འདི་འདྲའི་ཐབས་སྐྱོ་ལ་ཨང་། རྒྱ་འདྲེ་རེད་ཅེས་བརྗོད་པ་དངོས་བདེན་རེད་འདུག་སྙམ།
གོང་དུ་ཁག་གཅིག་གི་གྲོས་མོལ་དགོས་པའི་སྐད་ཅ་བཤད་པ་དེ་སྟོང་བསམ་རང་རེད། རྒྱུ་མཚན་དགོས་པ་ག་རེ་ཡོད་རེད།
དོལ་རྒྱལ་སྐོར་བརྒྱ་ཆ་བརྒྱ་ནོར་འཁྲུལ་དང་མཚམས་བཞག་ཡས་ལས་བསྟེན་རྒྱུ་ཡོང་ཐབས་མེད་པ་ཡིན་པས། སྐད་ཅ་བཤད་དགོས་དོན་གང་ཡང་མེད། ཁོང་ཚོས་རྡ་རམ་ས་ལར་མི་བསད། རྒྱ་ལ་མགོ་བཏགས་ཞུས། འདྲ་མིན་སྣ་ཚོགས་བྱས་ནས་ད་ཆ་རྒྱ་སྒོར་གཡོ་བྱུས་འོག་དགྲ་བོ་རྒྱ་དམར་དང་ཟླ་སྒྲིལ་ནས་ཡོང་དུས། སྐད་ཅ་བཤད་ཡས་ཅི་ཡང་ལྷག་མེད། རང་ཉིད་ཇི་ཡིན་རང་ངོ་སྤྲོད་པར་སླེབས་དུས་ཁ་ཡ་བྱས་ན་སྨྱོན་པ་རེད། དེ་ལས་ང་རང་ཚོ་རྡོག་སྒྲིལ་ཐབས་དང་། མ་འོངས་གཞོན་སྐྱེས་ནང་དེ་ལྟར་མི་ཡོང་བའི་ཐབས་ཤེས་ཡོད་རྒུར་རྩལ་སྤྲུགས་གནང་གལ་ཆེ། ང་དང་ཁྱོད་སུ་དང་སུ་ཡིན་རུང་ལྷ་འདྲེ་ག་རེ་བསྟེན་ན་ཡང་རང་མོས་རེད། སྤྱི་དོན་དང་ཐུག་དུས་དེ་ལྟར་རེད། གང་ལྟར་མགོ་སེར་ཚོས་༧གོང་ས་མཆོག་བདུད་འདྲེ་ག་རེ་ལབ་རུང་ཁྱད་པར་མེད། གོས་ཐུང་སྟོད་ཐུང་གྱོན་ནས་ཁྲིར་བསྡད་ཆོས་འདྲ་བཤད། མགོ་མཇུག་བསློགས་ནས་འགྲོ་ན་ཡང་རང་མོས་རེད། ཁོ་རང་ཚོས། སྙིང་རྗེ། dalai lama stop lying མ་ལབ་གོང་བདེན་རྫུན་ག་རེ་ཡིན་མིན་དཔྱད་མི་ཤེས་ལ། ཤེས་བཞིན་གང་ལྟར་ཡང་ཁྱད་མེད། ང་རང་ཚོས་གཟབ་གཟབ་བྱས་ན་ད་གས་འགྲིགས། རྒྱུ་མཚན་བཤད་སར་བཤད་མ་ཐུབ་པ་མ་བྱས་ན་དེ་གས་འགྲིགས་པ་རེད།
བོད་རྒྱལ་ལོ།།
༧རྒྱལ་བ་རྒྱལ་ལོ།།
བདེན་གསྲུངས་བཀའ་བློན་མཆོག་ནས་རྒྱུ་མཚན་དང་། རྒྱབ་བརྟེན་ཡིག་ཆ་དང་འབྲེལ་རྒྱ་རོའི་རྒྱུག་ཁྱི་དོལ་རྒྱལ་བ་ཁ་ཤས་ཀྱིས་་རྫུན་ཕུབ་གསལ་པོ་གཏོལ་བ་བཀའ་དྲིན་ཆེ། དོལ་རྒྱལ་ལ་དགའ་མོས་བྱེད་མཁན་དེ་ལ་རིགས་གཉིས་ཡོད། དང་པོ་དེ་ཆོས་མ་ཏོག་སྲིད་ལ་དོན་གནང་དང་དངུལ་གྱི་ཆེད་དུ་མིན་པར་དད་པ་རང་བྱེད་ནས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་པ་། དོལ་རྒྱལ་ལ་དད་པ་ཡོད་མཁན་གནས་རྟེན་བགྲེས་སོང་མང་དག་ཅིག་ཡོད། གཉིས་པ་དེ་དོལ་རྒྱལ་ཁ་ལ་ཁུལ་ནས་རྒྱ་རོའི་རྒྱུག་་ཁྱི་དམར་པོ་་དང་། རྒྱལ་བའི་སྐུ་་གསོག་ལ་ཡང་རྒོལ་བ་རྩམ་ཕོད་པ་དངུལ་མ་ཏོག་གང་ཡང་ཕུག་བསམ་མེད་པ། གོང་ཞུས་དོལ་རྒྱལ་བརྟེན་མཁན་ཡོངས་ལ་མགོ་སྐོར་གཏང་མཁན་དེ་རིགས་གཉིས་པ་་རེད། དཔེར་ན་འཆི་ཚེ་རིང་དང་ དམངས་ཕྲོད་ཁ་བརྡ་བ་་འདི་ཚོ་དང་ ཁྱིརྒན་དམར་པོ་བསྟན་འཛིན་རྒྱ་མཚོ་ཞེས་པའི་གྲྭ་གཟུགས་འདི་ཚོ་རེད། ང་ཚོ་བོད་མི་ཡོངས་ནས་ཁྱི་རྒན་འདི་ཚོ་ལ་རྒོལ་གདུང་དང་ཁ་གཏད་ཐ་ན་སྲོག་ཡིན་ཡང་་སླུས་གཏང་ནས་མི་རབས་ནས་མི་རབ་ལ་རྗེད་མི་ཐུབ་པ་དང། དྲ་གྲོགས་ཚོས་ཁྱི་རྒན་འདི་ཚོ་རྒྱ་རོ་ལ་འབྲེལ་་བ་བྱེད་གཏང། ་པར་དང་། ལོ་རྒྱུས་་། གང་མང་དམངས་ཁྲོདལ་་འདོན་སྤེལ་ཞུ་རོག།
༧གོང་ས་མཆོག་དང་དོལ་ཚོགས་བར་གྲོས་མོལ་ཡོང་བར་ཚང་དགོས་བའི་ཆ་རྐྱེན་ངེས་ཅན་པ་ཞིག་ཚང་དགོས་། ཆ་རྐྱེད་དེ་ནི་དོལ་ཚོགས་ཀྱིས་དུས་ནམ་ཞིག་དོལ་རྒྱལ་འདོར་བ་ཡིན་ན་དུས་དེ་ནས་༧གོང་ས་མཆོག་དང་གྲོས་མོལ་ཡོང་ཐུབ་་། རྒྱུ་མཚན་ནི་། གནད་དོན་དེ་ནི་ཆབ་སྲིད་ཀྱི་གནད་དོན་མ་ཡིན་པར་བླ་སློབ་ཀྱི་དམ་ཚིག་གི་གནད་དོན་ཡིན་པས་རེད་། གང་་ལྟར་དོལ་ཚོགས་བ་དེ་ཚོས་བོད་མིའི་ཞབས་འདྲེན་མ་བྱས་བར་བོད་མིའི་གྲལ་ནས་སྡད་དེ་བོད་དོན་ལ་བྱ་བ་བྱེད་པའི་འདོད་པ་ཡོད་པ་དང་བོད་མའི་སྒྲིག་འཛིགས་ཀྱི་ནང་དུ་འཛུལ་ན་གོ་སྐབས་ཡོངས་རྫོགས་ཡོད་འདུག་། ཡིན་ཡང་དོལ་ཚོགས་བས་ཤེས་དགོས་བ་ནི་འུ་ཚོ་རྒྱ་ནག་ལྟ་བུ་མ་ཡིན་པར་མང་གཙོ་ཡིན་པ་ཤེས་དགོས་ལ་མང་གཙོར་གུས་ཞབས་ཀྱང་བྱ་དགོས་།
དོལ་རྒྱལ་ཚོགས་པ་དང་ཏཱ་ལའི་བླ་མའི་བར་ན་གྲོས་མོལ་བྱ་རྒྱུ་གང་ཡང་ལུས་མེད།
དོལ་རྒྱལ་ཚོགས་པ་དང་རྒྱལ་བ་རིན་པོ་ཆེའི་བར་ན་གྲོས་མོལ་བྱ་རྒྱུ་གང་ཡང་ལུས་མེད། དོལ་རྒྱལ་བརྟེན་གསོལ་མཚམས་འཇོག་ནི་རྒྱལ་བ་རིན་པོ་སྐུ་སྒེར་གྱི་ཆོས་དད་རང་མོས་ཀྱི་གདམ་ཀ་ཁོ་ན་ཡིན་སྟབས་སུས་ཀྱང་བཙན་ཤེད་ཀྱིས་གནོན་ཤུགས་སྤྲོད་མི་རུང་། རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་ཆོས་དད་རང་དབང་གི་བདམ་ཀ་འདི་ལ་མི་སུས་བཙན་ཤེད་དང་། འཇིགས་སྐུལ། གནོན་ཤུགས་སྤྲོད་མཁན་ཚོར་རྒྱལ་བ་རིན་པོ་ཆེའི་སློབ་བརྒྱུད་དང་། ཁོང་གི་རྒྱབ་སྐྱོར་བ་ཚོས་རྒྱུ་མཚན་དང་འབྲེལ་བའི་དགག་ལན་དུས་ཐོག་ཏུ་གནང་འོས།
རྒྱལ་བ་རིན་པོ་ཆེའི་དོལ་རྒྱལ་བརྟེན་གསོལ་མཚམས་འཇོག་མཛད་པའི་སྐོར་ལ་བཀའ་མང་པོ་ཞིག་གནང་ཡོད། དོལ་རྒྱལ་བརྟེན་གསོལ་གྱི་གནད་དོན་འདི་ཐོག་དང་པོར་མངོན་གསལ་ཆུང་བའི་མི་སྒེར་གྱི་ཆོས་དད་རང་དབང་གི་གདམ་ཀ་དང་འབྲེལ་བའི་གནད་དོན་ཞིག་ཡིན་མོད། དོལ་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་གནོན་ཤུགས་དང་། ཨུ་ཚུགས། ཚ་འདྲི་མཚམས་མ་བཞག་སྟབས་རྒྱལ་བ་རིན་པོ་ཆེས་གསལ་བཤད་རིམ་པར་གནང་དགོས་ཐུག་པ་རེད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་ཀྱི་སྐོར་ལ་གང་གསུངས་བ་ཚང་མ་ཉམ་ཆུང་དྲང་བདེན་དང་། རང་སྲུང་། ཁུངས་ལུང་ཡོད་པ། རྒྱུ་མཚན་དང་སྦྲགས་པ། ནང་ཁུལ་གྱི་ཞི་མཐུན་བཀའ་མོལ་ཤ་སྟག་མ་གཏོགས་བཙན་ཤེད་ཀྱི་རྣམ་པ་སྤུ་ཙམ་ཡང་མེད། དེ་ལས་ལྡོག་སྟེ་དོལ་རྒྱལ་ཚོགས་པས་ནམ་ཡིན་ཡང་ཨུ་ཚུགས་དང་། བཙད་ཤེད། རྨོངས་དད། ཐ་ན་རང་གི་མི་རིགས་ཀྱི་མདུན་ལམ་རྩ་དོན་ཡན་ཆད་བློས་དོར་ནས་རྒྱལ་བ་རིན་པོ་ཆེའི་མཛད་པ་གང་དུ་བསྐྱངས་པར་སྡིག་དམོད་བྱེད་པར་སླེབས་ཡོད།
ང་རང་ཚོ་རྒྱ་བལ་འབྲུག་གསུམ་དུ་སྐྱབས་བཅོལ་བའི་འཚོ་བ་བསྐྱལ་ནས་འདུག་མྱོང་མཁན་ཚང་མས་ཤེས་གསལ་ལ། རྒྱལ་བ་རིན་པོ་ཆེ་དང་འབྲེལ་ཡོད་སྒྲིག་འཛུགས་ཚོའི་ངོས་ནས་དོལ་རྒྱལ་རྟེན་མཁན་རྒྱལ་བ་རིན་པོ་ཆེའི་བཀའ་ཆོས་ལ་མི་བཅར་བའི་འབོད་སྐུལ་ཞུ་བ་ཙམ་མ་གཏོགས་གཞན་སྐྱབས་བཅོལ་བོད་མིའི་ཐོབ་ཐང་ཆ་ཚང་གནང་ཡོད། བཙན་བྱོལ་བོད་མིའི་རྩ་ཁྲིམས་དང་། བཅའ་ཁྲིམས། སྒྲིག་ཁྲིམས་གང་གི་ནང་ན་ཡང་དོལ་རྒྱལ་རྟེན་མཁན་ལ་སྐྱབས་བཅོལ་བོད་མིའི་ཐོབ་ཐང་གི་ཟུར་ཙམ་ཡང་མེད་ཚུལ་ཚིག་གཅིག་ཀྱང་གསལ་མེད།
དགེ་ལུགས་པའི་གདན་ས་ཆེན་པོ་ཁག་ཏུ་དོལ་རྒྱལ་རྟེན་མཁན་འཛུལ་ཞུགས་མི་ཡོང་བའི་འབོད་སྐུལ་བྱེད་པ་དེ་ནི་བླ་མ་དང་སངས་རྒྱས་དབྱེར་མེད་དུ་ལྟ་བའི་བོད་བརྒྱུད་ནང་བསྟན་གྱི་རྨངས་གཞིའི་ཤེས་བྱ་ཙམ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ཕྱིན་ཤེས་གསལ་རེད། སྤྱིར་ན་ཡེ་ཤུའི་ཆོས་ཚོགས་ལ་འཛུལ་ཞུགས་བྱེད་པར་ཡེ་ཤུའི་ཆོས་ལུགས་ཀྱི་ལམ་སྟོན་བཞིན་འགྲོ་དགོས་པ་དང་། ཨི་ཟི་ལམ་གྱི་ཆོས་ལུགས་སུ་ཞུགས་ན་ཕག་ཤ་མི་ཟ་བ་སོགས་ཀྱི་ཚུལ་ཁྲིམས་བསྲུངས་དགོས། དེ་བཞིན་དུ་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་བླ་ན་མེད་པའི་ཆོས་ལུགས་ཉམས་སུ་ལེན་པ་ལ་བླ་མའི་བཀའ་བསྒྲུབ་དགོས་པ་དེ་གཞི་རྩའི་དམ་ཚིག་རེད། དེ་ནི་དགེ་ལུགས་པའི་གདན་སའི་དགེ་འདུན་པ་མང་ཆེ་བ་རྒྱལ་བ་རིན་པོ་ཆེའི་ཞལ་སློབ་ཡིན་པས་དེའི་ནང་དུ་རང་གི་རྩ་བའི་བླ་མ་དང་ལྟ་སྤྱོད་མི་མཐུན་མཁན་དང་མཉམ་དུ་འདུག་མི་རུང་བ་དེ་བོད་བརྒྱུད་ནང་བསྟན་གྱི་རྩ་དོན་ཡིན། དེ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གང་ཡིན་ན་ཡང་རང་རང་གི་བླ་མ་དང་ལྟ་སྤྱོད་མི་མཐུན་མཁན་འབྲེལ་བ་གཅོད་པ་ཡོངས་ཁྱབ་ཀྱི་སྲོལ་རྒྱུན་ཡིན་པ་མ་གཏོགས་དོལ་རྒྱལ་ཚོགས་པ་ཁོ་ན་ལ་མིན།
དགེ་ལྡན་པའི་གདན་ས་ཆེན་པོ་ཁག་གི་ནང་དུ་དོལ་རྒྱལ་བསྟེན་མཁན་ཡོད་མི་རུང་། དེ་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཚོགས་ཤིག་ན་བླ་མའི་བཀའ་དང་རྒྱབ་འགལ་བྱེད་མཁན་གྱི་མི་སྣ་ཡོད་ན་འོ་མ་རུལ་བ་ཐིག་པ་གཅིག་གིས་འོ་མ་ཡོངས་རྫོགས་རུལ་བར་བྱེད་པའི་དཔེ་དོན་བཞིན་དུ་བོད་བརྒྱུད་ནང་བསྟན་གྱི་རྩ་དོན་དང་རྒྱབ་འགལ་བྱས་པ་རེད། ཆོས་ལུགས་ལ་ཆ་རྒྱུས་མེད་པའི་མི་ཞིག་ཡིན་ན་ཡང་འདི་ནི་ལས་སླ་པོར་ཤེས་ཐུབ་པའི་གནད་དོན་ཞིག་ཡིན། དཔེར་ན། དམངས་གཙོ་ཚོགས་པ་ལ་ཞུགས་ན་དམངས་གཙོ་ཚོགས་པའི་ལངས་ཕྱོགས་བཞིན་བསྒྲུབ་དགོས་པ་དང་། ལྗང་ཁུ་ཚོགས་པར་ཞུགས་ན་ལྗང་ཁུ་ཚོགས་པའི་སྒྲིག་ཁྲིམས་ཁུར་དགོས། ངལ་རྩོལ་ཚོགས་པ་ལ་ཞུགས་ན་ངལ་རྩོལ་ཚོགས་པའི་ལས་འགན་བསྒྲུབ་དགོས་པ་བཞིན་དུ་བོད་བརྒྱུད་ནང་བསྟན་ལ་ཞུགས་ན་རྩ་བའི་བླ་མའི་བཀའ་བསྒྲུབ་དགོས་པའི་གཞི་རྩའི་ཤེས་བྱ་འདི་བརྗེད་མི་རུང་།
བགྲོ་གླེང་ཆ་ཚང་བཀླགས་ཡོང་ན། ཕལ་ཆེ་བའི་རང་མིང་བཀོལ་ཐུབ་ཀྱི་མི་འདུག་མ་གཏོགས་ཆ་ཤས་བླངས་པ་ཡག་བྱུང་། དེའི་ཁྲོད་ནས་ཨ་ནུ་ཚང་བསོད་ནམས་ལགས་དང་སྤོབས་པ་མཐའ་ཡས་ལགས་ཀྱི་མཆན་ལ་ཚབ་མཚོན་རང་བཞིན་ལྡན་འདུག་སྙམ། དེ་བས། ང་རང་ཞིབ་འཇུག་པ་ཞིག་གི་ཆ་ནས་འཕྲོས་དོན་དྲི་བ་འགའ་ཞུ་ཆོག་པ་གནང་།
ཨ་ནུ་ཚང་ལགས།
༡ རྒྱ་གར་གསང་བའི་ལས་ཁུངས་ཀྱིས་སྔར་བོད་འབྲུག་བར་ཕྲ་མ་ཇི་ལྟར་རྒྱབ་པ་ཞིབ་ཕྲ་གསུང་ཐུབ་བམ།
༢ བདེ་སྲུང་བཀའ་བློན་གྱི་གསལ་བཤད་ལས་ཤུགས་ལྡན་བསྟེན་མིན་རང་དབང་དང་། བསྟེན་མཁན་རྣམས་རྒྱལ་བ་རིན་པོ་ཆེ་ཡི་བཀའ་ཆོས་ཞུགས་མི་ཆོག་པ་ཙམ་ལས་གཞན་བཙན་བྱོལ་བོད་མིར་ཡོད་པའི་ཐོབ་ཐང་ཆ་ཚང་ཡོད་འདུག་པས། ཤུགས་ལྡན་བསྟེན་མཁན་རྣམས་ལ་ད་དུང་ཁ་སྣོན་གསལ་བཤད་ཡོད་མེད་མཁྱེན་གྱི་ཡོད་དམ།
སྤོབས་པ་ལགས། ཡང་བསྐྱར་ཁྱེད་ལ་བཀའ་འདྲི་ཞུ་བའི་གོ་སྐབས་བྱུང་བར་དགའ་ཡོད།
༡ བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བླ་མ་བསྟེན་སྟངས་དེ་འདྲ་ཞིག་ཡིན་ན། དེ་དང་ནུབ་ཕྱོགས་ཀྱི་དཀོན་མཆོག་བསྟེན་སྟངས་གཉིས་ཀྱི་མ་འདྲ་ས་གང་ཡིན་ནམ། བདག་མེད་ཀྱི་ལྟ་བར་མཐུན་གྱི་ཡོད་དམ།
༢ ད་ལྟ་ཁྱེད་རང་རྡོ་རྗེ་ཤུགས་ལྡན་བསྟེན་མཁན་ཞིག་ཡིན་པར་ཆ་བཞག་ནས་ཡང་བསྐྱར་བསམ་བློ་ཞིག་ཐོངས་དང་། ཇི་ལྟར་གནང་ན་ད་གཟོད་རྙོག་གླེང་རིམ་པས་ཞི་འཇམ་དུ་འགྲོའམ།
དེ་མིན་གཞན་ཁ་ཤས་ཤིག་གིས་༼རྒྱ་འདྲེ༽དང་༼འཐབ་ཕྱོགས་གཅིག་གྱུར་ཁང་གི་ལག་ཆ༽སོགས་གླེང་ཡོང་གི་འདུག གལ་སྲིད་དབུ་མའི་ལམ་གྱི་སྲིད་བྱུས་རྒྱ་དམར་རྩ་ཁྲིམས་འོག་ལ་འགྲོ་ཡིན་ཟེར་བ་ལས་འགྱུར་མེད་ན། དེ་དག་དབུ་མའི་ལམ་གྱི་བསྙོན་འབྱིན་ཡང་ཡིན་པས། བསམ་བློ་ཡག་པོ་གཏོང་རན་མི་འདུག་གམ།
པན་ཆེན་རིན་པོ་ཆེས་སྲུང་མའི་སྐོར་ལ་བཀའ་སློབ་སྙན་པོ་ཞིག་གནང་བ་གོ་མྱོང་། ཁོང་གིས། སྲུང་མ་ཚོའི་ལས་ཀ་ནི་ཆོས་པ་ཚོར་རོགས་པ་བྱས་ནས་མཐུན་རྐྱེན་སྒྲུབ་པ་དང་འགལ་རྐྱེན་གཏོར་བ་དེ་རེད། དེར་བརྟེན་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བོད་ལ་སྲུང་མ་མང་པོ་དམ་ལ་བཏགས་ནས་ལས་ཀ་སྐུལ་ཡོད། རྗེ་རིན་པོ་ཆེས་སྲུང་མ་མང་པོར་བཀའ་བསྐོས་ནས་ལས་ཀ་སྐུལ་གྱི་ཡོད། ཤུགས་བསྟན་དེ་རྒྱལ་བ་ལྔ་པས་འདེད་ནས་བཀྲ་ཤིས་ལྷུན་པོ་དང་ས་སྐྱར་བྲོས་ཡོང་བ་རེད། དེ་ལ་ལས་ཀ་སྐུལ་བ་དེ་ནོར་བ་རེད། བྱས་ཙང་བཀྲ་ཤིས་ལྷུན་པོར་དོལ་རྒྱལ་སྲོག་གཏད་ལྟ་ཅི། སྲུང་མའི་འགྲས་སུ་འཇོག་གི་མིན་གསུངས། རྗེས་མ་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་གསར་པའི་ནང་ལ་དོལ་རྒྱལ་བསྟེན་མི་ཆོག་པ་གསལ་པོ་འདུག འདི་བཀྲ་ཤིས་ལྷུན་པོའི་བཅའ་ཡིག་ཕྱོགས་བསྡུས་ནང་ལ་འདུག ད་དོལ་རྒྱལ་བ་ཚོས་པན་ཆེན་རིན་པོ་ཆེའི་སྐུ་པར་བཞག་ནས་ཁོང་ཚོའི་མགོན་སྐྱབས་ཡིན་མདོག་བྱེད་པ་འདི་ཧམ་པ་དང་སྐྱག་རྫུན་ལས་མི་འདས།
དོལ་རྒྱལ་གདོན་འདྲེ།
ཕྱིར་བཟློག་པར་གྱུར་ཅིག
མེད་པར་གྱུར་ཅིག
ཞི་བ་གྱུར་ཅིག
ད་རྙོག་དྲ་འདིའི་ནང་དུ་པན་ཆེན་རིན་པོ་ཆེ་འཐེན་ཡོང་དགོས་དོན་མི་འདུག ལོ་རབས་བརྒྱད་ཅུའི་ནང་བོད་ནང་དོལ་རྒྱལ་སྐོར་གྱི་རྙོག་དྲ་ཐོས་མྱོང་མེད། གཙོ་བོ་དགུ་བཅུ་གོ་བདུན་རྗེས་ནས་གོ་རྒྱ་འདུག དེ་དུས་རིན་པོ་ཆེ་བཞུགས་ཡོད་པ་མ་རེད།
དོལ་རྒྱལ་ཡིན་ན་འདྲ། གནས་ཆུང་ཡིན་ན་འདྲ། དཔལ་ལྡན་ལྷ་མོ་ཡིན་ན་འདྲ། བོད་རྒན་ཚོས་བསྟེན་པའི་སྲོང་མ་དེ་ཚོ་སྤྱི་དགྲ་མི་ཐུབ་མཁན་རྐྱང་རྐྱང་རེད། ནང་ཁུར་དཀྲིག་དཀྲིག་བྱེད་མཁན་གྱི་ལྷ་སྲོང་འདི་ཚོས་ཅི་བྱེད།
བདེ་སྲུང་བཀའ་བློན་ལ་དགའ་བསུ་དང་གུས་བརྩི་ཡོད། དོལ་ཚོགས་ཚང་གིས་རྒྱ་དམར་དང་ལག་འབྲེལ་གྱིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་ཁྱད་གསོད་དང་སྐུ་ཕྱར་བདོ་ན་ངོ་རྒོལ་མཐའ་གཅིག་ཏུ་ཡོད། བོད་མི་ཚོས་ནམ་ཡང་གཏེ་བོ་དོལ་ཚོགས་ལ་རྒོལ་ལན་སྤྲོད་དགོས།
དམ་སྲི་གདོན་གཟུགས་དེ་བསྒྲལ་ཟིན་ན་ད་དུང་ནག་ཕྱོགས་འདྲེ་ལ་སྐྱབས་སུ་འཛིན་པ་དང་ནང་བསྟན་བཀའ་གདམས་པ་ཡིན་ཟེར་ན་སྨྱོན་པ་ལས་གཞན་མ་ཚོར། ལོག་པའི་ལམ་ལ་མཐའ་མེད་ཀྱང་།། དེ་དག་འདི་ན་སྤྲོས་བྱ་མིན།། ཞེས་པ་རེད། མདོར་ན་བཀའ་གདམས་གཚང་མ་དགེ་ལུགས་ཡང་དག་པ་སྤོབས་པ་མཐའ་ཡས་ཀྱི་གསུང་ལ་མངོན་པར་བསྟོད་དོ།།
གནམ་ལོ་ཡག་ལགས།
རྒྱ་གར་གསང་བའི་ལས་བྱེད་པ་ཞིག་གིས་བོད་འབྲུག་བར་ལ་དཀྲུག་ཤིང་བརྒྱབས་པའི་གནས་ཚུལ་དེ་རྒྱལ་ལོ་དོན་འགྲུབ་ཀྱིས་གསུངས་ཀི་འདུག རྒྱག་མཁན་དེ་ཡང་རྒྱལ་དོན་གྱི་ངོ་ཤེས་སམ་ལས་དོན་མཉམ་ལས་བྱེད་མཁན་གྱི་རྒྱ་གར་གསང་བའི་ལས་ཁུང་གི་ལས་བྱེད་ཅིག་ཡིན་ཞིང་། ཁོང་གི་འདུག་ས་ལྡི་ལི་རེད། གནད་དོན་དེ་བྱུང་རྗེས་རྒྱལ་དོན་ལྡི་ལི་རུ་ཁོ་ལ་ཐུག་འཕྲད་དུ་ཕྱིན་ཡང་། མི་དེ་རང་གནོང་གིས་ངོ་ཚ་ནས་ཕྱི་རུ་འབུད་ཐུབ་ཀྱི་མེད་སྐོར་གསུངས་སོང་། དེའི་སྐོར་གསལ་བོ་མཁྱེན་འདོད་ན་རྒྱལ་དོན་གྱི་གསུངས་བཤད་ཁག་ལ་སྐྱར་ཞིབ་གནང་དང་། རྙེད་ངེས་རེད།
གཞན་ཡང་ཕྲན་གྱིས་ལྟས་ན་བདེ་སྲུང་གིས་གསལ་བཤད་གནང་བ་ཧ་ཅང་གིས་ཡག་ཀྱང་དེས་དོལ་རྒྱལ་ཚོགས་པའི་འདོད་འདུན་ཚིམས་དཀའ་བ་མ་ཟད། ཁོང་ཚོས་བསམ་པར་བོད་མིའི་སྒྲིག་འཛུགས་ཀྱིས་བར་དཔང་མི་བྱེད་པ་སྐུ་མདུན་ལ་མཐའ་གཅིག་ཏུ་ཕྱོགས་པ་མཐོང་ནས་སྔ་ལས་སྐྱོན་བརྗོད་བྱེད་སྲིད། དེ་ལས་བོོད་མིའི་སྒྲིག་འཛུགས་ཀྱིས་གང་ཐུབ་ཀྱིས་བར་དཔང་གི་སྐད་ཆ་གསུངས་ཤིང་། ལས་དོན་སྒྲུབ་པའི་རྣམ་པ་བསྟན་ན་སྐུ་མདུན་དང་དོལ་རྒྱལ་བར་དུ་ཞི་གྲོས་ཡོང་བར་ཕན། འོན་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་དེ་ལྟར་བྱེད་ཡ་ཁག་པས་ད་དུང་ཡང་དོལ་རྒྱལ་དང་ཞི་གྲོས་བྱེད་པའི་བར་ཐག་རིང་། འོན་ཀྱང་། ཕྱོགས་གཉིས་ཀས་གང་ཐུབ་ཀྱིས་གནས་ལུགས་དང་བདེན་པའི་སྒོ་ནས་ཕན་ཚུན་ལ་སྐྱོན་འཛུགས་བྱེད་ཐབས་བྱ་བཞིན་ཡོད་པ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཏུ་མཐོང་ལགས།
ཨ་ནུ་ཐང་བསོད་ནམས་ཕེབས་ནས་དྲིས་ལན་གནང་བར་ཐུགས་རྗེ་ཆེ།
སྤྱིར་གནད་དོན་ཆེ་མ་ཆུང་གསུམ་གང་ཡིན་ཡང་གྱོད་པ་དང་གྱོད་ཡའི་ངོས་ནས་རང་རང་སོ་སོ་དཀར་བོ་ཡོང་ཐབས་གནང་བའང་ཆོས་ཉིད་ཅིག་རེད། ཡང་ཅིག་བཤད་ན། འགྲོ་བ་མི་ཡི་གཤིས་ཀ་ཞིག་ཀྱང་རེད། ཡིན་ནའང་། གནད་དོན་སེལ་ཐབས་བཙལ་རྒྱུ་དེ་གནད་ཀྱི་དམ་པར་མཐོང་། དེ་བས། རྡ་སའི་ཕྱོགས་ནས་འབབ་ས་ཡོད་པའི་ལམ་ཁ་ཞིག་བསྟན་ཟིན་པ་འདྲ།
ང་རང་ལ་གོ་ནོར་ཐེབས་མེད་ན། བདེ་སྲུང་བཀའ་བློན་གྱི་གསུང་འགྲོས་ལས་གསལ་ཡོང་བ་ནི། ཤུགས་ལྡན་བསྟེན་མིན་རང་དབང་དང་། གལ་སྲིད་བསྟེན་ན་རྒྱལ་བ་རིན་པོ་ཆེ་ཡི་གསུང་ཆོས་ཞུགས་མི་ཆོག་པ་དང་། དགེ་ལུགས་པའི་དབུ་ཁྲིད་ཁག་གིས་གཏན་འབེབས་གནང་བའི་དགེ་ལུགས་པའི་གྲྭ་ས་ཁག་ལ་འགྲོ་མི་ཆོག་པ་གཉིས་ལས་གཞན་སྒོ་ཚང་མ་ཕྱེ་འདུག
ཡང་ཅིག་བཤད་ན། ཤུགས་ལྡན་བསྟེན་མི་བསྟེན་དེ་སྐྱེ་བོ་སྒེར་གྱི་རང་དབང་ཡིན་པས་མི་གླེང་བ་བྱོས། དེ་འཕྲོས་རྩོད་གཞི་གཙོ་བོ་དེ་དགེ་ལུགས་པའི་གྲྭ་ས་ཁག་ལ་ཤུགས་ལྡན་བསྟེན་མཁན་ཞུགས་ཆོག་མིན་ཁོ་ནར་ཐུག་འདུག་པ་འདྲ། དེ་བས། ངའི་ཐོས་ཚོད་ཡིན་ན་ཁྲི་བྱང་རིན་པོ་ཆེ་ཡི་ཡང་སྲིད་མཆོག་ཤུགས་ལྡན་ཚོགས་པའི་མི་སྣ་གཙོ་བོ་ཞིག་ཡིན་སྐད། དེ་ན་ཁྲི་བྱང་སྐུ་གོང་མ་ཟམ་གདོང་རིན་པོ་ཆེ་ཡི་རྩ་བ་བླ་མ་ཡིན་ཚུལ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལོོ་ཤས་སྔོན་སཱ་ར་མཐོ་སློབ་ཏུ་ཡོངས་གྲགས་སུ་གསུངས་ཡོད་པ་ལྟར་ཡིན་པའི་ཁར། རིན་པོ་ཆེ་མཆོག་གིས་དེང་སྐབས་དགའ་ལྡན་ཕོ་བྲང་གི་དབུ་འཛིན་གནང་བཞིན་པས། བླ་སློབ་སླར་ཡང་ཞལ་འཛོམས་ཀྱིས་གྲོས་མོལ་གནང་བ་ཡིན་ན་ཤུགས་ལྡན་བསྟེན་མཁན་རྣམས་གྲྭ་སར་ཞུགས་མི་ཆོག་པའི་གནད་དོན་དེ་སེལ་མི་ཐུབ་པ་ཞིག་མིན་པ་འདྲ། ཁྱེད་ལ་དགོངས་ཚུལ་ག་འདྲ་འདུག་གམ།