ལུག་རྫིས་བསྒྱུར།
གནའ་གཏམ་ཆུང་ཆུང་ཞིག་ལ། སྔོན་ཆད་བོད་ན་ཕྲུ་གུ་དབུལ་ཞིང་ཕོངས་པ་ཞིག་ཡོད། ཆུང་དུས་ནས་ཕ་མ་གཉིས་མེད་པའི་དྭ་ཕྲུག་ཅིག་ཏུ་གྱུར། སྐབས་དེར་བྱིས་པ་མང་པོ་ཞིག་ལ་ཨ་མས་གཅེས་སྐྱོང་བྱེད་དུས་ཁོ་རང་ཧ་ཅང་སེམས་སྡུག་བྱེད་བཞིན་བསྡད། ཁོ་སྡོད་སའི་ཉེ་འགྲམ་དུ། སྒྲོལ་ལྗང་གི་རྡོ་སྐུ་ཆེན་པོ་ཞིག་ཡོད་པ་རེད། ཁོས་ཉིན་རྟག་པར་རྡོ་སྒྲོལ་ལྗང་སྐུའི་འགྲམ་ལ་བརྒྱུགས་སོང་ནས་སོ་སོའི་སེམས་པ་སྐྱིད་པོ་མེད་དུས་སེམས་ཀྱི་སྐད་ཆ་ཤོད་བཞིན་ཡོད། བུ་ཆུང་དེས་སྒྲོལ་ལྗང་དེ་སོ་སོ་ཨ་མ་ནང་བཞིན་རྩིས་ནས་། སྒྲོལ་ལྗང་འགྲམ་དུ་ཡར་རྒྱུག་མར་རྒྱུག་བྱེད་ནས་རྩེད་མོ་རྩེས་པ་དང། རྩེད་མོ་རྩེས་ནས་ཐང་ཆད་པ་ན་སྒྲོལ་ལྗང་ལ་སྐད་ཆ་བཤད་བཞིན་ཡོད་པ་རེད། རེད་དེ། སྒྲོལ་ལྗང་དེ་རྡོ་སྐུ་ཞིག་ཡིན་པས། ལན་སློག་ཐབས་མེད་མོད། ཁོས་ཅི་མི་སྙམ་པར། སྒྲོལ་ལྗང་དེ་རང་ཉིད་ཀྱི་ཨ་མ་བཞིན་། ཁོ་ལ་སྐྱིད་སྡུག་དང་། དགའ་སྐྱོ་ཆགས་སྡང་ཅི་བྱུང་ཡང་སྒྲོལ་མའི་སྐུ་ལ་མ་དང་བུ་ནང་བཞིན་སྐད་ཆ་བཤད་ཀྱིན་ཡོད། ཉིན་རེར་དོན་དག་ཅི་བྱུང་ཐམས་ཅད་སྒྲོལ་ལྗང་ལ་བཤད་པ་དང་སྐྱོ་དུས་ཀྱང་སྒྲོལ་མའི་སྐུ་མདུན་ནས་ངུ་བཞིན་རང་ཉིད་ཀྱི་སེམས་ཚོར་ཕྱི་ལ་འདོན་ཐབས་བྱེད།
ཉིན་ཞིག་ལ། གཞན་གྱིས་ཁོང་ལ་བརྙས་བཅོས་བྱས་པས་སེམས་པ་ཧ་ཅང་སྐྱོ་སྣང་བྱུང་བ་རེད། ཁོས་སྒྲོལ་མའི་སྐུ་མདུན་དུ་རང་ཉིད་ཀྱི་སེམས་ཀྱི་ན་ཟུག་ཡོད་ཚད་བཤད་པ་རེད། ཁོ་ནི་ཧ་ཅང་བྱིས་པ་དྲང་མོ་ཞིག་ཡིན་པས། ཁོ་ཡིས་སྒྲོལ་མའི་སྐུ་མདུན་དུ་སྦ་གསང་བ་ཅི་ཡང་མེད་པར་སྐད་ཆ་དྲང་མོར་བཤད་ཀྱིན་ཡོད། རྡོ་སྒྲོལ་ལྗང་སྐུ་ནི་ཁོའི་ཡོད་ཚད་ཀྱི་རེ་བ་བཅོལ་ས་དང་བྱིས་པ་རྣམས་པས་ཨ་མ་ལ་འཐམ་འཁྱུད་བྱེད་པ་བཞིན་སྒྲོལ་ལྗང་སྐུ་དེ་རང་ཉིད་ལ་སེམས་གསོ་གཏོང་མཁན་གྱི་ཨ་མ་བཞིན་རྩིས་ཏེ་རྣམ་འགྱུར་སྟོན་པར་བྱེད།
སྐབས་དེར་ཡ་མཚན་པ་ཞིག་བྱུང་བ་ནི། སྒྲོལ་ལྗང་གི་སྐུ་དེས་འགུལ་ལྕོག་བརྒྱབ་པ་དང་། རྡོའི་སངས་རྒྱས་སྐུ་འགུལ་ནས་ཧ་ལམ་མི་གསོན་པོ་ནང་བཞིན་སྒྲོལ་ལྗང་དེས་ཕྲུ་གུ་དེར་དམ་པོར་འཐམ་ནས་རང་ཉིད་ཀྱི་པང་ལ་བླངས། ཕྲུ་གུ་དེ་ལ་སེམས་གསོ་བྱེད་དེ་ཨ་མ་ངོ་མ་བཞིན་ཚོར་དུ་བཅུག བྱམས་དང་བརྩེ་བ་ལྡན་པའི་་སྒྲོལ་ལྗང་གིས་མུ་མཐུད་དུ་སེམས་གསོ་བྱེད་བཞིན། བྱམས་པ་དང་བརྩེ་བའི་བདག་ཉིད་ཅན་ཡིན་པའི་ཨ་མས་རང་གི་ཕྲུ་གུར་སེམས་སྡུག་བྱེད་ཀྱིན་པ་མཐོང་དུས་གཅེས་པ་བཞིན་བྱས། དེ་མ་ཟད། ཕྲུ་གུ་དེ་མཉམ་དུ་རྩེད་མོ་རྩེས་པ་དང། ཕྲུ་གུ་འདོད་པ་ཡོངས་སུ་ཚིམ་པར་བྱེད་བཅུག་རྗེས་འགྲོ་ཁར་སྒྲོལ་ལྗང་གིས་རང་གི་མགུལ་གྱི་རིན་ཆེན་ནོར་བུའི་མགུལ་རྒྱན་ཡར་བླངས་ཏེ་བྱིས་པ་དེའི་སྐེ་རུ་སྐོན་ནས་དཀའ་ཁག་ནང་ལྷུང་བའི་བྱིས་པར་རོགས་རམ་ཕན་ཐོགས་མཛད།
དེའི་རྗེས་མི་ཞིག་གིས་བྱིས་པ་དེ་ལུས་སྟེང་ལ་ཧ་ཅང་རིན་ཐང་བྲལ་བའི་ཕྲེང་རྒྱན་ཞིག་བཏེགས་ཡོད་པ་མཐོང་ནས་ཐེ་ཚོམ་དང་བཅས་བྱིས་པ་དེར་སྐད་ཆ་དྲིས། ཁྱོད་ཀྱི་རིན་ཆེན་དེ་གང་ནས་འཁྱེར་ཡོང་མིན་དྲིས། བྱིས་པ་་དེས་ལན་དུ་ངའི་ཨ་མས་ང་ལ་གནང་བྱུང་ཅེས་ལན་བཏབ། གཞན་གྱིས་ཁྱེད་ལ་ཕ་མ་གཉིས་མི་འདུག་ཟེར་བ་མ་རེད་དམ། མི་རྣམས་ཡིད་མ་ཆེས་པར། རྡོ་སྒྲོལ་ལྗང་གི་སྐུ་མདུན་ལ་བརྒྱུགས་ནས་ལྟ་བར་ཕྱིན། མཐའ་མར། སྒྲོལ་མའི་རྡོ་སྐུའི་མགུལ་རྒྱན་མཐོང་ཡུལ་དུ་མེད་པ་མ་ཟད། ཤུལ་རྗེས་ཙམ་ཡང་མ་མཐོང་། ལར་རྡོ་སྒྲོལ་ལྗང་སྐུའི་མགུལ་ཕྲེང་མེད་པར་གྱུར་ནའང་ཕྲུ་གུ་དེའི་ལུས་སྟེང་གི་རིན་ཆེན་ཕྲེང་བ་དེ་ནི་མི་ཡུལ་ན་ཧ་ཅང་མཐོང་དཀོན་པའི་རིན་ཆེན་ནོར་བུ་ཞིག་ཏུ་གྱུར།