དྲ་གྲོགས་གནམ་ལ་གླེང་མོལ་། Posted on 2013-03-30 By ཁ་བརྡ་ 6 Comments on དྲ་གྲོགས་གནམ་ལ་གླེང་མོལ་། བཞག་ལྡོམ་དར་རྒྱས་། ༄༄་།། སྐུ་ཞབས་གནམ་ལགས་མ་གཞི་མི་གཞན་ཞིག་ལ་འདི་མ་རེད་དང་། དེ་མ་བྱེད་ཟེར་འདོད་ན་ཐོག་མར་རང་ཉིད་ལ་ཀུན་སྤྱོད་ཡང་དག་ཅིག་དང་། དེ་དག་ནོར་འཁྲུལ་ཡིན་པའི་ཁུངས་ལུང་ཡང་དག་ཅིག་ཡོད་ཀྱི་ནི་གལ་ཆེ་ནང་གི་དོན་ཆེན་རེད་། གལ་སྲིད་ཁྱེད་ལ་ཚང་དགོས་བའི་ཆ་རྐྱེན་དེ་དག་འཛོམས་མེད་ན་། ཁ་རྒྱུན་དུ་”དཔྱད་པ་མེད་ན་སྐད་ཆ་བཤད་པའི་ཐོབ་ཐང་མེད་” ཟེར་བ་བཞིན་ཁྱོད་ལ་དེ་དག་ནོར་འཁྲུལ་རེད་ཟེར་བའི་ཐོབ་ཐང་མེད་པ་ཤེས་ན་བཟང་གི་རེད་།་ ༡ ཁྱེད་ཀྱིས་ང་ལ་བཞག་ལྡོམ་ཞེས་ན་ག་རེ་རེད་བཅས་ཡར་དེད་དང་མར་དེད་། ད་དུང་བཞག་གི་ཚབ་ཏུ་ཞག་རེད་ཟེར་ཞིང་། བྱིས་སྒྲུང་ལྟ་བའི་སྒྲུང་ཐུང་ཐུང་ཞིག་ཞག་ཡིན་པའི་སྒྲུབ་བྱེད་དུ་བཤད་བྱུང་པས་། དེ་རིང་ངས་ཁྱེད་ལ་ཞག་ལྡོམ་ཟེར་བའི་སྡེ་བ་ཞིག་མདོ་སྨད་མཛོད་དགེ་ཤོག་པ་བཅུ་གཉིས་ཀྱི་ནང་ན་མི་འདུག་ལ་། ངས་གླེང་པའི་བཞག་ལྡོམ་པའི་མིང་དེ་གནའ་ནས་ད་ལྟའི་བར་བེད་སྤྱོད་བྱས་ནས་ཡོང་བ་ཞིག་རེད་བཅས་ཁྱེད་ལ་ཡང་བསྐྱར་བརྗོད་འདོད་བྱུང་། རྒྱུ་མཚན་ནི་མདོ་སྨད་ལོ་རྒྱུས་ཆེན་མོའི་ལས་”བཞག་ལྡོམ་གྱི་ཤར་གཟའ་རི་དང་། ལྷོ་གླིང་པ་། ནུབ་འབོས་། བྱང་ལྷ་མོའི་ཀརྟི་དགོན་པ་སོགས་དང་འབྲེལ་ནས་ཡོད་། འདིའི་རྒྱུད་པ་སྔོན་མ་ཞིག་གླིང་བ་དང་དམེ་བྱས་པས་། ས་ཡུལ་དམེས་རྐྱེན་དུ་བཞག་ཅིང་ལྡོམ་ནས་འོངས་བས་ན་བཞག་ལྡོམ་ཐོགས་ཞེས་མདོ་སྨད་ཆོས་འབྱུང་དུ་། སོགས་སུ་འབྱུང་ཡང་། འབྲེལ་ཡོད་ཡིག་ཆ་ཕལ་ཆེར་དུ་། སྡོམ་འདི་ཉིད་བྲིས་ཤས་ཆེ་”ཞེས་བཀོད་འདུག ༢ ཡང་ཁྱེད་ཀྱིས་ང་ལ་”སྐད་ཆ་བཤད་ན་འདོད་པ་དག་བཤད་ཡོད་ས་རེད། ཡིན་ན་ཡང་། མཇེ་སྟུ་ལ་སོགས་པའི་ངོ་ཚ་དང་གུན་སྤྱོད་ལ་གནོད་པའི་མང་ཚིག་ནི་རང་གི་ཕ་མ་མིང་སྲིང་ཚུད་ཆད་ལ་ངས་འདི་འདྲ་ཞིག་བྲིས་ཡོད་ཟེར་མི་ཤེས་དུས། སྐད་ཆ་སྦོམ་པོ་སྦོམ་པོ་ཞིག། བྱ་སྤྱོད་དམན་པ་དམན་པ་ཞིག་གིས་རང་མཚང་སྒུལ་ཡོད་ན།” བཅས་འཕྱ་སྨོད་དང་སླབ་བྱ་བྱས་བྱུང་། ངའི་རྩོམ་གྱི་ནང་དུ་སྐྱེས་པའི་ཕོ་མཚན་མཇེ་ཞེས་བ་ཞིག་བྲིས་མེད་ལ་འབྲི་དགོས་པའི་རྒྱུ་མཚན་ཡང་མ་མཐོང་། གཅིག་བྱས་ན་ངས་མོ་མཚན་བཤད་ན་དམན་པ་དང་། ཁྱེད་ཀྱིས་ཕོ་མཚན་གླེང་ན་ཡ་རབས་ཡིན་པ་འདོད་ཀྱི་ཡོད་པ་མིན་འགྲོ གལ་སྲིད་ཁྱེད་ཀྱིས་དེ་འདོད་ཀྱི་མེད་ན་། ཁྱེད་ཀྱི་ཞལ་ལས་ཕོ་མཚན་གསུངས་བ་དང་། ངའི་ཁ་ནས་མོ་མཚན་བཤད་པ་ལ་ཀུན་སྤྱོད་བཟང་ངན་གྱི་ཁྱད་པར་ག་རེ་ཡོད་པ་རེད་། ། སྣ་ཚོགས།
བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་དངོས་སུ་ཨ་ཤ་ཡ་དབང་རང་རླུང་འཕྲིན་ཁང་ལ་ལས་ཀ་སྤྲད་པ། གནས་ཚུལ་འདི་ཤེས་འདོད་ཡོད་རིགས་རྣམས་ཀྱི་འདི་རིར་འགྲོ་ན་གནས་ཚུལ་དངོས་དེ་འདུག། http://www.usgbroadcasts.com/bbgwatch/2013/03/29
དྲ་གྲོགས་པདྨ་འཕྲིན་ལགས་ཁྱོད་ཀྱི་མཆན་དེ་ འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོ་ཟེར་བ་ལྟར་མི་འདུག་གམ། མ་གཞི་བཀྲས་མཐོང་ལས་གནས་དེར་ཞུགས་པར་ཁྱད་པ་གང་ཡོད་དམ།
ཡ་ཁོ་རེ། དཀར་མཛེས་ལགས། སྙན་འདོད་དང་གློག་འདོད་མེད་ན་ཅི་མི་སྐྱོན། འོན་ཀྱང་ངའི་ཡང་དྲ་གྲོགས་ཀྱི་ཁྱེད་གྱི་ག་རེ་གསུངས་གི་ཡོད་མེད་མི་གོ་གི།
རེ་བ་ཡོད་ས་ཞིག་ཡིན་པར་རེ་ནས་སྐད་ཆ་དེ་འདྲ་ཞིག་ཞུས་པ་ཡིན་པ་མ་གཏོགས། ཟུར་ཟ་དང་འཕྱ་ལད་དེ་འདྲ་ཞུས་པའི་སྣང་བ་མེད། སྤྱིར་ཡིན་ན་མི་མང་ལ་བསྒྲགས་གཏམ་འབྲི་ན་འབྲི་སྟངས་ཞིག་དང་། སྒར་ངོ་རེ་ལ་ཁ་རྩོད་རྒྱག་ན་ཡང་དེ་བཞིན་རེད། ཁྱོད་ཀྱི་བཙན་གཏམ་དེ་ནི་མི་མང་ལ་གཟས་བ་ཞིག་རེད་བསམ་བསམ་བྱུང་། དེ་འདྲ་རེད། དེ་མིན། ངའི་ངོ་ནས་ཁྱོད་ལ་གོ་བ་མེད་པའི་གླང་རྒན་ལ། དབྱུག་ཏོ་རྟ་ལྕག་མ་འཐེན་རོགས་ཞུ་བ་ཡིན། ངས་ནི་མ་ཤེས་བ་རྣམས་བཤད་ཞོར་དང་སྦྱང་ཞོར་དུ་འགྲོ་བཞིན་པ་ཞིག་ལས། ཁྱེད་ཅག་ལྟར་ཀ་དཔེ་ལུང་དཔེ་ལ་གཞི་བཅོལ་སའི་དཔེ་ཀློག་དཔེ་ལྟ་པོ་ཏི་གཅིག་ཀྱང་མེད་པས། ཉིད་ཀྱི་མཁྱེན་རྒྱ་ང་ལ་ལྟོས་ན་ནམ་མཁའ་ལས་ཡངས་བས། སེམས་བདེ་མོས་ཁ་བརྡ་ལྷོད་ལྷོད་གནོངས་ཞུ་བ་ཡིན།
དྲ་གྲོགས་ལགས་། ངས་ནི་ཁྱེད་ཀྱིས་བསྐྱར་འདྲི་དང་ཡང་འདྲི་བྱས་བར་ལན་ཡང་དག་ཅིག་ཡོད་ན་བཟང་གི་སྙམ་ནས་ལན་གསལ་པོ་ཅིག་བྲིས་བ་ལས་། ཁྱེད་ལ་ཁོང་ཁྲོ་སློང་བ་དེ་འདྲ་མིན་། དོན་དངོས་སུ་ངས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་དགོས་ཡོད་། རྒྱུ་མཚན་ནི་། ཁྱེད་ལ་རྟེན་ནས་ངའི་ཕ་ཡུལ་བཞག་ལྡོམ་པའི་མིང་མདོར་བསྡུས་ཤིག་དྲ་གྲོཊ་ཚོར་ངོ་སྤྲོད་བྱས་ཐུབ་སོང་། གཞན་དེ་སྔོན་ངས་བྲིས་བའི་རྩོམ་དེ་ངའི་ཉམས་མྱོང་ལ་རྟེན་པའི་ཤེས་བྱ་ཙམ་པོ་བ་དག་བསམ་ཚུལ་གྱི་ལམ་ནས་བཤད་པ་ལས་བསྒྲགས་གཏམ་མིན་ལ་བསྒྲགས་གཏམ་འབྲིའང་མི་ཤེས་། མ་གཞི་༧གོང་ས་མཆོག་གི་མཛན་འཕྲིན་ནི་རྒྱ་མཚོ་ལས་ཟབ་པ་དང་ནམ་མཁའ་ལས་རྒྱ་ཆེ་བ་ཞིག་ཡིན་པས་ང་ལྟ་བུ་བླུན་རྒན་ཞིག་གིས་གང་ནས་གླེང་ཐུབ་། ཡིན་ཡང་། ༧གོང་ས་མཆོག་དང་སྒང་བ་བོད་པའི་ལས་དབང་གཉིས་ནི་ལུས་དང་གྲིབ་མ་ཅི་བཞིན་མཉམ་དུ་ཡོད་པས་། ངས་དེ་ལ་ལྟ་སྟངས་ཟུང་གི་ལམ་ནས་བཤད་ཀྱི་ཡོད་། དང་པོ་ནི་ཆབ་སྲིད་པ་དང་། གཉིས་པ་མི་དམངས་ཡིན་། དང་པོས་ཁོང་ཚོར་ཁེ་ཕན་ཡོད་པའི་སྒོ་ནས་བོད་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡོད་པས་། གལ་སྲིད་ཁོང་ཚོར་ཁེ་ཕན་མེད་ན་བོད་པའི་ལངས་ཕྱོགས་དབུ་མ་དང་རང་བཙན་གང་ཡིན་ཡང་རྒྱབ་སྐྱོར་བྱེད་ཀྱི་མ་རེད་། དཔེར་ཉེ་ས་བཤད་ན་། གུང་ཁྲན་ཀྱིས་བོད་ལ་བཙན་འཛུལ་སྐབས་དབྱིན་ཇི་སྲིད་གཞུང་དང་རྒྱ་གར་སྲིད་གཞུང་གིས་བོད་ནི་རྒྱའི་ཆ་ཤས་ཡིན་པ་བཤད་པ་ལྟ་བུ་རེད་། གཉིས་པ་ནི་བློ་སེམས་གཙང་མའི་སྒོ་ནས་བོད་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཡིན་པས་། བོད་པས་རང་བཙན་དང་དབུ་མ་གཉིས་ལས་གང་རྩད་པ་ཡིན་ན་རྒྱབ་བསྐྱོར་ནམ་ཡང་བྱེད་ངེས་རེད་། ཡིན་ཡང་། བཤད་རྒྱུན་དུ་”མི་ཚེ་ལ་གདམས་ཁ་ཆ་ཚང་བ་ཡོད་ཀྱང་འདེམས་སྐབས་གཟབ་གཟབ་བྱོས་” ཟེར་བ་བཞིན་བོད་པ་རང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་རྒྱབ་སྐྱོར་བ་ཚོར་གསལ་བོ་བཤད་ཀྱི་གལ་ཆེན་པོ་རེད་། དེ་མ་བྱེད་པར་སྐབས་རེ་བྱང་ཆུབ་སེམས་པ་ཡིན་འདོག་དང་། བར་རེ་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ནས་དབུ་མ་རྩོད་འདོག་དང་། མཚམས་རེ་ཆ་རྐྱེན་གང་ཡང་མེད་པར་རྒྱའི་རྩ་ཁྲིམས་འོག་ནས་འདུག་འདོག ད་དུང་དབུ་མ་ཡིན་ན་རྒྱ་དར་འཁུར་དགོས་ཚུལ་དང་། ཡང་རང་བཙན་རྩོད་མཁན་ཚོ་རེད་མ་གཏོགས་དབུ་མ་བས་འཇོན་འདོག་སོགས་ནི་འུ་ཚང་གི་ཞན་ཆ་དང་། རྒྱབ་བསྐྱོར་བ་ཚོ་མགོ་རྨོངས་བའི་རྒྱུ་དང་མཐའ་མ་འུ་ཚང་ལ་གང་ཡང་མི་ཐོབ་སྔ་ལྟས་ཀྱང་རེད་། དེའི་ཕྱིར་ངའི་རྩོམ་གྱི་ནང་དུ་ངས་གོང་གི་དོན་ཚན་དེ་གཉིས་གཞིར་བཟུང་ནས་རྡ་སའི་དབུ་མ་ཡིན་ཟེར་མཁན་ཚོར་ང་རང་གི་བསམ་ཚུལ་ཙམ་པོ་བ་གསལ་བཤད་བྱས་བ་ཡིན་།
བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་དངོས་སུ་ཨ་ཤ་ཡ་དབང་རང་རླུང་འཕྲིན་ཁང་ལ་ལས་ཀ་སྤྲད་པ། གནས་ཚུལ་འདི་ཤེས་འདོད་ཡོད་རིགས་རྣམས་ཀྱི་འདི་རིར་འགྲོ་ན་གནས་ཚུལ་དངོས་དེ་འདུག། http://www.usgbroadcasts.com/bbgwatch/2013/03/29
དྲ་གྲོགས་པདྨ་འཕྲིན་ལགས་ཁྱོད་ཀྱི་མཆན་དེ་ འདྲེ་ཤར་སྒོ་དང་ཀླུད་ནུབ་སྒོ་ཟེར་བ་ལྟར་མི་འདུག་གམ། མ་གཞི་བཀྲས་མཐོང་ལས་གནས་དེར་ཞུགས་པར་ཁྱད་པ་གང་ཡོད་དམ།
ཡ་ཁོ་རེ། དཀར་མཛེས་ལགས། སྙན་འདོད་དང་གློག་འདོད་མེད་ན་ཅི་མི་སྐྱོན། འོན་ཀྱང་ངའི་ཡང་དྲ་གྲོགས་ཀྱི་ཁྱེད་གྱི་ག་རེ་གསུངས་གི་ཡོད་མེད་མི་གོ་གི།
རེ་བ་ཡོད་ས་ཞིག་ཡིན་པར་རེ་ནས་སྐད་ཆ་དེ་འདྲ་ཞིག་ཞུས་པ་ཡིན་པ་མ་གཏོགས། ཟུར་ཟ་དང་འཕྱ་ལད་དེ་འདྲ་ཞུས་པའི་སྣང་བ་མེད། སྤྱིར་ཡིན་ན་མི་མང་ལ་བསྒྲགས་གཏམ་འབྲི་ན་འབྲི་སྟངས་ཞིག་དང་། སྒར་ངོ་རེ་ལ་ཁ་རྩོད་རྒྱག་ན་ཡང་དེ་བཞིན་རེད། ཁྱོད་ཀྱི་བཙན་གཏམ་དེ་ནི་མི་མང་ལ་གཟས་བ་ཞིག་རེད་བསམ་བསམ་བྱུང་། དེ་འདྲ་རེད། དེ་མིན། ངའི་ངོ་ནས་ཁྱོད་ལ་གོ་བ་མེད་པའི་གླང་རྒན་ལ། དབྱུག་ཏོ་རྟ་ལྕག་མ་འཐེན་རོགས་ཞུ་བ་ཡིན། ངས་ནི་མ་ཤེས་བ་རྣམས་བཤད་ཞོར་དང་སྦྱང་ཞོར་དུ་འགྲོ་བཞིན་པ་ཞིག་ལས། ཁྱེད་ཅག་ལྟར་ཀ་དཔེ་ལུང་དཔེ་ལ་གཞི་བཅོལ་སའི་དཔེ་ཀློག་དཔེ་ལྟ་པོ་ཏི་གཅིག་ཀྱང་མེད་པས། ཉིད་ཀྱི་མཁྱེན་རྒྱ་ང་ལ་ལྟོས་ན་ནམ་མཁའ་ལས་ཡངས་བས། སེམས་བདེ་མོས་ཁ་བརྡ་ལྷོད་ལྷོད་གནོངས་ཞུ་བ་ཡིན།
དྲ་གྲོགས་ལགས་། ངས་ནི་ཁྱེད་ཀྱིས་བསྐྱར་འདྲི་དང་ཡང་འདྲི་བྱས་བར་ལན་ཡང་དག་ཅིག་ཡོད་ན་བཟང་གི་སྙམ་ནས་ལན་གསལ་པོ་ཅིག་བྲིས་བ་ལས་། ཁྱེད་ལ་ཁོང་ཁྲོ་སློང་བ་དེ་འདྲ་མིན་། དོན་དངོས་སུ་ངས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་དགོས་ཡོད་། རྒྱུ་མཚན་ནི་། ཁྱེད་ལ་རྟེན་ནས་ངའི་ཕ་ཡུལ་བཞག་ལྡོམ་པའི་མིང་མདོར་བསྡུས་ཤིག་དྲ་གྲོཊ་ཚོར་ངོ་སྤྲོད་བྱས་ཐུབ་སོང་།
གཞན་དེ་སྔོན་ངས་བྲིས་བའི་རྩོམ་དེ་ངའི་ཉམས་མྱོང་ལ་རྟེན་པའི་ཤེས་བྱ་ཙམ་པོ་བ་དག་བསམ་ཚུལ་གྱི་ལམ་ནས་བཤད་པ་ལས་བསྒྲགས་གཏམ་མིན་ལ་བསྒྲགས་གཏམ་འབྲིའང་མི་ཤེས་།
མ་གཞི་༧གོང་ས་མཆོག་གི་མཛན་འཕྲིན་ནི་རྒྱ་མཚོ་ལས་ཟབ་པ་དང་ནམ་མཁའ་ལས་རྒྱ་ཆེ་བ་ཞིག་ཡིན་པས་ང་ལྟ་བུ་བླུན་རྒན་ཞིག་གིས་གང་ནས་གླེང་ཐུབ་། ཡིན་ཡང་། ༧གོང་ས་མཆོག་དང་སྒང་བ་བོད་པའི་ལས་དབང་གཉིས་ནི་ལུས་དང་གྲིབ་མ་ཅི་བཞིན་མཉམ་དུ་ཡོད་པས་། ངས་དེ་ལ་ལྟ་སྟངས་ཟུང་གི་ལམ་ནས་བཤད་ཀྱི་ཡོད་། དང་པོ་ནི་ཆབ་སྲིད་པ་དང་། གཉིས་པ་མི་དམངས་ཡིན་།
དང་པོས་ཁོང་ཚོར་ཁེ་ཕན་ཡོད་པའི་སྒོ་ནས་བོད་ལ་རྒྱབ་བསྐྱོར་བྱེད་ཀྱི་ཡོད་པས་། གལ་སྲིད་ཁོང་ཚོར་ཁེ་ཕན་མེད་ན་བོད་པའི་ལངས་ཕྱོགས་དབུ་མ་དང་རང་བཙན་གང་ཡིན་ཡང་རྒྱབ་སྐྱོར་བྱེད་ཀྱི་མ་རེད་། དཔེར་ཉེ་ས་བཤད་ན་། གུང་ཁྲན་ཀྱིས་བོད་ལ་བཙན་འཛུལ་སྐབས་དབྱིན་ཇི་སྲིད་གཞུང་དང་རྒྱ་གར་སྲིད་གཞུང་གིས་བོད་ནི་རྒྱའི་ཆ་ཤས་ཡིན་པ་བཤད་པ་ལྟ་བུ་རེད་།
གཉིས་པ་ནི་བློ་སེམས་གཙང་མའི་སྒོ་ནས་བོད་ལ་རྒྱབ་སྐྱོར་བྱེད་མཁན་དེ་ཡིན་པས་། བོད་པས་རང་བཙན་དང་དབུ་མ་གཉིས་ལས་གང་རྩད་པ་ཡིན་ན་རྒྱབ་བསྐྱོར་ནམ་ཡང་བྱེད་ངེས་རེད་།
ཡིན་ཡང་། བཤད་རྒྱུན་དུ་”མི་ཚེ་ལ་གདམས་ཁ་ཆ་ཚང་བ་ཡོད་ཀྱང་འདེམས་སྐབས་གཟབ་གཟབ་བྱོས་” ཟེར་བ་བཞིན་བོད་པ་རང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་རྒྱབ་སྐྱོར་བ་ཚོར་གསལ་བོ་བཤད་ཀྱི་གལ་ཆེན་པོ་རེད་། དེ་མ་བྱེད་པར་སྐབས་རེ་བྱང་ཆུབ་སེམས་པ་ཡིན་འདོག་དང་། བར་རེ་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ནས་དབུ་མ་རྩོད་འདོག་དང་། མཚམས་རེ་ཆ་རྐྱེན་གང་ཡང་མེད་པར་རྒྱའི་རྩ་ཁྲིམས་འོག་ནས་འདུག་འདོག ད་དུང་དབུ་མ་ཡིན་ན་རྒྱ་དར་འཁུར་དགོས་ཚུལ་དང་། ཡང་རང་བཙན་རྩོད་མཁན་ཚོ་རེད་མ་གཏོགས་དབུ་མ་བས་འཇོན་འདོག་སོགས་ནི་འུ་ཚང་གི་ཞན་ཆ་དང་། རྒྱབ་བསྐྱོར་བ་ཚོ་མགོ་རྨོངས་བའི་རྒྱུ་དང་མཐའ་མ་འུ་ཚང་ལ་གང་ཡང་མི་ཐོབ་སྔ་ལྟས་ཀྱང་རེད་།
དེའི་ཕྱིར་ངའི་རྩོམ་གྱི་ནང་དུ་ངས་གོང་གི་དོན་ཚན་དེ་གཉིས་གཞིར་བཟུང་ནས་རྡ་སའི་དབུ་མ་ཡིན་ཟེར་མཁན་ཚོར་ང་རང་གི་བསམ་ཚུལ་ཙམ་པོ་བ་གསལ་བཤད་བྱས་བ་ཡིན་།
ལ་ལེགས་སོ།