ཨེ་མ་ཧོ།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།།
སངས་རྒྱས་ཆོས་དང་དགེ་འདུན་དང་།།
བླ་མ་ཡི་དམ་མཁའ་འགྲོ་ལ།།
རྟག་ཏུ་གུས་པས་ཕྱག་འཚལ་ནས།།
གྲོགས་པོ་ཡོངས་ལ་བདེ་ལེགས་ཞུ།།
རྣམདག་ལྷག་བསམ་སྔོན་བསུས་ནས།།
གང་དྲན་ཆོས་མཐུན་སྙན་པའི་ངག།
གཟུར་གནས་དགྱེས་པའི་མཆོད་སྤྲིན་དག།
དོན་གཉེར་སྐལ་བཟང་ཚོགས་ལ་འབུལ།།
ཤེས་བྱའི་མཁྱེན་རབ་རྣམ་པར་བཀྲ།
ཀུན་ལ་ཕན་པའི་དགེ་བཅུས་ཤིས།།
བློ་གྲོས་བཟང་པོས་འདི་ཕྱིར་བདེ།།
ལེགས་བཤད་ལུགས་གཉིས་སྨན་པའི་དཔལ།།
སྐུ་གཟུགས་འབྱུང་བཞི་ཆ་ཀུན་མཉམ།།
གསུང་དབྱངས་དམ་ཆོས་སྒྲ་སྙན་ཁྲོལ།།
ཐུགས་རྗེ་ཞི་ལྷག་མཉམ་རྗེས་ངང་།།
ཀུན་ལ་བཀྲ་ཤིས་བདེ་ལེགས་སྨོན།།
ཞེས་པ་རབ་རྒྱན་ཤིང་ལུག་གི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་རྒྱལ་བ་གཉིས་པར་ཕྲལ་རྐྱེན་ཞིག་གིས་རེ་ཞིག་དྲ་ཐོག་ཏུ་འགྲོ་མཚམས་བཞག་པར་བོད་རིགས་དྲ་གྲོགས་ཡོངས་ལ་བདེ་འཚམས་སུ་དབྱིན་ཡུལ་གངས་ལྡན་རི་བོའི་རྩེ་ནས་ཤྲྰི་ཨེ་མ་ཧོས་སྤྲིངས་པར་དགེའོ།། །།
ཨེ་མ་ཧོ་ངོ་མཚར་ཆེ།
དམ་ཚིག་གཙང་མའི་བཀྲིས་ཤོག་།
དྲ་གྲོགས་གཅིག་པའི་བཀྲིས་ཤོག་།
ཆོས་སྐྱོང་སྲུང་མའི་བཀྲིས་ཤོག་།
ཡིད་དམ་ལྷ་ཡི་བཀྲིས་ཤོག་།
ཤེས་བྱ་རིག་པའི་བཀྲིས་ཤོག་།
རྩོམ་རིག་རྒྱུ་རྩལ་བཀྲིས་ཤོག་།
ྨམཐུན་སྐྱེན་འགྲུབ་པའི་བཀྲིས་ཤོག་།
ལས་སྨོན་མཐུ་ཡི་བཀྲིས་ཤོག་།
ལས་དབང་རླུང་རྟ་དར་བའི་བཀྲིས་ཤོག་།
ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲིས་ཤོག་།
བོད་རྒྱལ་ལོ་།བོད་རྒྱལ་ལོ་།བོད་རྒླལ་ལོ་།
རྩ་བརྒྱུད་བླ་མའི་བྱིན་རླབས་བཀྲ་ཤིས་ཤོག །
ཡི་དམ་ལྷ་ཡི་དངོས་གྲུབ་བཀྲ་ཤིས་ཤོག །
མཁའ་འགྲོ་ཆོས་སྐྱོང་འཕྲིན་ལས་བཀྲ་ཤིས་ཤོག །
རྟེན་འབྱུང་བདེན་མཐུས་བསམ་དོན་བཀྲ་ཤིས་ཤོག །
དྲ་གྲོགས་ཨེ་མ་ཧོཿ་ལ་བཀྲ་ཤིས་བདེ་ལེགས་ཞུ། ཡང་སྐྱར་ཕེབས་ནས་སྙན་ངག་ཆུ་ཀླུང་ཆེན་པོའི་རྒྱུན་བཞིན་གནང་བར་མཁྱེན་མཁྱེན། མི་ཕམ་རིན་པོ་ཆེའི་སྨོན་ཚིག་གཅིག་ཁྱེད་ལ་སྨོན།
ཇི་སྐད་དུ།
རྩ་བརྒྱུད་བླ་མའི་བྱིན་ལ་སྙིང་ལ་ཞུགས།།
ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ།།
མཁའ་འགྲོ་དམ་ཅན་ལུས་དང་གྲིང་བཞིན་འགྲོག།
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།
ཡའ་ཅི་བཤད་ཀྱི་ཡོད་ བྱིན་ལ་༼བྱིན་རླབས་༽
ལུས་དངགྲིང་༼ལུས་དང་གྲིབ་མ་༽
རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས།།
ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ།།
མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོག།
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།
བདེན་པའི་ཕོ་ཉ་ཐུགས་རྨད་དོ། དགོངས་དག ཡིག་ནོར་བཅོས་ནས་བཏང་ཡོད་དོ།