སྤོ་ལགས་དེ་དྲན་གི་འདུག་གས། ༐ཕྱུ་པ་སྐྱ་མདོག་ཅིག་གོན། མཚམས་རེར་ལག་པར་དབྱུག་པ་ཞིག་ཀྱང་ཐོགས། མི་ཚོགས་ལ་ཁ་བསྟན་ཏེ་བཀའ་བཀྱོན་གཏོང་། སྐད་ཆ་ལ་གཟབ་གཟབ་བྱས་ཉན་པ་ཡིན་ན། བོད་ཀྱི་རྒྱལ་རབས་བཤད་པའི་བཟོ་འདྲ་བོ། ཡང་བོད་ཀྱི་ཉེ་རབས་ཀྱི་གོད་ཆག་བཤད་ཀྱི་ཡོད་པའི་བཟོ་འདྲ་བོ། ཡང་བོད་མི་རྣམས་ལ་རང་བཙན་ཆེད་ལས་ཀ་སྒྲུབ་དགོས་པའི་སྐུལ་མ་གཏོང་བའི་བཟོ་འདྲ་བོ། དེ་འདྲ་ཞིག་རེད། ཁོང་ནམ་རྒྱུན་གཙུག་ལག་ཁང་གི་གསུང་ཆོས་རྭ་བ་དང་དེ་བཞིན་སུམ་བཅུའི་དུས་དྲན་སོགས་སྐད་འབོད་ཀྱི་སྐབས་སུ་མཚན་ཉིད་གྲྭ་ཚང་གི་སུམ་མདོ་དེ་ནས་བཞེངས་ཏེ། མི་མང་ལ་བཀའ་བཀྱོན་བཏང་ཡོང་། ངས་ཁོང་གི་མཚན་མ་ཤེས། དེ་ལས་ཀྱང་། ཁོང་རྒྱལ་ཞེན་དང་རང་བཙན་གྱི་སྐུ་སྙུང་བཞེས་ཡོད་སྲིད་མོད་དེ་ཡང་ཞིབ་ཚགས་པོ་ཞིག་མ་ཤེས། ངས་ཤེས་པ་ནི། མི་རྣམས་ཀྱིས་ཁོང་ལ་ “དྭང་བླང་དགེ་བསྐོས་”ཞེས་འབོད་པ་དེ་རེད།
ཉིན་གཅིག་གྲོགས་པོ་ཞིག་གིས་ང་ལ་ཁ་པར་སླེབས་བྱུང་། ཁོང་གིས་ང་ལ། “ཁྱེད་ཀྱི་དེབ་ཅིག་ཡོད་པ་དེའི་མིང་ལ། འགྲོ་ སྐྱབས་བཅོལ་ལ་འགྲོ་”ཞེས་བཏགས་པ་དེ་ཡག་པོ་མི་འདུག་ཅེས་གསུངས་བྱུང་། ཡང་དེ་ནས་གཞན་པ་ཞིག་གིས་ང་ལ། ཁྱེད་ཀྱིས་སྒྲུང་རྩོམ་ཐ་ངེ་ཐུང་ངེ་བྲིས་པ་དེ་ཚོ་ལ་ཆ་རྐྱེན་འདི་དང་དེ་ཚང་མི་འདུག་གསུངས་བྱུང་། ད་དེ་ནས། མི་ཁ་ཤས་ཀྱིས་དབྱིན་ཇི་ཞེས་པའི་སྐད་དོད་ལ་ ཨིན་སྐད་དམ་ཨིན་ཇི་ཞེས་བྲིས་པ་དེ་འགྲིག་མི་འདུག་ཅེས་གསུངས་ཡོང་གི་འདུག དེ་ལྟར་ཕྱོགས་གང་ས་ནས་བསམ་ཚུལ་བརྗོད་པ་འདི་ལ་བསམ་བློ་ཞིག་བཏང་། དེ་ནས་རང་གི་བློ་ཁ་དེ་སྤྱི་ཚོགས་གཞན་ཞིག་ཏུ་བསྐོར། སྤྱི་ཚོགས་དེ་གཉིས་བསྡུར། ཚུར་སླེབས་དུས་ང་ལ་བསམ་བློ་ཞིག་འཁོར་བ་ནི། ང་ཚོ་ལ་དྭང་བླང་དགེ་བསྐོས་མང་དྲགས་པ་ཞིག་མེད་དམ་དྲན། དེ་ཡང་། དྭང་བླང་དགེ་བསྐོས་འདི་ཚོས་སྤྱན་སྟོང་གིས་གཟིགས་ཏེ། སྙན་སྟོང་གིས་གསན། ཞལ་སྟོང་གིས་གསུངས་ཏེ་ཕྱག་སྟོང་གིས་གནང་ཡོང་དུས། ང་ཚོའི་བསམ་བློ་ལ་ཡར་རྒྱས་འགྲོ་མི་ཐུབ་པའི་འགོག་རྐྱེན་ཞིག་འཕྲད་ཀྱི་ཡོད་པ་ཨེ་ཡིན། ཨོ། ང་ཡང་དྭང་བླང་དགེ་བསྐོས་གཅིག་ཡིན་དཱ།
ད་དབྱིན་སྐད་དང་ཨིན་སྐད་ཅེས་པ་གཉིས་བསྡུར་ན། དབྱིན་སྐད་ཟེར་བའི་ཚིག་འདི་ཕལ་ཆེར་ང་ཚོས་འཛམ་གླིང་ངོ་མི་ཤེས་པའི་སྐབས་སུ་བྱུང་བ་རེད། དེ་ཡང་རང་གི་རྣ་ཐོས་ཙམ་ལ་གཞི་འཛིན་བྱས་ནས་བྲིས་པ་ཞིག་ཡིན་འགྲོ ད་ལོ་ངོ་བརྒྱ་སྐོར་ཙམ་གྱི་མཇུག་འདིར། ང་ཚོས་དབྱིན་ཇིའི་སྐོར་མང་པོ་ཞིག་ཤེས་ཟིན་པ་མ་ཟད། དེའི་སྐད་ཡིག་གི་འགྲོ་ལུགས་སོགས་ལའང་མཁྱེན་པ་རྒྱས་ནས། ད་ཨིན་སྐད་ཅེས་བྲིས་ཡོང་བ་རེད། ད་གནས་ལུགས་འདི་ང་ཚོས་ངོས་ལེན་བྱེད་དགོས་པ་ཞིག་རེད་དྲན།
ད་དེ་ནས། སྐྱེ་བོ་སུ་འདྲ་ཞིག་ཡིན་ཡང་ཁོང་ལ་རིག་རྩལ་ཞིག་ཡོད་པ་དང་། རིག་རྩལ་དེ་བཀོལ་ནས་རྩོམ་ཡིག་དང་ཡང་ན་ཅ་ལག་ཐོན་གསར་ཞིག་སྤེལ་ཡོང་དུས་ང་ཚོས་དེ་ལ་དགའ་བསུ་ཞུ་བ་དང་ཆབས་གཅིག ཁོང་གི་རིག་རྩལ་དེ་ཡང་ངོས་ལེན་གནང་དགོས་པ་ཞིག་རེད། འོན་ཀྱང་ས་མཚམས་ཕྲ་མོ་ཞིག་ཡོད་པ་ནི། དག་ཆའི་སྐོར་དེ་རེད། དག་ཆ་དེ་མུ་མཐུད་ནས་ཇེ་ལེགས་སུ་གཏོང་དགོས་པ་རེད་འདོད།
ངས་མི་ཤེས། སྤོ་ལགས་དེའི་མཚན་དངོས་གནས་ག་རེ་རེད། ཁོང་ད་ལྟ་ཞལ་བཞུགས་ཡོད་དམ། ཕལ་ཆེར་ཞལ་བཞུགས་མེད་ཀྱི་རེད། ངས་ཁོང་གི་ཆེད་དུ་སྨོན་ལམ་འདེབས། ཁོང་གིས་མང་ཚོགས་ལ་ཁ་འཁོར་ཏེ་མཆིལ་མ་འཐོར་ཞོར། བཀའ་བཀྱོན་རེ་རེ་བཏང་སྐབས། དེ་ནི་ལྷ་བའམ་སྐུ་རྟེན་རྣམས་ཀྱིས་གསུང་འབྱོན་པ་ཞིག་དང་མཚུངས། ཁོང་བདེ་བ་ཅན་ནས་སྐྱེ་བར་ཤོག
དང་བླངས་དགེ་བསྐོས་ཟེར་བ་འགན་མ་ཁུར་བའི་སྐད་ཆ་ཤོད་མཁན་ནམ། འགན་མེད་པའི་ཁ་བཤད་བྱས་མཁན་ཟེར་རྒྱུ་ཨེ་རེད།
ཁོང་གི་མཚན་ངས་ཀྱང་ཤེས་གི་མེད་། འོན་ཀྱང་ཁོང་བོད་མ་ཤོར་གོང་དགའ་ལྡན་དགོན་གྱི་དགེ་སྐུལ་རེད་ཟེར་། ཁོང་ན་ནིང་༢༠༠༡་ལོར་ཀྲོང་ཚར་འདུག་། ཁོང་མྱོན་པ་མ་རེད་། ཁོང་གི་འདུག་ཁང་ཆུང་ཆུང་ཞིག་ཟློས་གར་ལ་འགྲོ་སའི་ལམ་ཁ་དེ་ན་ཡོད་། ང་དང་ངའི་གྲོགས་པོ་བད་དབང་གཉིས་ཁོང་གི་ཁྱིམ་ཚེས་ལྟ་བུ་རེད་། ངེད་ཚོ་ཟློས་གར་ལ་འགྲོ་སའི་ལམ་ཁ་དེས་སྟེང་འོག་རེད། ངེད་གཉིས་ཀྱང་ལས་མེད་ཡིན་ལ་། ལས་ཀ་ཞིག་ཡོད་པ་ནི་། ཕྱི་རྒྱལ་གྱི་ཞི་མོ་ཚོ་འདེད་རྒྱ་དེ་ཡིན། ངེས་མེད་ཀྱི་ལས་ག་དེས་རྐྱེན་པས་ང་གཉིས་ཉལ་དུས་མཚན་གུང་ཡིན་ལ། ལང་དུས་ཉིན་གུང་ཡིན། སྤོ་དགེ་སྐུལ་ལ་མཚོན་ཡང་ལས་མེད་ལྟ་བུའི་ཡིན་ལ་། ལས་ཀ་གཅིག་ཡོད་པ་ནི་བོད་སྡེ་བ་གཞུང་ནས་བཟུང་བོད་བཙན་བྱོལ་གཞུང་པར་དུ་ལེགས་ཉེས་གང་བྱུང་གི་གནས་ཚུལ་མཐའ་དག་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་རྒྱ་དེ་ཡིན། ཁོང་གི་ཕྱགས་ལས་དེ་ཡང་གནམ་གཤེས་ལ་འབྲེལ་བ་ཡོད་ལ་ཆར་དུས་སུ། ཁོང་གི་ཕྱགས་སུ་ཕེབ་གི་ཡོད་ལ་དེས་ཞོར་དུ་། སྣེ་ལེན་ཁང་གཡས་གཡོན་དང་གཙིག་གླག་ཁང་གཡས་གཡོན་དུ་། མཁོར་ཡུག་སྲུང་སྐྱོབ་གྱི་དཀའ་སློབ་གནང་གིན་གིན་ཕེབ་གི་རེད་། འདི་ཁོང་གི་ཚིག་གཅིག་རེད་།
” ཁྱེད་རང་ཚོ་བོད་ནས་ཡོང་མཁན་དང་། ལ་དྭགས་ཡོང་མཁན་ཚོ་། སྐྱག་པ་གཏང་ན་ཡང་ཁྲི་གང་གཏོང་གི་རེད་” ད་དུང་གསུང་ཆོས་སྐབས་མང་པོར་། བུ་ཁྱིམ་གྱིས་བྱིས་བ་བསྡོད་མི་ཚུག་མཁན་དང་། རྡ་སའི་གསར་བུ་གསར་མོ་རང་སྣང་ཅན་དག་ལ། ཁོང་གིས་ ” ཀྱེ” ལབས་ཙམ་གྱིས་འགྲིགས་གིརེད། གནམ་གཤས་ཡག་པོ་ཡོད་པས་ཉིན་དེར་། ཁོང་གིས་ཁང་བ་ཆུང་ཆུང་དེས་ཟུར་དུ་ཤིང་གི་སྐུབ་ཀྱག་གཅིག་དང་མདུན་ཅོག་ཞིག་ཡོད་། དེས་ཐོག་བོད་ཇ་ཇ་དེམ་གང་བཞག། ཤིང་ཕོར་རྙིང་བ་དངུལ་ཀྱི་ཁ་བཅད་ཅན་ཞིག་ཡོད་པ་དེ་བཞག། དེ་ནས་གསུང་གི་རེད་། ཆབ་མདོའི་དམག་ཁྲིག་ནས་བཟུང་ཐེ་ཝན་གྱིས་རྙོག་དྲ་བར་། གསུང་གེ་རེད།
བད་དབང་ངེད་གཉིས་ལ་མཚོན་ན་ཐོག་མར་གཉིད་སྐྱིད་པོ་རོལ་མི་ཐུབ་པས་བཀེག་རྐྱེན་འདྲ་བོ་ཡོད་ཀྱང་། མ་རིང་བར་ཁོང་གི་སྐད་ཆ་དེ་དག་གིས་ནང་དུ་ནང་དོན་གནད་ཏུ་ཁེལ་བ་མང་པོ་ཡོད་པས་། ངེད་གཉིས་ལ་མཚོན་ན་རྒྱང་བསྒྲག་ནང་གི་ལེ་ཚན་ཞིག་ལྟ་བུར་གྱུར་ནས་། ཞོག་པ་སྔ་ནས་ཉལ་སའི་ནང་དབུག་ལེ་མེ་། ཁོང་གིས་བཀའ་སློབ་ལ་ཉན་གི་ཡོད་། དེ་གནས་ཚུལ་རང་པོ་རེད་།
བད་དབང་ངེད་གཉིས་ཀྱི་ཁང་བདག་ཨ་རྒ་རེད་། ཨ་རྒ་དང་ཁོང་གིས་ཁྱིམ་ཚེ་ཡང་རེད་ལ་གྲོགས་པོ་ཡང་རེད་། སྐབས་རེར་ཨ་རྒའི་སྒོས་ཁུང་ལས་ཁོང་ལས་སྐད་སེང་མཐོ་བས་ངང་ཁོང་དྲི་བ་རེ་ཟུང་དྲིས་ཚེ་དེ་ཁོང་མུ་འཐུད་ནས་འགྲོ་གི་རེད་།
འོ་དུང་ཁོང་གི་འདུག་ཁང་གི་འོག་དེར་གཞོན་ནུས་བཟོས་བས་སྤྱི་སྤྱོད་གསང་གཅོད་ཞིག་ཡོད་། གསང་གཅོད་དེ་ནི་གསང་གཅོད་གཙང་ཤེས་ཡིན་ལ་དེ་ཡང་ཁོང་གི་བཀའ་དྲིན་རེད་།
མི་སུ་ཡིན་ཡང་གསང་གཅོད་དེར་འགྲོ་སྐབས་། ཁོང་གི་ ” ཀྱེ་ཆུ་ཕྱག་ཡག་པོ་བཏང་འ།” ཡང་གོང་གི་སྐད་ཆ་དེ་གསུང་གི་རེད་།
སྤོ་་པོ་འདིའི་རྒྱབ་ལྗོངས་ན་ལོ་རྒྱུས་ལོ་རྒྱུས་སྣུན་ཏུག་ཏུག་ཞིག་ཡོད་པར་གདོན་མི་ཟ་ཡང་སུ་ཞིག་ཕྱོགས་བསྡེབས་བྱེད་མ་པར་ཡལ་པ་རེད་། བློ་ཕམ་པོ་བྱུང་།
སྦྲ་ནག་གི་ཡི་གེ་འདི་དེ་འདྲའི་ཐབས་སྐྱོ་བ་ལ།
དང་བླངས་དགེ་བསྐོས་མང་བ་དེ་ཡག་པོ་འདུག དེ་མིན་ན་གང་བྱུང་མང་བྱུང་བཤད་མཁན་དང་འབྲི་མཁན། ལས་མཁན་ཡང་མང་པོ་འདུག ངེས་པར་དགོས་ངེས་ཞིག་རེད།
ཨོ་རེད། དབྱིན་ཇི་དང་ཨིན་ཇིའི་སྐོར་ཞིག་བཤད་ཀྱིན་འདུག ངས་གོ་ཚོད་ཡིན་ན་འདི་འདྲ་ཞིག་ཡིན་ས་རེད། “དབྱིན་ཇི”ཞེས་པའི་ཐ་སྙད་འདི་བྱུང་སྟེ་ལོ་བརྒྱ་ཙམ་འགོར་བའི་དེ་རིང་གཞི་ནས་”ཨིན་ཇི”ཞེས་པའི་ཐ་སྙད་འདི་བྱུང་བ་དང་། དེ་ཡང་སྔོན་བྱུང་དེ་ལས་རྗེས་བྱུང་འདི་དག་པ་ཡིན་ཚུལ་གསུང་གིན་ཡོད་པ་འདྲ། དེ་འདྲ་ཞིག་རེད་དམ།
སྦྲ་ནག་ལགས་ཀྱིས་དོན་གལ་ཆེ་བའི་གནས་ཚུལ་ཞིག་བཤད་ཀྱིན་འདུག སྦྲ་ནག་ལགས། སྤོ་དེ་དེང་སང་གང་ན་ཡོད་པ་རེད། འདས་ཚར་བ་རེད་དམ། ཡང་ད་དུང་འཚོ་བཞུགས་ཡོད་པ་རེད། ང་ལ་གསལ་བོ་ཞིག་གསུང་ན་ཆོག་གམ།
ྭགཅན་བཟོད་རྒྱམ། སྦྲ་ནག་ཚང་གིས། ཁོང་ན་ནིང་༢༠༠༡་ལོར་ཀྲོང་ཚར་འདུག་། ཅེས་བྲིས་འདུག
དབྱིན་ཡིག་ནས་བསྒྱུར་པ་དང་འདྲ་བར་སྙན་མོ་ཞིག་བྱུང་། དེང་སང་ང་ལ་གདོན་ཞུགས་འདུག འབོལ་རྩོམ་དབྱིན་ཡིག་ནས་བསྒྱུར་པ་འདྲ་བོ་ཞིག་བཀླགས་ན་བྲོ་བ་རེ་འདུག དེ་མིན་བོད་ཡིག་རང་གི་སྟེང་དུ་འབྲི་མཁན་ཚོའི་རྩོམ་རྩལ་སྐྱོ་བ་ཡིན་ནམ་ང་ལ་ཅིག་འགྲིག་གི་མེད་པ་ཡིན་ནམ་གང་ལྟར་དེ་ཙམ་བྲོ་བ་མྱོང་ཐུབ་ཀི་མི་འདུག
མེ་ཏོད་དཀར་པོ་ཐུགས་རྗེ་ཆེ། ངས་ཀྱང་གོང་ནས་ཞིབ་ཚགས་སུ་བཀླགས་པ་ཡིན་མོད། དོན་དག་དེས་ངའི་ཡིད་བཀུག་དང་ནས་རྒན་པོ་དེར་བཅར་འདྲི་ཞིག་བྱས་ན་སྙམ་ནས་གོང་གི་དེ་བརྗེད་སོང་བ་རེད། ཁྱོད་ལ་བསྐྱར་དུ་བཀའ་དྲིན་ཆེ་ཞུ།
ཀླུ་སྨྱོན་ཁྱོད་ལ་དེང་སང་ཅིག་འགྲིག་གི་ཡོད་ས་མ་རེད། སྙན་ངག་ཅིག་བྲིས་ནའང་རྨི་ལམ་དང་འཛགས་བཤད་འདྲ་བ་རྐྱང་རྐྱང་འབྲི་གི་འདུག ད་དུང་བོད་རྩོམ་ལ་བྲོ་བ་མེད་ཀི་ཡིན་ན་ཅིག སྦིར་སྨན་འཐུང་དང་ནི་ཆེས་ཡིན་རེ། ད་དུང་སྐར་མ་འགའི་སྔོན་དག་དག་ལ་ཅིག་ག་རྟགས་གསལ་གཏོང་གིན་འདུག་གཱ
བཟོད་རྒྱམ། གཟབ་གཟབ་བྱོས་མ་གཏོགས་ཁྱོད་ཀྱིས་ཀྱང་ནམ་རྒྱུན་མཇེ་ངན་ཀེག་གིས་ལངས་སོང་ཟེར་བ་རྐྱང་འབྲི་གིན་འདུག གདོན་རིགས་ཉི་ཁྲི་ཆིག་སྟོང་ཡོད་ནི་རེད།
ང་དང་ངའི་མཇེ་རྒོད་གཉིས་དལ་ཅག་གེར་གཉིད་བསྡད་ཡོད་དུས་ཁྱོད་ངའི་རྩིབས་ནས་ར་འཛགས་རེའུ་འཛགས་འདྲ་བྱས་ནས་ཅག་ཅག་བྱེད་ཀིན་བསྡད་ན། ང་གསར་རུ་གསར་རྒོད་ཅིག་གིས་ཡུམ་རང་གི་མྱོང་བ་དངོས་ཡིག་ཐོག་ལ་ཕབས་ན་མི་འདོད་ཀི་ན། ཁྱོད་སྔོན་ཆད་ལྕེབས་ཐག་སྐེ་ལ་གོན་དུས་ཀྱང་ངས་ཁྱོད་ཕྱིར་བོས་ནི་ཡིན་ན་ཙེ། མི་དྲན་ད་ལྟ་རང་ཕྱིར་ལྟ་རུ་སོང་དང་། ད་དུང་གཤམ་མེ་བཞག་ཡོད་ནི་རེད།
མེ་ཏོག་དཀར་པོ་ལེགས། དགོང་དག་ད་ཡིན་ན་ངོ་ནས་དྲང་གནས་གི་ང་རང་ཡིད་ཆད་གི་། ད་ཡིན་བོད་ཡིག་ཟེར་བ་དེ་དངོས་གནས་མ་ཤེས་ཐ། རྨང་གཞི་མེད་པས་ཐོག་དུས་ཚོད་། རང་གིས་བྲིས་ཚར་ནས་རང་གི་འདོན་མི་ཐུབ་གི་། ཁྱོད་རྣམས་པ་ཁག་ཅི་ཡོད་།
རྒན་བཟོད་རྒྱམ་ལེགས་། སྤོ་དགེ་སྐུལ་ལ་གྲོངས་ཚར་འདུག། གསལ་བོ་རེད་། ༢༠༠༡་ལོའི་འཇུགས་ངའི་རྒྱའི་ཟ་ཁང་གི་གདེར་མ་ཁྲུས་གླའི་ནང་ནས་། ཨ་ཁུ་སངས་རྒྱས་ལ་སྒོར་༡༥་དང་སྤོ་དགེ་སྐུལ་ལ་སྐོར་༡༥་སྐུར་བ་ཡིན། ཁྱེར་མཁན་དེས་སྐྱིད་གྲོང་གྲོང་སྡེ་ནང་གི་ཨ་རྒ་བཙལ་ནས་སོང་དུས་། སྤོ་དགེ་སྐུལ་ལ་སྔོན་མ་ནས་གྲོང་ཚར་འདུག་། གསལ་པོ་རེད་།
གླུ་མྱོན་ལེགས་། ཁྱོད་ཚང་གི་རྩམས་རྣམས་ཀྱི་བྲོ་བ་གཞན་ཞིག་འགྱུར་གིན་འདུག་། དེ་ནི་དངོས་ཡོད་རེད། འོན་ཀྱང་། ང་ནི་་ཁྱོད་ཚང་གི་སྐུ་ཚེ་སྟོད་ཀྱི་རྩམས་ཆས་དག་ལ་ཤིན་དུ་དགའ། དཔེར་ན་ཤན་བྷ་ལའི་དུད་སྤྲིན། གངས་ཁྲོད་ཀྱི་ཨོམ་ཡིག་དམར་པོ་། བརྩམས་ཆས་དེ་དག་གི་ལེ་ཚན་རེ་རེ་ཀློག་ཚེ་་མིག་ལམ་དུ་གློག་བརྙན་བཞིན་ཤར་ཡོང་གི་།
ཨོ་ན་ཡེ།
ང་དང་མ་ཨ་ཁུ་ཡིན་དུས་ན།
གྲྭ་མང་དཀྱིལ་ནས་འཛགས་བཤད་བརྒྱབ།
གྲྭ་ཡག་མཐོང་ན་ཆགས་བཤད་བརྒྱབ།
དེ་ལ་མི་དགའ་ཡེ་ནས་མེད།
ཚང་མས་རྣ་བ་ཀྲོང་ནས་ཉན།
རྡོར་གདན་ལིམ་བུའི་སྨོན་ལམ་ནས།
ཨ་ནེ་ཚོ་ལ་འཛགས་བཤད་བརྒྱབ།
མཛེས་མ་དེ་འདྲར་མིག་བཙུམ་བརྒྱབ།
དགའ་ནས་ས་ལ་རིལ་ཀྲོ་བྱེད།
ཚུར་ལ་འཛེམས་མེད་ཆགས་ཉམས་སྟོན།
ཨོ་ན་ཡེ།
ང་དེང་སང་མི་སྐྱ་མཇེ་ངན་ལག་བཟུང་ཡིན།
རིག་རིག་ཐུག་ཐུག་ཉིད་ལ་འཛགས་གི་ཡོད།
ཚེ་འདིར་འཛགས་སྐྱིད་མ་བརྒྱབ་ན།།
ཕྱི་མའི་ཡུལ་ན་འཛགས་ས་མེད།
དགོངས་དག། མཆན་གཏོང་ས་ནོར་འདུག
དྭང་བླངས་དགེ་བསྐོས་ལགས་ནི། མི་སེམས་ཤུགས་ཅན་སེམས་འཁྲུག་ཏུ་བཅུག་པ་དང་འདྲ་བའི་དཔེ་སྟོན་བཟང་པོ་ཅིག་ཡིན། ད་ཁོང་གྲོངས་ཚར་ཡོད་ན་སླར་ཡང་བོད་ལུས་བཟང་པོ་ཅིག་སྐྱེ་བའི་སྨོན་འདུན་ཞུ།
རབ་གསལ་ལགས་ཀྱིས་《དབྱིན་སྐད་ཟེར་བའི་ཚིག་འདི་ཕལ་ཆེར་ང་ཚོས་འཛམ་གླིང་ངོ་མི་ཤེས་པའི་སྐབས་སུ་བྱུང་བ་རེད། དེ་ཡང་རང་གི་རྣ་ཐོས་ཙམ་ལ་གཞི་འཛིན་བྱས་ནས་བྲིས་པ་ཞིག་ཡིན་འགྲོ ད་ལོ་ངོ་བརྒྱ་སྐོར་ཙམ་གྱི་མཇུག་འདིར། ང་ཚོས་དབྱིན་ཇིའི་སྐོར་མང་པོ་ཞིག་ཤེས་ཟིན་པ་མ་ཟད། དེའི་སྐད་ཡིག་གི་འགྲོ་ལུགས་སོགས་ལའང་མཁྱེན་པ་རྒྱས་ནས། ད་ཨིན་སྐད་ཅེས་བྲིས་ཡོང་བ་རེད། ད་གནས་ལུགས་འདི་ང་ཚོས་ངོས་ལེན་བྱེད་དགོས་པ་ཞིག་རེད་དྲན།》ཞེས་གསུངས་པ་འདི་འཐད་ལྡན་རང་ཨེ་ཡིན། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་གསུང་འབུམ་དེ་ཚོར་ཨིན་བྲིས་འདུག་དབྱིན་བྲིས་འདུག་གཟིགས་རྒྱུ་ཞིག་མེད་འགྲོ། ང་ལ་ནི་འདིར་མཐུན་རྐྱེན་ཚང་གི་མི་འདུག མཐུན་རྐྱེན་ཚང་བ་ཚོས་གཅིག་གཟིགས་དང་། ཕལ་ཆེར་ངས་དྲན་ཚོད་བྱས་ན། ཨིན་ནམ་ཨིང་ཞེས་བྲིས་འདུག་དྲན།
དང་བླངས་དགེ་བསྐོས་ཞེས་པའི་སྤོ་ལོ་ལོན་དེའི་མིང་ལ་ཡོན་ཏན་ཟེར་བ་རེད། ཁོང་བཞུགས་ས་གཙུག་ལག་ཁང་གི་རྒྱབ་ལོགས་སུ་ཡོད། མ་གཞི་ཁོང་ནི་རི་མོ་ཡག་པོ་འབྲི་ཤེས་མཁན་ཞིག་ཡིན། ཁོས་གཙུག་ལག་ཁང་གི་མདུན་ནས་རིག་རིག་ཚང་མར་གཤེ་གཤེ་བཏང་ནས་འདུག་གི་རེད། གོ་ཐོས་ལྟར་ན་ཁོང་འཇིག་རྟེན་ཕྱི་མར་བུད་སོང་བ་བདེན་པར་སྣང་། གལ་སྲིད་རབ་གསལ་གྱི་བཤད་པ་དེ་ཁོང་ཡིན་ན། སྤོ་ཡོན་ཏན་ལ་སྨྱོ་ནད་ཀྱི་ན་ཚ་ཅུང་ཡོད་པ་རེད།
མཆན་འདེབས་པ་འགའ་འགའ་ལྟར་དུ་ང་ཚོས་ཚང་མས་སོ་སོའི་ལུང་པའི་ཁ་སྐད་རང་གི་ཐོག་ནས་ཨུ་ཚུགས་བརྒྱབས་ཏེ་ཡིག་གེར་ཕབ་འོངས་ན།ལོ་ཤས་ནང་ཀ་ཁའི་ནུས་པ་དང་སྤྱོད་སྒོ་ཇེ་སྡུག་ཇེ་ངན་དུ་གཏོང་ཐུབ་ཀྱི་རེད།
ཁང་གསར་བས་གསུངས་པར་ཞིབ་འཇུག་ཅིག་བྱེད་རྒྱུ་འདུག ངས་མིག་མཐོང་ལའང་ཨིན་ཇི་ཨིང་ལེ་ཤི་ཞེས་པའི་ཐ་སྙད་འདི་འདྲ་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ནས་ཡོད་པ་སྐབས་དེའི་ཡིག་ཐོག་ཏུ་བཀོད་འདུག ཁ་སྔོན་གངས་སྐྱིད་ནས་ཐ་སྣད་གསར་བཟོ་དང་འབྲེལ་ཡོད་དྲུར་འཕེར་ཞིག་དང་བཀའ་མོལ་ཞུས་སྐབས། ཁོས་སྤོབས་ཉམས་ཀྱིས་”དབྱིན་ཇི་”ཟེར་ན་སྒྲ་དོན་གང་ལའང་མི་མཐུན་པས་”ཨིན་ཇི་”ཞེས་པའི་ཐ་སྙད་གསར་བཟོས་བྱས་ཚུལ་གསུངས་སོང་། ང་འདྲ་བའི་མི་ཆུ་ཞིག་སྐུ་ངོ་ལ་ཡོ་བསྲངས་བྱས་ན་སྐབས་དེར་འོས་འཚམས་མིན་པས་ཅང་བཤད་མེད། ཕྱིས་སུ་ཐུགས་མ་སོང་། ༼ད་ལོ་ངོ་བརྒྱ་སྐོར་ཙམ་ གྱི་མཇུག་འདིར། ང་ཚོས་དབྱིན་ཇིའི་སྐོར་མང་པོ་ཞིག་ཤེས་ཟིན་པ་མ་ཟད། དེའི་སྐད་ཡིག་གི་འགྲོ་ལུགས་སོགས་ལའང་མཁྱེན་པ་རྒྱས་ནས། ད་ཨིན་སྐད་ཅེས་བྲིས་ཡོང་བ་རེད།༽ཟེར་བས་ན། “ཨིན་སྐད་”ཅེས་པ་འདི་ལོ་ངོ་བརྒྱ་འདས་པའི་ད་ལོ་གསར་བཟོས་བྱས་པ་ལྟར་སྣང་ཡང་དེ་འདྲ་མིན་པར་སྙམ། གཅིག་ཏང་ན་དང་པོ་ཨིན་ཇི་དང་དེ་ནས་དབྱིན་ཇིར་འགྱུར་བའང་ཡིན་སྲིད། གང་ལྟར་ཐ་སྙད་ཞིབ་འཇུག་པ་ཞིག་ལ་མཚོན་ན་འདི་ཚོ་དོན་ཆུང་ཞིག་མ་རེད་ཡ།
ནགས་ཤོད་པ་ཁྱོད་ སྤོ་ཟིག་ མ་ལངས།
མཚམས་ལ་ཕ་མྱེས་ཀྱི་་ཁ་སྐད་བརྒྱབ་ན་ བསོད་མོ་ཟིག་ རེད།
ཁྱོས་ར་ ཁྱེད་ཕ་ཡུལ་གྱི་ ཁ་སྐད་ཟིག་ རྒྱོབ་དྲོ།
ང་ལ་ཉག་ཆུ་ཁའི་གྲོགས་ཁ་ཤས་ཡོད།
ཁོང་ཚོས་སྒོར་མོ་ལ་ མགོ་རྒན་ དང་། ཕྲུ་གུ་ལ་ ཉ་ཉོག་ཟེར། རང་གིས་སྔོན་མ་མ་ཤེས་པ་མ་གོ་བ་དེ་འདྲ། ཤེས་སོང་། གོ་སོང་བསམས་ནས་དགའ་བསྡད་ཡོད།
ལྷ་སའི་ཡུལ་སྐད་དེ་འདྲ་ང་ཚོས་མཐོང་ཡ་དང་ཀློག་ཡ་མང་དྲག་ནས། ད་ཡུལ་སྐད་ཅིག་རེད་བསམ་པའི་དོགས་པ་དང་རྣམ་རྟོག་ལངས་ཀི་ཡོད་མ་རེད། དེ་འདྲ་ཞིག་རེད་དམ།
ཨིན་སྐད་མ་སྐད་མི་ཤེས།
ད་དབྱིན་སྐད་ཟེར་བའི་མིང་ཚིག་འདི་བོད་ཕྱི་ནང་གཉིས་ཀའི་བོད་པ་ཚོའི་ངག་ལ་འབྱར་བསྡད་ཡོད། འཇགས་བསྐད་ཡོད། བྱང་བསྡད་ཡོད་རེད། གོམས་བསྡད་ཡོད་རེད། ལོབས་བསྡད་ཡོད་རེད། དེ་བཞིན་དུ་English Language ་ཞེས་བའི་གོ་དོན་ཡང་འཁྲུལ་བ་མེད་པར། ནོར་བ་མེད་པ། འཕྱུག་པ་མེད་པར། འཛོལ་བ་མེད་པར། ཆད་པ་མེད་པར། ལྷག་པ་མེད་པར་སྟོན་ཐུབ་ཀྱི་ཡོད་རེད།
ད་ཡིན་ན། རྡ་རམས་ས་ལའི་རྒད་པོ་བློ་སྣ་ཐུང་ཐུང་། གཤིས་ཀ་གྱོང་པོ། རྣམ་རྟོག་རྒོད་པོ། ཨུ་ཚུགས་ཚ་པོ། གླང་གོག་གི་གཤིས་ཀ་ཅན། རྒྱ་མའི་སྐད་ཚུན་ཆད་ལ་རྣམ་རྟོག་ལངས་བསྡད་ཉན་དེ་འདྲས་རྒྱ་སྐད་ཀྱི་英་ལས་སྒྲ་བསྒྱུར་བྱས་པས་དབྱིན་སྐད་ཟེར་མི་རུང་ངོ་ཞེས་ཀུ་ཅོ་འདོན་ཀི་ཡོད་རེད།
ངས་དེ་རིང་འདིར་ཁྱོད་ཚོ་ལ་ཚིག་མཛོད་རྙིང་པ་ཁ་ཤས་ངོ་སྤྲོད་བྱེད། དེ་ནས་དབྱིན་ཇི་དང་ཨིན་ཇི། ཨིང་ཇི། འདི་གསུམ་གྱི་གང་ཞིག་སྔ་བ་ཡིན་དང་གསར་བ་ཡིན་པ་ངོ་འཕྲོད་པའི་རེ་བ་ཡོད། ལྷག་པར་དུ་ཨིང་ཇི། ཨིང་ལན་ཊ། ཞེས་པའི་ཡིག་གེ་འདི་ཤིན་ཏུ་ནས་རྙིང་བ་ཡིན་པ་སྨྲ་མ་དགོས།
(Melvyn C. Goldstein) གྱིས་བརྩམས་པའི་༼དེང་དུས་དང་མཐུན་པའི་ཕལ་སྐད་ཀྱི་བོད་དབྱིན་ཤན་སྦྱར་༽ན་དབྱིན་ཇི་དང་། ཨིང་ཇི། ཨིང་ལན་ཊ། ཨིང་ལན། འདི་ཚང་མ་ཡོད། ག་དུས་རྩོམ་མིན་མི་གསལ་ཡང་དཔར་འདེབས་༡༩༧༥ ལོར་རཊྣ་དཔེ་ཁང་དུ་དཔར་སྐྲུན་བྱས་འདུག ཡིན་ན་ཡང་དེབ་འདི་ན་ཨིན་ཇི་ཞེས་པའི་མིང་ཚིག་འདི་མི་འདུག དེས་ན་ཨིང་ཇི་དང་ཨིན་ཇི་གཉིས་ལས་གང་ཞིག་སྒྲ་ཐག་ཉེ་བ་འདུག གནའ་སྔོན་མར་ཨིང་ཇི་ཞེས་པ་འདི་གཏན་འབེབས་བྱས་ཟིན་པ་གང་ཞིག་ལ། སྒྲ་དང་ཡང་ཐག་ཤིན་ཏུ་ནས་ཉེ། འོག་གི་བོད་དབྱིན་ཚིག་མཛོད་རྣམས་ལ་གཟིགས་རོགས། དེ་ནས་གང་ཞིག་གསར་བ་ཡིན་མིན་ལ་སྐད་ཆ་བཤད་པ་དང་། གང་ཞིག་མ་སྐད་དང་ཐག་ཉེ་བ་ཡོད་མེད་ལ་སྐད་ཆ་བཤད་ན་འགྲིག་ཙམ་འདའ། དེང་སང་ཁ་ཤས་ཞིག་གསར་གཏོད་ལ་ཤིན་ཏུ་ནས་དགའ་མོད། ཆོ་ཞེ་དྲག་མཐོང་གི་མི་འདུག
1, C.A. Bell. (english -tibetan colloquial Dictionary) West Banbal, India: 1905
2, S.H. Buck. (Tibetan-English Dictionary) Catholic U. press, 1969
3, S.C. Das. (Tibetan-English Dictionary) Colcutta, India: 1902
4, M.C. Goldstein and N.Nornang. (Modern Spoken Tibetan) University of Washing press, 1970
5 H.A. Jaschke. (Tibetan-English Dictionary) London: 1881
6 E. Richter. (German-Tibetan Dictionary) Leipzing: 1966
7 B.V. Semechov. Russian-Tibetan Dictionary. Moscow 1963
བོད་དབྱིན་ཚིག་མཛོད་ཚང་མའི་ནང་ནས་སྔ་ཤོས་དེ་H.A. Jaschke. (Tibetan-English Dictionary) London: 1881 འདི་ཡིན་པ་འདྲ་འདུག
དེབ་རིག་མྱོང་གོ་མྱོང་མེད་པ་འདི་མོ་མང་པོ་ཞིག་འདིར་བཀོད་པ་བཟང་མོད།་དེ་ལས་དེབ་འདི་ཚོ་ལས་ཐ་སྙད་གང་ཞིག་དང་ཇི་ལྟར་བྲིས་འདུག་པ་རེ་རེ་ནས་འདིར་བཀོད་དང་རྒྱུ་ན་ཚང་མར་སྟབས་བདེ་རེད་ལ། ང་འདྲ་བ་ཞིག་ལ་མཚོན་ན་དེབ་འདི་ཙོ་གང་ཞིག་ནས་རེག་གི་རེད། ཡང་གངས་སྐྱིད་ཐུར་ཟིག་ག་འཁྱོར་གི་ཏག་ག་འགྲོ་དགོས་ནི་རེད། སོང་ཡང་དཔེ་མཛོན་ན་ཡོད་མེད་སུས་ཤེས། ཡོད་ཀྱང་ཚིག་གཅིག་པོ་འདིའི་དོན་དུ་འགྲོ་དགོས་ནི་རེད། དེབ་དང་པོ་དེ་༼1, C.A. Bell. (english -tibetan colloquial Dictionary) West Banbal, India: 1905 ༽ལོར་དཔར་བསྐྲུན་བྱས་པ་ཡིན་ན་འདིའི་ནང་གི་ཐ་སྙད་དེ་སྔ་ཤོས་ཡིན་པ་བཤད་མི་དགོས། ཁང་གསར་རྡོར་རྗེས་བཤད་པ་ལྟར་༸གོང་ས་བཅུ་གསུམ་པའི་སྐབས་ཀྱི་ཡིག་ཆ་དེ་ཚོར་ཡོད་ཐག་ཆོད་རེད། ད་གང་ལྟར་ཀྱང་ལོབ་བསྡད་ཡོད་པ་ཞིག་ལ་སྒྲ་དག་དང་མི་དག་ཙོ་བྱེད་དགོས་གལ་མི་འདུག་ཡ།
གཟོད་རྒྱམ་འདིས་ཆི་ཟེར། རེད་རེད། ངེད་གཉིས་ཀྱི་བསམ་ཚུལ་གཅིག་པ་ཡིན་ནི་རེད། ངས་འདི་ནས་ཁ་བརྡ་ནང་གི་སྡེ་མཁས་པ་ཚོའི་ལད་མོ་བྱེད་ཀི་ཡོད་ནས་ཀོ ཅང་ཤེས་ནི་མ་རེད་ད། ཡིན་ན་ཡང་
དབྱིན་དང་ཨིན། ཨིང་གསུམ་ལས་གང་ཞིག་སྔ་བ་ཡིན་མིན་ལ་དཔྱད་རིན་ཆེན་པོ་འདུག ༼དབྱིན་༽འདི་ཡང་ཇི་ཙམ་ཕྱི་ན་ཡང་ཕྱི་ལོ་ ༡༩༣༣ ནས་ཡོད་པ་ནི་ཧ་ཅང་གསལ་པོ་རེད། ཡིད་མ་ཆེས་ན། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་གི་འབྲེལ་ཐག་གཤམ་དུ་བཀོད་ཡོད་པ་དེ་ལ་གཟིགས་དང་། དེའི་ནང་༼དབྱིན་ཟླ་༽ཞེས་བྲིས་འདུག
http://www.columbia.edu/cu/lweb/digital/collections/cul/texts/ldpd_6981643_000/pages/ldpd_6981643_000_00000001.html
ད་དྷ་སར་བཞུགས་པའི་དྲྭ་རོགས་ཚོས་བོད་ཀྱི་དཔེ་མཛོད་ཁང་ལྟ་བུའི་ནང་དཔྱད་གཞི་ཁག་ཅིག་བཙལ་ཏེ། འདིའི་ཐད་རྩོམ་ཡིག་ཅིག་འབྲི་རོགས་བྱས་ན་ཡག་པོ་འདུག
ཡ་ཡ། ད་ཁྱད་མི་འདུག ངས་དེ་ཙམ་གྱི་ཞིབ་ཚགས་པོ་ཞིག་ཀྱང་བཤད་ཐུབ་མི་འདུག ཨིན་སྐད་དང་དབྱིན་སྐད་ཀྱི་སྐོར་འདི། ཡིག་ཆ་ཁག་ལ་ལྟ་རྒྱུ་མ་བྱུང་། བོད་དབྱིན་རྒྱ་གསུམ་གྱི་ཚིག་མཛོད་དེ་ན་ དབྱིན་ཇི་ཞེས་བྲིས་པ་དང་། དེ་ནས་ད་བར་གྱི་ཡོངས་གྲགས་ཡིག་ཆ་དག་ན་ དབྱིན་ཇི་ཞེས་འབྲི་རྐྱང་བྱས་པ་དེ། དེ་ནས་ ཤེས་རིག་གི་ཚིག་གསར་དེ་ཚོ་ཐོན་སྐབས་འདི་སྐོར་ལ་རྩོད་པ་ལངས་པ་བཅས་ཀྱིས་ དེ་ལྟར་བྲིས་འདུག ཨོ་ཡ། ད་རྩོད་པ་མེད་དཱ། ཅན་དྲ་དཱས་ ༡༩༠༨ ལོར་བསྒྲིགས་པའི་ཚིག་གི་གཏེར་མཛོད་ན། “ཨིང་ལི་ཤ་” ཞེས་བྲིས་འདུག
ད་ངོ་མ་དེ། འགྱུར་བ་ཡག་པོ་ཡོད་ན་ ང་ཚོས་ངོས་ལེན་བྱེད་རོགས། འགྱུར་བ་སྡུག་ཇག་ཡིན་ན་དགག་ཡིག་རི་ལྟར་སྤུངས་རོགས། ང་ནི་ དབྱིན་ཇི་ལས་ ཨིན་སྐད་དམ་ཨིང་སྐད་ལ་དགའ་འོ།།
ཡག་པོ་འདུག
དགེ་རབ་ལགས། རྩོད་པ་བྱས་པ་གཏན་ནས་མིན། སྤྱི་ལོ་༡༩༠༢་ལོར་རྒྱ་གར་གྱི་སྒྲ་བསྒྱུར་བའི་ལོ་པཎ་ཤྲཱི་ཤརཏ་ཙནདྲས་རྩོམ་བསྒྲིགས་གནང་བའི་༼ཚིག་གི་གཏེར་མཛོད།༽ཅེས་པར་”ཨེང་ལི་ཤ”ཞེས་བྲིས་འདུག འུ་གཉིས་ཀྱི་བཀོད་པའི་ཚིག་གི་གཏེར་མཛོད་འདི་དེབ་གཅིག་པ་ཡིན་མིན་མི་ཤེས། བདག་ལ་ཡོད་པ་དེའི་ཁ་ཤོག་ལ་དེ་ལྟར་བྲིས་འདུག འོན་ཀྱང་གཞུང་རང་གི་ནང་དུ”་ཨིང”་དང་”ཨེང་”གཉིས་ཀ་མེད་པ་འདྲ། རེད་མ་སོང་། དབྱི་ཇི་ཞེས་པའང་རྙེད་མ་སོང་།
འདིའི་ཁ་བྱང་དུ། ༼བོད་དང་སཾས་ཀྲི་ཏ་དང་ཨེང་ལི་ཤའི་སྐད་གསུམ་ཤན་སྦྱར་གོ་བདེ་རིམ་བསྒྲིགས་ཚིག་དང་མིང་གི་རྣམ་གྲངས་རྒྱ་གར་གྱི་སྒྲ་བསྒྱུར་པའི་ལོ་པཎ་ཤྲཱི་ཤརཏ་ཙནདྲས་བརྩོམས་པ་བཞུགས་སོ།།༽འདི་ལྟར་བྲིས་འདུག
སྔོན་མའི་བླ་རྒན་དེ་ཚོས་རབ་གསལ་འདི་མི་ཞིབ་ཚགས་པོ། གཤིས་ཀ་དྲང་མོ། ཆ་འཇོག་ཅན་ཞིག་བཟོས་ཡོད་ནི་རེད་ད། དེང་སང་འདིའི་ནུབ་བྱང་ཚང་གི་སྐྱ་སྟོང་ཚོ་ལ་འགྲོགས་འགྲོགས་ནས། ད་འདི་ལ་ཚག་ར་ཚག་ར། ཚ་ག་ཚིག་གེ ཚོད་ཚོད་ཚོད་ཚོད་ཞིག་ཆགས་ཡོད་བཟོ་འདུག ཧཧཧ བཟོད་རྒྱམ་གིས་ཁོང་ཁྲོ་བསླང་འདུག ད་ངས་ཀྱང་ཁོང་ཁྲོ་སྒང་ལ་མར་ཁུ་ཞིག་བླུགས་བཞག་ཀོ
ཟླ་མེད་ཁྱོས་ཁ་གཟེག་བོ་དེའི་ནང་ནས་གྱོད་ཁ་མ་གཏུག་ར། ངས་ད་དུང་ཁྱོས་ཁ་སང་ངོ་སྤྲོད་བྱས་པའི་ཚིག་མཛོད༼1, C.A. Bell. (english -tibetan colloquial Dictionary) West Banbal, India: 1905 ༽འདི་དེ་རིང་སྤུས་འཚོང་བྱས་ནས་རེག་སོང་བས་དགའ་བསྡད་ཡོད། ཚིག་མཛོད་འདི་ཇི་ལྟར་རེག་པའི་སྐོར་ཞིབ་ཚགས་ཀྱིས་འབྲི་བཞིན་ཡོད། ད་དུང་དེའི་གི་དེ་ད་ཨིན་ཨིན་ཨིན།
ཨ་རོད་སྐབས་དེ་དུས་England དང་English ཟེར་ན་དབྱིན་ཇི་ཨིན་ཇི། ཨིང་ལི་ཤི་སོགས་ཟེར་གི་ཡོད་མེད་ཀྱང་་་་་་་་
ཨ་ཡ་ཡ། ད་བཤད་མི་ཤེས་ཀི ད་དུང་ཡིག་ཆ་མང་པོ་མེད་ན་ཁ་གསལ་ཡོང་གི་མི་འདུག
འདི་ཅིག་ཅིག་སྔ་གི་ཡ།
དགེ་རབ་ལགས། ཁྱོད་ཀྱིས་བཤད་པའི་ཚིག་གི་གཏེར་མཛོད་འདི་རེད་དམ། ང་ས་རཱར་ཡོད་དུས་ར་ཤི་ཡའི་ཞི་མོ་ཡག་མ་ཞིག་གིས་སྤྲད་སོང་ཡང་ད་བར་དུ་ཐེངས་རེ་གཉིས་ལས་བལྟས་མ་མྱོང་བར་ས་རྡུལ་ཆགས་ནས་བཞག་འདུག
Chandra Das,
TIBETAN-ENGLISH DICTIONARY
CALCULTA:
PUBLISHED BY THE BENGAL SECRETARIAT BOOK DEPOT 1902
བཟོད་རྒྱམ། ང་ལ་ཡང་ར་ཤི་ཡའི་བྱི་མོ་ཡག་མ་ཟིག་གིས་བོད་དབྱིན་ཚིག་མཛོད་རྙིང་པ་དེ་སྤྲད་སོང་། མོ་ནི་སྔར་སྐུ་ངོ་མགྲོན་གཉེར་ཕ་ལ་ཟེར་བ་དེའི་གྲོགས་མོ་ཞིག་རེད། ཁོང་གཉིས་སྔར་འཇར་མན་ནས་རྒྱུན་རིང་ཙམ་བཞུགས་འདུག ཁོང་གཉིས་མཉམ་དུ་སྒྲོན་པའི་དཔར་མང་པོ་ཡོད། དེའི་སྐབས་སུ་མོ་རང་ངོ་ནས་སྙིང་རྗེ་བོ་རེད་འདུག འོན་ཀྱང་ད་ལྟ་མོ་རང་ལོ་ ༨༥ རེད་འདུག་ཡ། ཧཧཧ
སྐབས་དེར་ཕྱི་རྒྱལ་གྱི་མང་པོས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་ཡོད་པ་འདྲ། གང་ཡིན་ཟེར་ན་བོད་དབྱིན་ཤན་སྦྱར་ཤིན་ཏུ་མང་ཀ དེང་སང་མི་རྣམས་ཀྱིས་དབྱིན་ཇི་ལ་དོ་སྣང་བྱེད་མཁན་མང་རུ་སོང་ནས། བོད་ཡིག་ལ་དོ་སྣང་བྱེད་མཁན་ཉུང་རུ་སོང་བས། བོད་དབྱིན་ཤན་སྦྱང་མེད་པར། དབྱིན་བོད་ཤན་སྦྱར་མང་རུ་སོང་འདུག་ཡ།
ཁྱོས་ང་ལ་ངོ་སྤྲོད་བྱས། ང་དེ་རིང་མེག་ལོར་སྲང་ལམ་མྱུལ་ནས་སོང་སོང་མཐར་དེབ་འདི་སྤུས་འཚོར་བྱས་ནས་རེག་སོང་། དགའ་བ་ལ་དང་སྐྱིད་པ་ལ། 1, C.A. Bell. (english -tibetan colloquial Dictionary) West Banbal, India: 1905 ༽
འདི་སྔོན་གླེང་ནང་དུ་རྩོམ་པ་པོ་C.A.BELL.ཁོང་རང་ལྷ་སར་སོང་བ་དང་ཕ་ལྷ་ལགས་ལ་ཐུགས་ཚུལ། པ་ལྷའི་བཙུགས་པའི་སློབ་གྲྭར་སྐབས་དེར་དབྱིན་ཇི་ཁྲིད་ཀྱིན་ཡོད་ཚུལ་སོགས་བསྡུས་ཙམ་བྲིས། སྔོན་ཆེད་ཕ་ལྷས་བྲིས་པའི་རང་གི་ལོ་རྒྱུས་དེར་ཐེངས་གཅིག་མཇལ་མྱོང་མོད། བློ་ཐོག་ལ་གཅིག་ཀྱང་འབྱར་མི་འདུག ད་སང་ཉིན་ཡང་བསྐྱར་དེབ་འདི་ལ་ཐེངས་གཅིག་མ་འབྱར་ཐབས་མེད་སོང་ང་།
ཅི་རེད། དོ་དགོང་ཁྱོད་ལ་རུ་ཡིག་མང་ག ར་བཟི་བསྡད་ཡོད་ནི་ཆེས་ཡིན་རེ། རྡོ་རྗེ་སྨྱོན་པ་ཅིས་ཀོང་ཨེ་ཤེས། “ལྷམ་མགོ་རལ། ཞྭ་མོ་རལ། ལུས་ཐོག་གི་གཟན་ཤམས་རལ། ཁྱོད་ང་ལ་དགོད། ཁོང་ང་ལ་དགོད།” འདི་ཚོ་དབྱངས་ལ་གྱེར་ནས་ཆང་འཏུང་ན་ད་མྱི་རྐྱང་རྟ་རྐྱང་གསོ་ནི་རེད་ཡ།
མི་ཤེས་མི་ཤེས། གཅིག་བྱས་ན་ར་བཟི་ཡོད་ན་ཐང་། འདི་ན་ཚ་བ་ཆེ་ཀི རྒྱ་གར་གྱི་ལ་སེ་ཞིག་འཐུང་གི་ཡིན་བསམ་ནས་ཏིར་ཀེ་ཤར་ཚོང་ཁང་ཞིག་ལ་སོང་བ་ཡིན། རྒྱ་གར་གྱི་ལ་སེ་ནང་དུ་ཨ་མྲ་དཀྲུགས་འདུག དེ་ནས་ཏིར་ཀེ་ཤར་ནས་ཐོན་པའི་ད་ར་ཞིག་འདུག སྒོར་གཉིས་རེད། གཅིག་ཉོས་ནས་འཐུང་བ་ཡིན། ཕ་ཡུལ་གྱི་ད་ར་དང་བྲོ་བ་གཅིག་པ་གཅིག་རྐྱང་རེད་འདུག དེ་ནས་གཉིས་ཉོས་ནས་ཡོང་བ་ཡིན། རོགས་པ་གཅིག་ཡོང་ནས་ཚོད་ལྟ་བྱས་ནས་གཅིག་འཐུང་སོང་། འཐུང་ཚར་བའི་རྗེས་ལ་ཡང་བསྐྱར་གཞན་པ་དེ་ཡང་འཐུང་གི་ཡིན་ཟེར། ངས་བླུད་མེད། མགོ་སེར་འདི་ཚོ་ལ་ངོ་ཚ་རྒྱུ་ཁྱོན་ནས་མི་འདུག གཅིག་བྱས་ན་ང་རླུང་ལངས་ནས་རླུང་བཟི་ལ་སོང་བ་ཡིན་ན། ཡང་ན་ད་ར་གིས་ར་བཟི་ན་ཅིག་ཡིན་རྒྱུ་རེད།
ཁྱོས་ཀ་ཏ་བཤད་ཡོང་ན་ང་སྐྱུགས་རྒྱུ་ལངས་ནས་ཆུ་འཁོལ་འདི་ཡང་སྐྱུགས་ལ་ཁད་བྱེད་ཀི་འདུག ཨ་ཨ་ཨ། རེམ་མ་ད་ར་ལྷག་མ་དེ་ང་གཅིག་བྱིན་ད། སྐྱུགས་མགོ་སྐྱུར་ཡིས་ནོན་དགོ་ནི་རེད།
ཀ་ཏིའི་རྒྱ་ཟས་མི་ཟ་རུང་རྒྱ་མོ་དི་ཆོ་ད་ཨ་ཨ་ཨ། ད་མི་བཤད་མི་བཤད། ཉལ་གི་ཡིན། སེང་ཉིན་ཙོར་ཐུག་ག དུས་ཚོད་གཉིས་པ་ཟིན་གྲབ་འདུག