ས་འཛིན་དཀར་པོ།
༄༅། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་རྡོ་རྗེ་འཆང་ཆེན་པོའི་སྐུ་ཡི་འཁྲུངས་སྐར་ལ་ཕུལ་བའི་དྭངས་གཙང་ཤེལ་གྱི་ཕྲེང་བ།
པདྨའི་མདངས་ལྡན་ལྡན་གྲོལ་རིག་པ་རྒྱལ་བའི་སྲས།།
སྒྲུབ་བརྒྱུད་བླ་མ་མ་གྱུར་འགྲོ་ཀུན་བྱམས་བརྩེ་སྟེར།།
རེ་དོཊ་ཀུན་རྒྱལ་རྒྱལ་བསྟན་སྙིང་པོ་ཚུལ་ཁྲིམས་གཟིཊ།།
བསླུ་མེད་འགྲོ་མགོན་མགོན་མེད་བདག་ལ་བྱིན་མཐུ་སྩོལ།།
དམ་པའི་ཆོས་དེ་དེ་དོན་དགོངས་པ་གནད་གཅིག་སྒྲིལ།།
ལྷད་མེད་རྒྱལ་བསྟན་བསྟན་འཛིན་སྐྱེས་བུ་འབྲི་གུང་པ།།
མཁྱེན་པའི་འོད་སྟོང་སྟོང་ཉིད་སྙིང་རྗེའི་སྙིང་པོ་རྟོགས།།
མངའ་བདག་རིན་ཆེན་ཆེན་པོ་དཔལ་གྱི་སྲས་དེར་འདུད།།
ཡབ་མེས་དམ་ཆོས་ཆོས་ཀྱི་གནས་ལུགས་ཚུལ་བཞིན་སྐྱོང་།།
ཇི་བཞིན་གཉུག་མ་མ་གཡོ་བསམ་གཏན་གནས་ལ་བཞུགས།།
རིས་མེད་འགྲོ་ཀུན་ཀུན་ནས་བྱམས་པའི་སྤྱན་རས་གཟིགས།།
བསླུ་མེད་འཇིག་རྟེན་རྟེན་གྱི་མགོན་མཆོག་ཞབས་ལ་འདུད།།
བདེན་གཉིས་ཤེས་རབ་རབ་ཏུ་རྟོགས་པའི་ཡོན་ཏན་མངའ།།
རྫོགས་པའི་སངས་རྒྱས་རྒྱས་བྱེད་སྙིང་པོའི་འོད་སྟོང་བཞད།།
རང་བཞིན་འཁོར་བ་བ་ཚྭའི་ཆུ་བཞིན་གནས་ལུགས་རྟོགས།།
འཇིག་རྟེན་ཀུན་མཁྱེན་མཁྱེན་གཉིས་སྨྲ་བ་ཞབས་ལ་འདུད།།
སྐྱོན་མེད་དེ་དག་དག་པའི་ཤེལ་བཞིན་ཐུགས་གཤིས་གཙང་།།
མཆོག་གསུམ་དངོས་གྲུབ་གྲུབ་པའི་དབང་ཕྱུག་རྣལ་འབྱོར་པ།།
མི་ཞུམ་གསུང་སྙན་སྙན་གྲགས་གླིང་ཀུན་ཕྱོགས་ཡོངས་ཁྱབ།།
ཉི་མའི་མདངས་མཉམ་མཉམ་མེད་འབྲི་གུང་རིན་ཆེན་འདུད།།
འགྲོ་མགོན་བསྟན་འཛིན་འཛིན་གཟུང་ཀུན་རྟོག་རིག་པ་གྲོལ།།
ཁྱེད་ནི་བདག་དང་དང་སེམས་མོས་གུས་ཅན་རྣམས་མགོན།།
གསོལ་འདེབས་ལན་གཅིག་གཅིག་ཏུ་གཟིཊ་པར་སྙིང་ནས་བོས།།
དྲན་གདུང་ལྕི་བས་བས་མཐར་འཁྱམས་པོས་མགོན་ཉིད་འདུད།།
ཇི་བཞིན་བདེན་གཉིས་གཉིས་མེད་ཀུན་མཁྱེན་འབྲི་གུང་པ།།
སྐལ་བཟང་འཁྲུངས་སྐར་སྐར་ཚོཊ་མེ་ཏོག་མཆོད་སྤྲིན་ཞིག།
སྙན་པའི་ལེགས་བཤད་བཤད་པའི་སྡེབ་སྦྱོར་མེད་ན་ཡང་།།
དྭངས་བའི་སྨོན་ལམ་ལམ་ཐག་རིང་པོའི་ཕྱོགས་ནས་ཕུལ།།