ཤར་ཕྱོགས་ཁུག་རྟ།
༢༠༡༣། ༡༢། ༢༨། ཉིན་གྱི་ཞོགས་པར་གདན་ས་ཆེན་པོ་སེ་རྭར་ལམ་རིམ་བཀའ་ཆོས་སྩོལ་སའི་ཆོས་གྲྭའི་དབུས་སུ། དགེ་ལྡན་བསྟན་པའི་སྐྱབས་མགོན་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་དབུས་བླ་སྤྲུལ་དགེ་བཤེས། དགེ་འདུན་དམངས་ཀྱིས་ས་གཞི་ཁེབས་པའི་དབུས་སུ། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོའི་རྒྱལ་ཚབ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། གཞན་ཕན་མཛད་འཕྲིན་འདས་དང་མ་འོངས་པར་གང་གིས་ཀྱང་འགྲན་ཟླ་མ་མཆིས་པ། འཇིག་རྟེན་ཞི་བདེའི་དེད་དཔོན། རང་ཅག་གངས་ཅན་པ་རྣམས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་མཆོག་ཐམས་ཅད་མཁྱེན་བཅུ་བཞི་པ་ཆེན་པོ་གསེར་ཁྲི་ཁམས་ཟིལ་གནོན་སྟེང་ཞབས་སོར་བདེ་བར་འཁོད་མཚམས། བོད་གངས་ཅན་པའི་བསྟན་སྲིད་སྤྱི་དང། ཆོས་བརྒྱུད་ཁག་ཕན་ཚུན་བར་གྱི་དམ་ཚིག ཡང་སྒོས་རི་བོ་དགེ་ལྡན་པའི་བསྟན་པ་དྲི་མེད་རྣམ་དཔྱོད་དཔལ་གྱིས་འགྲོ་བ་སྐྱོབ་བའི་ཟས་སུ་སྨིན་ཆེད། དམ་སྲི་འབྱུང་བོ་དོལ་རྒྱལ་རྗེས་འབྲངས་དང་བཅས་པའི་ཉེས་སྤྱོད་སྤྱི་དང། བྱེ་བྲག་བར་སྐབས་༸རྒྱལ་མཆོག་ཐམས་ཅད་མཁྱེན་པའི་སྐུ་ལ་བདོ་འཆར་ཡོད་པ་རྒྱ་གར་གཞུང་དང་ཨ་རིའི་གཞུང་གི་གསང་པའི་སྡེ་ཚན་ནས་ཉེན་བརྡ་ཕུལ་བ་དང། བོད་ནང་གི་ས་ཆ་ཞིག་ནས་དམ་སྲི་འབྱུང་བོ་དེ་ཤར་རྒྱལ་པ་ཙོང་ཁ་པའི་རྣམ་སྤྲུལ་ཡིན་ཚུལ་གྱི་ཧམ་བཤད་གནམ་དུ་བསྒྲགས་བཞིན་པའི་གནས་ཚུལ་ཐེར་འདོན་དང་འབྲེལ། དམ་སྲི་འབྱུང་བོ་དེའི་བྱུང་རྐྱེན་ངོ་བོ། བྱེད་ལས་དང་བཅས་པར་ཞིབ་འཇུག་མཐིལ་ཕྱིན་བྱས་པའི་དེབ་ཅིག་དབུ་འབྱེད་བྱས་ཏེ། ༸རྒྱལ་མཆོག་གང་གིས་ཁོང་གི་སྐུ་སྲོག་ལ་བདོ་བ་དེར་གཟབ་གཟབ་བྱེད་རྒྱུའི་བཀའ་སློབ་ཕེབས་སྐབས། སྙིང་ཚལ་བ་བརྒྱད་དུ་གྱེས་པས་ན་ཟུག་ནི་བརྗོད་པའི་ཡུལ་ལས་འདས། དམ་སྲི་འབྱུང་བོའི་རྗེས་འབྲངས་དང་དམ་སྲི་ཁ་འཁྱེར་གྱིས་རྒྱ་ནག་གཞུང་གི་གཡོ་འོག་ཏུ་ཚུད་པ་དེ་རིགས་ལ་ད་ནི་ང་ཚོ་བོད་མི་ཚོས་གདོང་ལེན་མཐར་ཕྱིན་པ་ཞིག་ངེས་པར་དུ་བྱེད་དགོས་པའི་དུས་ལ་བབ་འདུག
དམ་སྲི་འབྱུང་བོའི་ངོ་བོ་དང་སྨོན་ལམ་ལོག་པར་སྐྱེ་ཚུལ། ལས་ངན་ཅི་བྱས་རྒྱལ་མཆོག་ལྔ་པ་ཆེན་པོ་དང། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་གྲུབ་མཐའ་ཁག་གི་སྐྱེས་ཆེན་དམ་པ་རྣམས་ཀྱི་བཀའ་དཔྱད་ཅི་མཛད་ཕྱོགས་སྡེབས་ཀྱིས་རང་ཅག་གི་མིག་ལམ་དུ་གྱུར་ཡོད་པས་མ་ཟད། ༸རྒྱལ་མཆོག་གང་གིས་ཐ་མལ་པའི་བསམ་ཡིད་ལས་འདས་པའི་གནད་རྣམས་ལེགས་པར་གདམས་ཤིང།
དེ་རིང་དེ་བས་ཀྱང་སྲེག་བཅད་བརྡར་གསུམ་བྱས་ཚུལ་ཧ་ཅང་གསལ་བོའི་སྒོ་ནས་”དོལ་རྒྱལ་གྱིས་བོད་བསྟན་སྲིད་སྤྱི་ལ་གནོད་ཀྱི་ཡོད་པ་དང། སྨོན་ལམ་ལོག་པ་ཡིན་པ་ངོས་ཀྱིས་དཔལ་ལྡན་ལྷ་མོའི་མགྲིན་ཚབ་བྱས་ཏེ་འགན་ཡོད་པའི་ཆ་ནས་ཁྱེད་ཚོར་བཤད་ཀྱི་ཡོད། དཔལ་ལྡན་ལྷ་མོ་གཟུགས་མེད་རེད། སོང་ཙང་ངོས་ནས་ཚབ་བྱེད་དགོས་པ་དེ་འགན་འཁྲི་རེད་”ཅེས་ཕེབས། བློ་གྲོས་ལྡན་ཞིང་རིགས་པའི་རྗེས་སུ་འབྲངས་མཁན་ཞིག་ཡིན་ན། མངོན་སུམ་མིག་གྱུར་གྱི་དཔྱད་གཞིའི་ཡིག་རིགས་ཁག་དང། རྟོགས་པ་མཐོན་པོའི་གང་ཟག་ནང་ཕན་ཚུན་གྱི་སྤྱོད་བྱར་གྱུར་པའི་ཡུལ་རྣམས་ཀྱང་རིམ་བཞིན་ཐབས་མཁས་ཐུགས་རྗེ་ཆེན་པོས། རང་ཅག་ཐ་མལ་པ་རྣམས་ལ་གོ་བདེར་མཛད་དེ་འདོམས་གནང་མཛད་པ་དག་ནི་༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་འདིས་བོད་བསྟན་སྲིད་ལ་ཅི་ཙམ་ཐུགས་བརྩེ་མཚུངས་ཟླ་མེད་པ་གནང་པ་མཚོན་ཞིང།
ཚུལ་འདི་དག་ནི་མདོ་སྡེ་པད་མ་དཀར་པོ་སོགས་སུ་ལུང་བསྟན་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞེས་པ་དེང་སང་ཐ་མལ་པ་དག་ལ་ཡང་མངོན་སུམ་མཐོང་རེག་ཡོད་པར་མཛད་པ་ཉག་ཅིག་རེད་ལ། གང་གིས་བརྩེ་བས་རྗེས་སུ་འཛིན་པ་འདི་རང་ཅག་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་ཡོལ་གོར་ཤོང་དགོས་པ་དང་རྟོགས་དགོས་པ་ནི། བོད་བསྟན་སྲིད་བདེ་ཐབས་ཀྱི་ཐབས་དམ་པ་གོང་ན་མེད་པ་དེ་ཡིན་གཤིས། དམ་སྲི་འབྱུང་བོ་དོལ་རྒྱལ་རྗེས་འབྲངས་དང་བཅས་པའི་བྱེད་ཕྱོགས་ལ་དུས་ལྟར་རྒོལ་ལན་སྤྲོད་དགོས་པ་སྐབས་སུ་བབས་པའི་སེར་སྐྱ་མཆོག་དམན་ཡོངས་ཀྱི་འོས་འགན་ཉག་ཅིག་ཏུ་མཐོང་བས། བཀའ་བཞིན་སྒྲུབ་པའི་མཆོད་པའི་རབ་མཉེས་ཟེར་པའི་ཚིག་ཙམ་སྐྱོར་རྒྱུ་དང། ཡང་ན་རིགས་པས་བརྡར་ཤ་བཅད་པའི་ཚད་མའི་ལམ་བཟང་དུ་བསྐྱོད་རྒྱུར་འཇིག་ཞུམ་བྱས་ཏེ་ལྟར་སྣང་ཙམ་ལ་མགོ་འཐོམས་པ། རང་ཉིད་ཁ་ཁུ་སིམ་ཐབས་ཙམ་ཞིག་གཙོ་བོ་བྱེད་པ་སོགས་ནི། བསྟན་སྲིད་ལར་རྒྱ་ཡོད་མཁན་མིན་ཞིང། བདེན་དོན་གྱི་རྗེས་སུ་འབྲངས་པའི་མི་ཡང་མིན་སྟབས། དོལ་རྒྱལ་རྗེས་འབྲངས་པའི་གནས་དུས་ཚོད་རྩིས་ལ་རྒོལ་ལན་སྤྲོད་རྒྱུར་འབོད་སྐུལ་དང་གྲོས་མགོ་འདོན་རྒྱུ་ཡིན།
གཅིག དོལ་རྒྱལ་རྗེས་འབྲངས་དང་དོལ་རྒྱལ་ཁ་ལ་འཁྱེར་ནས་བོད་བསྟན་སྲིད་མི་རིགས་ཀྱི་ལ་རྒྱར་རྩིས་མེད་རྡོག་རུལ་བྱེད་པའི་ཚོགས་པ། མི་སྒེར། དམངས་ཁྲོད་ཁ་བརྡ་སོགས་བརྒྱུད་ལམ་སྣ་ཚོགས་ཅི་ཡོད་རང་གཞུང་བཀའ་ཤག་གིས་བོད་གཞིས་བྱེས་གཉིས་ལ་ཆད་ལྷག་མེད་པར་གསལ་བསྒྲགས་ངེས་འདྲོངས་ཐོན་པ་གནང་རྒྱུ་དང། ཨ་རི་དང་རྒྱ་གར་གཞུང་གིས་ཉེན་བརྡ་ཅི་གནང་གི་གནས་ཚུལ་ལ་བོད་མི་སེར་སྐྱ་ཚང་མས་རོགས་འདེགས་དོགས་ཟོན་ཅི་ལྟར་བྱེད་དགོས་མིན་གསལ་བསྒྲགས་ཡུན་རིང་རྒྱ་ཁྱབ་ཀྱིས་གནང་རོགས།
གཉིས། ༸གོང་ས་ཆེན་པོ་ཕྱི་རྒྱལ་ཁག་ཏུ་ཆིབས་བསྒྱུར་སྐབས་དོལ་རྒྱལ་ཚོགས་པས་ངོ་རྒོལ་བྱེད་རིགས་ས་གནས་དེ་དང་དེར་ཡོད་པའི་བོད་རིགས་ཚོགས་པ་གཙོས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་དུས་ལྟར་ངོ་རྒོལ་མཐའ་གཅིག་ཏུ་གནང་རོགས། ཁོ་པ་ཚོའི་བདེན་དོན་བྲལ་ཞིང་རྒྱ་ནག་གཞུང་གི་དངུལ་དངོས་ཀྱིས་བསླུས་པའི་ངོ་ལོག་དེ་རིགས་ལ་ངོ་རྒོལ་ཚ་ནན་བྱས་ཏེ་དེ་རིགས་མ་ཡོང་པ་བཟོ་རྒྱུ་བོད་མི་ཚོའི་འོས་འགན་ཉག་ཅིག་རེད།
གསུམ། བོད་ནང་མདོ་དབུས་ཁམས་གསུམ་གྱི་བླ་ཆེན་དགེ་བཤེས་རྣམས་ཀྱིས་མཉམ་རུབ་ཀྱིས་ ”དོལ་རྒྱལ་རྗེ་རིན་པོ་ཆེ་དྲག་པོའི་སྐུ་རུ་བཞེངས་པ་ཡིན་ཟེར་པའི་” བསྟན་པ་རྨ་འབྱིན་གྱི་ཧམ་བཤད་དེ་རིགས་ལ་དུས་ལྟར་དགག་ལན་ཚ་ནན་དང། བོད་མི་ས་ཡ་དྲུག་ཡོངས་སུ་རྫོགས་པར་དེ་རིགས་ལ་གཟབ་གཟབ་བྱེད་དགོས་ཚུལ་གྱི་བཀའ་ནན་སྤྱི་ཕེབས་སྩོལ་རོགས།
བཞི། བོད་ནང་གི་བོད་རིགས་ལས་བྱེད་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་མཉམ་རུབ་ཀྱིས་སྙན་ཞུ་ཕུལ་སྟེ་གཤམ་འོག་འཐབ་ཕྱོགས་གཅིག་གྱུར་སོགས་ཀྱིས་དོལ་རྒྱལ་བསྟེན་མཁན་ལ་འབྲེལ་བ་བྱེད་པ། ཇེ་མང་དུ་གཏོང་པ། ལས་ཀ་སྣ་ཚོགས་སྤྲད་པ་བཅས་བྱས་ཏེ་དོལ་རྒྱལ་བེད་སྤྱོད་གཏོང་པའི་བྱེད་བབ་དེ་རིགས་ཀྱིས་བོད་མི་ནང་ཁུལ་གྱི་མཐུན་ལམ་ལ་གནོད་ཀྱི་ཡོད་ཚུལ་གསལ་བཤད་དང། དེ་རིགས་མ་འོངས་པར་མི་གནང་རྒྱུའི་འབོད་སྐུལ་ཞུ་རོགས།
ལྔ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པས་གཞུང་འབྲེལ་ཐོག་དྲ་རྒྱ་གསར་བཟོ་དང་ཚགས་པར་པར་བསྐྲུན་གྱིས། ཕྱི་རྒྱལ་ཁག་ཏུ་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་རིགས་ཀྱི་གནས་ཚུལ་ཐེར་འདོན་དང། ཆོས་བརྒྱུད་ཚང་མས་རང་རང་གི་ཆོས་ཚོགས་རྣམས་ལ་འབོད་སྐུལ་གྱིས་དེ་རིགས་ལ་ངོ་རྒོལ་དུས་ལྟར་གནང་རྒྱུར་བཀོད་མངགས་བྱེད་རོགས།
དྲུག ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ནས་བདེ་སྲུང་ལས་ཁུངས་དང་བཀའ་འབྲེལ་གྱིས་སྐུ་ཕྱྭའི་དམིགས་བསལ་ཚན་པ་ཞིག་སྒོ་འབྱེད་ཀྱིས་དོལ་རྒྱལ་རྗེས་འབྲངས་པའི་ངོ་རྒོལ་གྱི་གནས་ཚུལ་དེ་རིགས་བོད་མིའི་གསར་འཕྲིན་སོ་སོར་ཆེད་གཏོང་གནང་སྟེ། ཁོང་ཚོའི་སྐོར་ཞིབ་འཇུག་གིས་ངོ་བོ་དང་བྱེད་ལས་བཅས་པ་ཐེར་འདོན་ཞིབ་ཚགས་གནང་རོགས།
བདུན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང། གཞུང་འབྲེལ་མིན་པའི་ཚོགས་ཁག་བཅས་ཚང་མས་གྲོས་ཆོད་རྫིག་པོ་རེ་བཞག་སྟེ་གང་མིན་ཚད་བྱེད་ཀྱི་ཡིན་གནས་ཁོ་ནས་གསུངས་ཏེ་འདུག་རྒྱུ་ལས། མི་གསོད་ཁྲག་སྦྱོར་བྱས་པ་མ་ཚད། ཐ་ན་༸གོང་ས་ཆེན་པོའི་སྐུ་ལའང་བདོ་འཆར་ཡོད་པའི་དོལ་རྒྱལ་རྗེས་འབྲངས་པའི་བྱེད་ཕྱོགས་འདིར་རྣམ་འགྱུར་གསར་པ་དང། ཁ་གཏད་གཅོག་ཚུལ་གསར་པ། ཐ་ཚིག་ནན་པོ་བསྒྲགས་པ་སོགས་བྱེད་དགོས་པའི་དུས་ལ་བབས་འདུག་པས་བོད་མི་སེར་སྐྱ་ཚང་མས་དང་བས་ཀུན་ནས་བསླངས་ཏེ་ཁ་ཙམ་མིན་པའི་གདོང་ལེན་མཐར་ཕྱིན་པ་གནང་རོགས།
བརྒྱད། བལ་ཡུལ་གནས་བཞུགས་བོད་མི་ཚོས་མགོ་ཁྲིད་དེ་རྒྱ་གཞུང་གིས་བལ་ཕྲུག་སྐྱོ་བོ་ཁ་ཤས་སྒོར་མོས་བསླུས་ཏེ། གྲྭ་ཆས་བསྐོན་ཞིང་དོལ་རྒྱལ་རྗེས་འབྲངས་པ་ཇེ་མང་དུ་གཏོང་བཞིན་པའི་གནས་སྟངས་དེ་རིགས་མ་ཡོང་ཐབས་ཐབས་ཤེས་གང་ཡོད་གནང་རོགས།
སྔོན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོར་དུས་རབས་ཉི་ཤུའི་མཇུག་དང་ཉེར་གཅིག་པའི་བོད་ཀྱི་མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན་དང། ༸རྒྱལ་མཆོག་ཐམས་ཅད་མཁྱེན་པ་གང་གི་ཆོས་སྲིད་གང་ཅིར་ཐུགས་སྲས་ལྟ་བུར་བྱོན་པ། སློབ་དཔོན་ཟམ་གདོང་རིན་པོ་ཆེས་” སྐྱེ་བ་གཅིག་ལ་ཤི་ཐེངས་གཅིག དོལ་རྒྱལ་ཚོགས་པས་བསད་ན་ཤི་རྒྱུ་རེད། མ་བསད་ནའང་ཤི་རྒྱུ་རེད་”ཅེས་ཐུགས་ཐག་ཆོད་ལ། སྙིང་སྟོབས་རབ་ཏུ་ཀུན་ཏུ་འབར་པའི་ལམ་སྟོན་ལྟར་རང་ཅག་སེར་སྐྱ་ཚང་མས་དོལ་རྒྱལ་ཚོགས་པའི་བདེན་པ་མིན་པ་དང། རྒྱ་ནག་གི་བཀོད་བྱུས་འོག་ཕྱིན་པའི་བྱེད་བབ་ལ་དུས་ལྟར་གདོང་ལེན་བྱེད་དགོས་ཤིང། བོད་ཀྱི་གཏམ་དཔེར། ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་ཅེས་པ་ལྟར། དབུ་མའི་ལམ་ནས་བོད་ཀྱི་བདེན་མཐའ་བསལ་སྟེ་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་རྒྱུ་ལའང་བར་ཆད་འདི་ལས་ཆེ་བ་མེད་སྟབས། བོད་མི་རྣམས་རིག་པ་སྒྲིམ་པའི་དུས་ལ་སླེབས་འདུག ལོངས་ཤོག བླ་ཆེན་ཚོ་ལོངས་ཤོག དཔོན་པོ་ཚོ་ལོངས་ཤོག དགེ་བཤེས་ཚོ་ལོངས་ཤོག གཞུང་ཞབས་རྣམས་ལོངས་ཤོག མི་མང་རྣམས་ལོངས་ཤོག རྩོམ་པ་པོ་རྣམས་ལོངས་ཤོག དམ་ཚིག་ཅན་གྱི་སྲུང་མ་རྣམས་ལོངས་ཤོག
༢༠༡༣། ༡༢། ༢༨། ཉིན། བཀའ་ཆོས་སྐབས་༸གོང་ས་མཆོག་རང་གི་ཞལ་ནས་ཨ་རི་དང་རྒྱ་གར་གཞུང་གིས་དོལ་རྒྱལ་ཚོགས་པས་༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཆར་ཡོད་པའི་ཉེན་བརྡ་བཏང་བྱུང་ཕེབས་པ་ཐོས་འཕྲལ་ཡིད་སེམས་ལང་ལོང་འཁྲུགས་བཞིན་བྲིས།།
དེ་རིང་དབུ་འབྱེད་བྱས་པའི་དེབ་དེའི་མཚན་བྱང་ལ་༼ ལེགས་ཉེས་བདེན་རྫུན་རྣམ་འབྱེད་ལུང་རིགས་གསེར་གྱི་ལྡེ་མིག ༽ཟེར་ཞིང།
འདོན་མཁན།
དགེ་ལྡན་བསྟན་བདག་ལྷན་ཚོགས།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས།
དགེ་ལྡན་ཆོས་ཁྲིམས་འཛིན་སྐྱོང་ལྷན་ཚོགས།
དཀར་ཆག་སྤྱི་ལ་ཤོག་ངོས་ ༦ དང་དེབ་ཁྱོན་ཡོངས་ལ་ཤོག་གྲངས ༥༡༥ འདུག
རྩོམ་སྒྲིག་པ། མདོ་སྨད་པ་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་རེད་འདུག ད་ལྟ་དེབ་དེ་ཀློག་བཞིན་པ་ཡིན།
གནད་དོན་འདིའི་སྟེང་ནས་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཀྱིས་སྣེ་ཁྲིད་དེ་བོད་མི་མང་གིས་ཁྱེད་རྣམ་པར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམས་པ་ཞུ་བར་འོས། དོལ་ཚོགས་ཟེར་བ་འདི་ཚོས་དགེ་ལུགས་པ་ཁ་ལ་ཁྱེར། རྒྱ་དམར་གཞུང་རྒྱབ་ཤེད་དུ་ཁུར་ནས་རྒྱལ་བ་བ་རིན་པོ་ཆེའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ལ་རྒོལ་རྡུང་བྱེད་གི་འདུག
ཤར་ཕྱོགས་ཁུག་རྟ་ལ་བསྔགས་བརྗོད་ཡོད། མུ་འཐུད་དུ་ཤོག་ཨ། གསེར་རྟ་ཚུལ་ཁྲིམས་ལ་གཉིས་ཡོད་འདུག ། གྲྭ་གཟུགས་དེ་ཡིན་ན་རྩ་མི་ཚང་པ་ཞིག་འདུག །གཙོ་བོ་བཀའ་ཁྲི་ཟམ་དོང་གིས་འགན་ཁུར་ནས་དོལ་ཚོགས་ལ་ནང་བགྲོས་ལས་གཞན་ནང་འཐབ་ལས་གཞན་གང་ཡང་མི་འདུག
ཨ་ཕྱི་འདི་ཆོལ་ཁ་དང་ཆོས་བརྒྱུད་གཉིས་ཀའི་ཕྱོགས་ཞེན་གྱིས་གཟུར་འདུག ངོ་མ་སྙིང་རྗེ།
ཨ་ཕྱི་ཆོས་སྒྲོན་ཟེར་བ་འདི། རིག་འཛིན་དཔལ་དགྱེས་པའི་རྡོ་རྗེ་རེད། ཁོ་རང་གི་ཡིན་ཚུལ་གསལ་པོ་ངོ་དེབ་ནང་གསུང་སོང་། ང་ཚོ་ཕ་ཡུལ་གཅིག་པ་ཡིན།
ད་ཡང་དགེ་ལུགས་པ་སྒེར་གྱི་ནང་རྙོག་དེ་བོད་པ་ཚང་མའི་སྒང་ལ་ཡང་སྐྱར་མ་གཡུག་རོགས། ཚང་མ་ནང་འཁྲུགས་རེད་ཁུག་རྟ་སྐྱག་པ་འདྲ་བོ་དེས་བོད་པ་ནང་ཁུལ་དཀྲུག་ཆེད་སྐྱག་དྲི་བྲོ་བའི་རྩོམ་རྐྱང་བྲིས་ཨ། སྔོན་མ་གཞོན་ནུ་ཚོགས་པའི་མི་ཁ་ཤས་ཀྱི་བྱེད་སྟངས་བཤད་སྟངས་ལ་བརྟེན་ནས་རྒྱལ་བ་རིན་པོ་ཆེ་དགུང་ལོ་༡༡༣ནས་༡༠༨བར་ཉུང་རུ་བཏང་བ་རེད་ཟེར། ཡང་དོལ་རྒྱལ་ཚོགས་པའི་རྒྱལ་བ་རིན་པོ་ཆེ་ལ་གནོད་སྐྱེལ་རྒྱུ་ཡིན་རབ་ཟེར་ཧ་ཧ་ཧ་ཧ། ད་ཉིན་མ་གཅིག་ག་རེ་བཤད་གྲབ་ཡོད་ན་ད་དུང་བླ་ཆེན་དང་གཞུང་ཞབས་ཚང་མ་ལོངས་ཤོག་ཟེར་ཧ་ཧ་ཧ་ཧ ཁོ་ཚོ་ལངས་ས་དཀོན་མདོག་ལངས་དགོས་ན་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཆེད་ལངས་དགོས་པ་ལས། མི་སྒེར་དང་ཆོས་ལུགས་བྱེ་བྲག་པ་གཅིག་གི་དོན་དུ་ཚང་མ་ལངས་ནས་བོད་པ་ནང་ཕན་ཚུན་དམར་འཛིང་བྱེད་བཅུག་རྒྱུ་ཡིན་འགྲོ། ངོ་ཚ་རྒྱུ་མེད་པའི་སྐད་ཆ་རང་རེད། ་་་་ཁུག་རྟ་འདི་པ་ཚང་མདོ་སྨད་སྤྱི་འཐུས་རྐུབ་བཏེག་རག་ཐབས་ལ་འདི་འདྲ་བཤད་ཕོད།
# 5 རིག་འཛིན་ལགས་ཀྱིས་མཆན་བཏབ་པ།:
December 28th, 2013 at 11:50 AM
ཨ་ཕྱི་ཆོས་སྒྲོན་ཟེར་བ་འདི། རིག་འཛིན་དཔལ་དགྱེས་པའི་རྡོ་རྗེ་རེད། ཁོ་རང་གི་ཡིན་ཚུལ་གསལ་པོ་ངོ་དེབ་ནང་གསུང་སོང་། ང་ཚོ་ཕ་ཡུལ་གཅིག་པ་ཡིན།
ཞེས་པ་འདི་བདེན་ན། ཆེད་རྩོམ་འབྲི་དུས་དཔལ་དགྱེས་དང་། མཆན་བུ་རྒྱག་དུས་ཨ་ཕྱི་ཆོས་སྒྲོན་གྱི་
མིང་བཀོལ་བྱས་པ་ཡིན་ནམ། ལགས།
དེ་ཡིན་ད་ག་རེ་རེད། མི་དེ་སུ་ཡིན་མིན་ལ་མི་ལྟ་བར་མི་དེས་བདེན་པ་བཤད་འདུག་མི་འདུག་ལ་ལྟོས་དང་།
ད་རེས་ཤར་ཁུག་གི་རྩོམ་ཡིག་འདི་ནི་སླེབས་བཞིན་པའི་མདོ་སྨད་སྤྱིར་མཐུས་བར་མའི་འོས་སྡུར་སྐབས་འོས་ཤོག་ཁ་ཤས་རག་ཆེད་ཡིན་པ་ལས་བོད་མི་རིགས་སྤྱིར་ལ་ཕན་པའི་རེ་འབོད་ཞིག་མིན་པར་འདྲ།
ང་ཚོའི་བོད་མི་རེ་འགའ་ཡ་མཚན་ད་ག་ཚོད་རེད་མི་འདུག དོན་དག་ལ་མི་གཟིགས་པར་རྒྱབ་ཅིག་ནས་ཅིག་མཐོང་མདོག་མདོག་བྱེད་པ་འདི་ཞེ་པོ་ཅིག་ཡིན་བསམ་གི་ཡོད་པ་རེད། ད་འོ་ན་སྤྱི་འཐུས་ལང་མཁན་ཚོ་ཟླ་བ་དྲུག་གི་རིང་འཚམས་ལ་བཞུགས་དགོས་པ་རེད་དམ། གལ་སྲིད་དེ་ལྟར་ཡིན་ནའང། དེ་མང་གཙོ་དང་འོས་བསྡུའི་འགྲན་རྩོད་དང་མཐུན་པ་ཡིན་སྟབས་འགྲིག་བསྡད་ཡོད་པ་རེད། འོན་ཀྱང། ཤར་ཁུག་ནི་རྒྱུན་དུ་དོ་སྣང་གྲུང་རིག་རིག་གནང་མཁན་གནད་འགག་གི་སྐབས་སུ་དཔྱད་རྩོམ་འབྲི་རྐྱང་བྱེད་མཁན་ཞིག་ཡིན་པ། དྲ་ངོས་འདིའི་འཚོལ་ཞེས་པའི་ནང་ཁོང་གི་མིང་རྒྱབ་སྟེ་བཙལ་ཤེས་གསལ་དེ་རེད། ལོ་མང་པོར་གཤིས་ལ་གྲུབ་པ་ཞིག དེ་རིང་སྤྱི་འཐུས་ཅིག་གི་འོས་བསྡུའི་ཆེད་སུས་བསྒྱུར་གི་རེད། སྐད་ཆ་བསམས་ནས་ཤོད་དང་རྩམ་པ་ལགས། །
་་་་། ༸རྒྱལ་མཆོག་གང་གིས་ཁོང་གི་སྐུ་སྲོག་ལ་བདོ་བ་དེར་གཟབ་གཟབ་བྱེད་རྒྱུའི་བཀའ་སློབ་ཕེབས་་་་་ ཞེས་པ་འདིའི་ཁུངས་ག་ནས་རྙེད་དམ།
མདོ་སྨད་སྤྱི་འཐུས་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་ཤར་ཁུག་གི་རྒྱ་དམར་དང་དོལ་ཚོགས་གཉིས་ནས་༧ གོང་ས་མཆོག་ལ་བདོ་འཆར་ཡོད་པ་གཞི་ནས་ཤེས་འདུག་ ཧཧཧ མི་འདི་ཚོས་སོ་སོའི་རྐུབ་སྟེགས་གྱི་མཆེད་དུ་༧གོང་ས་མཆོག་གི་མཚན་བོད་སྤྱོད་པ་འདི་དངོས་གནས་སྐྱུག་བྲོ་གི་འདུག།
་་་་། ༸རྒྱལ་མཆོག་གང་གིས་ཁོང་གི་སྐུ་སྲོག་ལ་བདོ་བ་དེར་གཟབ་གཟབ་བྱེད་རྒྱུའི་བཀའ་སློབ་ཕེབས་་་་་ ཞེས་པ་འདིའི་ཁུངས་ག་ནས་རྙེད་དམ།
ཀརྡོ་ལ།
བཀའ་སློབ་ཆ་ཚང་འདི་ན་འདུག
http://www.youtube.com/watch?v=re4eW0R0VS4&feature=share
བྱས་ན་བྱས་འདུག་ཅེས་ཏེ་རྒྱབ་བཤད་གཅིག།
མ་བྱས་མི་འདུག་ཅེས་ཏེ་སྨོད་རྒྱུ་གཅིག།
གང་ཡིན་གཏད་སོ་མེད་པའི་མི་གཤིས་འདི།།
བདེན་དོན་བདག་པོས་གཟིགས་ན་སྙིང་རྗེའི་ཡུལ།།
ཧཧཧཧཧཧ
ཤར་ཁུག་གི་རྩོམ་ཡིག་གིས་བོད་ནང་འཁྲུགས་ཡོང་གི་མ་རེད་བསམ་གི་ ཡིན་ནའང་ འཇམ་དབང་མོ་ཟེར་མཁན་འདི་འདྲ་ཁ་ཤས་ཡོད་ན་དཀྲིགས་ས་རེད ག་དུས་ཡིན་ནའང་སྐད་ཆ་ཡག་པོ་ཞིག་བཤད་ཡ་མི་འདུག གང་ལྟར་ཁྱོད་ཚོས་ལྷ་མིའི་སྐྱོབས་དགོས་དུས་ ཁཽད་ཚོ་རིགས་གྱི་སྐད་ཆ་བཤད་སྟང་དེ་འདྲ་ཡིན་རྒྱུ་རེད
ཕྱི་རྒྱལ་གྱི་དམངས་གཙོའི་འོས་ཤོག་འགྲན་རྩོད་ལྟར་ན་རང་གི་རེ་འདུན་དདང་ཆོད་སེམས་དེའི་སླད་དུ་་ཨེ་ཐོབ་ཐོབ་ལ་ལྟ་དགོས་པ་རེད། ང་ཚོའི་བཙན་བྱོལ་ནང་ལ་བཀའ་ཁྲིའམ་སྲིད་སྐྱོང་གསར་བ་འདེམས་སྐབས་དངོས་སུ་འགྲན་ཞུགས་ཀྱི་རྟ་རྒྱུགས་དེ་བྱས་པ་རེད་ལ་གྲུབ་འབྲས་ཀྱང་ཐོན་པ་རེད། ད་རེས་མདོ་སྨད་ཚང་གི་འོས་ཤོག་གཅིག་པུ་འདི་ཡང་དེའི་ཤུགས་རྐྱེན་དང་འབྲེལ་ཡོད་ངེས། རྗེས་མ་ནས་སྤྱི་འཐུས་ཚོ་ཡང་འཁྲུག་ཆ་དོད་པོ་ཆགས་རྒྱུ་ཡིན་པ་ཚོད་དཔག་ཐུབ་གི་འདུག
དེ་ནས་ཁུག་རྟ་ལགས་ལ་མཚོན་ན་ནམ་རྒྱུན་ནས་རང་དབང་རྩོམ་འབྲིའི་ཐོབ་ཐང་ངོམ་བཞིན་པ་ཞིག་རེད། ལྷག་པར་དོལ་དགག་རེ་སྐུལ་རྩོམ་ཡིག་འདི་དེ་རིང་གི་༸གོང་ས་མཆོག་གི་བཀའ་སློབ་དང་འབྲེལ་བའི་གནད་འགག་ཅིག་ཆགས་པ་རེད། ལྷག་པར་དོལ་ཚོགས་རྒྱ་དམར་གཞུང་གིས་ངན་སྐུལ་དང་འབྲེལ་བའི་ཆ་ཞིག་ཡོད་པ་དེ་ངོ་མ་ནང་ཁུལ་དཀྲུག་ཤིང་ཐད་ནས་གནོད་ཚབས་ཆེན་པོ་ཡོད་རེད། འདི་ལ་དུས་ཐོག་ཆར་བ་ཟེར་ན་ཆོག་གི བཀའ་སློབ་ལ་ཉན་གིན་ཉན་གིན་ཚོར་སྣང་གིས་བསླངས་ཏེ་རྣམ་དཔྱོད་ལྡན་པའི་དཔྱད་བརྗོད་རང་བཞིན་གྱི་རྩོམ་ཡིག་འདི་འདྲ་སྤེལ་རྒྱུ་ལས་སླ་བོ་ཞིག་མ་རེད་ད།
ཡང་གཅིག་བཤད་ན་སྤྱི་འཐུས་ལ་བཞུགས་རྗེས་སྤྱི་དོན་སྒྲུབ་དགོས་པ་ལས་སྒེར་གྱི་ཁེ་བཟང་དང་གོ་གནས་ཆེན་པོ་ཞིག་བེད་སྤྱོད་ཀྱིས་འཁྲབ་ས་མེད་ལ་འཁྲབ་ཐུབ་པ་ཡང་མེད། ང་ཚོའི་སྤྱི་འཐུས་ཟེར་བ་འདི་སྲིད་དོན་གྱི་ངོ་བོའི་ཆ་ནས་གལ་འགངས་ཆེ་བ་མ་གཏོགས་དབང་ཆ་དང་འཚོ་བའི་ཆ་ནས་ཅི་ཞིག་ཡོད་མེད་ང་ཚོས་མཐོང་གསལ་རེད།
ཁྱེད་རང་མི་སུ་ཞིག་ལ་མ་དགའ་ན་ཡང་ཆོག་གི ཡིན་ན་ཡང་མི་དེས་ཡོད་ཚད་ལ་བསམ་ངན་གྱི་དོགས་པ་རང་ཟོས་བསྡད་ན་དེ་ནོར་འཁྲུལ་ཚབས་ཆེན་ཡིན། མི་ཚང་མར་ཞན་ཆ་ཡོད་ལ་བཟང་ཆ་ཡང་ཡོད། ཐ་ན་ལྷའི་ནང་ན་ཡང་ངན་པ་དང་འདྲེའི་ནང་ན་ཡང་བཟང་པོ་ཡོད་རབས་མང་ག
བསམ་བློ་བཏང་ཞིབ་འཇུག་བྱས་ནས་སྐད་ཆ་བཤད་ཡིན་ཡ་འཕྲིན་ལས་ལྷུན་གྲུབ་ལགས་
རྒན་ཆབ་བྲག་ལགས་སྤྱི་འཐུས་ལོ་མང་གནང་གཙང་ཉམས་མྱོང་ཆེན་པོར་རེད་ མ་ཟད་ཁེ་བཟང་ཡང་དེ་ཙམ་མེད་ནས་ཡོ་རོབ་དུ་སོང་བ་ཡིན་སྲིད་ ཤར་ཁུག་ལ་ད་ལྟའི་འོས་འདི་འཐོབ་སོང་ན་ཁོང་ལ་དངོས་གནས་ཁེ་བཟང་ཆེན་པོ་རེད་བསམ།
ངས་ནི་ཤར་ཁུག་གིས་ལྷ་འདྲེ་གདོན་བགེགས་ཚོགས་པའི་ལྟེ་གནས་ལྡི་ལི་ལྷ་མི་བསྲུང་སྐྱོབ་ཚོགས་པའི་སྒོ་འགྲམ་དུ་ཕྱིན་ནས་སྐད་ཅིག་བརྒྱབ་པ་ཡིན་ནམ་དྲན་སོང་ངས། ག་པར་ག་པར། ག་ལེར་ཞིབ་བལྟ་བྱས་ཡོང་དུས་འཆར་ཅན་གྱིས་༧གོང་ས་མཆོག་གི་བཀའ་སློབ་རྒྱབ་ཏུ་འཁུར་ཡོང་ན་ཁུག་རྟའི་རང་དོན་ཡོངས་སུ་འགྲུབ་རེའི་རེ་ངན་དེ་མངོན་གསལ་དོད་དུ་དོད་དུ་རེད། དེ་མིན་ན་ཁོས་དར་དམར་འཁྱེར་་ནས་རྒྱུགས་སྟངས་དང་ལྷ་འདྲེ་གདོན་བགེགས་ཚོགས་པས་པེ་ཅིང་སྲིད་གཞུང་གི་གླ་རྔན་ལེན་པ་གཉིས་དོན་ལ་གཅིག་པ་རེད་ལ་དམིགས་ཡུལ་ཡང་གཅིག་པ་གཅིག་རྐྱང་རེད། ཧ་ཧ།
ཤར་ཁུག་གིས་རང་ཉིད་རྒྱ་དམར་གྱི་དར་ཆ་ཕྱར་བའི་བྱས་ཉེས་དེ་ད་ལྟ་འགྱོད་པར་སྐྱེས་འདུག་པར་མ་ཟད་ནམ་རྒྱུན་ཁོའི་བཤད་ཚད་དབུ་ལམ་ཁ་ལ་ཁྱེར་ནས་དོན་དངོས་དབུས་བོད་མིའི་བསྒྲིགས་འཛུག་དང་དེའི་འགོན་འཁུར་མི་སྣའི་བླག་བསམ་རྣམ་དག་གི་བོད་རྒྱ་ཞིབ་མོ་ལ་ཤུགས་རྒྱག་གི་མེད་ཚུལ་རྒྱ་དམར་གཞུང་གི་བཤད་ཡས་དང་ཅིག་པར་བཤད་བསྡད་པར་དེ་ཚོ་ཡོང་འགྱོད་པ་སྐྱེས་ཡོད་ངེས་རེད་།
ཤར་ཁུག་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ། འདི་འདྲི་ལས་འགུལ་སྤེལ་ན་མདོ་སྨད་སྤྱི་འཐུས་ཐོབ་ངེས་ཡིན།
ཤར་ཁུག་ལ་བསྔགས་བརྗོད་ཞུ་གི་ཡིན། གདོན་འདྲེ་དོལ་རྒྱལ་དང་སྟེའིི་ཚོགས་པ་ལ་ག་དུས་ཡིན་ནའང་ཐ་གཅིག་ཏུ་དགག་པ་བརྒྱག་གི་ཡིན།
རྶོབ་པ་པོ་ཤར་ཕྱོགས་ཁུག་རྟ་དང་བཀུར་འོས་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གསུངས་པ་བཞིན་དོལ་ཚོགས་འདི་ཚོས་རྒྱལ་བ་རིན་པོ་ཆེའི་སྨྲ་བརྫོད་རང་དབང་འགོག་ཐབས་དང་། ཁོང་གི་ཆོས་དད་རང་དབང་ལ་འགོག་རྒོལ། རྒྱ་དམར་་གྱི་རྒྱབ་དཔུང་དང་། ་དགེ་ལུགས་པའི་དར་ཆ་འཕྱར་དེ་འཇིགས་སྐུལ་གང་མང་བྱེད་ཀྱིན་ཡོད་པས་བོད་མི་མང་གིས་ལངས་ཕྱོགས་བརྟན་པོ་འ
ཤར་ལྐུག་འདི་གོ་སྐབས་བཟུང་ནས་མདོ་སྨད་སྤྱི་མཐུན་ལ་མཁོད་པའི་རེ་བས་བོད་མི་ནང་ཕན་ཚུན་དཀྲུགས་ཤིང་དང་སེམས་ཤུགས་ཡོད་མདོག་བསྟན་མཁས་ཞིག་ལ་གོར་མ་ཆག་ལ། བོད་ནང་རྒྱ་དམར་གྱིས་བོད་པའི་ཁྱི་མི་རེའི་ཁང་ཐོག་ལ་ཁྲག་དར་དམར་གཙུག་དགོས་པའི་བཙན་གཏང་ཡང་ཤི་བ་གསོགས་འབན་ལ་གཙུག་ནས་མར་འཕབ་བཞིན་ཡོད་། ་་་ཁུག་རྟ་ཁྱོད་ཀྱིས་རང་མགུལ་ཐོག་ཁྲག་དར་གནམ་ལ་འཕྱར་ལ་བལྟས་ན་མདོ་སྨད་སྤྱི་མཐུན་ཕར་ཞོག་རྒྱ་རོའི་རྒྱུག་ཁྱི་མགོ་གཉིས་པ་ཞིག་མིན་ནམ་བསམ་ནས་ཕྱག་མོ་མྱུག་ དོལ་རྒྱག་ཐོག་ལ་དགེ་ལྡན་པ་རྒྱ་ཆ༩༩་༩གང་གིས་ཅི་གསུངས་བཀའ་བསྒྲུབས་ཡིན་། རྒྱ་དམར་ནས་་་་་ཁྱོད་འདྲ་པོ་བེད་སྤྱོད་གཏང་སྲིད་པས་བོད་ཡོངས་ཤར་ཁུག་འདྲ་པོའི་མི་ལ་དོག་ཟོན་དགོས་གལ་ཆེ།
ཤར་ཁུག་ཁྱོད་དངོས་གནས་སེམས་ཤུགས་ཡོད་ན་ལྡི་ལིར་ཡོད་པའི་དམ་སྲི་དོལ་ཚོགས་ལ་རྒོལ་སྡུང་གཏང་ཐོབ་ན་དེ་ནས་ཁྱོད་ལ་ངས་མདོ་སྨད་སྤྱི་མཐུན་འོས་ཤོག་ལ་ཕུལ་ཆོག།
ད་དོལ་རྒྱལ་ཟེར་ནས་རང་གི་མཇོན་པ་དེ་ཚོ་ཚང་མ་དངོས་མེད་ལྷ་འདྲེ་ཞིག་གི་མགོ་ལ་གཡོགས་ནས་དེས་བོད་རང་བཙན་མེད་པར་བཟོས་སོང་རབ་
བཤད་ཀྱི་འདུག། ཕྱི་ལྟས་ཞིག་དང་དྲང་གཏམ་ཞིག་བཤད་ན། དོལ་རྒྱལ་ནི་རྒལ་དབང་ལྔ་པའི་ཡས་མས་ཞིག་ནས་བྱུང་བ་ཞིག་རེད། དེའི་ཡར་སྔོན་
ནས་བོད་འདི་ནད་ངན་རིག་དུག་གི་ཟིན་པ་ལྟར་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་དེ། བོད་རྒྱལ་མདའ་ཡི་བསད། བོད་ཁམས་སིལ་བུར་འཐོར། སོག་པོའི་
དབང་འོག་ཚུད། བོད་པས་རང་བཙན་ཤོར། དེ་ནས་རྒྱ་མིས་དབང་འོག་ཚུད། བོད་པས་རང་བཙན་ཤོར། དེ་དུས་དཔལ་ལྡན་ལྷ་མོ་དང་གནས་ཆུང་
ཆོས་སྐྱོང་སོགས་ག་བ་གཉིད་ཁུག་བསྡད་པ་རེད། ཡང་ན་དོལ་རྒྱལ་འདྲ་བའི་དངོས་མེད་ལྷ་འདྲེ་སུས་གནོད་པ་རེད། སྔོན་མ་བོན་པོ་རྣམས་བོད་ཀྱི་མི་
གྲལ་ནས་ཕུད་དུས་འདི་ལྟར་བཤད་ཡོད་ཚོད་རེད། མིག་གི་མཐོང་་ཡུལ་ལག་པས་འཛིན་ཡུལ་རྣ་བས་གོ་ཡུལ་དང་བྲལ་བའི་རྨོང་དད་ཀྱི་འཆལ་གཏམ་ཁོ་
ན་བཤད་ནས་བོད་ནང་ཁུལ་ལ་ནང་དམེ་བྱེད་བཅུག་ཡོད། དང་པོ་དོལ་རྒྱལ་ལ་ཕར་དགག་པ་བརྒྱབ་པ་རེད་ཡང་ན་ཚུལ་དམར་འཛིང་བྱས་ཡོང་རེད། དཔེར་
ན་ཁ་དཔེ་ལ་ཁྱི་རྒན་གད་ཁུགས་ལ་རྡུང་ན་མཆེ་བ་མ་གཏང་རང་གཏོང་རེད་ཟེར་བ་ལྟར་རེད་བསམ། ད་ལྷ་འདྲེ་གདོན་བགེགས་ལ་ཁ་གཡར་ནས་བོད་ནང་
ཁུལ་ནང་དམེ་དེ་མཚམས་བཞག་ན་ལེགས་བསམ། བོད་ནང་་་བོན་པོ་་་རྙིང་མ་་ས་སྐྱ་་བཀའ་རྒྱུད་་་དགེ་ལུགས་་་ཇོ་ནང་་་་ཡེ་ཤོས་་་ཁ་ཆེ་སོགས་ཚང་མ་མཉམས་
རུབ་ཐོགས་རྒྱ་དམར་ལ་ཁ་བཏད་གཅོག་རོགས་གནང་ཐུགས་རྗེ་ཆེ།
རང་གི་མ་འཇོན་་ཆད།
དོལ་འདྲེས་བོད་ཁམས་ཡོངས་ལ་གནོད་པར་དེང་དུས་བོན་དང་ས་དགེ་བཀའ་རྙིང་ཕལ་ཆེ་བའི་ཚད་ལྡན་གྱི་བླ་མ་དང་། དགེ་ལུགས་ནང་དུ་རྒྱལ་བ་རིན་པོ་ཆེས་རྩལ་འདོན་གྱིས་རིག་རྩལ་ལས་གོ་མྱོང་རྟོགས་པས་བོད་བསྟན་སྲིད་ལ་སྤྱི་ལ་གནོད་ནས་དགའ་པ་ལས་སྒེར་འཁོན་ཞིག་མིན་པར་ཤེས་དགོས། ང་ཚོ་ཕོ་མོ་དང་སྐྱ་སེར་ཆོས་ལུགས་ཆོལ་ཁ་ལ་ཕྱོགས་འཐེན་མིན་པར་གངས་ཅན་ཡོངས་ལ་བསམ་ན་ཤར་ཁུག་གི་རྩོམ་ལ་གུས་སྐུར་མི་ཞུ་རང་ཞུ་རེད་དྲན། བྱམས་པས་ང་ལ་སྙིང་རྗེ་བ་བཀའ་དྲིན་ཆེའོ། ཡིན་ན་ཡང་གྲྭ་ཚུལ་ཁྲིམས་འོད་ཟེར་ཟེར་བ་དེ་མགོ་ལོག་གསེར་རྟ་རྩོད། ཚུལ་ཁྲིམས་མིང་གི་ཆེད་དུ་གཉིས་ཀར་ཤིང་བཟོ་ལྷ་བཟོ་ཀུན་དགའི་སྒྲུང་འདྲ་བོ་ཤོག་གྲངས་ལྔ་བརྒྱ་ལྷག་ཅིག་ཡོད་པ་བརྩམས་པ་དེ་ལ་ལྟོས་དང་ཆོལ་ཁ་དང་ཆོས་བརྒྱུད་གཉིས་ཀའི་ཕྱོགས་ཞེན་དང་སྒེར་འཁོན་གྱིས་གཟུར་འདུག ཕལ་ཆེར་བྱམས་པ་ཉིད་ཡིན་པ་འདྲ། ། ཧ ཧ ཧ རིག་འཛིན་ཁྱོད་ནོར་ཡོད་པ་རེད། ཁྱོད་ཕ་ཡུལ་གཅིག་པའི་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་ལ་གྲོགས་པོ་ཁྱོད་འདྲ་ཡོད་ན་དགའ་བ་ལ། ཧེ་ཧེ།། སྨན་ཆུང་ང་ལ་ཁྱོད་འདྲ་གྲོགས་པོ་ཞིག་གཏན་ནས་མི་དགོས། ཨ་ཕྱིའི་ངོ་དེབ་དང་དྲ་བ་ལ་གཟིགས་དང་ཕལ་ཆེར་ཨ་ཕྱི་ཆོས་སྒྲོན་དེ་སུ་ཡིན་ཤེས་སྲིད། གཙོ་བོ་ཀླུ་སྨྱོན་གྱིས་གསུངས་པ་ཤིན་ཏུ་རྨད། ངའི་མིང་འདི་ཆུང་ཨ་མའི་བཏགས་པ་ཞིག་ཡིན་ཀྱང་སྟབས་མ་ལེགས་པ་ཞིག་ལ་་་་་་་་་་་ཧ་ཧ། མདོར་ན་ང་ཚོས་རྒྱལ་བ་རིན་པོ་ཆེ་ལ་དད་གུས་དང་བཀའ་ལ་རྩི་བཀུར་ཞུས་ནས་ཚང་མས་ཤུགས་རྒྱག་དགོས་ས་རེད་དྲན།
༧གོང་ས་རྒྱལ་བ་རིན་པོ་ཆེས་རྩལ་འདོན་གྱིས་རིག་རྩལ་ལས་གོ་མྱོང་རྟོགས་པས་བོད་བསྟན་སྲིད་ལ་སྤྱི་ལ་དོལ་འདྲེའི་གནོད་ནས་དགག་པ་ལས་སྒེར་འཁོན་ཞིག་མིན་པར་ཚང་མས་ཤེས་དགོས། བཀའ་སློབ་ཚོ་ལ་གསན་གཟིགས་གནང་རོགས།
ཤར་ཁུགས་ལ་དགྲ་བོ་ཞིག་ཡོད་དང་ཟིག་དགའ་བསུ་ཡོད། དམ་སྲི་འབྱུང་བོ་དེར་ཁ་གཏད་གཅོག་ནས་མདུན་ལ་ཐོན་དང་དགའ་བསུ་རྒྱབ་སྐྱོར་ཡོད། དུས་ཚོད་འདི་འདྲའི་སྐབས་ལ་ལྡི་ལི་དོལ་ཚོགས་ནང་ལ་གཅིག་རྒྱུགས་དང་དེ་ནས་སྤྱི་འཐུས་ཐོབ་པར་ཐེ་ཚོ་མེད།
ཇི་ལྟར་བཤད་ཀྱང་ཤར་ཁུག་ནི་མདོ་སྨད་ནང་ནས་༧གོང་ས་མཆོག་གིས་ལམ་སྟོན་གནང་སར་ཕྱིར་བགྱེད་མེད་པར་ཤར་བསྐྱོད་གནང་མཁན་ཞིག་ཡིན་པ་འདི་བྱེས་གྱར་མདོ་སྨད་པའི་བསོད་བདེ་ཟེར་ན་འདྲ་རྒྱན་མཆོག་ཅིག་ཅི་ལ་མིན།
སྐྱབས་རྗེ་རྡོ་རྗེ་འཆང༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་སྐྱེ་འགྲོ་ཡོངས་ལ་སྩལ་བའི་གལ་ཆེའི་བཀའ་ཡིག
ངོ་སྤྲོད།
༄༅། །རྡོ་རྗེ་འཆང་ཏཱ་ལའི་བླ་མའི་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོར་འབོད་པའི་གཏམ། གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་བཟློ་བ།
དེ་ཡང་གངས་ལྗོངས་ཆོས་ཀྱི་ཞིང་སར་སྔོན་བྱོན་རྒྱལ་བློན་པཎ་གྲུབ་རྣམས་ཀྱི་བཀའ་དྲིན་ལས་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཡོངས་སུ་རྫོགས་པའི་༸རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དང༌། དེ་འབྲེལ་གྱི་རིག་པའི་གནས་མཐའ་དག་དར་ཁྱབ་གཏིང་ཟབ་བྱུང་སྟེ་འཇིག་རྟེན་སྤྱི་དང༌། ཁྱད་པར་ཤར་གླིང་འདིར་ནང་བསྟན་གཙོ་བོར་གྱུར་པའི་རིག་པའི་གནས་ཡོངས་ཀྱི་འབྱུང་གནས་ལྟ་བུར་གྱུར་ཏེ་རྒྱ་བོད་ཧོར་གསུམ་གྱིས་མཚོན་པའི་གྲངས་ལས་འདས་པའི་སྐྱེ་འགྲོ་མང་པོའི་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ལག་རྗེས་རླབས་ཆེན་དོན་སྙིང་ལྡན་པ་བྱུང༌།
དེ་ལྟའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བྱུང་རབས་ཀྱི་འཕེལ་རིམ་ནང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་པོའི་ཡང་སྲིད་ངོས་འཛིན་བྱེད་པའི་བོད་ཀྱི་ཐུན་མིན་སྲོལ་རྒྱུན་དར་བ་དེས་བསྟན་འགྲོ་སྤྱི་དང༌། དགེ་འདུན་འདུས་སྡེ་སོགས་ལ་ཕན་རླབས་ཚད་མེད་བྱུང་ཡོད།
ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རྗེ་དགེ་འདུན་གྲུབ་པའི་ཡང་སྤྲུལ་དུ་ངེས་རྙེད་ངོས་འཛིན་བྱུང་སྟེ་དགའ་ལྡན་ཕོ་བྲང་གི་བླ་བྲང་ཚུགས་པ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྤྲུལ་ངོས་འཛིན་ཞུ་རྒྱུའི་སྲོལ་ཚུགས་ཏེ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཏཱ་ལའི་བླ་མའི་མཚན་གནས་དང༌། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་དགའ་ལྡན་ཕོ་བྲང་གི་གཞུང་བསྐྱངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་གནང་བ་སོགས་ད་ལྟའི་བར་ལོ་གྲངས་དྲུག་བརྒྱ་བརྒལ་བའི་རིང་རྒྱལ་དབང་སྐུ་ཕྲེང་ན་རིམ་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྱི་ལམ་ནས་བྱུང་ཞིང༌། ཕྱི་ལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་ཏེ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་སྲོལ་མི་ལོ་ ༣༦༩ ཙམ་སོང་བ་དེ་ངོས་ནས་འཛམ་གླིང་ཀུན་ལ་དར་ཁྱབ་འགྲོ་དང་འགྲོ་བཞིན་པའི་མང་གཙོའི་ལམ་ཆེན་ཐོག་དགའ་སྤོབས་ངང་ནས་བསྐྱོད་འདུན་གྱིས་མཇུག་བསྒྲིལ་བྱས་ཟིན་ཞིང༌། འབྱུང་འགྱུར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་དད་ལྡན་མང་ཚོགས་ཀྱིས་ཐག་གཅོད་དགོས་པའི་གསལ་བསྒྲགས་ཕྱི་ལོ་ ༡༩༦༩ ཙམ་ནས་བྱས་ཟིན། འོན་ཀྱང་གནད་དོན་འདིའི་སྐོར་ད་དུང་ལམ་སྟོན་ཁ་གསལ་ཞིག་མ་བྱུང་ན་དད་ལྡན་མང་ཚོགས་ཀྱིས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་ངོས་འཛིན་བྱེད་རྒྱུའི་མངོན་འདོད་ཤུགས་ཆེ་ཡོང་སྲིད་པའི་ཁར། སྲིད་དབང་འཛིན་མཁན་རྣམས་ཀྱིས་སྲིད་དོན་གྱི་དགོས་མཁོར་བསྟུན་ཏེ་ཡང་སྲིད་ངོས་འཛིན་བྱེད་ཐབས་ལོག་པ་སྤྱད་རྒྱུའི་ཉེན་ཁའང་དངོས་མཐོང་ལ་བརྟེན། རྒྱལ་དབང་སྐུ་ཕྲེང་རྗེས་མའི་སྐོར་དོགས་གཞི་དང་འཁྱོག་བཤད་བྱ་ཡུལ་མེད་པའི་ཚིག་ཐག་ཆོད་པོའི་ལམ་སྟོན་གསལ་པོ་ཞིག་ངོས་རང་ལུས་སེམས་གཉིས་ཀ་ཧ་ཅང་བདེ་ཐང་ཡོད་པའི་སྐབས་འདིར་ངེས་པར་དུ་བྱེད་དགོས་པར་མཐོང་ཞིང༌། ལམ་སྟོན་འདིའི་གནད་དོན་ཆ་ཚང་ཞིབ་གསལ་ཞིག་གོ་རྟོགས་ཐུབ་པའི་ཆ་རྐྱེན་དུ། ཡང་སྲིད་ངོས་འཛིན་གྱི་གནས་ལུགས་དང༌། དེའི་གཞི་རྩའི་ལྟ་གྲུབ་རྣམས་ཚུལ་བཞིན་ཤེས་དགོས་རྒྱུ་མེད་དུ་མི་རུང་བས་དེ་ དག་མདོ་ཙམ་བརྗོད་ན།
སྐྱེ་བ་སྔ་ཕྱི།
ཡང་སྲིད་དམ་སྤྲུལ་སྐུའི་གནས་ལུགས་ཁས་ལེན་པ་ལ་སྐྱེ་བ་སྔ་ཕྱི་ཁས་བླང་བ་ཞིག་ངེས་པར་དུ་དགོས། སེམས་ལྡན་གྱི་སྲོག་ཆགས་རྣམས་སྐྱེ་བ་སྔ་མ་ནས་འདིར་སྐྱེ་བ་དང༌། ཚེ་འདིའི་ལུས་རྟེན་ཞིག་པའི་རྗེས་སྐྱེ་བ་ཕྱི་མར་འགྲོ་བས་སྐྱེ་བ་སྔ་ཕྱི་རྒྱུན་མི་ཆད་པར་ཡོད་པ་ནི་རྒྱ་གར་དུ་གནའ་དུས་སུ་བྱུང་བའི་ཆོས་ལུགས་དང་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་རྒྱང་འཕེན་པ་མ་གཏོགས་ཚང་མས་འདོད་ཅིང༌། དེང་རབས་ཀྱི་རྟོག་དཔྱོད་ཅན་ཁག་ཅིག་མ་མཐོང་བ་ཙམ་རྒྱུ་མཚན་དུ་བྱས་ནས་སྐྱེ་བ་སྔ་ཕྱི་མེད་པར་སྨྲ་ཡང༌། གཟུ་བོའི་བློ་ཅན་གྱི་ཚན་རིག་པ་འགས་མ་མཐོང་བ་ཙམ་ལས་མེད་པའི་ཁ་ཚོན་མི་གཅོད།
ཆོས་ལུགས་དང་གྲུབ་མཐའ་སྨྲ་བ་མང་པོས་སྐྱེ་བ་སྔ་ཕྱི་འདོད་པ་མཚུངས་ཀྱང༌། སྐྱེ་བ་ལེན་པ་པོའི་སྐྱེས་བུ་དང༌། སྐྱེ་བ་ལེན་ཚུལ། སྐྱེ་བ་སྔ་ཕྱིའི་ཉིང་མཚམས་སྦྱོར་ཚུལ་སོགས་ཀྱི་རྣམ་གཞག་མི་མཐུན་པ་མང་ཞིང༌། སྐྱེ་བ་ཕྱི་མ་ལས་སྔ་མ་མེད་པར་འདོད་མཁན་གྱི་ཆོས་ལུགས་ཀྱང་ཡོད།
ནང་པ་སངས་རྒྱས་པ་རྣམས་ཀྱིས་སྤྱི་མཐུན་དུ་སྐྱེ་བ་ཐོག་མ་མེད་པ་དང༌། ལས་ཉོན་སྤངས་ཏེ་འཁོར་བ་ལས་གྲོལ་བའི་ཐར་པ་ཐོབ་ན་ལས་ཉོན་དབང་གིས་སླར་མི་སྐྱེ་བས་ལས་ཉོན་གྱི་སྐྱེ་བ་མཐའ་མ་ཡོད་ཀྱང་རིག་པ་རྒྱུན་མི་ཆད་པ་ཕལ་ཆེ་བས་འདོད། སྐྱེ་བ་སྔ་ཕྱི་མེད་པར་འདོད་ན་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀུན་ཤེས་རྒྱུད་དུལ་མ་དུལ་ནས་བཞག་དགོས་པ་དང་འགལ་བར་འགྱུར་ཞིང༌། རིགས་པས་དཔྱད་ནའང་སྣོད་བཅུད་རྣམས་རྒྱུ་མེད་རྐྱེན་མེད་ལས་འབྱུང་བར་ཁས་བླང་དགོས་པར་འགྱུར་བས། ནང་པ་ཞིག་ཡིན་ཕྱིན་སྐྱེ་བ་སྔ་ཕྱི་ངེས་པར་དུ་ཁས་བླང་དགོས།
སྐྱེ་བ་སྔ་མ་དྲན་ལམ་དུ་ཡོད་པ་རྣམས་ལ་སྐྱེ་བ་སྔ་ཕྱི་ལྐོག་གྱུར་མིན་ཡང༌། སོ་སྐྱེ་ཕལ་པ་མང་ཆེ་བ་འཆི་སྲིད་དང༌། བར་སྲིད། སྐྱེ་སྲིད་བཅས་ཀྱི་བརྒྱུད་རིམ་དུ་སྔོན་གྱི་གནས་ཐམས་ཅད་བརྗེད་པ་དེ་དག་ལ་སྐྱེ་བ་སྔ་ཕྱི་དངོས་སྟོབས་ཀྱི་རིགས་པས་བསྒྲུབ་དགོས་པས་ཅུང་ཟད་ལྐོག་གྱུར་ཡིན། བཀའ་བསྟན་རྣམས་སུ་སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་དུ་མ་ཞིག་གསུངས་ཡོད་པ་རྣམས་ཆེ་ལོང་ཙམ་བསྡུ་ན། རིགས་འདྲ་སྔོན་སོང་དང༌། ཉེར་ལེན་སྔོན་སོང༌། གོམས་པ་སྔོན་སོང༌། མྱོང་བ་སྔོན་སོང་གི་རིགས་པ་བཅས་སུ་འདུ་ཞིང༌། དེ་དག་གི་དགོངས་དོན་མཐར་ཐུག་གསལ་རིག་གི་སེམས་རང་གི་ཉེར་ལེན་གསལ་རིག་ཅིག་མེད་ན་བེམ་ཆོས་གསལ་རིག་གི་ཉེར་ལེན་དུ་མི་རུང་བའི་གནད་དེར་ཐུག་ཡོད། འདི་ནི་ཤིན་ཏུ་གསལ་བའི་དངོས་དོན་ཞིག་སྟེ། རིགས་པའི་ལམ་ནས་བློས་དཔྱད་པའམ། རྫས་སྦྱོར་གྱི་ཚོད་བལྟ་གང་གི་སྒོ་ནས་གསལ་རིག་གི་རྒྱུན་གསར་པ་ཞིག་རྒྱུ་མེད་དམ་མི་མཐུན་པའི་རྒྱུ་ལས་གྲུབ་པ་མེད་པ་དང༌། ཕྲ་བའི་གསལ་རིག་རྒྱུན་ཆད་པའི་རྒྱུ་རྐྱེན་ཡང་མེད་པ་དཔོག་ནུས། དེང་རབས་ཀྱི་སེམས་ཁམས་རིག་པ་བ་དང༌། དངོས་ཁམས་རིག་པ་བ། ཀླད་ཁམས་རིག་པ་བ་སུས་ཀྱང་རྒྱུ་མེད་ལས་སམ། ཡང་ན་བེམ་རྫས་ཀྱིས་གསལ་རིག་སྐྲུན་ཐབས་དངོས་མཐོང་དང་ཚོད་དཔག་གང་ཡང་བྱས་ཐུབ་མེད། ལྷག་པར་ཚེ་རབས་མང་པོའམ་འདས་མ་ཐག་པའི་སྐྱེ་བ་སྔོན་མ་དྲན་ཏེ་དེའི་གནས་ལུས་ལོངས་སྤྱོད་ཉེ་དུ་སོགས་འཁྲུལ་མེད་ངོས་འཛིན་ཐུབ་མཁན་གནའ་དུས་ཙམ་མ་ཟད། དེང་དུས་ཀྱང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་ཧ་ཅང་མང་པོ་བྱུང་དང་ཡོང་བཞིན་པ་འདི་དག་གི་མྱོང་དྲན་ལ་སྙོན་ཐབས་བྱེད་པ་ནི་གཟུ་བོའི་དཔྱོད་ཚུལ་དྲང་པོ་ཞིག་མ་ཡིན་ པར་མངོན་སུམ་ལ་བསྙོན་པ་ཡིན། བོད་ལུགས་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཡང་སྔོན་གནས་རྗེས་དྲན་གྱི་མྱོང་བ་ལ་བརྟེན་པའི་དཔྱོད་ཚུལ་ཚད་ཐུབ་ཅིག་ཡིན།
སྐྱེ་བ་ལེན་ཚུལ།
རྣམ་ཤེས་རྒྱུན་ཆད་མེད་པར་ཚེ་འདིའི་ལུས་རྟེན་དོར་རྗེས་ཕྱི་མའི་ལུས་རྟེན་ལ་ཉིང་མཚམས་སྦྱར་ཏེ་སྐྱེ་བ་བླངས་པ་དེ་ལའང༌། ལས་ཉོན་གྱི་དབང་གིས་སྐྱེ་བ་དང༌། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་གཉིས་ཡོད་ཅིང༌། དང་པོ་ནི་མ་རིག་པའི་དབང་གིས་དགེ་སྡིག་གི་ལས་བསགས་པ་རྣམས་ཀྱི་བག་ཆགས་རྣམ་ཤེས་ཀྱི་སྟེང་དུ་བཞག་པ། འཆི་དུས་སུ་སྲེད་ལེན་སྲིད་པས་གང་གསོས་བཏབ་པ་དེས་སྐྱེ་བ་ཕྱི་མ་འཕངས་ཏེ་བདེ་འགྲོ་དང་ངན་འགྲོ་ཅི་རིགས་པའི་ལུས་སུ་དབང་མེད་ཀྱིས་སྐྱེ་བ་ལེན་པ་རྣམས་ཏེ། སོ་སྐྱེ་རྣམས་ནི་ཟོ་ཆུན་གྱི་འཁྱུད་མོ་ལྟར་རང་དབང་མེད་པར་སྐྱེ་འཆིའི་འཁོར་ ལོ་བར་མེད་དུ་འཁོར་བ་ཡིན། དེ་ལྟའི་གནས་སྐབས་སུའང་རྒྱུན་དུ་དགེ་བར་འགྲུས་པ་དང༌། འདུན་པ་དང་གོམས་པའི་དབང་གིས་འཆི་ཁར་དགེ་བའི་ལས་ལ་གསོས་བཏབ་སྟེ། བདེ་འགྲོར་སྐྱེ་བའི་ཐབས་སོ་སྐྱེས་ཀྱང་བསྒྲུབ་ཏུ་ཡོད། འཕགས་ལམ་ཐོབ་པའི་བྱང་སེམས་རྣམས་ལས་ཉོན་གྱི་དབང་གིས་སླར་མི་སྐྱེ་ཡང༌། འགྲོ་བ་ལ་དམིགས་པའི་སྙིང་རྗེའི་དབང་གིས་གཞན་ཕན་སྒྲུབ་པའི་སྨོན་ལམ་ལ་བརྟེན་ནས་ཡུལ་དུས་ཕ་མ་སོགས་རང་དབང་གིས་བདམས་ཏེ་གཞན་དོན་འབའ་ཞིག་གི་ཕྱིར་སྐྱེ་བ་ ལེན་པ་དེ་དག་ནི་སྙིང་རྗེ་དང་སྨོན་ལམ་དབང་གིས་སྐྱེ་བ་ཡིན།
སྤྲུལ་སྐུའི་མཚན་དོན།
བོད་སྲོལ་ངོས་འཛིན་བྱེད་པའི་ཡང་སྲིད་རྣམས་ལ་སྤྲུལ་སྐུ་ཞེས་པའི་ཐ་སྙད་རྒྱུན་འཇགས་སུ་སོང་བ་ནི་དད་ལྡན་རྣམས་ཀྱི་བཀུར་ཚིག་ངག་རྒྱུན་དུ་འཇགས་པར་སྣང༌། སྤྱིར་སྤྲུལ་སྐུ་ཞེས་པ་ཕར་ཕྱིན་ཐེག་པའི་གཞུང་ལས་སངས་རྒྱས་ཀྱི་སྐུའི་རྣམ་གྲངས་གསུམ་མམ་བཞི་བཤད་པའི་སྐབས་ཀྱི་སྐུ་བྱེ་བྲག་པ་ཞིག་གི་དངོས་མིང་ཡིན་པ་དང༌། དེ་ཡང་འཆིང་བ་ཀུན་ལྡན་གྱི་སྐྱེ་བོ་ཞིག་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ནས་སེམས་སྟེང་གི་དྲི་མ་གློ་བུར་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་ཏེ་དྲི་མ་དང་བྲལ་བའི་སེམས་དེས་ ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པ་དེ་ལ་ཡེ་ཤེས་ཆོས་སྐུ་དང༌། དེ་འདྲའི་སེམས་ཀྱི་ཆོས་ཉིད་དེར་ངོ་བོ་ཉིད་སྐུར་འབོད་ཅིང༌། དེ་ནི་རང་དོན་མཐར་ཕྱིན་པའི་མཐར་ཐུག་གི་སྐུའམ་ཆོས་ཀྱི་སྐུ་ཡིན། འོན་ཀྱང་སྐུ་དེ་ནི་སངས་རྒྱས་ནང་ཕན་ཚུན་ཙམ་ལས་གཞན་ལ་སྣང་དུ་མི་རུང་བས་གཞན་དོན་སྒྲུབ་པའི་ཆ་རྐྱེན་དུ་གཞན་ལ་སྣང་རུང་གི་གཟུགས་སྐུ་མེད་དུ་མི་རུང་བས། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་དུ་རུང་ཞིང༌། འོག་མིན་གྱི་གནས་སུ་བཞུགས་པ་སོགས་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེས་སྤྲུལ་པའི་སོ་སྐྱེ་རང་ག་བར་ཡང་སྣང་དུ་རུང་བའི་ལྷ་དང་མི་སོགས་ལུས་རྟེན་ཅི་རིགས་པར་སྤྲུལ་སྒྱུར་མཛད་པ་ལ་སྤྲུལ་སྐུ་སྟེ་སྐུ་འདི་གཉིས་ལ་གཞན་དོན་གཟུགས་སྐུའི་ཐ་སྙད་བྱས།
སྤྲུལ་སྐུ་ལའང་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང༌། ཡུལ་དུས་ཁྱད་པར་བར་སྐྱེ་བ་མངོན་པར་སྐྱེ་བ་སོགས་མཛད་པ་བཅིུས་སྟོན་མཁན་གྱི་མཆོག་གི་སྤྲུལ་སྐུ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་དང༌། བཟོ་ཡི་གནས་ཀྱིས་འགྲོ་དོན་མཛད་པའི་བཟོ་བོའི་སྤྲུལ་སྐུ། ལྷ་མི་དུད་འགྲོ ཆུ་དང་ཟམ་པ། སྨན་དང་ལྗོན་ཤིང་སོགས་ཅི་རིགས་པའི་སྤྲུལ་པས་འགྲོ་དོན་མཛད་པའི་སྐྱེ་བ་སྤྲུལ་སྐུ་གསུམ་དུ་ཡོད་པ་ལས་བོད་དུ་ཡང་སྲིད་དུ་ངོས་འཛིན་བྱས་པའི་དམ་པ་རྣམས་ལ་སྤྲུལ་སྐུའི་མིང་གིས་བསྙད་པ་ནི་སྐྱེ་བ་སྤྲུལ་སྐུའི་ཁོངས་སུ་འདུ་དགོས་ཤིང༌། སངས་རྒྱས་ཀྱི་སྐྱེ་བ་སྤྲུལ་སྐུ་མཚན་ཉིད་པ་ཡིན་པའི་བླ་སྤྲུལ་མང་པོ་ཡོད་ངེས་ཀྱང༌། ཀུན་ལ་མ་ཁྱབ་པས་བོད་ཀྱི་སྤྲུལ་སྐུའི་ཁྱུ་ཚོགས་ནང་སློབ་པ་འཕགས་པ་དང༌། སོ་སྐྱེ་ཚོགས་སྦྱོར་བ་དང་ལམ་མ་ཞུགས་ཅི་རིགས་ཡོད་པ་སྨོས་མ་དགོས་ཤིང༌། དེ་དག་ལ་འདྲ་འབྲེལ་རྒྱུ་མཚན་གྱིས་སྤྲུལ་སྐུ་ ཞེས་བཏགས་པར་མངོན། འཇམ་དབྱངས་མཁྱེན་བརྩེ་དབང་པོས། སྐུ་ཡི་བཀོད་པ་སྔ་མ་བསྡུས་ནས་ཕྱི་མ་བཟུང་བར་སྐྱེ་བ་དང། སྤྲུལ་གཞི་མ་བསྡུས་པར་སྤྲུལ་པ་གཞན་དག་སྟོན་པ་སྤྲུལ་པ་ཞེས་བཞེད། ཅེས་གསུངས།
ཡང་སྲིད་ངོས་འཛིན།
སྐྱེ་བོ་བྱེ་བྲག་པའི་སྐྱེ་བ་སྔོན་མ་ངོས་བཟུང་སྟེ་སུ་ཞིག་སུའི་སྐྱེ་བ་ཡིན་པ་གསལ་བར་སྟོན་པའི་ཚུལ་སངས་རྒྱས་ཞལ་བཞུགས་པའི་སྐབས་ནས་བྱུང་སྟེ། དེ་བཞིན་གཤེགས་པས་ལས་འབྲས་ཀྱི་རྣམ་གཞག་བསྟན་པའི་སྐབས་སྐྱེ་བ་གང་དུ་ལས་ཅི་ཞིག་བསགས་པས་ད་ལྟ་འབྲས་བུ་འདི་མྱོང་བའི་ཚུལ་རྒྱ་ཆེར་བསྟན་པ་འདུལ་བ་ལུང་སྡེ་བཞི་དང༌། སྐྱེས་རབས། མདོ་མཛངས་བླུན། མདོ་སྡེ་ལས་བརྒྱ་པ་སོགས་ཀྱིས་མཚོན་མདོ་རྒྱུད་ཕལ་མོ་ཆེའི་ནང་གྲངས་ལས་འདས་པ་ཞིག་བཞུགས་ཤིང༌། སྟོན་པ་འདས་པའི་རྗེས་སུ་རིམ་པར་བྱོན་པའི་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱི་རྣམ་ཐར་དུའང་སྐུ་ཕྲེང་སྔོན་མ་རྣམས་སུ་གང་དུ་གང་གི་སྐུ་སྐྱེ་བཞེས་པའི་ཚུལ་ཧ་ཅང་མང་པོ་མཇལ་དུ་ཡོད་ཀྱང༌། བོད་སྲོལ་ལྟར་ཡང་སྲིད་ངོས་འཛིན་གྱིས་སྐུ་ཕྲེང་གྲངས་ཀ་བརྩི་བའི་ལམ་ནི་མ་བྱུང་ངོ༌།།
བོད་དུ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ།
བོད་དུ་ནང་ཆོས་མ་དར་གོང་གི་བོན་ལུགས་སུའང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ་དང༌། ནང་ཆོས་དར་རྗེས་བོད་མི་ཤེས་ལྡན་ཚང་མས་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་བྱེད་ཅིང༌། བསྟན་འཛིན་གྱི་སྐྱེས་ཆེན་མང་པོའི་སྐུ་ཕྲེང་སྔོན་མ་གང་དང་གང་དུ་སྐྱེ་བ་བཞེས་ཏེ་འགྲོ་དོན་མཛད་པའི་ཚུལ་ལ་རྟོག་ཞིབ་དང༌། དད་འདུན་གསོལ་འདེབས་བྱེད་པའི་གོམས་གཤིས་ཡོངས་ཁྱབ་ཏུ་གྱུར། མ་ཎི་བཀའ་འབུམ་དང༌། བཀའ་ཐང་སྡེ་ལྔ་སོགས་ཆེས་སྔ་བའི་བོད་གཞུང་རྣམས་དང༌། ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་དཔལ་མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་བཞུགས་སྐབས་གསུངས་པའི་ཞུ་ལན་ནོར་བུའི་ཕྲེང་བ་དང༌། བཀའ་གདམས་བུ་ཆོས་སོགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐྱེས་རབས་ཀྱི་ཕྲེང་བ་ སྟོན་པའི་ཚད་ལྡན་གྱི་གཞུང་མང་པོ་བྱུང༌། འོན་ཀྱང་ད་ལྟའི་ཡོངས་གྲགས་ཀྱི་ཆེད་གཉེར་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདིའི་ཐོག་མ་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་སྟོད་དུ་ཀརྨ་པཀྵིའི་སློབ་མ་རྣམས་ཀྱིས་ཁོང་ཀརྨ་པ་དུས་གསུམ་མཁྱེན་པའི་ལུང་མཐུན་ཡང་སྤྲུལ་དུ་ངོས་འཛིན་གྱིས་དད་མོས་བྱས་པ་ནས་བྱུང་བར་གྲགས་ཤིང༌། དེ་ནས་བཟུང་ད་ལྟའི་བར་ལོ་བརྒྱད་བརྒྱ་བརྒལ་བའི་རིང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་བྱུང་ཟིན་པ་དང༌། ཕྱི་ལོ་བརྒྱ་ཕྲག་བཅོ་ལྔ་པའི་ནང་མཁའ་འགྲོ་ཆོས་ཀྱི་སྒྲོན་མེའི་ཡང་སྲིད་ཀུན་དགའ་བཟང་མོ་ངོས་འཛིན་གྱིས་ད་བར་བསམ་སྡིང་རྡོ་རྗེ་ཕག་མོའི་སྐུ་ཕྲེང་བཅུ་ཕྲག་བརྒལ་བ་བྱུང་ཟིན། བོད་དུ་ཡང་སྲིད་ངོས་འཛིན་བྱས་པའི་སྤྲུལ་སྐུ་རབ་བྱུང་དང༌། སྔགས་འཆང༌། སྐྱེས་པ་དང་བུད་མེད་ཅི་རིགས་བྱུང༌། ལམ་སྲོལ་འདི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་དང་ཆོས་ལུགས་གཞན་དུའང་དར་ཁྱབ་ཀྱིས་ད་ཆ་ས་དགེ་བཀའ་རྙིང་ཇོ་ནང་བོ་དོང་བོན་དང་བཅས་པའི་ནང་ཡང་སྤྲུལ་ངོས་འཛིན་བྱས་པའི་བླ་སྤྲུལ་བསྟན་པའི་ཞབས་འདེགས་སྒྲུབ་མཁན་དང་སྐབས་རེ་ཞབས་འདྲེན་ཞུ་མཁན་ཡང་ཡོང་བ་ཀུན་གྱི་མཐོང་ཆོས་སུ་ཡོད་པ་འདི་ཡིན།
རྗེ་ཙོང་ཁ་པའི་དངོས་སློབ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་གཙང་བཀྲིས་ལྷུན་པོའི་གདན་ས་བཏབ་ཅིང༌། སློབ་ཚོགས་བསྐྱངས་ཏེ་ཕྱི་ལོ་ ༡༤༧༤ ལོར་དགུང་གྲངས་གྱ་བཞིའི་ཐོག་དགོངས་པ་གཞན་དོན་དུ་གཤེགས། དང་ཐོག་དེའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་རྩོལ་བ་བྱེད་མཁན་མ་བྱུང་ཡང༌། ཕྱི་ལོ་ ༡༤༧༦ ལོར་གཙང་རྟ་ནག་ཏུ་འཁྲུངས་པའི་ཁྱེའུ་སངས་རྒྱས་ཆོས་འཕེལ་གྱིས་སྔོན་གནས་རྗེས་དྲན་གྱི་གསུང་འཁྲུལ་མེད་ངོ་མཚར་ཅན་དུ་མ་བྱོན་པ་ལ་བརྟེན་ནས་ངོས་འཛིན་མ་ཞུས་ཐབས་མེད་དུ་གྱུར། དེ་ནས་བཟུང་ད་ལྟའི་བར་རྒྱལ་དབང་སྐུ་ཕྲེང་ན་རིམ་དགའ་ལྡན་ཕོ་བྲང་བླ་བྲང་དང༌། དགའ་ལྡན་ཕོ་བྲང་གཞུང་གིས་རྩད་གཅོད་ངོས་འཛིན་ཞུ་རྒྱུའི་སྲོལ་རྒྱུན་ཚུགས་སོ།།
ཡང་སྲིད་ངོས་འཛིན་གྱི་ཐབས་ལམ།
ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་རྗེས་དེའི་ཐབས་ལམ་ཡང་རིམ་བཞིན་གོང་འཕེལ་གྱིས་སྲོལ་རྒྱུན་དུ་འཇགས་པ་རྣམས་ཀྱི་ནང་ནས་གཙོ་ཆེ་ཤོས་གོང་མའི་འདའ་ཁའི་ཞལ་གདམས་དང༌། ལམ་སྟོན་ནམ་བརྡ་མཚོན་བསྟན་པ། ཡང་སྲིད་སོ་སོས་ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱི་གཏམ་ཚད་འཛིན་འཕེར་བ་བཤད་པ་དང༌། གོང་མའི་ཅ་དངོས་དང་ཉེ་འཁོར་ངོས་འཛིན་བྱས་པ་གཉིས་གཙོར་བཟུང་ཐོག ཚད་ལྡན་གྱི་སྐྱེས་བུ་དམ་པར་ཐུགས་དམ་བརྟགས་ཞུས། འཇིག་རྟེན་པའི་ལྷ་སྲུང་སྐུ་ཁོག་ཏུ་བརླམས་པ་རྣམས་ལ་ལུང་ཞུས། ལྷ་མོ་བླ་མཚོ་སོགས་སྲུང་མའི་བླ་མཚོ་ཁག་ཏུ་མཚོ་མཇལ་བཅས་ཐབས་ལམ་འདྲ་མིན་ཧ་ཅང་མང་པོ་ཡོད་པ་དང༌། འོས་སྤྲུལ་གཅིག་ལས་མང་བ་བྱུང་སྟེ་འཁྲུན་ཐག་གཅོད་དཀའ་བར་གྱུར་ཚེ་རྟེན་གྱི་སྤྱན་སྔར་བདེན་པ་བདར་ཏེ་ཟན་རིལ་བསྒྲིལ་ནས་ཐག་གཅོད་བྱེད་སྲོལ་ཡང་བྱུང༌།
མ་འདས་སྤྲུལ་སྐུ།
སྤྱིར་ཡང་སྲིད་ཅེས་པ་གོང་མ་འདས་པའི་རྗེས་སུ་དེ་ཉིད་སླར་མིའི་ལུས་སུ་སྐྱེ་བ་ཞིག་དགོས་པས་སོ་སྐྱེ་ཞིག་ལ་མ་འདས་སྤྲུལ་སྐུ་ཡོང་ཐབས་མེད་ཀྱང༌། སར་གནས་ཀྱི་འཕགས་པ་དུས་གཅིག་ཏུ་ལུས་བརྒྱ་སྟོང་དུ་མར་སྤྲུལ་བསྒྱུར་ནུས་པ་རྣམས་ལ་མ་འདས་སྤྲུལ་སྐུ་ངེས་པར་ཡོང་ཆོག འོན་ཀྱང་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་དུ། རྒྱུད་གཅིག་པའི་སྤྲུལ་སྐུ་དང༌། ལས་སྨོན་གྱིས་འབྲེལ་བའི་སྤྲུལ་སྐུ། བཀའ་བབས་པའམ་བྱིན་གྱིས་བརླབས་པའི་སྤྲུལ་སྐུ་སོགས་ཅི་རིགས་ཡོད་པ་དང༌། སྤྲུལ་སྐུ་ཕེབས་པའི་དགོས་དོན་གཙོ་བོ་གོང་མའི་སྐུ་ཚེའི་རིང་བསྟན་འགྲོའི་བྱ་བ་འཕྲོ་ཅན་དུ་ལུས་པ་རྣམས་མཇུག་སྐྱོང་བྱ་རྒྱུའི་ཆེད་ཡིན་ལ། བླ་མ་སོ་སྐྱེ་ཞིག་ཡིན་ན་རྒྱུད་གཅིག་པའི་ཡང་སྲིད་ཀྱི་ཚབ་ཏུ་རང་དང་ལས་སྨོན་གྱིས་འབྲེལ་བའི་ལས་དག་གི་སྐྱེ་བོ་གཞན་སྤྲུལ་སྐུར་ངོས་འཛིན་བྱེད་པ་དང༌། ཡང་ན་རང་གི་བུ་སློབ་བམ་གཞོན་སྐྱེས་གཞན་ལ་ཆོས་བརྒྱུད་ཀྱི་བཀའ་ཕབ་སྟེ་སྤྲུལ་སྐུར་ངོས་འཛིན་བྱེད་པ་ཅི་རིགས་ཡོང་སྲིད་པས་སོ་སྐྱེ་ལའང་རྒྱུད་གཅིག་མིན་པའི་ ཡང་སྲིད་མ་འདས་སྤྲུལ་སྐུ་ཡོང་ཆོག་པ་དང༌། ཡང་གོང་མ་གཅིག་ལ་སྐུ་གསུང་ཐུགས་སྤྲུལ་སོགས་ཡང་སྲིད་མང་པོ་དུས་གཅིག་ཏུ་ཕེབས་པའང་ཡོད། ཉེ་བའི་མི་རབས་ནང་ཡོངས་གྲགས་ཀྱི་མ་འདས་སྤྲུལ་སྐུ་བདུད་འཇོམས་འཇིགས་བྲལ་ཡེ་ ཤེས་རྡོ་རྗེ་དང༌། བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་སོགས་དུ་མ་ཡོད།
གསེར་བུམ་དཀྲུགས་འདོན།
སྙིགས་མའི་རྒུད་ཚོགས་བདོ་བ་དང་མཉམ་དུ་ཡང་སྲིད་ངོས་འཛིན་བྱས་པའི་བླ་ཆེན་ཇེ་མང་དུ་གྱུར་ཐོག འགའ་ཤས་སྲིད་དོན་དང་འབྲེལ་ཞིང༌། ཚུལ་མིན་གཡོ་སྒྱུས་ངོས་འཛིན་རྫུན་མ་ཇེ་མང་དུ་སོང་བ་བཅས་ཀྱིས་བསྟན་སྲིད་ལ་ གནོད་ཚབས་ཅི་ཆེ་འབྱུང་བཞིན་པའི་ཐོག ཕྱི་ལོ་ ༡༧༩༡ ནས་ ༡༧༩༣ བར་བོད་དང་གོར་ཁ་དམག་འཁྲུག་སྐབས་བོད་གཞུང་གིས་མན་ཇུའི་དམག་རོགས་གཉེར་དགོས་བྱུང་བ་དང༌། གོར་དམག་མཐར་སྐྲོད་རྗེས་མན་ཇུའི་དཔོན་རིགས་རྣམས་ཀྱིས་བོད་གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་བསྙད་པའི་གྲོས་འདེབས་དོན་ཚན་ཉེར་དགུ་ཡོད་པ་ཞིག་ བཏོན་པའི་ནང་ཏཱ་ལའི་བླ་མ་དང༌། པཎ་ཆེན་བླ་མ། གཞན་ཡང་ཧོ་ཐོ་ཐུ་རྣམས་ཀྱི་ཡང་སྲིད་གསེར་བུམ་དཀྲུགས་ཏེ་ཐག་གཅོད་དགོས་པའི་འདུན་གྲོས་བཏོན་ཡོད། དེར་བརྟེན་རྒྱལ་དབང་དང་པཎ་ཆེན་སྐུ་ཕྲེང་རེ་ཟུང༌། བླ་ཆེན་གཞན་གང་འཚམས་བཅས་གསེར་བུམ་དཀྲུགས་འདོན་བྱས་པ་མ་ཟད། གསེར་བུམ་དཀྲུགས་འདོན་གྱི་ཆོ་ག་ཡང་ྋརྒྱལ་བ་འཇམ་དཔལ་རྒྱ་མཚོས་ལྗགས་རྩོམ་མཛད། དེ་འདྲའི་ལམ་སྲོལ་གཏོད་པའི་རྗེས་སུའང་རྒྱལ་དབང་སྐུ་ཕྲེང་དགུ་པ་དང༌། བཅུ་གསུམ་པ། ངོས་རང་བཅུ་བཞི་པ་བཅས་གསེར་བུམ་དཀྲུགས་འདོན་བྱས་མེད་ཅིང༌། རྒྱལ་དབང་སྐུ་ཕྲེང་བཅུ་པའང་ཡང་སྲིད་ངེས་རྙེད་ཟིན་སྟབས་དངོས་དོན་དུ་གསེར་བུམ་དཀྲུགས་མེད་ཀྱང༌། མན་ཇུའི་གཡར་ངོ་མ་ལྡོག་པར་གསེར་བུམ་དཀྲུགས་ཚུལ་གསལ་བསྒྲགས་ཙམ་བྱས། དངོས་སུ་གསེར་བུམ་དཀྲུགས་འདོན་བྱས་པ་ྋརྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ལས་བྱུང་མེད་ཁར། བཅུ་གཉིས་པའང་གསེར་བུམ་མ་དཀྲུག་གོང་གཏན་འཁེལ་ཟིན་པས་གསེར་བུམ་གྱི་ལམ་ནས་ངོས་འཛིན་བྱས་པ་གཅིག་ལས་མ་བྱུང༌། དེ་བཞིན་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནང་བརྒྱད་པ་དང་དགུ་པ་གཉིས་ལས་གསེར་བུམ་དཀྲུགས་འདོན་བྱས་པ་བྱུང་མེད། ལམ་སྲོལ་འདི་མན་ཇུའི་བཙན་ཤུགས་ཙམ་ལས་བོད་མིས་ཡིད་ཆེས་བྱ་ཡུལ་དང་ཆོས་ལུགས་ ཀྱི་བྱེད་ཐབས་ཤིག་མིན་ཡང༌། དྲང་བདེན་གྱིས་ལག་བསྟར་བྱས་ན་ཟན་རིལ་བསྒྲིལ་བའི་ཐབས་ལམ་དང་མཚུངས་པ་ལྟ་བུར་བརྩིས་ཆོག་པར་སྣང༌།
ཕྱི་ལོ་ ༡༨༨༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་སྐབས་བོད་དང་མན་ཇུའི་མཆོད་ཡོན་གྱི་འབྲེལ་བ་མ་ཆད་ཅིང༌། མན་ཇུའི་གནོན་ཤུགས་ཕྲན་བུ་ཡོད་སྐབས་ཡིན་ཡང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་དང༌། གནས་ཆུང་དང་བསམ་ཡས་ཆོས་སྐྱོང་བཅས་ཀྱི་ལུང་བསྟན། ལྷ་མོའི་བླ་མཚོའི་མཚོ་མཇལ་བཅས་སྒོ་གང་ས་ནས་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱུང་སྟབས་གསེར་བུམ་དཀྲུགས་འདོན་མ་དགོས་པར་ངོས་འཛིན་བྱུང་སྐོར་ྋགོང་ས་མཆོག་རང་གིས་ཆུ་སྤྲེལ་ཞལ་གདམས་སུ། ངོས་ཐོག་མར་སྔར་སྲོལ་གསེར་བུམ་དཀྲུགས་འདོན་མ་དགོས་པར་ལུང་བརྟག་དོན་གསལ་སྲིད་ཞིའི་འདྲེན་མཆོག་རྒྱལ་དབང་གི་སྐྱེ་གྲལ་དུ་བརྟག་དཔྱད་ངོས་འཛིན་གྱིས་ གདན་ཁྲིར་འཁོད་ནས་བཟུང་། ཞེས་གསུངས་པ་ལས་གསལ་བར་རྟོགས་ནུས།
ཕྱི་ལོ་ ༡༩༣༩ ལོར་ངོས་རང་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་བྱེད་སྐབས་བོད་རྒྱ་མཆོད་ཡོན་གྱི་འབྲེལ་བ་ཆད་ཟིན་པས། གསེར་བུམ་དཀྲུགས་འདོན་དགོས་མིན་གླེང་གཞི་བྱུང་མེད་ཅིང༌། ལྷ་བླའི་ལུང་དོན་དང༌། ལྷ་མོའི་བླ་མཚོའི་མཚོ་གཟིགས་སོགས་རྩེ་མཐུན་གྱིས་ངོས་འཛིན་བྱ་སྒོ་རྣམས་བོད་ཀྱི་རྒྱལ་ཚབ་དང༌། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་བཅས་ནས་ཐག་གཅོད་བྱས་པ་ལས་རྒྱ་ཕྱོགས་ནས་ཐེ་བྱུས་གང་ཡང་བྱས་མེད་པ་ཡོངས་གྲགས་ཀྱང༌། རྗེས་སུ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགས་བསམ་བཏང་དྲན་སྐྱེས་ཀྱིས་གསེར་བུམ་དཀྲུགས་མི་དགོས་པའི་བཀའ་འཁྲོལ་སྤྲད་ཚུལ་དང༌། ཨུའུ་ཀྲུང་ཞིང་གིས་ངོས་ཀྱི་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་བྱེད་ཚུལ་སོགས་རྫུན་གཏམ་གསར་ཤོག་ཐོག་སྤེལ་བ་དེ་དག་བདེན་པ་མིན་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རླབས་ཆེན་ཡར་ཐོན་ཅན་དུ་བརྩིས་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་ཚོགས་གཞོན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཕྱི་ ལོ་ ༡༩༨༩ ཟླ་ ༧ ཚེས་ ༣༡ ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་པའི་མི་དམངས་འཐུས་མི་ཚོགས་འདུ་ཐེངས་ གཉིས་པའི་ཐོག་ཡིག་ཆའི་བདེན་དཔང་གི་ལུང་འདྲེན་དང་བཅས་ཏེ་ཞིབ་ཕྲ་འགྲེལ་བརྗོད་བྱས་མཐར། “གོང་མིན་ཏང་གིས་སྐྱག་རྫུན་བཤད་པ་དེ་ལྟར་ང་ཚོ་གུང་ཁྲན་ཏང་གིས་དེའི་རྗེས་སུ་རྒྱུགས་ནས་མུ་མཐུད་སྐྱག་རྫུན་བཤད་དགོས་དོན་ག་རེ་ཡོད་དམ། ཞེས་ནན་བཤད་བྱས་འདུག་པ་ལས་གསལ་པོ་ར་འཕྲོད་ཐུབ།
ངན་གཡོའི་རེ་སྟོང་།
བར་སྐབས་བླ་བྲང་འབྱོར་ལྡན་ཁག་གི་ཕྱག་གཉེར་ཆོས་ཀྱིས་རྒྱུད་མ་དུལ་ཞིང༌། འདི་སྣང་ཆགས་སྡང་གིས་མྱོས་པ་འགའ་རེས་ཆོས་མིན་གྱི་ལམ་ནས་ཡང་སྲིད་ངོས་འཛིན་བྱེད་མཁན་བྱུང་བས་བསྟན་པ་དང༌། དགེ་འདུན། སྤྱི་ཚོགས་བཅས་ལ་གནོད་ཚབས་བྱུང་བའི་ཁར། མན་ཇུའི་སྐབས་ནས་བཟུང་རྒྱ་ནག་གི་སྲིད་དོན་དབང་འཛིན་པ་ན་རིམ་གྱིས་བོད་སོག་ཐོག་ཐེ་བྱུས་སླད་ཆོས་དང་བླ་སྤྲུལ་སྲིད་དོན་གྱི་ལག་ཆར་བཟུང་སྟེ་གཡོ་ཐབས་རིམ་སྤེལ་བྱས་པ་དང༌། དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཅིག་སྡུད་དབང་འཛིན་པ་རྣམས་ཀྱང་རང་ཉིད་ཆོས་མེད་དམར་པོའི་ལྟ་གྲུབ་འཛིན་མཁན་ཡིན་པར་ཁས་འཆེ་བཞིན་དུ་ཆོས་ལུགས་ལ་ཐེ་བྱུས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བཙན་བཀའ་དང༌། ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་ དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་སོགས་སྤེལ་བ་ནི་ངོ་ཚ་བྲལ་བའི་མ་རབས་ཀྱི་སྤྱོད་ཚུལ་བཞད་གད་ཀྱི་གནས་སུ་གྱུར་པ་ཞིག་ཡིན་ནའང༌། བོད་མིའི་ཐུན་མིན་ལེགས་བྱང་གི་ལམ་སྲོལ་འདི་དག་རྩ་མེད་གཏོང་ཐབས་ཀྱི་ངན་བྱུས་འོག་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལ་མི་འོས་པའི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ་བོད་རིགས་ཡོངས་ཀྱི་སྙིང་ལ་གསོས་དཀའི་རྨ་ཁ་ཞིག་བཟོས་དང་བཟོ་བཞིན་པ་མ་ཟད། ངོས་ནམ་ཤི་ལ་བསྒུགས་ཏེ་ྋརྒྱལ་དབང་སྐུ་ཕྲེང་བཅོ་ལྔ་པ་ཞིག་ཁོང་ཚོས་རང་འདོད་ལྟར་ངོས་འཛིན་གྱིས་བོད་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་མཚོན་རྒྱལ་སྤྱིའི་མང་ཚོགས་མགོ་སྐོར་སླུ་བྲིད་བྱ་རྒྱུའི་བྱུས་ངན་གཏིང་ཟབ་ཅིག་ཡོད་པ་བར་སྐབས་ཀྱི་ཁྲིམས་སྒྲིག་ཁག་དང༌། བསྒྲགས་གཏམ་རིམ་པ་ནས་ཧ་ཅང་གསལ་པོར་གྱུར་ཟིན་པར་བརྟེན། བསྟན་འགྲོ་སྤྱིའི་འཕྲལ་ཡུན་གྱི་ལེགས་ཚོགས་ལ་དམིགས་ཏེ་དེ་འདྲའི་བྱུས་ངན་ལམ་ལྷོང་མི་ཡོང་བའི་སྔོན་འགོག་བྱ་རྒྱུ་ངོས་ཀྱི་གཡོལ་དུ་མེད་པའི་ཁུར་འགན་ཞིག་ཡིན་པར་ངོས་འཛིན་གྱིས་བསྒྲགས་གཏམ་འདི་སྤེལ་རྒྱུ་ཡིན།
རྒྱལ་དབང་སྐུ་ཕྲེང་རྗེས་མ།
ཇི་ལྟར་གོང་དུ་བརྗོད་ཟིན་པ་བཞིན་སླར་ཡང་ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད། ངོས་རང་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་བྱེད་འཆར་ཡིན། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། །
# 11 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
December 28th, 2013 at 1:17 PM
་་་་། ༸རྒྱལ་མཆོག་གང་གིས་ཁོང་གི་སྐུ་སྲོག་ལ་བདོ་བ་དེར་གཟབ་གཟབ་བྱེད་རྒྱུའི་བཀའ་སློབ་ཕེབས་་་་་ ཞེས་པ་འདིའི་ཁུངས་ག་ནས་རྙེད་དམ།
# 14 འཕྲིན་ལས་ལྷུན་གྲུབ་་ལགས་ཀྱིས་མཆན་བཏབ་པ།:
December 28th, 2013 at 1:26 PM
ཀརྡོ་ལ།
བཀའ་སློབ་ཆ་ཚང་འདི་ན་འདུག
http://www.youtube.com/watch?v=re4eW0R0VS4&feature=share
འཕྲིན་ལྷུན་ལགས། ཐུགས་རྗེ་ཆེ། ཕྱེད་མཐོང་ལ་ཕྱེད་མཐོང་མི་འདུག ཤར་ཁུག་གིས་འུར་བཤད་པ་དྭོགས་པ་ལྷར་ད་ག་རང་བྱུང་འདུག
༸གོང་ས་མཆོག་གིས་བློ་བདེ་པོ་བྱས་ནས་སྡོད་ཨ། གསུངས་པ་ལས། ༸རྒྱལ་མཆོག་གང་གིས་ཁོང་གི་སྐུ་སྲོག་ལ་བདོ་བ་ཞེས་པའི་ཚིག་གང་ཡང་གསུངས་མི་འདུག ངོ་སྤྲོད་གནང་བར་སླར་ཡང་ཐུགས་རྗེ་ཆ་ཞེས་ཞུའོ།།
དེང་སང་བཙན་བྱོལ་ནང་གི་དྲ་རྒྱ་དང༌། རླུང་འཕྲིན་ཁག་མང་པོ་ཞིག་གི་ནང་དུ་ལ་གྲགས་ལུང་གྲགས་བྱེད་རྒྱུ་དེ། གཤིན་འདྲེ་འབྱུང་པོ་དོལ་རྒྱལ་གྱི་རྙོག་གྲ་དེ་ནི། བོད་སྤྱི་བའི་སྲིད་དབང་དང་འབྲེལ་བའི་དཀའ་རྙོག་ཅིག་ཀྱང་མ་རེད་ལ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའམ་དྲུག་པོ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཀྱང་དེ་བས་མ་རེད་སྙམ་གྱི་ཡོད། དེ་ནི་རི་བོ་དགེ་ལྡན་པའི་ཆོས་ལུགས་ནང་གསེས་ཁྲོད་ལོ་རྒྱུས་སྟེང་གི་མི་སྣ་མངོན་འཐོན་ཚོས་བྱས་རྗེས་ད་ལྟའི་བར་དུ་སེལ་མ་ཐུབ་པ་དེ་བསྐྱར་ཟློས་ཡང་ཟློས་བྱེད་བཞིན་པའི་གནས་ཚུལ་རྙིང་པ་དེ། ད་ལྟ་༧གོང་ས་༧སྐྱབས་མགོན་ཆེན་པོ་སེ་ར་ཆོས་སྒར་དུ། རྩོད་གླེང་ཅན་གྱི་དྲེ་རྒོད་དེ་ལྷག་བླ་རུ་བཀུར་བའི་མི་སྣ་ནས་བརྒྱུད་པའི་ལམ་རིམ་གྱི་ཁྲིད་རྒྱུན་སྤེལ་བཞིན་ཡོད་པ་ནི་མཁྱེན་གསལ་ཞིག་རེད། རྒྱུ་མཚན་དེ་འདྲ་ཞིག་ཡིན་པར་བརྟེན། དགེ་ལུགས་པ་ཁོ་རང་ཚོ་བྱུང་གསུམ་བྱུང་ན། རྩོད་པ་ཆོས་ཕྱོགས་སུ་ཞི་བའི་ཐབས་ལ་བརྩོན་པའམ། ཕན་ཚུན་གྲོས་མོལ་གྱིས་སྒོ་ནས་གནད་དོན་དེ་འགྲིག་ཟླུམ་བྱེད་ཐུབ་ན་དགེ་མཚན་ཆེ་བར་སྙམ།།
ཤར་ཁུག་གིས་འོས་ཤོག་སློང་ཐབས་བྱེད་ཀྱི་འདུག དངོས་གནས་གདུང་ཐུག་ན་འབྲོ་མཁན་དང་། ཟ་རྒྱུ་སྤྲད་ན་ལེན་མཁན་དེ་རེད།
ཤར་ཁུག་གིས་འོས་ཤོག་ཐོབ་ཐབས་ལས་གཞན་ཟ་རྒྱུ་བཞིན་ན་ལེན་མཁན་དང་འཐུང་རྒྱུ་རག་ན་མི་འཐུང་་མཁན་ཞིག་མ་རེད། ངོ་མ་ཁོང་གི་འདས་བའི་ལོ་རྒྱུས་ལ་བལྟོས་དང་རྒྱ་དམར་གྱི་དངུལ་ཁུག་ལ་རེ་བ་བྱས་ནས་ལྡི་ལི་རྒྱ་སྒོ་ནས་ཞབས་འདྲེན་བཞག་པ་བོད་ཀྱི་ལོ་རྒྱུས་ཐོག་གི་ནག་ཉེས་ཞིག་ཡིན། ད་བར་དབུ་མ་དང་རང་བཙན་གང་ཞིོག་བཤད་ན་རྒྱ་དམར་གྱི་དར་ཆ་ཕྱི་སྡོད་བོད་མི་ཞིོག་གི་ཕྱར་མྱོང་མེད། འདི་ནི་བོད་གངས་ཅན་གྱི་ནག་ཉེས་དང་དགོས་སུ་མདོ་སྨད་ཚང་གི་ངོ་ཚ་རེད། ད་དུང་མདོ་སྨད་མི་རིགས་ཀྱི་མདུན་དུ་ཡིན་མདོག་མདོག་གི་སྐད་ཆ་དང་མདོ་སྨད་སྤྱི་འཐུས་ཀྱི་འཐུས་མི་ལ་ལངས་པ་མདོ་སྨད་མི་རིགས་རྩེ་མོ་རྩེ་ཆས་བྱེད་བཞིན་པ་འདི་ལགས་སོ།
དེ་རེད་ལོ་རྒྱུས་ནག་ཉེས་ཆེན་པོ་རེད་ མདོ་སྨད་ཚོས་ཤར་ལྐུག་ལ་ཁོ་འོས་ཤོག་འཕང་ན་མདོ་སྨད་པ་ཡོངས་ཀྱི་ཁང་ཐོག་ལ་རྒྱ་རོའི་བོད་མི་ས་ཡ་ཅིག་ལྷག་ཙམ་གསད་པའི་ཁྲག་དར་གནམ་ལ་སླང་དགོས་པའི་བཀའ་གཏང་ངེས་རེད།
བྱང་ཨ་རི་ཁུལ་གྱི་དོན་འདྲེས་རྗེས་འབྲང་པ་སྐོར་ཞིག་གིས་དེང་སྐབས་དམངས་ཁྲོད་ཁ་བརྡ་ཟེར་བ་ཞིག་ཆེད་གཉེར་གྱིས་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་འདུག ལྷག་པར་དུ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་དཔལ་རྒྱལ་དབང་ཀརྨ་པ་སོགས་ཀྱིས་དོལ་རྒྱལ་ཐོག་གཟིགས་ཚུལ་གང་ཡང་མེད་སྐོར་རྫུན་སྒྲིག་གིས་བོད་པའི་ཆོས་བརྒྱུད་ཁག་བར་དཀྲུག་ཤིང་རྒྱག་གི་འདུག
དྲ་བརྙན་འདིར་འདུག
http://www.youtube.com/watch?v=Ym4poCjzuHg
བྱང་ཨ་རིའི་དོལ་རྟེན་ནས་སེར་བྱེས་མཁན་པོ་ལ་ཁ་གཏང་བ་དང་ངེས་དོན་འདུལ་འཛིན་ཆེན་པོ་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་ལ་ཡང་ངས་བརྗོད་སྣ་ཚོགས་བྱེད་འདུག་པས། ཕ་རྒན་དོལ་བརྟེན་གྲ་གཟུགས་དེ་ཚོའི་བྱ་བྱེད་ལ་ཡང་ནམ་ཡང་མི་བརྗེད་པར་རྒོལ་གདུང་དྲག་པོ་བྱེད་གལ་ཆེ། གལ་སྲིད་ང་དང་རྒྱ་གར་ལ་གདོང་ཐུང་བྱུང་ཚེ་་ལག་འཛིན་བྱེད་རྩེས་ཡོད།
་ཕ་རྒན་གྲ་གཟུགས་དེས་་དུས་གསུམ་སངས་རྒྱས་འཚོགས་འདུ་འཚོགས་ཚུལ་སོགས་སྲིད་མི་ཤེས་པ་ཧམ་པ་ཚ་པོི་དོལ་འདྲེ་ཁོག་ཞུགས་ལྟ་བུའི་ལབ་ཀྱི་འདུག་པས་པསཔས་མི་ཤེས་རྨོང་པའི་ཁེང་པའི་གྲ་གཟུགས་ཞིག་གོ།
དོལ་ཚོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ནི་གྲུབ་མཐའ་རུས་མེད་ཀྱི་ཆོས་རྒྱུད་ཁག་དང་དེའི་རྗེས་འབྲངས་སེར་སྐྱ་རྣམས་ཀྱི་འགན་འཁྲི་གཡོལ་མེད་ཡིན། རྒྱུ་མཚན་ནི་དོལ་རྒྱལ་ཚོགས་པ་ནི་བོད་མི་ས་ཡ་དྲུག་གི་སྐྱིད་སྡུག་ལ་མི་བལྟ་བར་རྒྱ་ནག་གཞུང་གིས་གྲུབ་མཐའི་འགལ་བ་བེད་སྤྱོད་བཏང་ནས་བོད་ཀྱི་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བའི་ངན་ཇུས་སུ་ཚུད་ཡོད་པས་ཡིན། རྒྱ་ནག་ལ་ཕ་རོལ་པའི་སྟོབས་ཤུགས་ཁ་བྲལ་བཏང་ནས་རང་གི་ཆབ་སྲིད་ངན་ཇུས་སྒྲུབ་པའི་སྲོལ་རྒྱུན་སྔར་ནས་ཡོད་དེ། རྒྱལ་མཆོག་བཅུ་གསུམ་པ་དང་པཎ་ཆེན་སྐུ་ཕྲེང་དགུ་པ། དེར་བཞིན་སྟག་བྲག་ར་སྒྲེང་སོགས་ཀྱི་བར་དུ་ཡང་ཕྲ་མ་བཅུག་ནས་འགལ་བ་བཟོས་མྱོང་། རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་ཆོས་སྲིད་བདག་པོ་རྩོད་མེད་ཡིན་པས་དོལ་རྒྱལ་གྱིས་ཁོང་ལ་ཅི་ཙམ་གནོད་ན་བོད་མིའི་ལས་དོན་ལ་དེ་ཙམ་གྱིས་གནོད་ཀྱིན་ཡོད་པ་བདེ་གྲུབ་ཡིན། དོན་དེ་ནི་དགེ་ལུགས་ནང་ཁུལ་གྱི་འགལ་བ་ཙམ་རེད་ཟེར་བ་ནི་རྣམ་དཔྱོད་དང་ལྡན་པ་ཞིག་གི་སྐད་ཆ་མ་ཡིན། དོལ་རྒྱལ་ཚོགས་པ་ཡིན་མིན་གང་ཡིན་ཡང་རྒྱ་ནག་གིས་དངུལ་གྱིས་བསླུས་ཏེ་གོང་ས་མཆོག་ལ་བསྙོན་འདིང་བ་དང་བོད་མི་རིགས་གཡོ་བཙོང་བྱེད་པའི་མི་དེ་རིགས་ཀྱིས་འཕྲལ་གྱི་ཁེ་ཕན་ཙམ་ལ་མི་བལྟ་བར་མི་རིགས་སྤྱིར་བསམ་བློ་གཏོང་རོགས་ཞེས་འབོད་སྐུལ་ཞུ།བཀྲ་ཤིས་ནས།
རྒྱ་དམར་དང་རྒྱ་དར་ཁྱེར་མཁན་དོལ་རྒྱལ་བརྗེས་འབྲང་པ་སུ་ཡིན་ཡང་གུས་བརྩེ་མེད་དེ་དག་ནི་ནམ་ཡང་རྒྱལ་ཚོང་བ་ཞིག་ལ་ངོས་འཛིན་བཞུས་ཟིན་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།
གདོན་འདྲེ་དོལ་ཚོགས་ལ་ངའི་ག་དུས་ཡིན་ཡང་རྒོལ་གདུང་དྲག་པོ་བྱེད་ཀི་ཡིན། ང་ཚོའི་བོད་པ་ཚང་མའི་བོད་སྤྱི་བའི་ཐོག་ལ་འགན་འཁུར་སྟེ་གཟབ་གཟབ་བྱེད་རྒྱུ་གལ་ཆེ། ཤར་ཕྱོགས་ཁུག་རྟ་ལགས་ནི་བཤད་ཕོད་པ་དང་བསྒྲུབས་ཕོད་པའི་ཕྱི་བསྡོད་བོད་མའི་ནང་གི་དཔའ་རྒོད་གཅིག་ལ་ངོས་འཛིན་བྱེད་ན་མི་ཆོག་པ་མེད།
ཁྲག་དར་གནམ་འཕྱར་ལ་བལྟས་ན་ཕྱི་བསྡོད་བོད་མའི་ནང་གི་དཔའ་རྒོད་ཕར་ཞོག་རྒྱ་རོའི་རྒྱུག་ཁྱི་མགོ་གཉིས་པ་ཞིག་མིན་ནམ་བསམ་ནས་ཕྱག་མོ་མྱུག་
དུས་ལ་བབ་པ་ཙམ་དུ་མ་ཟད་འཕྱིས་དྲགས་ཡོད་པ་རེད། རྦད་དེ་འཕྲིས་དྲག་ཡོད་རེད།
མང་པོ་ཞིག་གིས་མ་ཤེས་པའམ་ཤེས་ཀྱང་རྐང་བཙུགས་ནས་དཀྱོག་བཤད་བྱེད་པ་གང་ཡིན་མི་ཤེས་མོད། གང་ལྟར་གནད་དོན་འདི་༸གོང་ས་མཆོག་སྐུ་སྒེར་རམ་ཆོས་ལུགས་བྱེ་བྲག་པ་ཞིག་གི་གནད་དོན་ཁོ་ནར་བལྟས་ཏེ་རང་ཉིད་ལ་དེའི་ཐད་འགན་གང་ཡང་མེད་པར་ལྟ་མཁན་མང་པོ་ཞིག་ཡོང་གི་ཡོད་ཚོད་འདུག དོན་དངོས་ཐོག་དེ་འདྲ་མིན་པ་ནི་དེའི་སྐོར་གྱི་སྔ་ཕྱིའི་ཡིག་ཆ་ཁུངས་འཕེར་ཁག་དང་། དོལ་རྒྱལ་གྱི་རྒྱུ་ངོ་བོ་བྱེད་ལས་བཅས་ལ་བརྟགས་ན་གསལ་བོར་ར་འཕྲོད་ངེས་རེད། སྨོན་ལོག་ནི་སྨོན་ལོག་རང་ཡིན་པས་དེས་རྐྱེན་གྱིས་བོད་གཞིས་བྱེས་ཆོལ་ཁ་ཆོས་ལུགས་དང་བཅས་པའི་ཆིག་སྒྲིལ་གྱི་གོང་བུར་བསྲེ་བསླད་ཞུགས་ཏེ་གཉོམ་ཆུང་ཆགས་བཞིན་པའི་གོ་སྐབས་འདི་བཟུང་སྟེ་རྒྱ་དམར་གྱིས་དོལ་རྒྱལ་གྱི་རྗེས་འབྲངས་པ་ཁོང་ཚོར་འཕྲལ་གྱི་ཁེ་ཕན་ཙམ་སྤྲད་དེ་ཆབ་སྲིད་ཀྱི་ལག་ཆར་ཇི་ལྟར་བེད་སྤྱོད་བྱེད་ཀྱི་ཡོད་མེད་དང་། དེས་བོད་གཞིས་བྱེས་ནང་ཁུལ་ཇི་འདྲ་ཞིག་ལ་སླེབ་ཀྱི་ཡོད་མེད་དེ་མདོར་ན་བོད་སྤྱིའི་བདེ་སྡུག་དང་རྩ་དོན་མངོན་འདོད་བཅས་ལ་འགན་ཁུར་དང་ལྷག་བསམ་ཤ་ཚ་ཡོད་མཁན་ཞིག་ཡིན་ཚེ་ཅིས་ཀྱང་ཆར་པ་ཆུ་གྲོགས་དང་ལག་པའི་ནང་ལག་པ་འཇོག་བཞིན་དཔུང་གདངས་སྦྲེལ་ཏེ་༸གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་འོག་ཤར་སྐྱོད་བྱེད་ངེས་རེད། །
རིག་སློབ བློ་སྤྱིན་གྱི་བཤད་པ་ལ་རྗེ་སུ་ཡིད་རིང་ཡོད།བོད་ མི་ཚང་མའི་བོད་སྤྱིའི་བདེ་སྡུག་ལ་སོ་སོའི་འགན་འཁུར་ཏེ་གདོན་འདྲེ་དོལ་ཚོགས་ལ་མཐའ་གཅིག་ཏུ་རྒོལ་གདོང་དྲག་པོ་བྱེད་དགོས་པ་དང་༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་འོག་ཤར་སྐྱོད་བྱེད་དགོས། སོ་སོའི་འགན་འཁུར་བའི་སྟེང་ནས་གདོན་འདྲེ་དོལ་ཚོགས་ལ་རྒོལ་གདོང་དང་རྩོམ་ཡིག་བྲིས་ན་དེ་ལ་རྗེ་སུ་ཡིད་རིང་དང་བཀུར་འོས་པའི་དཔའ་རྒོད་གཅིག་ལ་ངའི་ངོས་འཛིན་བྱེད་ཀི་ཡོད།
༡༽ ༸གོང་ས་མཆོག་གིས་ཀྱང་། དང་པོ་ངས་ཀྱང་མ་ཤེས་ནས་བསྟེན་པ་ཡིན་། ཞེས་ལན་མང་གསུངས་ཡོད་པ་དང་། ཕྱིས་སུ་ཉམས་མྱོང་མང་པོ་བསགས་ནས་། བསྟེན་ན་ཕན་ལས་གནོད་ཆེ་བ་ཡོད་པར་མཁྱེན་ནས་བསྟེན་མཚམས་བཞག་གནང་བ་རེད།
༢༽༸སྐྱབས་རྗེ་ཕ་བོང་ཁ་པ་མཆོག་དང་། ༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་གིས་ཀྱང་། འཇིག་རྟེན་པའི་ལྷ་དྲེགས་པ་ཅན་རང་གི་རང་ས་ལ་བཞག་ནས་བསྟེན་བཀོལ་གནང་ཡོད་རེད།
༣༽དོལ་རྒྱལ་འདི་༸རྒྱལ་དབང་ལྔ་པའི་སྐབས་ལ་དམ་ཚིག་ཉམས་ནས་དྲེགས་པར་སྐྱེས་ཙང་། ༸གོང་ས་མཆོག་དང་། བོད་སྤྱི་པའི་དོན་ལ་གནོད་ཐུབ་པའི་སྨོན་ལམ་ལོག་པ་ཐེབས་ཡོད་པར་འདྲ།
༤༽འཇམ་མགོན་བླ་མ་རི་བོ་དགེ་ལུགས་པའི་བསྟན་པ་ལ་གནོད་སྟངས་ནི། དགེ་ལྡན་པའི་སྐྱེས་བུ་གསུམ་གྱི་སྲུང་མ། སྔར་ནས་ཡོད་བཞིན་པ་ལ་གསར་པ་ཅིག་གསར་དུ་བསྣན་དུས། མ་འགྲིག་པ་དང་།
༥༽ དེ་ལས་ཀྱང་གལ་ཆེ་བ་ནི། དེང་སང་དོལ་ཚོགས་གསར་པས། དོལ་རྒྱལ་ནི། ༸རྗེ་བླ་མ་ཙོང་ཁ་པ་རང་གི་རྣམ་སྤྲུལ་རེད་ཅེས་ཧམ་བཤད་འདིས། དགེ་ལུགས་པ་དང་། དད་ལྡན་སྤྱི་ཡི་དད་དམ་ལ་གནོད་འཚེ་ཆེན་པོ་གཏོང་བཞིན་ཡོད་རེད་སྙམ་ལགས།
དོལ་དགེ་གཡུལ་འགྱེད་ལ་ལམ་སྟོན།
མགོན་པོ་གླིང་གེ་སར་དུ་སྤྲུལ། ལྷ་མོ་མགར་བཟའ་ཆོས་སྒྲོན་དུ་སྤྲུལ། ཆོས་རྒྱལ་མཆོང་ལྷ་སྨུག་པོར་སྤྲུལ། ཁོ་ཚོ་གསུམ་མཉམ་རུབ་ཀྱིས་དོལ་རྒྱལ་ཧོར་གུར་དཀར་རྒྱལ་པོར་སྤྲུལ་པ་དེར་གཉའ་སྒ་བསྟོད་དགོས། དེ་ལྟར་བྱས་ན་དོལ་དགེ་གཡུལ་འགྱེད་མཇུག་རྫོགས་སོང་བ་མ་རེད་དམ། དོལ་དགེ་གཡུལ་འགྱེད་འདི་སྤྱིར་ན་སྲུང་མ་ཁོ་རང་ཚོའི་དམག་འཁྲུག་ཅིག་རེད་མ་གཏོགས་མིའི་གཡུལ་འགྱེད་ཅིག་མ་རེད།
ལྷ་འདྲེའི་དམག་འཁྲུག་མི་ཡིས་བརྒྱབ། །
དོལ་དགེ་གཡུལ་འགྱེད་དེ་ནས་བརྩམས། །
ལྷ་འདྲེའི་དམག་འཁྲུག་ལྷ་འདྲེས་རྒྱོབས། །
དོལ་དགེ་གཡུལ་འགྱེད་མགྱོགས་པོར་རྫོགས། །
གསེར་ལས་གྲུབ་པའི་ཀ་ཁ་སུམ་ཅུ་འདི། །
དོལ་འདྲེའི་སྐྱག་དོང་མ་གཡུགས་དགེ་ལྡན་པ། །
བོད་མིའི་ངོ་ཚ་དོལ་དགེ་གཡུལ་འགྱེད་འདི། །
མགྱོགས་པོར་མཇུག་རྫོགས་གྱིས་ཤིག་དགེ་ལྡན་པ། །
ཨ་ལེ་ད་བྱས་ན་་སྨྱོ་པའི་ནང་དོན་རིགས་པའི་དཔག་དོན་དེ་དོལ་དགེ་གཡུལ་འབྱེད་དེ་ཡིན་པ་རེད།
ང་ཚོས་དོལ་རྒྱལ་ལ་དགག་པ་རྒྱག་ཆོག་པ་དེ་ཡང་རང་དབང་ཞིག་རེད། དོལ་རྒྱལ་ཚོགས་པས་བོད་གཞུང་དམངས་གཉིས་ལ་དགག་པ་རྒྱག་བཞིན་པ་དེ་ཡང་རང་དབང་རེད། བོད་གཞུང་དང་གཞུང་འཛིན་པར་དགག་པ་རྒྱག་མི་ཆོག་པའི་ལྟ་གྲུབ་དེ་ལས་བརྒལ་ན་ཡག་པོ་རེད། གཞུང་འཛིན་ཚོགས་པ་དང་དེ་ལ་སྐྱོན་བརྗོད་བྱེད་པའི་ཚོགས་པ་གཉིས་དམངས་གཙོའི་རྒྱལ་ཁབ་གང་ལའང་ཡོད་རེད། ཡིན་ནའང་ང་ཚོས་ཁ་གཏད་ཚོགས་པ་དེ་བོད་སྤྱི་ཚོགས་ནང་དུ་སྡོད་མི་ཆོག་པར་བཟོང་ཙང་མཐར་གནས་ཚུལ་འདི་འདྲ་ཞིག་ལ་ཐུག་སོང་བ་རེད། སྔོན་མ་ཟམ་གདོང་གིས། ཁ་དང་ཁ་སྤུ་དབྱེ་འབྱེད་དགོས་པར་བཤད་དེ། དོལ་རྒྱལ་ཚོགས་པ་དང་འབྲེལ་བ་གཏན་གཅོད་དགོས་པར་བཤད་པ་དེའི་འབྲས་བུ་འདི་འདྲ་ཞིག་ལས་སྐྱེ་ཐབས་མེད་པ་རེད། བོད་ཀྱི་བསྟན་དགོན་གཉིས་ཀ་རྩ་མེད་བཟོ་མཁན་གྱི་རྒྱ་དམར་གཞུང་དང་ལྷན་དུ་གྲོས་མོལ་བྱ་འདོད་ཡོད་ན། དོལ་རྒྱལ་ཚོགས་པ་རྩ་མེད་དུ་གཏོང་རྒྱུ་ལས་གྲོལ་མོལ་གྱི་ལམ་ཁ་མེད་པ་ག་རེ་ཡིན་ནམ། རྒྱ་དམར་གྱིས་ང་ཚོར་ཐུབ་ཚོད་གཏོང་བ་དེས། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །
དེང་གི་དུས་ཀྱི་སྐྱ་སེར་ཚོ་ལྷ་འདྲེ་དང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་བཞིན་དུ། ད་དུང་ལྷ་འདྲེ་གང་དང་གང་གསོ་ཆོག་མིན་ལ་འཐབ་རྩོད་དེ་ཙམ་དགོས་པ་འདི་ཅིས་ཉེས་པ་ཡིན་ནམ། གནའ་དེང་གི་ཤེས་འཇོན་མེད་ན་རྩོད་རྒྱུ་འདི་ལས་མེད་པ་འདྲ། ད་རྩོད་ཨ། ཆོས་ལུགས་རེས་མེད་བྱས་ནས་ལྟ་གྲུབ་ལ་རྩོད་པ་དོན་མེད་དུ་བསམས་ཏེ། ལྷ་དང་འདྲེའི་ལོ་རྒྱུས་དང་བྱུང་བ་ལ་རྩོད་ན་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་གཞན་དང་གཏན་ནས་མི་མཚུངས་པའི་བོད་མིའི་ཁྱད་ཆོས་གསར་པ་ཞིག་རེད།
ལྷ་བདུད་དྲག་ཏུ་འཐབ་པའི་བྱུང་བ་ལས།། རང་དབང་རང་བཙན་དོན་དུ་གཉེར་བ་ལ།།
ཉིན་མཚན་རེ་བའི་མིག་ཟུང་ཆེར་བགྲང་བ།། འཇའ་ཚོན་གོས་སུ་རེ་བའི་ངལ་བ་ཉིད།།
ད་ལྷ་འདྲེ་རྩད་པ་ནི་རྗེས་ལུས་ཀྱི་ལྐུག་རྟགས་རེད་ལ། ཤུགས་ལྡན་པ་གཙང་བཟོ་བྱེད་འདོད་པ་གཡོ་མཐའ་ཆེ་བའི་ལངས་ཕྱོགས་རེད། རྒྱ་ནག་ལ་འཛུམ་གྱིས་བསུ་ཞིང་། བོད་པ་ནང་ཁུལ་ལ་སྟག་ལྟར་དཔའ་བའི་ལས་འདི་ལྕི།
མ་རིག་པའི་བུས་ཉོན། རབ་བྱུང་བ་ནོར་ན་ནོར་འཁྲུལ་གཏུགས་ས་ཅིག་ཡོད། འདུལ་བ་ཟེར་བ་དེའི་གྲ་བ་བཟོ་ཐུབ་ཀྱིན་ཡོད། དེ་དོལ་ཚོགས་ཀྱི་ཤེས་ཀྱིན་ཡོད། གྲྭ་བས་ནོར་ན་ཆད་པ་ཡོད་འདི་དོལ་ཚོགས་མ་ཤེས་པ་གང་ཡིན་ནམ། མ་རིག་པའི་བུ་རྒྱ་ཕོག་བཟའ་དྲག་ནས་བཟི་སོང་ངམ།
དོལ་ཚོགས་གདོན་འདྲེ་རྒྱ་མིའི་སྐྱག་པ་ཟ། བོད་རྒྱལ་ལོ།
མཁྱེན་ལྡན་རྣམ་པ་ཚོ། གུས་པའི་དོགས་འདྲི་གཉིས་པ་ནི། བོད་ཀྱི་རྩོད་མེད་ལོ་རྒྱུས་སྨྲ་བ་ཆེན་པོ། འཛམ་གླིང་བོད་ཀྱི་ལོ་རྒྱུས་མཁས་པའི་གཙུག་རྒྱན། ཨ་མྱེས་རྨ་ཆེན་གྱི་གཙོ་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་བཤད་ཅིག་ལ། དོལ་རྒྱལ་དེ་བཀའ་བརྒྱུད་པས་དགེ་ལྡན་པའི་དབུ་ཁྲིད་གོང་ས་ལྔ་པ་མཆོག་གི་སྐུ་ཚེར་བར་གཅོད་བྱེད་པར་བཏང་བ་དང་དེ་རྗེས་མ་རྙིང་མའི་ཨུ་རྒྱན་གཏེར་བདག་གླིང་པས་གསལ་ཁ་བསྟན་ཡོད་གསུངས། དེ་ལྟར་ཡིན་ན། དོལ་རྒྱལ་དེ་བཀའ་བརྒྱུད་པའི་ལྷ་ཞིག་ཨེ་རེད། འདིའི་སྐོར་ལ་མཁྱེན་མཁན་ཨེ་ཡོད།
ལྷ་འདྲེ་ཡོད་པར་ཡིད་ཆེས་དང་ངེས་ཤེས་ཡོད་པ་ཚོའི་བྱ་བ་འདིར་དེ་མེད་པར་འདོད་མཁན་ཚོས་ཇུས་གཏོགས་བྱེད་དགོས་ཡོད་མ་རེད། ཆོས་དད་རང་དབང་ལ་བརྩི་སྲུང་གནང་རོགས། ལྷ་འདྲེ་དང་ཆོས་ལུགས་ཀྱི་གནད་དོན་འདི་དག་བོད་གཅིག་པུ་མ་རེད། སྐལ་མེད་སར་སྐེ་མ་སྲིངས། ཟེར་བའི་གཏམ་དཔེ་སེམས་ལ་ཟུངས།
ཨ་དགའ་ཆབ་བྲག་ལགས།
དེ་འདྲ་ཞིག་བཤད་སྙིང་གང་ནས་སྐྱེས་སོང་། གནད་དོན་འདི་ལྐུག་བཤད་བརྒྱབས་པ་ཙམ་གྱིས་བསལ་འགྲོ་བའི་ལས་སླ་བོ་ཞིག་མ་རེད་ཐལ།
གཟབ་གཟབ་མ་བྱས་ན། འདི་ཚོ་ནི་སྙིང་ཁྲོག་དྲོན་པོར་ལེན་ནིའི་སྙིང་རྗེ་དང་སྙིང་བོ་མེད་པའི་གཡག་ལྡོམ་ཁྱུ་ཞིག་ཡིན་པ་ཨ། ཕར་ལ་ཁབ་གཙགས་ཙམ་བྱེད་མ་མྱོང་བའི་ང་ཚོས། བོད་གང་ཅན་ལ་གནོད་པའི་ལས་བྱེད་མཁན་གྱི་རང་མྱི་ལ་ནམ་ཡང་མགོ་སྒུར་མི་ཉན་པ་ནི་མཐོང་ཆོས་མྱང་གྲུབ་ཡིན་པ་ཨ། འདི་ཆོས་དད་རང་མོས་ཀྱི་གནད་དོན་ཞིག་མིན་པ་གསལ་བོ་ཡིན་པ་ཨ། མིང་དང་སྟོབས་འབྱོར་ན། འདི་ཚོས། བླ་མ་བླ་ཆེན་གྲིས་གཙབ་ཡ་ལ་ཡ་ང་མེད་པ་ཨ། སྐྱིད་སྡུག་བཞག་ནས་དགྲ་ལ་སྐྱབས་བཅོལ་བའི་ངོ་ཚ་མེད་པ་ཨ། ང་ཚོས་འདི་ཆོས་དད་རང་དབང་ལ་ཅི་ལྟར་རྩི་འམ། ད་སྔ་ཚུན་ཆད། འདི་ཚོས་བོད་གངས་ཅན་གྱི་ཆོས་ཁྲིམས་དང་རྒྱལ་ཁྲིམས། མི་རིགས་ཀྱི་མཐུན་སྒྲིལ་དཀྲུགས་ནས་བསྡད་པ་ཡིན་པ་ཤེས་ཡོད་བཞག་ཡིན། འདི་ཚོའི་རྒྱབ་ལོག་ན། དགྲ་བོའི་འདྲེ་ལག་ཡོད་པ་ཨ། དམ་ལོག་གི་གསོན་ཤུགས་ཡོད་པ་ཨ། གཏོར་ཞིག་གི་འཁྱོག་བཤད་ཡོད་པ་ཨ། རང་རིགས་མེ་ཡིས་འཚིག་དུས། གོམ་གང་གི་གདོང་སེམས་བསྐྱེད་མེད་པ་ཨ།
ད་མང་པོ་མི་བཤད། བཤད་ན་ཉན་ནི་མེད་ནོ་ཤེས་ཡོད། ཡིན་ན་ཡང་། ཁྱེད་ལ་ལྟ་བ་དང་རྟག་པ་ཅི་ཞིག་གིས་འདི་འདྲ་ཞིག་བཤད་འདོད་དྲན་སོང་། དྲང་བཤད་ཞིག་བྱོས་དང་། ཀ་ཁ་བ།
ཤར་ཁུག་དང་དོལ་རྒྱལ་རྗེས་འབྲང་བ་གཉིས་ཁྱི་སྐྱག་ལ་གཙང་གཙོག་མེད། ད་རེས་ཡང་ཤར་ཁུག་སྤྱི་འཐུས་བྱེད་འདོད་ཡོད་པ་མིན་ནམ།
ལྷ་འདྲེ་རྩད་ནས་བོད་མི་རིགས་ཀྱི་སྲོག་རྩ་གཏོར་ཞིང་མཐུན་སྒྲིལ་གཅོམ། ལྷག་པར་དུ་བོད་པ་ཚང་མ་དམ་ཚིག་རིང་ལུགས་པ་ཞིག་ཏུ་སྒྱུར་འདོད་ཀྱི་གཡོ་མཐའ་ཆེ་བའི་ལངས་ཕྱོགས་ལ་ལྟད་མོ་ལྟས་ནས་འདུག་ག་ལ་ཐུབ། བོད་པ་ཞིག་ཡིན་པའི་ཆ་ནས་ལྷ་འདྲེ་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་བ་བོད་རིགས་རྣམས་ཀྱི་འདོད་འདུན་གྱི་རང་དབང་བཀག་ན་དེ་ལ་ཐེ་བྱུས་ཡོད་དང་ཡོད། ཐེ་བྱུས་ཡོད་མེད་ཀྱི་སྐད་ཆ་ནི་གཅིག་བསྡུ་རིང་པའི་རང་གི་དབང་ཆ་བེད་སྤྱོད་བཏང་བྱེད་ཀྱི་ལག་ཆ་ཡག་ཤོས་དེ་ཡིན།
བྲན་ཁ་བློ་འདོན་པ་བསྡད་ནས་ཁྲི་རལ་གྱིས་ཚད་ཀྱིས་ཚད་མེད་ཀྱི་ཁྲིམས་ལུགས་བཟོད་བས། ཁྲི་རལ་བསད་དགོས་ཐུག་པ་རེད། རྒྱལ་བློན་གྱི་ནང་འགལ་ཟླ་བཏང་བ་རེད། བན་བོན་གྱི་ནད་རྙིང་སྔ་ལས་སྐྱར་གསོ་བྱས་བ་རེད། མཐའ་མའི་འཇུག་འབྲས་སུ་བཙན་པོའི་རྒྱལ་སྲིད་བརླགས་པ་རེད། དེ་དག་གི་བྱས་ཉེས་ཀྱི་རྩ་བ་དང་འབྱུང་རྐྱེན་བྲན་ཁ་དཔལ་ཡོན་གྱིས་གཙོ་བོ་བཟོས་བ་རེད།
རྒྱའི་ཞབས་ཞུ་བ་མ་རིག་པའི་བུས་ཉོན་ཅིག རབ་ཏུ་བྱུང་དུས་འདུལ་བ་དགོས་མདོག་མདོག མི་བསད་དུས་འདུལ་བར་ངོས་ལེན་མེད་མདོག་མདོག ཟམ་གདོང་དང་ཡོན་ཏན་འོད་ཀྱི་ཁྱད་མི་ཤེས་མདོག་མདོག བྲན་ཁ་ཡིན་ན་ཅིག ལྐོག་གསོད་ཚོགས་པ་ནི་དོལ་ཚོགས་ཅེས་བྱ་བའི་ཐ་ཚིག་གོ ལྷ་འདྲེ་ཡིན་ན་ཅིག
དོལ་ཚོགས་པའི་རྙོག་གླེང་འདི་ནི་དེང་མཇུག་རྫོགས་ཡོད་པས་བསྐྱར་དུ་མ་གླེང་ན་ཡག
ད་གང་ལྟར་དོལ་རྒྱལ་དོལ་འདྲེ་ཟེར་ནས་དགེ་ལུགས་ནང་ཁུལ་ཁྲག་དཀྲུག་དཀྲུག་ཅིག་ནི་བྱས་སོང་་་ད་སུས་བྱས་མིན་བཤད་ན་གང་ཡོང་མི་ཤེས། ད་ཡང་སྐྱར་ཁྲི་ཕ་གཉིས་དང་༧གོང་ས་མཆོག་གི་བླ་སློབ་ཀྱི་འབྲེལ་བ་གཅོད་འདོད་ཡོད་པ་འདྲ། ཡིན་ནའང་ལྷ་རམ་རྡོ
རམ་པ་དེ་ཚོས་ནི་ས་རྟགས་རྒྱབ་མི་ཐུབ་དུས་འདི་ནའང་དེ་ཚོར་དགག་ལན་ཞིག་བྱེད་མི་ཐུབ་པའི། ད་དེ་ཚོ་ནི་སྟོན་པ་གཅིག་བསྟན་པ་གཅིག་འཚེ་མེད་ཞི་བདེ་སྨྲ་མཁན་དག་གི་མཆེད་གྲོགས་ནང་ཁུལ་གྱི་སྙོག་གྲ་ཞིག་ཡིན་དུས་ངས་ཇུས་མེད་ཇུས་གཏོགས་དགོས་ཀྱི་མི་འདུག་་་སྒོ་གསུམ་འཚེ་མེད་སྨྲ་མཁན་ཚོས་ཤེས་ཤེས་གསལ་གསལ་རེད་པ།
གནམ་ལགས། ངའི་སྐད་ཆའི་ནང་དོན་ཧ་གོ་བར་བྱོས།
རྒན་ལགས། ད་རེ་ཧ་མི་གོ་བའི་སྙན་ངག་བྲིས་མི་འདུག་པས། ཧ་ཡག་པོ་གོ་ཡོད། སྙན་པོ་བཤད་ན། ཆོས་དད་རང་དབང་ལ་བརྩི་སྲུང་གནང་རོགས། མི་སྙན་པ་བཤད་ན། མྱི་གསོད་རང་དབང་ལ་བརྩི་སྲུང་གནང་རོགས་ཟེར་བ་དང་གཅིག་པ་མ་ཡིན་ནམ། ད་དུང་བོད་སྤྱི་བའི་སྤྱི་དོན་གྱི་རྡོག་རྩ་དང་མཐུན་སྒྲིལ་ལ་གནོད་བསྡད་པ་ཞིག། ཆོས་དད་མེད་པའི་མིས་བཤད་མི་ཆོག་པ་དེ་འདྲ་གང་རེད། ཅིག་ཤོད་དང་། མཁས་བས་བཤད་ན་ཅི་ཡང་བདེན་མིན་ངས་བལྟས་ཆོག།
ང་ཚོས་གུང་ཁྲན་ཏང་ལ་ཆོས་ལུགས་ཐད་ལ་ཐག་གཅོད་ཀྱི་ཐོབ་ཐང་མེད་ཚུལ་བཤད་ཀྱིན་ཡོད་པ་དེའི་རྒྱུ་མཚན་ཁོ་ཚོ་ཆོས་ལུགས་ལ་དད་མོས་མེད་མཁན་ཡིན་པས་རེད། དེ་བས་དེ་ལ་ཇུས་གཏོགས་ཡོད་མ་རེད། དེ་བཞིན་ཆོས་ལུགས་ལ་དད་མོས་མེད་མཁན་སུ་ཡིན་ཡང་དོལ་རྒྱལ་ལྟ་བུའི་ལྷ་འདྲེའི་རྩོད་པ་འདི་དག་ལ་ཡིན་མིན་གྱི་སྐད་ཆ་ཤོད་པའི་ཐོབ་དབང་ཞིག་ཇི་ལྟར་ཡོད། རང་ལ་འོས་བབ་མེད་པའི་ལས་རིགས་དག་ལ་རྩོད་པ་བྱས་ན་དེ་ནི་མི་མཐུན་པའི་འགལ་སྤྱོད་གཙོ་བོ་ཡིན། དེ་བས་ང་ཚོའི་ཆོས་ལུགས་ཀྱི་གནད་དོན་དག་ལ་སྐྱོན་འཛུགས་མི་གནང་བར་བར་བཞུགས་གནང་ན་དེ་བརྩི་སྲུང་རེད་ཅེས་པའི་དོན་ཡིན། འདི་ལས་གཞན་པ་ཞིག་ངས་ཅང་བཤད་མེད།
རང་མི་རིགས་ཀྱི་ནང་ཁུལ་ལ་ཕྲད་པའི་དཀའ་ངལ་ཆེན་པོ་འདི་འདྲ་ལ། རང་མི་རིགས་ཤིག་གིས། མ་གོ། མ་རིག། མི་ཤེས། ཇུས་གཏོགས་མེད་ཟེར་ནས་དཀར་ནག་གི་དབྱེ་མི་འབྱེད་པ་ནི། ཀླད་པ་ཡོད་རུང་ལྐུག་པ་དང་། དཔའ་བོ་ཡིན་རུང་ལག་རྡུམ་དུ་གྱུར་སོང་བ་མ་ཡིན་ནམ།
ལྟད་མོ་བཟོ་མཁན་དང་ཁྲབ་མཁན་གཉིས་ཀྱིས་བཟོས་བ་རེད། ལྟ་མཁན་གྱིས་དེ་ཡག་སྡུག་གི་ཐག་གཅོད་བྱེད་པ་རེད། འདི་འཇིག་རྟེན་སྤྱིའི་འགྲོ་སྟེང་རེད། ཡག་སྡུག་གི་རིན་ཐང་མི་བཤད་པའི་ལྟད་མོར་ལྟ་མཁན་མཁས་བ་འམ་ཀླུན་པོ་ཞིག། ཁྱེད་གཅིག་པོ་ལས་གཞན་ང་ལ་ནི་གོ་ཐོས་མེད་དོ།
གནམ་གྱིས་བཤད་པ་བདེན་པ་རེད།
༸གོང་ས་མཆོག་གིས།
་་་་་་་་ རྒྱ་གར་སྲུང་སྐྱོབ་སྡེ་ཚན་ནས་དོལ་རྒྱལ་ཚོགས་པས་ཏཱ་ལའི་བླ་མར་ཉེན་ཁ་འདུག་བརྗོད་ནས་ངྷ་རམ་ས་ལར་ལྕགས་རི་གསར་པ་བསྐོར་དགོས་པ་ཆགས་པ་རེད། ཨ་རིའི་སྲུང་སྐྱོབ་སྡེ་ཚན་ནས་ཀྱང་ཏཱ་ལའི་བླ་མར་ཉེན་ཁ་ཡོང་ས་གཅིག་དོལ་རྒྱལ་ཚོགས་པ་ནས་ཡོང་གི་འདུག་ཅེས་ཤོད་ཀྱི་འདུག དྲེགས་པ་གདུག་རྩུབ་ཅན་ཞིག་བསྟེན་སྐབས་མིའི་གཤིས་ཀ་དེ་ཡང་ཧ་ཅང་རྩུབ་པོ་ཆགས་བཞིན་འདུག དང་པོ་མཚན་ཉིད་སློབ་དཔོན་བསད་པ་རེད། ཁོང་ངའི་སྡོད་ས་དང་ཐག་ཉེ་པོ་རེད། གཙུག་ལག་ཁང་གི་རྒྱབ་ལ་རེད། མཚན་ཉིད་སློབ་དཔོན་གཟུགས་པོ་གྲི་བཅུ་དྲུག་བཙུགས་རྗེས་སྐེ་བྲེགས་ནས་བསད་པ་རེད། མཉམ་དུ་ཡུ་ནན་ནས་ཡིན་པའི་རྒྱ་སྐད་ཧ་ཅང་བདེ་པོ་ཡོད་པའི་སྐད་སྒྱུར་གནང་མཁན་དགེ་སློང་ན་གཞོན་ཞིག་ཡོད་པ་དེ་ཡང་བསད་པ་རེད།
སྐབས་དེར་ཁོང་གིས་རྟེན་འབྲེལ་བསྟོད་པ་རྒྱ་སྐད་ནང་སྒྱུར་བཞིན་ཡོད། ཁོང་དང་ལྷན་རོགས་པ་གཞན་ཞིག་གཅིག་ཡོད་པ་དེ་ཡང་བསད་པ་རེད། གང་ལྟར་མི་གསུམ་དུས་གཅིག་ལ་བསད་པ་རེད། དེ་ནས་ལྡི་ལིའི་དོལ་རྒྱལ་ཚོགས་པའི་གྲས་ཀྱིས་མི་ཡར་འགྲོ་མར་འགྲོ་བྱེད་མཁན་གྲྭ་སའི་ནང་ནས་འགའ་ཤས་ལ་ཉེས་རྡུང་བཏང་ནས་སྲོག་ལ་ཉེན་ཁ་བཟོས་པ་བྱུང་ཡོད། གཞིས་ཆགས་ནང་དུའང་ཞེད་སྣང་སྐུལ་མཁན་འགའ་ཤས་བྱུང་ཡོད། མ་གཞི་ངོས་རང་ཕར་ཚུར་འགྲོ་སྐབས་གྲྭ་ས་གྲྭ་ཚང་སོ་སོའི་ཁུངས་ནས་དོ་སྣང་བྱེད་ ཀྱི་འདུག བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཉེན་ཁ་མེད་པ་མ་རེད། ཉེན་ཁ་འདུག་ཅེས་རྒྱ་གར་དང་ཨ་རིའི་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་རྗོད་ཀྱི་འདུག དོན་མེད་ཉེས་རྡུང་ཟེད་ནའང་འདྲ། མེ་མདའ་སོགས་བརྒྱབ་པ་ཡིན་ན་རྡོག་གྱོང་རེད། དེར་བརྟེན་གཟབ་གཟབ་བྱེད་དགོས་པ་འདུག གཞན་ཁོང་ཚོས་གང་བྱས་ཀྱང་ངོས་ལ་ཁྱད་པར་གང་ཡང་མི་འདུག ་་་་་་་་་་་་
ནང་ཁུལ་གྱི་དཀའ་ངལ་སེལ་རྒྱུར་ཐུགས་བསམ་བཞེས་པ་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་དཀའ་ངལ་སེལ་སྟངས་མ་ཤེས་ན་དོན་དག་ཆུང་ཆུང་མང་པོ་ཞིག་ཇེ་ཆེར་གཏོང་གིན་ཡོད་པ་ཡང་མཁྱེན་དགོས། རྩ་དོན་གཅིག་རང་ནི་བདེན་པའི་རྒྱབ་ལངས་བྱེད་པ་དེ་ཡིན། ཡིན་ན་ཡང་བདེན་རྫུན་གྱི་དབྱེ་བ་གསལ་བོར་མ་གཏོགས་པར་སྐད་ཆ་མཐོ་བཤད་དམའ་བཤད་བྱས་ན་ཕན་ལས་གནོད་པ་ཆེ།
དཔེར་ན་དོལ་རྒྱལ་དེ་ལྷ་འདྲེ་གང་ལ་གཏོགས་མིན་ང་ལྟ་བུས་ཐག་གཅོད་མི་ཐུབ་པ་རེད། ཡིན་ན་ཡང་ང་ལྷ་འདྲེ་ལ་ཡིད་ཆེས་ཡོད་མཁན་ཞིག་ཡིན་པས་གནད་དོན་འདིར་འགན་འཁུར་གྱི་འདུ་ཤེས་ཡོད་པ་རེད། དེ་བས་ངས་དེ་ལ་མཆོད་གསོལ་བྱེད་དང་མི་བྱེད་པའི་གདམ་ག་བྱས་ནས་ཕྱོགས་གཅིག་ལ་འགྲོ་དགོས་པ་རེད། དེའི་མཚུངས་རང་གི་བསམ་ཚུལ་ཡང་འདོན་དགོས། འདི་ང་དད་མོས་པ་ཞིག་ཡིན་པའི་འོས་འགན་རེད། དད་མོས་མེད་པ་དེ་ཚོ་ཕྱོགས་གང་ལ་ཡང་འགྲོ་གི་མ་རེད། དེའང་ཁོའི་ཐོབ་ཐང་རེད། འོན་ཀྱང་ཁོས་ཕྱོགས་གཉིས་ལ་བར་འདུམ་གྱི་ཀུན་སློང་བཟང་བོ་འཁྱེར་ཆོག་མོད་ཁོས་འཇོན་རྒྱུ་ཁག་པོ་རེད། ཁོས་བྱེད་མི་འོས་པ་དང་ཁོ་ལ་ཐོབ་ཐང་རྦད་དེ་མེད་པ་ནི་ང་ལྷ་འདྲེ་ལ་ཡིད་ཆེས་མེད། ལྷ་འདྲེ་ཡོད་མ་རེད། ་ཁྱོད་ཚོ་ཚང་མ་རྨོངས་དད་པ་རེད།་ཁྱོད་ཚོས་དོན་མེད་ཉོག་གྲ་བཟོ་གི་འདུག་ཟེར་བ་སོགས་ཀྱི་སྐད་ཆ་ཤོད་པའི་ཐོབ་ཐང་ཡོད་མ་རེད། དེ་བཤད་ན་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་ཕོག་ཐུག་བཏང་བ་རེད། གནས་ལུགས་འདི་ཆོས་ལུགས་ལ་དད་མོས་མེད་པ་ཚོས་སེམས་ལ་འཛིན་དགོས། གུང་ཁྲན་ཏང་གིས་གནས་ལུགས་འདི་བརྩི་གི་མ་རེད། དེ་སྲིད་དོན་གྱིས་རེད། ཡིན་ན་ཡང་ང་ཚོ་་་་་་
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེའི། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ། །
མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག །
ཆོས་ལུགས་པ་ཚོ། ཁྱེད་ཚོས་སྐད་ཆ་ཆུང་ཆུང་ཞིག་ཆེན་པོ་བཟོས་པ་རེད། ད་དུང་ཆེ་རུ་མ་བཏང་ན་བཟང་། ད་མཚམས་བཞག་ལ་ཡག་གི་རེད། ཡང་ན་གྲ་ཆས་ཕུད་ཡང་ན་ཆགས་སྡང་རྩོད། ཡང་ན་དུས་རབས་བདུན་པའི་རྨོངས་གཉིད་དུ་ད་དུང་ཡུར། མི་རབས་ནས་མི་རབས་བར་མི་རིགས་འདིའི་རེ་བ་ད་དུང་གཏན་མེད་བཟོས་ཞོག་ཁྱི་རྒན་ཚོ།
“ཆོས་ལུགས་པ་ཚོ།་་་་་་ཁྱི་རྒན་ཚོ།” ཨ་ཁ་ཁཁཁ་་ བོད་མི་རིགས་ཀྱི་བརྒྱ་ཆའི་དགུ་བཅུ་ཆོས་ལུགས་པར་ལོས་གཏོགས། རྒྱ་གུང་ཁྲན་གྱིས་སྤྱང་ཀི་དམར་པོ་ཞེས་དམོད་མྱོང་བ་རེད། འོན་ཀྱང་དེ་ང་ཚོའི་དགྲ་ཡ་རེད། དགྲ་ཡས་དགྲ་ཡ་ལ་དམོད་པ་དེ་སྤྱིར་བཏང་འདྲ་བོ་རེད། འོན་ཀྱང་རང་རིགས་ཀྱིས་རང་རིགས་ལ་འདི་ལྟར་དམོད་ན་་ངོ་མ་་་་ད་་་་བསོད་ནམས་ཟད་པའི་སྔ་ལྟས་ཟེར་བ་འདི་འདྲ་ལོས་ཡིན་་་་ད་ཚར་ཡ་རེད།
ཨ་དགའ་ཆབ་བྲག་པ་ལགས། ད་ངས་བཤད་འདོད་པའི་སྐད་ཆ་ཚང་མ་བཤད་ཚར་ཡིན། གོ་ནི་ཞིག་གིས་གོ་ཡོད་རྒྱུ་རེད། མི་གོ་ནི་ཞིག་གིས་ནམ་ཡང་གོ་འི་མ་རེད། དེ་མིན། ཚེ་གང་ལ་ཁ་སྲེས་མེད་པའི་བཟའ་ཚང་ཞིག་ཡིན་ན་ཡང་། གཅིག་གིས་གཅིག་པོའི་མགོ་འི་རྩྭ་ལེན་ཚུལ་ཡོད་པས། ངས་ཡང་དེ་འདྲ་ཞིག་བྱས་ཙམ་ཡིན། ང་མྱི་གསོད་ཀྱི་ཆོས་ལུགས་རྩ་བ་ནས་མི་དགའ་རུང་་་་་་་་་་་་་་་་་་།
རྒན་ལགས་ལ་ཐུགས་དཀྲུག་གི་ཚིག་ངན་རེ་ཤོར་ཡོད་ན། སྐུ་རླུང་མ་བཞེས།
ཧཧཧཧ་གནམ་ལགས། ངས་རང་སུ་ཡིན་མི་ཤེས་ལ་་་འདིར་ངེད་གཉིས་བར་གྱི་རྩོད་པ་ཞིག་ཀྱང་རྩ་བ་ནས་གླེང་གི་མེད། བོད་ཀྱི་གནད་དོན་གླེང་གི་ཡོད་པ་རེད། ང་རླུང་ལངས་དགོས་པའི་དོན་དག་ཅིག་རྩ་བ་ཉིད་ནས་ཡོད་མ་རེད། དེའི་ཐད་ལ་རང་བློ་བདེ་བོ་གྱིས། ངས་མྱི་གསོད་ཀྱི་ཆོས་ལུགས་ཕྱོགས་ནས་དགག་པ་ཅི་ཡང་བྱས་མེད། ངས་ཆོས་དད་མེད་པ་ཚོས་ཆོས་དད་པ་ཚོར་ངན་བཤད་དང་ཇུས་གཏོགས་བྱེད་པ་དེར་བསམ་ཚུལ་ཞིག་བཏོན་པ་ཙམ་ཡིན། ཐོག་མར་རང་གིས་ངའི་སྐད་ཆའི་ནང་དོན་ལ་འགྲེལ་བཤད་གཞན་ཞིག་བྱས་བྱུང། དེ་བས་ངས་དེ་ལ་ཁྱེད་རང་གིས་ནང་དོན་ཧ་གོ་མི་འདུག ཅེས་གསལ་བཤད་ཅིག་བྱས་ཡོད། ད་ཕན་ཚུན་ལ་གོ་ནོར་ཐེབས་པ་ཅང་མི་འདུག ཁྱེད་རང་གིས་དོལ་ཚོགས་ལ་སྐྱོན་བརྗོད་ཀྱིན་ཡོད་ན་དེ་ག་རང་རེད། ངེད་གཉིས་འཐབ་ཕྱོགས་གཅིག་པ་རེད།་ཧཧཧཧཧཧ
འདྲེ་འདི་དེ་སྔར་ནས་ས་གནམ་གང་ཞིག་ལ་འཐིམས་ཚར་བ་རེད། འདིའི་སྦྱིན་བདག་ཕྱུག་རྒན་ཚོ་ཡང་རིམ་པས་གཤིན་རྗེའི་རྒྱལ་བོའི་སྒོ་ཁར་ཚང་ཁ་རྒྱགས་དང་རྒྱག་བཞིན་ཡོད་སྟབས། ང་ཚོས་འདི་ནས་རྩོད་རྒྱག་དགོས་དོན་མེད་ལ་གླེང་ཡང་དགོས་དོན་མེད།
ཆོས་ལུགས་པས། དགག་བཞག་སྤོང་གསུམ་བྱ་སར། ཆོས་མིན་ཡོང་ནས་ཅི་ཕན།
# 56 བསམ་ཤེས།་ལགས།
་་་་ དེ་ལྟར་ཡིན་ན། དོལ་རྒྱལ་དེ་བཀའ་བརྒྱུད་པའི་ལྷ་ཞིག་ཨེ་རེད། ་་་་
ཞེས་པའི་ལན་དུ།
དོལ་རྒྱལ་རང་གིས་ས་སྐྱའི་བྨ་མ་ལ། ཁྱོད་སུ་ཡིན་ཟེར་དུས། ང་དགེ་ལྡན་པའི་དམ་ཉམས་ཁོ་ཡིན་ཞེས་པ་དང་འགལ་འགྲོ་བས་་་་་་་་་
ཀ་རྡོ་ལགས།
ལན་གནངས་པར་ཐུགས་རྗེ་ཆེ། འདི་ལྟར་ཡིན་བཞིན་དུ། ཨུ་རྒྱན་གཏེར་བདག་གླིང་པས་དེ་བཀའ་བརྒྱུད་པའི་ལྷ་རེད་ཟེར་དགོས་དོན་ཅི་རེད།
རེད། དེང་སང་དོལ་རྒྱལ་ལ་སྐྲག་དགོས་དོན་གང་ཡང་མེད། འོན་ཀྱང་རྒྱ་གཞུང་གི་རྒྱུགས་ཁྱི་ཁག་དང། མགོ་འཐོམ་གྱི་རྨོངས་དད་པ་མི་ཉུང་བ་ཞིག་གིས་ཆོས་དད་རང་མེད་པ་སོགས་ཀྱི་སྐད་འབོད་ཀྱིས་བོད་རིགས་ནང་ཁུལ་ལ་འགལ་བ་བཟོ་བའི་བར་གཅོད་པ་འདི་དག་ལ་མཐོང་ཆུང་དང་ལྷོད་གཡེང་བྱེད་མི་རུང། གཟབ་གཟབ་བྱེད་དགོས།
# 80 བསམ་ཤེས།་ལགས།
ཨུ་རྒྱན་གཏེར་བདག་གླིང་པས། དེ་བཀའ་བརྒྱུད་པའི་ལྷ་རེད་ཟེར་བ། དེའི་ཁུངས་བཙན་པ་ངས་མཐོང་མ་སོང་བས་་་་ དེའི་སྐོར་ཤོད་མི་ཕོད།