དྲ་ཐོག་བགྲོ་གླེང་སྐོར་གྱི་གསལ་བསྒྲགས
།ད་ལོ་ནི་རྒྱ་དམར་པོའི་ཁྲིམས་འོག་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་ཐོག་མར་སྒྲོགས་མཁན་གྱི་དཔའ་རྒོད་དམ་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཞིང་དུ་གཤེགས་ནས་ལོ་འཁོར་ཉི་ཤུ་འཁོར་བའི་དུས་དྲན་དམིགས་བསལ་བ་ཞིག་ཡིན། དེའི་རྐྱེན་གྱིས་ཁོང་གི་རྨད་དུ་བྱུང་བའི་དཔའ་ངར་གྱི་བྱུང་བ་ལ་ཕྱི་རབས་གངས་ཅན་པ་རྣམས་ཀྱིས་ཕྱིར་རྟོག་དང་རྗེས་དྲན་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་དུ་གྱུར་ཡོད། དེའི་རྐྱེན་གྱིས་གཞོན་སྐྱེས་རྩོམ་པ་པོ་རས་པ་དང༌། གཉན་པོ། ངེད་གསུམ་གྱིས་དྲ་ཐོག་བགྲོ་གླེང་ཞིག་ཟླ་འདིའི་སྤྱི་ཚེས་༢༦ཉིན་བཀོད་སྒྲིག་ཞུ་རྒྱུ་ཡིན། ཐེངས་འདིའི་བགྲོ་གླེང་ནི་སྔར་གྱི་དྲ་ཐོག་རང་མོས་བགྲོ་གླེང་ཐེངས་དང་པོའི་ཉམས་མྱོང་གཞི་ལ་བཞག་སྟེ། ཅུང་ཚད་མཐོ་བོ་དང་ལྟ་རིན་ཉན་རིན་གཉིས་ཀ་ཡོད་པ་ཞིག་ལ་རེ་བ་དང་བསམ་གཞིགས་བྱས་ནས་བརྗོད་གཞི་ཁག་བགོས་བྱས་ཡོད་ལ་རྟིང་འཛིན་ཡང་ནན་མོ་བྱ་རྒྱུ་ཡིན།
བརྗོད་གཞི་དང་པོ། བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང་འབྲེལ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གླེང་བ།
བརྗོད་གཞི་གཉིས་པ། རྒྱ་ནག་རང་སྐྱོང་བཅའ་ཁྲིམས་བསྟུན་ནས་བོད་མི་རིགས་ཀྱི་སྐད་ཡིག་གོམས་སྲོལ་དང་བཅས་པ་རྒྱུན་འཛིན་དར་རྒྱས་གཏོང་ཐད་ལ་བཞག་པའི་བླ་མེད་མཛད་རྗེས་དང་འབྲེལ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གླེང་བ།
བརྗོད་གཞི་གསུམ་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཤེགས་ནས་ལོ་འཁོར་ཉི་ཤུ་འཁོར་བར་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་རྗེས་དྲན་ཞུ་བ།
ས་གནས།
དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས། རས་པའི ( ཁེར་རྐྱང་གི་འགྲུལ་བཞུད ) དང༌། གཉན་པོའི ( གཉན་པོའི་སེམས་ལྗོངས ) ། བདག་གི ( སྦྲ་རྒན་ནག་ལྡང་ ) བཅས་ཀྱི་ནང་དུ་བརྗོད་གཞི་རེ་རེ་ཁག་བགོས་བྱས་ནས་འཚོགས་འཆར་ཡོད།
གསལ་བཤད།
བརྗོད་གཞི་དང་པོ་དེ་དང་འབྲེལ་ནས་སྤྱི་ལོ༡༩༧༧ཡརསྔོན་དུ་ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་བཞག་པའི་རླབས་ཆེན་གྱི་མཛད་རྣམ་དང་དཀའ་སྡུག་གི་བརྒྱུད་རིམ་གཙོ་བོར་གླེང་རྒྱུ་དང༌། བརྗོད་གཞི་གཉིས་པའི་ནང་དུ་བཙོན་མུན་ཏུ་ལོ་དགུ་བསྡད་དེ་གློད་གྲོལ་ཐོབ་རྗེས། བོད་ཀྱི་ཆོས་རིག་སྲོལ་རྒྱུན་དང་བཅས་པ་ཉམས་པ་སླར་གསོ་དང༌། དར་སྤེལ་ཐད་ལ་བཞག་པའི་རྨད་དུ་བྱུང་བའི་མཛད་རྣམ་དང་སྙིང་སྟོབས་སྐོར་གླེང་རྒྱུ་དང༌། བརྗོད་གཞི་གསུམ་པའི་ནང་དུ་ཁོང་གིས་བོད་མི་རིགས་ཆེད་དུ་ཡོད་ཚད་བཏངས་ཤིང་དོར་བའི་བྱ་དཀའ་བའི་མཛད་འཕྲིན་དག་བསྡུས་གཟུགས་ཡིད་འགུགས་རང་བཞིན་ཅན་གྱི་སྙན་ངག་སོགས་སྒྱུ་རྩལ་རྩོམ་རིག་གི་ལམ་ནས་གླེང་སྟེ་རྗེས་དྲན་ཞུ་རྒྱུ་བཅས་ཡིན་ལ། བགྲོ་གླེང་དངོས་གཞིའི་སྐབས་ཇི་ལྟར་ཞུགས་པའི་རིམ་པ་སོགས་ཕྱིས་སུ་རྒྱས་པར་གསལ་བསྒྲགས་ཞུ་རྒྱུ་ཡིན།
ཁོང་གི་མཛད་རྣམ་སྙིང་བསྡུས།
ཀུན་གཟིགས་མཆོག་ནི་སྤྱི་ལོ་༡༩༣༨ལོར་མདོ་སྨད་ཡ་རྫི་ས་ཆར་སྐུ་འཁྲུངས།༡༩༤༩ལོའི་ཟླ༨པའི་ཚེས་༡༠ཉིན་སྐུ་འབུམ་བྱམས་པ་གླིང་དུ་བཞུགས་ཁྲིར་འཁོད་པའི་མཛད་སྒོ་བསྐྱངས། ༡༩༥༢ལོའི་ཟླ༤བའི་ཚེས༢༨ཉིན་དབུས་འགྱུར་ལྷ་ལྡན་ཆོས་ཀྱི་གྲོང་དུ་ཕེབས། སྤྱི་ལོ༡༩༥༣ལོར་པེ་ཅིན་མོ་ཀྲུ་ཞུ་དང་མཇལ་ཕྲད་གནང༌། སྤྱི་ལོ་༡༩༥༦ལོར་སྟོན་པ་ཐུགས་མྱ་ངན་ལས་འདས་ནས་ལོ་འཁོར་ཉིས་སྟོང་ལྔ་བརྒྱ་འཁོར་བའི་རྗེས་དྲན་ཚོགས་ཆེན་སྟེང་རྒྱ་གར་གཞུང་ནས་གདན་ཞུ་གནང་བ་ལྟར་ཕེབས། སྤྱི་ལོ་༡༩༥༧ཙམ་ཞིག་་ལ་བོད་ཀྱི་རིག་གཞུང་རྒྱུད་འཛིན་དང་དར་སྤེལ་ཡོང་ཆེད་བཀྲ་ཤིས་ལྷུན་པོ་དགོན་པར་རྩེ་སློབ་གྲྭ་དང་ཉི་འོད་སློབ་གྲྭ་གཉིས་གསར་འཛུགས་གནང༌།སྤྱིལོ༡༩༦༠དང་༡༩༦༡རྒྱལ་སྟོན་དུས་ཆེན་སྐབས་པེ་ཅིན་དུ་ཕེབས་ཏེ་གཏིང་ནག་པོའི་ཆབ་སྲིད་འོག་གི་བོད་ཀྱི་དངོས་ཡོིད་འཚོ་བའི་སྐོར་སྲིད་བློན་ཀྲོའུ་ཨན་ལེན་དང་ལིས་ཧྲོ་ཆི་སོགས་ལ་གསུངས། སྤྱི་ལོ༡༩༦༡ལོའི་ཟླ་དགུ་བར་མཚོ་སྔོན་དང་ཟི་ཁྲོན་སོགས་ཀྱི་བོད་ཁུལ་ཀུན་ལ་གཟིགས་ཞིབ་ཏུ་ཕེབས་ཏེ་ཞིབ་འཇུག་མཐུལ་ཕྱིན་གནང་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབས་པའི་འབོད་སྒྲ་སྟེ་གྲགས་ཆེ་བའི་ཡིག་འབྲུ་ཁྲི་བདུན་་གྱི་སྙན་ཞུ)འབྲི་བའི་མགོ་བཙུགས། སྤྱི་ལོ༡༩༦༢ལོའི་ལོ་འགོར་(ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ)བྲིས་ཚར་རྗེས་རྒྱ་ཡིག་ཏུ་བསྒྱུར། ལོ་དེའི་ཟླ་༥བའི་ཚེས་༡༨ཉིན་སྲིད་བློན་ཀྲོའུ་ཨན་ལེར་ཕུལ། སྤྱི་ལོ་༡༩༦༣ལོའི་ཟླ་བཅུ་བར་བོད་དོན་ཨུ་ཡོན་ལྷན་ཁང་ཟེར་བའི་མི་སྣས་ལྷ་སར་ཚོགས་འདུ་བསྡུས་ཏེ་ཀུན་གཟིགས་པཎ་ཆེན་མཆོག་ནས་སྲིད་གྲོས་ཚོགས་འདུའི་སྟེང་གི་གཏམ་བཤད་དང་ཀྲུང་དབྱང་ལ་ཕུལ་བའི་(ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ)ལ་ནོར་འཁྲུལ་དང་སྐྱོན་ཆ་ཡོད་པས་རང་སྐྱོན་ངོས་ལེན་དགོས་པའི་སྐོར་བཤད། སྤྱི་ལོ༡༩༦༤ལོ་ནས་པཎ་ཆེན་མཆོག་དུས་བཀག་བཙོན་འཇུག་ལྟ་བུ་བྱས་ཏེ་རང་གི་གཟིམ་ཁང་དུ་འཛུལ་ནས་བཞུགས་དགོས་བྱུང༌། སྤྱི་ལོ༡༩༦༤ལོའི་ཟླ༩བའི་ཚེས༡༨ནས་བཟུང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཟེར་བའི་ཚོགས་འདུ་ལྷན་རྒྱས་ལྷ་སར་ཟླ་བ་ཕྱེད་དང་གཉིས་ལྷག་ཙམ་ཚོགས་པའི་སྐབས།སླར་ཡང་དཔའ་ངར་ཞུམ་མེད་ཀྱིས་བོད་ཁུལ་གྱི་བཅོས་བསྒྱུར་ཁྲོད་ཀྱི་བརྒྱུད་རིམ་ནང་བྱུང་བའི་དངོས་ཡོད་ཀྱི་སྐྱོན་ཆ་དག་གི་གནས་ཚུལ་ཞིབ་རྒྱས་སྙན་སེང་ཞུས། སྤྱི་ལོ༡༩༦༤ལོའི་ལོ་མཇུག་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཐོག་མར་མགོ་འཛིན་རིམ་པའི་འཐབ་རྩོད་དང༌། དེ་ནས་སྤྱི་ཚོགས་ཐོག་ཏུ་པཎ་ཆེན་རུ་ཚོགས་དང་པཎ་ཆེན་རྒྱལ་ཁབ་ངོ་རྒོལ་ཚོགས་པས་ཏང་ལ་ངོ་རྒོལ་དང༌། རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་སྤྱོད་འགྲེམས་སྟོན་གཞིས་ཀ་རྩེ་དང་ལྷ་སར་བྱས། ཞིང་བྲན་ཁྲི་སྟོང་མང་པོར་སྐུལ་སློང་གིས་རྔ་རྡུང་དར་འཕྱར་གྱི་སྒོ་ནས་ཉེས་རྡུང་དང་འཐབ་རྩོད་དྲག་པོ་བྱས། སྤྱི་ལོ་༡༩༦༥ལོར་མེས་རྒྱལ་ལ་ངོ་རྒོལ་དང༌། མི་དམངས་ལ་ངོ་རྒོལ།སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་ཞེས་པའི་ངོ་རྒོལ་གསུམ་གྱི་ཞྭ་མོ་བསྐོན། ད་དུང་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཁང་གི་གཙོ་འཛིན་གྱི་གོ་གནས་མེད་པར་བཟོས། སྤྱི་ལོ་༡༩༦༥ལོའི་ལོ་མཇུག་ཏུ་སྲིད་བློན་ཀྲོའུ་ཨིན་ལེ་ནས་ཐབས་ཇུས་ཀྱི་བཀའ་བཀོད་འོག་པཎ་ཆེན་རིན་པོ་ཆེ་མཆོག་པེ་ཅིན་དུ་འབྱོར་ཏེ། སྲིད་བློན་ཀྲོའུ་ཨིན་ལེ་ཡིས་རང་གི་སྡོད་ཤག་ཏུ་བཞུགས་སུ་བཅུག སྤྱི་ལོ༡༩༦༦ལོའི་ཟླ་བརྒྱད་པའི་མཚན་མོ་ཞིག་ལ་པཎ་ཆེན་རིན་པོ་ཆེ་དམག་མི་འགས་བསྡམས་བཀྱིགས་བྱས་ཏེ་པེ་ཅིན་མི་རིགས་སློབ་གླིང་དུ་མི་ཚོགས་སྟོང་ཕྲག་དུ་མ་འདུས་བའི་དབུས་སུ་བཙན་གྱིས་ཁྲིད་ནས་འཐབ་རྩོད་དང་རྡུང་རྡེག སྐྱོན་བརྗོད་སོགས་ལོ་གཉིས་ཙམ་ཞིག་ལ་ཉིན་མཚན་བསྟུན་མར་བྱས། སྤྱི་ལོ༡༩༦༨ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཞོན་དང༌།བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཁང་གི་གཙོ་འགན་འཁུར་བའི་པཎ་ཆེན་རིན་པོ་ཆེ་དེ་མེས་རྒྱལ་ལ་ངོ་རྒོལ་དང༌། མི་དམངས་དང་སྤྱི་ཚོགས་རིང་ལུཊ་ལ་ངོ་རྒོལ་བྱེད་པའི་དགྲ་བོ་ཡིན་པར་ཁྱབ་བསྒྲགས་བྱས་ཏེ་བཙོན་མུན་དུ་ལོ་ངོ་དགུ་དང་ཟླ་བ་བརྒྱད་ལྷག་གི་རིང་བཞུགས། སྤྱི་ལོ ༡༩༧༧ ལོའི་ཟླ ༡༠ བར་གཞི་ནས་བཙོན་གྲོལ་བཏང༌། ༡༩༧༩ལོའི་ཟླ༧པའི་ཚེས༢ཉིན་ཏིན་ཞོ་ཕུན་གྱིས་དཀར་འདོན་གནང་སྟེ་པཎ་ཆེན་རིན་པོ་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་གཙོ་འཛིན་གཞོན་པར་བསྐོས།༡༩༨༠ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཚོགས་གཞོན་དུ་བསྐོས། ༡༩༨༦ལོར་ཀུན་གཟིགས་པཎ་ཆེན་མཆོག་གི་གཟིགས་སྐྱོང་འོག་གངས་ཅན་དར་རྒྱས་ཚད་ཡོད་སྤྱི་གཉེར་ཁང་བཙུགས། ༡༩༨༧ལོའི་ཟླ༤བའི་ཚེས༡༥ཉིན་ཀུན་གཟིགས་པཎ་ཆེན་མཆོག་ནས་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས། ༡༩༨༧ལོའི་ཟླ༩པའི་ཚེས༡ཉིན་ཀུན་གཟིགས་པཎ་ཆེན་མཆོག་གིས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་མཛད། སྤྱི་ལོ༡༩༨༩ ལོའི་ཟླ༡ ཚེས་༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༨།༣༠སྟེང་གཙང་བཀྲ་ཤིས་ལྷུན་པོ་རུ་སྐུ་གཤེགས།
པཎ་ཆེན་རིན་པོ་ཆེ་ཡི་མཛད་རྗེས་བཤད་པའི་དུས་ཚོད་མ་རེད། མཛད་རྗེས་དེ་དག་མུ་མཐུད་དུ་བསྒྲུབ་ཨེ་ཐུབ་བལྟ་རྒྱུའི་དུས་ཚོད་རེད། ལོ་ཉི་ཤུའི་སྔོན་དང་ལོ་ཉི་ཤུའི་རྗེས་ཀྱི་སྲིད་ཇུས་དང་གནས་སྟངས་བསྡུར་ཏེ། ལས་ཀ་ཚགས་ཚུད་ཡོང་ཐུབ་ན་ཐུབ་སྟངས་དང་མི་ཐུབ་ན་མི་ཐུབ་སྟངས་བཤད་རྒྱུའི་དུས་ཚོད་རེད། བསྟོད་རྩོམ་འབྲི་བ་ནི་སྐད་ཆ་སྙན་པོ་བཤད་པ་ཁོ་ན་ཙམ་རེད། མྱི་ཁ་ཡག་
ཚོ་ང་ཚོའི་ས་ཆ་ནས་ཡག་ག་ཅིག་ལ་མི་བརྩི།
སེམས་ཁོངས་སུ་ཁྱོད་ཉིད་འཆར་ན། མིག་ཀོང་གི་མཆིལ་མ་ལ་རང་དབང་མེད།
ངའི་བླ་མ། མི་རིགས་ཀྱི་སྟག་རྒོད།
གཡུ་འབྲུག་ཞུ་བར། ཉིད་ཀྱང་བོད་མི་ཞིག་རེད། ་༼༼༼ལོ་ཉི་ཤུའི་སྔོན་དང་ལོ་ཉི་ཤུའི་རྗེས་ཀྱི་སྲིད་ཇུས་དང་གནས་སྟངས་བསྡུར་ཏེ། ལས་ཀ་ཚགས་ཚུད་ཡོང་ཐུབ་ན་ཐུབ་སྟངས་དང་མི་ཐུབ་ན་མི་ཐུབ་སྟངས་བཤད་རྒྱུའི་དུས་ཚོད་རེད། ༽༽༽༽་་་ ཁྱེད་ཀྱང་བོད་མི་ཞིག་རེད། བོད་མི་མི་རེ་ངོ་རེ་ལ་ཡོད་དགོས་པའི་དྲི་བ་ཞིག་རེད། ཁྱེད་རང་གིས་ག་རེ་བྱེད་ནས་འདིའི་སྐོར་ནས་ལས་འགུལ་སྤེལ་མེད།
ག་དུས་ཡིན་ཡང་མི་གཞན་གྱིས་ཅི་ཞིག་བྱེད་བཞིན་པའི་སྐབས་མ་འཇོན་མ་འགྲིག་ཟེར་གིན་ལོབས་ཡོད་ན་མེ་ལོང་ནང་ལ་རང་ཉིད་ཀྱིས་ག་རེ་བྱེད་ཡོད་མེད་དེ་ལ་ལྟ་རོགས།
བོད་མི་ས་ཡ་དྲུག་གི་ནང་དུ་རྒྱ་མི་གང་འདྲ་ཞིག་གི་མདུན་དུ་བྲང་ཁོག་མདུན་དུ་བསྟན་ནས། དབུ་མེ་མདའི་ཁ་ལ་གཏད་ནས། མདུན་དུ་མཆོངས་པ་མ་གཏོགས་ཕྱི་ནུར་གོམས་གང་བྱེད་མ་མྱོང་བ་ཁྱོད་ཉིད་ཙམ། ཡང་གང་ཉིད་སྲིད་དོན་པ་དེ་ཚོ་ལྟར་དུས་ནམ་ཡང་རྒྱབ་ལོག་ལ་སྐོང་ནས་བསྡད་མ་མྱོང་བར། དཔའ་བོའི་ངར་ངར་གྱིས་མདུན་བསྐྱོད་དང་། ཇོ་མོ་གླང་མ་ལྟར་དུས་ནམ་ཡང་མདུན་ཕྱོགས་སུ་གྲོང་ངེར་འགྲེངས། ཁྱེད་ནི་མི་རིགས་ཀྱི་དཔའ་བོ་ཡིན། མི་རིགས་ཀྱི་རླབས་ཆེ་བའི་དཔའ་བོ་ཡིན། མི་རིགས་འདིའི་བླ་སྲོག་སླར་གསོ་གནང་བའི་སྨན་པ་ཡིན། དུས་ནམ་ཡང་བོད་མི་དམངས་ཀྱི་སེམས་ཁུངས་ནས་ཡལ་ཐབས་མེད།
ང་ཚོས་མཛད་རྗེས་བཤད་དགོས་ནི་རེད།་མཛད་རྗེས་རྐྱང་རྐྱང་ལབ་།་སྔོན་ན་མྱི་བུ་རྩ་མི་ཚང་བ་ཞིག་གིས་དགེ་ཆོས་ལ་བསྡིག་ནོ་ལྟོས་་ར།་མཛད་རྗེས་མ་བཤད་ན་ག་ལ་འགྲིག་།་པན་ཆེན་རིན་པོ་ཆེའི་རྗེས་ནས་།་དགེ་ཆོས་ཀྱི་སྐོར་ལ་བགྲོ་གླེང་ཤིག་འཚོགས་རྒྱུ་བྱོས་།་ཁ་དྲོ་བཀྲ་ཤིས།་
རང་གི་སྐུ་སྲོག་ལས་ཀྱང་གངས་ཅན་པའི། །
མི་རིགས་རིག་གཞུང་དང་བཅས་བསྲུངས་པ་ཁོང་། །
འོད་དཔག་མེད་མགོན་མི་ཡི་གར་བསྒྱུར་པར། །
ཐེ་ཚོམ་ཕྲ་མོ་ཙམ་ཡང་མ་རྙེད་དོ། །
མཛད་རྗེས་གསེར་གྱི་བྲིས་ཀྱང་ཆུང་ཚོད་རེད།།
རྣམ་ཐར་སེམས་ལ་དྲན་པའི་སྔ་གཞུག་ཀུན།།
རང་གིས་རང་ལ་བལྟས་དུས་གཟུགས་ཙམ་ལས།།
བོད་དུ་སྐྱེ་བ་ཁོང་ལ་ངོ་རེ་གནོང་།།
བོད་མི་ཞིག་ཡིན་པའི་ཆ་ནས་དོ་དགུང་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཏུ་འཇིག་རྟེན་ལྟར་སྣང་གི་ལོངས་སྤྱོད་དེ་དག་ཟུར་འཇོག་གིས་བོད་ཡིག་གི་ཐོག་ནས་བསམ་ཚུལ་ཙམ་སྤེལ་བ་ལ་དྲ་གྲོགས་ཚེ་སྐྱིད་ཀྱིས་སྙིང་ལ་རུས་པ་བཅུག་ནས་ཡ་ལན་སློག་པ་འདིས་ངའི་སྤོབས་པ་ནི་བླ་ལྷག་གིས་མཐོ་རུ་འདེགས་བཞིན་པ་འདི་ཨེ་མ་མཚར།
ངས་ལོ་འགའི་སྔོན་འདི་ནས་པཎ་ཆེན་རྗེས་དྲན་ཐེབས་རྩ་ཟེར་བ་ཞིག་གི་གཞི་བཏིངས་ནས་དེའི་རྩ་འཛིན་ཡིག་ཆ་ཞིག་ཀྱང་བྲིས་པ་ཡིན། དེའི་ཐོག་མའི་ལས་འཆར་གྱི་ནང་དུ་ཐེབས་རྩ་འདིའི་ངོས་ནས་ཟླ་བ་བཞི་རེའི་མཚམས་ནས་པཎ་ཆེན་རིན་པོ་ཆེའི་སྐུ་མཇལ་གསུང་ཐོས་མྱོང་བའི་མི་སྣ་གདན་ཞུས་ཀྱིས་གཏམ་བཤད་བྱེད་དུ་འཇུག་པ་དང་། པཎ་ཆེན་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་ཀྱི་གློག་བརྙན་བཟོ་རྒྱུ། པཎ་ཆེན་བླ་མ་ཞེས་པའི་ཟླ་རེའི་ཚགས་པར་ཞིག་འདོན་རྒྱུ། པཎ་ཆེན་ཐེབས་རྩ་འདིའི་མིང་ཐོག་ནས་བོད་ཕྱི་ནང་གི་བྱིས་པ་དྭ་ཕྲུག་དང་དབུལ་བོ་ཚོར་སློབ་ཡོན་གྱི་རོགས་རམ་བྱེད་རྒྱུ་སོགས་བྲིས་ཡོད། མཐའ་མ་དེ་ལ་འདི་གར་པཎ་ཆེན་རིན་པོ་ཆེའི་སྐུ་ཚེའི་གློག་བརྙན་ཞིག་བཟོ་རྒྱུའི་ཕྱོགས་སུ་རོགས་རམ་བྱེད་རྒྱུའི་འཆར་གཞི་མ་གཏོགས་གཞན་དག་རེ་ཞིག་བསྒྲུབ་ཐུབ་ཀྱི་མི་འདུག
པཎ་ཆེན་རིན་པོ་ཆེ་ཡི་མཛད་རྗེས་བཤད་པའི་དུས་ཚོད་མ་རེད། མཛད་རྗེས་དེ་དག་མུ་མཐུད་དུ་བསྒྲུབ་ཨེ་ཐུབ་བལྟ་རྒྱུའི་དུས་ཚོད་རེད། ལོ་ཉི་ཤུའི་སྔོན་དང་ལོ་ཉི་ཤུའི་རྗེས་ཀྱི་སྲིད་ཇུས་དང་གནས་སྟངས་བསྡུར་ཏེ། ལས་ཀ་ཚགས་ཚུད་ཡོང་ཐུབ་ན་ཐུབ་སྟངས་དང་མི་ཐུབ་ན་མི་ཐུབ་སྟངས་བཤད་རྒྱུའི་དུས་ཚོད་རེད། བསྟོད་རྩོམ་འབྲི་བ་ནི་སྐད་ཆ་སྙན་པོ་བཤད་པ་ཁོ་ན་ཙམ་རེད། མྱི་ཁ་ཡག་
ཚོ་ང་ཚོའི་ས་ཆ་ནས་ཡག་ག་ཅིག་ལ་མི་བརྩི།
རྡ་སར་བཞུགས་པའི་རེབ་གོང་ཞོ་འཕོང་གི་གྲྭ་བ་སྤྱོད་ལམ་ཞི་དུལ་ཅན་ཞིག་གིས་ ༡༩༩༦ ཙམ་ནས་པཎ་ཆེན་རིན་པོ་ཆེའི་སྐོར་ལ་ཞིབ་འཇུག་གི་ལས་འཆར་ཞིག་བཏང་ཡོད་པ་ལོ་ཤས་གོང་ད་དུང་མུ་མཐུད་ནས་སྒྲུབ་བཞིན་པའི་གནས་ཚུལ་གོ་བས། སྨྲ་བ་ཉུང་ལ་གྲགས་འདོད་ཀྱིས་མ་སྦིར་བའི་སྐྱེས་བུ་ཉམས་ཆུང་ཚོར་སྔར་བས་ཀྱང་དོ་སྣང་ཆེ་རུ་སོང་། ཀླུ་སྨྱོན་འདི་ནི་དེ་ལས་ལྡོག་སྟེ། འགྲུབ་རྒྱུ་མེད་པའི་འཆར་གཞི་མང་པོ་བཤད་དེ་སྦིར་གྲགས་ལ་རྔམ་མཁན་འདྲ་བ་ཞིག་ཏུ་མཐོང་སོང་། ཁ་སྔོན་ཞིག་ལ་བྱང་ཨ་རིའི་རྩོམ་པ་པོ་མཐུན་ཚོགས་འཛུགས་རྒྱུ་ཡིན་ཟེར་ལ། ཡང་ལོ་མང་པོ་ཞིག་གི་སྔོན་ལ། ཡེ་ཤུའི་དུས་ཆེན་གྱི་ཀར་ཊིའི་ལུགས་སྲོལ་དེ་བོད་པའི་ལོ་གསར་གྱི་སྐབས་སུ་དར་སྲོལ་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་ཞིག་བྱེད་ཀྱི་ཡོད་པའང་དྲན་སོས་འོངས།
གཉིས་ཟིག་ཁུག་ནས་ཡང་བསྐྱར་སད་དུས། ད་རུང་ཀླུ་འབྲུག་གཉིས་ཀྱི་ངར་སྐད་དུ་བ་འཚུབ་འཚུབ་རེད་འདུག ད་ཁྱོད་གཉིས་ཁ་བཙུམ་ནས་མ་བསྡད་དུས་ང་ཡང་བསྐྱར་གཉིད་ཀི་འགྱོ་རྒྱུ་ཡིན་ཀོ
དེ་བོད་པའི་ལོ་གསར་སྐབས་ལ་མ་རེད། སྟོན་པའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ནས་ཤོག་བྱང་གཏོང་རྒྱུ་དེ་རེད། ངས་འདི་གོང་ས་མཆོག་ལ་ཞུས་ཏེ་ཁོང་གི་བཀའ་ཁྲོལ་བཞིན་རང་གིས་བླ་ཆེན་ཚོགས་སྡེ་མི་སྒེར་ཁག་ཅིག་ལ་ཞལ་འདེབས་བསླངས་ནས་ཤོག་བྱང་ཁྲི་གཉིས་ཡིག་སྐོགས་རང་འགྲིགས་པར་སྐྲུན་གྱིས་ལོ་རེ་ཟུང་ནང་རྒྱ་གར་ད་བལ་ཡུལ་སོགས་སུ་རིན་མེད་འགྲེམ་སྤེལ་གང་ཐུབ་བྱས་པ་ཡིན། དེ་ལྟ་བུའི་ལས་འགུལ་ང་འདྲ་བ་ཞིག་གིས་ཐོག་མའི་ལམ་སྟོན་འདྲ་བོ་བྱེད་ཐུབ་པ་མ་གཏོགས་མི་མང་གི་ངོས་ནས་ལག་ལེན་བསྟར་ཡོང་རྒྱུ་ཞིག་རེད། ལས་འགུལ་གཞི་རྒྱ་ཆེན་པོ་འདི་ཚོ་མི་རེ་ཟུང་གིས་མགོ་བཙུགས་པའི་རྗེས་སུ་གཙོ་བོ་དེ་མང་ཚོགས་ཀྱིས་རྒྱུན་སྐྱོང་དགོས་པ་ཞིག་རེད། འདི་ནས་ང་ལ་ཉམས་མྱོང་ཞིག་ཐོབ་སོང་།
བྱང་ཨ་རིའི་རྩོམ་ཚོགས་ཀྱང་དེ་འདྲ་ཞིག་བཙུགས་ན་ག་འདྲ་འདུག་ཅེས་གྲོགས་པོ་ཚོར་དྲན་སྐུལ་ཞིག་ཞུས་པ་མ་གཏོགས་ང་ལྟ་བུའི་ཤེས་འཇོན་ཅི་ཡང་མེད་པ་ཞིག་གིས་ཚོགས་པ་དེ་འདྲ་ཐུབ་ཀི་མ་རེད། ཡིན་ན་ཡང་དང་པོར་གླེང་སློང་བྱས། དེ་ནས་མི་མང་གིས་གྲོས་བསྡུར་བྱས། གྲོས་བསྡུར་དེ་ཡང་ཡུན་རིང་བྱས་ནས་ད་གཟོད་ཚོགས་པ་དེ་འདྲ་འཛུག་མི་ཐུབ་པའི་ངེས་པ་ཡང་ག་ལ་ཡོད། གླེང་སློང་ཙམ་ཡང་མེད་པར་བསྡད་ན་ཚང་མ་གཉིད་ཁུག་བསྡད་ཡོད་པ་འདྲ་བོ་ཞིག་འདུག རེ་ཞིག་འུར་ཟིང་ངེར་བཏང་ནས་གཉིད་ཐེངས་ཤིག་དཀྲོགས་ཐུབ་ན་ཡང་རྗེས་སུ་མི་རེ་ཟུང་གི་སེམས་ནང་དེ་དུས་མི་དེས་དེ་འདྲ་ཞིག་བཤད་སོང་སྟེ་ངོ་མ་དེ་འདྲ་ཞིག་བྱེད་ཐུབ་ན་ཡང་ཡག་པོ་འདུག་ཨང་སྙམ་པའི་བསམ་བློ་རེ་འཁོར་རྒྱུ་ཡོད་ཀྱི་རེད།
ང་ཚོའི་མི་རིགས་འདི་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་མི་ཞིག་གིས་བྱ་བ་བཟང་པོ་ཞིག་གི་མགོ་འཛུག་བྱེད་དུས་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་དཀོན་པོ་རེད། མི་མང་ཤོས་ཀྱིས་རྒྱང་ནས་བལྟས་ཏེ་ཁོས་ཅི་བྱེད་བསྒུག་གི་རེད། མཐའ་མ་མཐའ་མ་ཞིག་ལ་ཐུག་དུས་མ་གཏོགས་འཁྲིས་སུ་བཅར་གི་མ་རེད། ལམ་འགྲོ་རེ་བྱུང་ན་ལམ་སེང་ཕྲག་དོག་ཟ་གི་རེད། ལམ་འགྲོ་མ་བྱུང་ན་ད་ཚིག་ངན་གྱི་མཚོན་ཆར་འབེབ་ཅི་ཐུབ་ལོས་ཀྱང་བྱེད། དེང་སྐབས་བོད་མི་ག་ཚོད་ཅིག་གིས་ཡེ་ཤུའི་སྐྱེས་སྐར་ཤོག་བྱང་གཏོང་གི་ཡོད་པ་རེད། ངས་མགོ་བཙུགས་ན་ཡང་མི་ག་ཚོད་ཅིག་གིས་ལོ་རེ་རེར་སྟོན་པའི་འཁྲུངས་སྐར་ཤོག་བྱང་བསྐུར་གི་ཡོད་དམ། འདི་ཙམ་ཞིག་གིས་དོན་དག་ཡོངས་རྫོགས་ཤེས་ཐུབ་ཀི་རེད།
ད་ཕྱི་ལོག་ཟོ་ནས་མི་ཤེས་ལ་བོད་ནས་དེང་སང་དགུ་བའི་ཉེར་གཉིས་དེ་ཨ་མའི་ཉིན་མོར་བརྩི་སྲུང་བྱེད་ཀྱི་འདུག དེ་ཡང་ནང་པ་ཅིག་ལ་མཚོན་ན་ཤིན་ཏུ་ལེགས་ཏེ། གཅིག་ནས་སྟོན་པ་ཤྰཀྱ་ཐུབ་པ་མ་ཡུམ་གྱི་ཆེད་དུ་ལྷ་ཡུལ་ལ་ཕེབས་ནས་ཕྱིར་ལོག་པའི་དུས་ཆེན། དེ་བཞིན་རང་ཉིད་ལ་མཚོན་ན་ཡང་ཨ་མ་དགའ་རུ་འཇུག་པའི་དུས་ཚོད་རེད། སྔོན་མ་དུས་ཆེན་སུམ་འཛོམས་དེ་ལ་ཀླུ་སྨྱོན་ནས་འགྲེལ་བཤད་ཅིག་ངས་ལ་མཐོང་སོང་མོད། དེའི་སྐབས་སུ་གྲྭ་ས་ན་སུམ་འཛོམས་ཅེས་པའི་གསུམ་པོ་དེ་ཁྱོད་ཀྱིས་ཡོངས་གྲགས་མ་ཡིན་པ་ཅིག་འདྲེན་གི་འདུག་ཟེར་ནས་གླེང་སློང་འདུག
བྱང་ཨ་རིའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སྐོར་གྱི་བསམ་ཚུལ་དེ་ྐླུ་སྨྱོན་གྱིས་བཏོན་པ་དེ་ཡག་པོ་རེད་འདོད།
ངེད་ཀྱིས་ཀྱང་ཁ་སང་བསྐྱར་དུ་དེའི་སྐོར་ལ་གླེང་སློང་ཞིག་བྱས་བ་ཡིན་ལ་དེའི་སྐོར་ལ་བསམ་བློ་གཏོང་གིན་ཡོད།
བྱང་ཨ་རིར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞིག་ངེས་པར་དུ་དགོས་ངེས་རེད་དྲན།
ངེས་པར་དུ་དགོས་མཁོ་ཡོད་པར་རྒྱུ་མཚན་འགའ་ཡོད།
དང་པོ། དེ་རིང་སང་ཉིན་བཙན་བྱོལ་ནང་གི་བོད་རིགས་རྩོམ་འབྲི་བ་རྒན་པ་ཕལ་ཆེ་བ་བྱང་ཨ་རིར་སླེབས་ནས་འདུག
གཉིས་། བྱང་ཨ་རི་ནས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཤིག་འཛུགས་ཐུབ་ན་ལས་ཀ་རྒྱ་ཆེན་མང་པོ་བྱེད་ཐུབ་ཀྱི་རེད་འདོད།
གསུམ། དེ་རིང་སང་ཉིན་གྱི་རྡ་ལམ་ས་ལའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གནས་སྟངས་ལ་ཡང་བསམ་བློ་ཞིག་གཏོང་རྒྱུ་འདུག་སྙམ།
སུམ་འཛོམ་གང་ཡིན་ལ་བཤད་ལུགས་མང་གི་མོད། དེ་ལས་རང་རང་གི་ལུགས་ལ་སྟོན་པའི་འཁྲུངས་སྐར་གང་ཡིན་དེ་ལ་འཁྲུངས་སྐར་ཤོག་བྱང་བསྐུར་ན་ཆོག་གི་མོད། གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་འདི་ལ་རྒྱབ་སྐྱོར་ཟབ་མོ་རྙེད་དཀའ་བ་ཞིག་གནང་སོང་། ཡིན་ན་ཡང་མགོ་འཛུག་མཁན་དེ་མི་ཆ་འཇོག་མེད་པ་ཞིག་ཡིན་པས་སྤྱི་ཚོགས་ཁྲོད་ནས་རྒྱབ་སྐྱོར་ཆེན་པོ་ཞིག་མ་ཐོབ་པ་རེད།
ངས་སྔོན་མ་རྡ་རམ་ས་ལར་བོད་ཡིག་གི་ཚགས་པར་བཙོངས་མྱོང་། བོད་ཡིག་དང་བོད་དོན་དར་སྤེལ་གྱི་ཆེད་དུ་ཡིན། དེ་དུས་ཚགས་པར་གྱི་ནང་དོན་གྱི་ཡག་སྡུག་ལ་བསམ་བློ་མ་བཏང་བར། ཚགས་པར་མི་ཉོ་མཁན་ཚོའི་ཐོག་ལ་འདོད་པ་མ་ཁེངས་པའི་་རྣམ་འགྱུར་བསྟན་མྱོང་། ད་ལྟ་བསམ་བློ་བཏང་དུས། དེ་ནི་ལྐུགས་པའི་ལས་ཀ་རང་རེད། མང་ཚོགས་ཀྱིས་ཚགས་པར་ཉོ་རྒྱུར་ཚགས་པར་གྱི་ནང་དུ་མང་ཚོགས་ལ་དགོས་མཁོ་ཆེ་བའི་གནས་ཚུལ་དགོས་རྒྱུ་གལ་ཆེན་པོ་འདུག དེ་ནས་བཟུང་ལས་དོན་གང་ཞིག་ཡིན་རུང་སེམས་ཤུགས་དང་དགོས་མཁོ་གཉིས་ཀྱི་ནང་ནས་ཐོག་མར་དགོས་མཁོ་ལ་བསམ་བློ་བཏང་ནས་ལས་དོན་སྤེལ་གྱི་ཡོད་ལགས།
ཚགས་པར་ངས་ར་བཙོངས་མྱོང་། གཉན་ཆེན་ཐང་ལྷ་ཐེངས་མ་ཅི་ཙམ་ཞིག་ལ་བཙོངས་ཡོད་ཀྱི་རེད། ཚགས་པར་བཙོངས་པ་ལྟ་བུའི་ལས་ཀ་འདི་མོ་འདིས་མི་ཞིག་མི་ཡག་པོར་བསྒྱུར་ཐུབ་རྒྱུ་ཧ་ཅང་དཀའ་གི དཔེར་ན་ང་འདྲ་བོ་རེད། ངས་མི་ཉོ་མཁན་ལ་བྱིན་ནི་ཡིན། རང་གིས་མི་བལྟ་ན་ཡང་གཞན་པ་ལྟ་མཁན་རེ་ཡོད་ན་དེ་ལ་བྱིན། གསང་སྤྱོད་ནང་ལ་མ་འཕེན་ལབ་ཀི་ཡོད།
སྟོན་པ་བཞི་བའི་བཅོ་ལྔ་ལ་སྐུ་འཁྲུངས་པ་དེ་སུས་ལུགས་རེད་དང་ཕྱག་དཔེ་གང་ན་ཡོད་ཀི་གསལ་བཤད་ཅིག་གནང་རོགས།
གྲྭ་རྫུན་བླ་རྫུན་བོད་པའི་ནང་རྐུན་རེད་ཅེས་བཤད་པ་ནས་བླ་རྒན་ལ་འདྲོགས་ལངས་ནས་མཆན་ཡང་ཞིབ་མོ་ཞིག་ཀློག་ཐུབ་ཀྱི་མེད་པ་འདྲ། ངས་བཤད་པ་ནི་ལས་འགུལ་སྤེལ་དུས་སེམས་ཤུགས་གཙོ་བོར་མི་འཛིན་པར་མང་ཚོགས་ཀྱི་དགོས་མཁོ་ལ་བལྟས་ན་མི་དགའ་འམ་ཞེས་པ་འདི་ཡིན།
ད་དེ་ཙམ་ཡིན། ཀླུ་སྨྱོན་ལ་ཕོགས་པ་འདྲ། ལན་མི་འདུག ངའི་ཁ་འདི། ཁ་སྡིག་བསགས་ནས་ཅི་ཡོང་། དེ་ལས་དོ་དགུང་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ནུབ་ཏུ་བདག་ཅག་གི་སྟོན་པའི་བཀའ་དྲིན་དྲན་བཞིན་ཡེ་ཤུའི་སྟོན་པའི་སྐོར་ལ་ཐོས་བསམ་རེ་བྱས་ན་དེས་དགའ་ས་རེད།
ཁ་སང་ཟིག་ག་མཛེས་མ་ཞིག་གི་སྐྱོ་རོགས་ཡོད་ནས་ཅིག་སྐྱིད་སོང་ར། དེ་རིང་འདི་གཉིས་ཀའི་གཅིག་གིས་བླ་རྫུན་རེད་ཟེར་གི གཅིག་གིས་དུས་རྫུན་རེད་ཟེར་གི དེ་རིང་ངའི་སྲོག་གཟའ་ཡིན་ས་རེད་ཀོ
ཧ་ཧ་ཧ ཀླུ་སྨྱོན་ལགས། ངས་ཁྱོད་ཀྱི་དེ་རླབས་ཆེན་གྱི་ཕྱག་ལས་ཅིག་རེད་བསམ་གི་ཡོད། དུས་རྫུན་ཡིན་པ་ངས་ཧ་གོ་མ་སོང་དཀོན་མཆོག་གསུམ། ངས་ངོ་ནས་མ་ཤེས་ནས་དྲིས་པ་ཡིན། ངས་སྤུས་དག་ཤེས་པ་གཉིས་ཡོད། དེ་ནི་ཕུག་པ་ལྷུན་གྲུབ་རྒྱ་མཚོའི་རྩིས་ལུགས་དེང་སང་སྨན་རྩིས་ཁང་གི་ལོ་ཐོ་ལ་ཡོད་པ་དེ་དང་། གཞན་འདུལ་བའི་རྩིས་ལུགས་དེ་གཉིས་སྤུས་དག་ཤེས། དེ་མིན་ད་རུང་ཉན་ཐོས་སྡེ་བའི་ལུགས། མཛོད་ལུགས། ཇོ་བོའི་ལུགས། ས་པན་གྱི་ལུགས་བཅས་མང་གི་མོ། ངས་གང་ཡིན་ཧ་མ་གོ་བར་དྲིས་པ་ཡིན། ས་པན་གྱི་དེ་ནི་དགེ་ལུགས་པའི་དུས་འཁོར་འགྲེལ་མཛད་རྣམས་ཀྱིས་ཁས་ལེན་གི་ཡོད་ཚོད། ངས་གང་ཡིན་མ་ཤེས་པར་དྲིས་པ་ཡིན། དེ་ཡང་ངའི་དོགས་པ་འདི་འཚབ་པ་འཚུབ་བེ་དྲིས་པ་མིན། གྲྭ་ས་ན་གླེང་སློང་བྱེད་བཞིན་འདུག་པས་སྔ་ཕྱི་མ་གཏོགས་ངས་གསལ་བོ་ཅིག་འདྲི་དགོས་བསམ་བསྡད་ཡོད། རང་གིས་ཀྱང་ལས་གཞི་འདི་འདྲ་ཅིག་བརྩམས་པ་ལ་འཚབ་འཚུབ་ཡིན་མི་སྲིད། དེའི་རྐྱེན་གྱིས་ངའི་བསམ་པ་ལ་འཁྲུངས་སྐར་དེ་ས་ག་ཟླ་བའི་ཚེས་བཅོ་ལྔ་རེད། དེ་འདིའི་ལུགས་རེད། དཔེ་དེབ་ཚད་ལྡན་འདི་ན་འདུག་ཅེས་ལན་རྒྱག་དགོས་པ་ལས། ང་ལ་རྒྱབ་སྐྱོར་བྱེད་ཀི་མི་འདུག་ཟེར་ན་དེ་ལན་མ་རེད།
ང་གོང་གི་དྲི་བ་དེར་ལན་འདེབས་རོགས། དེ་ཡང་དེ་རིང་མ་བཏབ་ན་འགྲིག ཁྱོད་རང་གི་དུས་གཏན་འབེབས་བྱུང་སོང་ན་རྒྱབ་སྐྱོར་རེགས་གི་རེད། བརྒྱ་ཆ་བརྒྱ་ཐམས་པ་རྒྱབ་སྐྱོར་རེག་གི་རེད། འཆར་གཞི་གོང་ས་མཆོག་ལ་སྙན་ཞུ་ཕུལ་ཚར་བའི་རྗེས་ལ་མུ་མཐུད་དགོས་པ་རེད། མཚམས་བཞག་ན་ཡོང་གི་མ་རེད། ཁྱོད་ཀྱིས་གསུངས་པ་ལྟར་རེད། གོང་ས་མཆོག་གི་ཐུགས་རེ་གནང་གི་འདུག་ན་སོ་སོས་མཚམས་འཇོག་མི་འོས།
དེ་ནས་ཐུགས་མ་སྐྱོ་དང་ངས་མཛངས་མ་སྐད་གཏོང་། མོ་རང་ང་དང་ཤིན་ཏུ་ཐག་ཉེ་ན་ཡོད་པ་རེད། མ་གཞི་ཁ་སང་ནས་མོ་རང་གིས་ངེད་གཉིས་ལ་འཇལ་འཕྲད་མེད་པ་འདྲ་བོ་ཅིག་གསུངས་སོང་ང་། ཁྱོད་འདི་རེ་ཐག་ཆོད་ཀྱི་མེད་ནོ་ཆི་ཟིག་རེད་ཀོ
ཅུང་ཙམ་སྒུག་དང་། ད་སོ་མ་གཉིད་ལ་ཤོར་འདུག་་་
གཞོན་ནུ་ཟླ་མེད་ཡ།
དགུ་བའི་ཉེར་གཉིས་དེ་གལ་ཏེ་ཆོལ་གསུམ་བོད་མིའི་ཨ་མའི་ཉིན་མོར་འགྱུར་འགྲོ་ན་བོད་ཀྱི་བོན་པོའི་ཨ་མ་ཚོ་ག་རེ་བྱ་དགོས་རེད།
ཞི་མོ་ཁྱོད་ཡོང་རྒྱུ་མེད་ནོ་ཆི་རེད། བལྟས་བལྟས་པའི་ཉི་མར་ཐོན་ཐལ། །བསྒུགས་བསྒུགས་པའི་མཐའ་མ་ཐུག་ཐལ།
ངས་ཟླ་བ་གཅིག་གི་སྔོན་ལ་ཁྱོད་ཚོའི་ལས་ཁུངས་ཀྱི་ཁ་བྱང་གི་སྟེང་དུ་ངེད་སྤུན་གསུམ་གྱི་མནོ་བསམ་ཕྱོགས་བསྒྲིགས་དེབ་ཅིག་རྡོ་རྗེ་ཚེ་བརྟན་ལ་བསྐུར་ཡོད་ན་ཡང་ད་བར་འབྱོར་མ་འབྱོར་གྱི་སྐད་ཆ་ཅི་ཡང་གོ་མ་སོང་བས། ཁྱོས་དེའི་སྐོར་ནས་ཅང་མ་མཐོང་ངམ།
རེད་དམ། གཉིད་ལ་ཤོར་འདུག
གཞོན་ནུ་ཟླ་མེད་གང་བུད་སོང་བ་རེད། ངས་ཁོང་ལ་དྲི་བ་ཞིག་བཏང་ཡོད།
གང་ཡང་མ་གོ་ཐལ། སང་ཉིན་ངས་སྐད་ཆ་དྲིས་ཆོག
བླ་རྒན་རྒྱགས་ལུག་དེ་ཡང་ཅིག་བཟའ་གི་བུད་སོང་ནི་རེད། ཟོས་ཚར་རྗེས་ཟོས་འཕྲོ་འཐུང་འཕྲོ་ཚང་མར་བྲང་ཁར་འགོས་ནས་ཟེ་ལེ་ལེ་བརྒྱུུགས་ཡོང་གི་རེད།
སྐད་ཆ་རེ་འདྲི་ཐུབ་ན་བཀའ་དྲིན་ཆེ། ངས་དེབ་གཅིག་ཁོང་དང་དེབ་གཅིག་དཔལ་ལྡན་རྒྱལ། ཡང་དེབ་གཅིག་ལ་རྩེ་བཅས་ལ་བསྐུར་པ་ཡིན། ལ་རྩེ་ཚང་གིས་ལན་ཞིག་གནངས་སོང་། རྡོ་ཚེ་དང་དཔལ་ལྡན་རྒྱལ་གཉིས་ཀྱིས་འབྱོར་མ་འབྱོར་ཅི་ཡང་བཤད་མ་སོང་། སྔོན་མའི་གསར་བུ་རྩོམ་དགའ་ཚོ་ཡང་དེང་སང་ལོ་ལོན་ནས་ལམ་ཁ་མི་རིག་ནི་རེ་ཆགས་བསྡད་ཡོད་ར་ཐང་ཀི
འོ་ཡ་མཛངས་མ་ཚེ་རིང་སྐྱིད་ལགས་ལ་ལན་དུ་ཕུལ་བ།
ཅུང་ཟད་གསར་འགྱུར་ལ་གཅིག་བལྟས་ནས་འགོར་སོང་ཟིག དགོངས་དག
ངས་བོད་ན་དེང་སང་ཅེས་རྣམ་དབྱེ་བདུན་པ་བེད་སྤྱོད་བཏང་ཡོད་ན་ཡང་གང་ཉིད་ཀྱིས་ཆོལ་གསུམ་བོད་མིའི་ཅེས་རྣམ་དབྱེ་དྲུག་པ་ལ་གོ་བ་བླངས་འདུག དེའི་རྐྱེན་གྱིས་ཆོས་ལུགས་མཐུན་ལམ་གྱི་དབང་དུ་བྱས་ན་རྣམ་དབྱེ་བདུན་པ་དེ་རྣམ་དབྱེ་དྲུག་པ་ལ་མ་བསྒྱུར་ན་ཡག་ཀ དེ་མིན་སྤྱི་ཆ་ནས་བཤད་ན་མང་གཙོ་ཟེར་བ་འདི་གང་ན་ཡང་དར་ཀོ་གི་མོ། དེའི་རྐྱེན་གྱི་མང་ཕྱོགས་ནས་བཤད་ན་བོད་འབངས་མང་ཆེ་བ་ནང་པ་རེད་མོ། དེར་རྟེན་ནང་པ་ཚང་མ་ལ་གོ་བ་བླང་དེ་ཞུ་ན་དེ་ཡང་འགྲིག་པ་ཅིག་རེད། འོན་ཀྱང་བོན་པོ་དང་ཁ་ཆེའི་ཨ་མའི་ཉིན་མོ་ནམ་ཞིག་ལ་བརྩེ་སྲུང་བྱེད་རྒྱུ་དེ་ཁོ་ཚོའི་འདོད་པ་བསྟུན་དགོས་བསམ།
བླ་རྒན་ཟླ་མེད་ཚང་གི་ལན་དེ་ངས་འདེབས་ཆོག་པ་ཞུ། དམངས་གཙོའི་སྤྱི་ཚོགས་སུ་ཁྱོའི་ཆོས་ལུགས་ངའི་ཆོས་ལུགས་ཟེར་ཆོག་གི་རེད་དེ། གཞུང་འབྲེལ་གྱི་གུང་གསེང་ལ་མཚོན་ན་བརྩི་དང་མི་བརྩི་སོ་སོའི་འདོད་པ་རེད། ངས་བོན་པོའི་སྟོན་པ་གཤེན་རབ་ལ་ལྷ་ལས་བབས་པའི་དུས་ཆེན་ཟེར་བ་ཞིག་ཡོད་པ་མ་མཐོང་བས། བོན་པོའི་བུད་མེད་ཚོས་ཀྱང་ཤྰཀ་ཐུབ་རིང་ལུགས་འདི་རང་བརྩིས་ན་འགྲིག་གི་རེད་བསམས། སྤྱིར་ན་དེང་སང་གི་བན་བོན་གཉིས་ཐ་སྙད་ཙམ་ཞིག་མ་གཏོགས་དོན་ལ་གཅིག་པ་རེད། མདོ་སྔགས་གང་ཐད་ནས་མི་འདྲ་ས་ཆེན་པོ་ཞིག་ངོ་མ་རེད་ཀི མདོ་ལ་མཚོན་ན་བཀའ་པོད་ལྔ་གཉིས་ཀར་འདུག སྔགས་ལ་མཚོན་ན་ཡང་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་སོགས་གཉིས་ཀར་འདུག རྩ་བ་ནས་མཐུན་སོང་ན་ཡི་དམ་མི་འདྲ་བ་རེ་ཡོད་ན་ཅི་སྐྱོན།
དེང་སང་གི་བོན་པོ་འདི་ནང་པ་རེད་ཡིན་ན་ཡང་ཤྰཀ་ཐུབ་ཀྱི་རྗེས་འཇུག་ནི་མིན་ཟེར་གི ངས་སྔོན་མ་ཞིག་ལ་སློབ་དཔོན་རོ་སྦིར་ཐོར་མིན་ལ་བོན་པོའི་ནང་ཆོས་འདིའི་སྐོར་སྐད་ཆ་འདྲི་མྱོང་ལ་ཁོས། དེང་སང་གི་བོན་ཆོས་འདི་ནི་སངས་རྒྱས་འོད་སྲུང་གི་བསྟན་པའི་ལྷག་མ་ཞིག་རྒྱ་གར་ནས་བོད་དུ་དར་བ་རེད་ཟེར་བས། དེ་མ་རེད་ཟེར་ས་ཡང་མ་སོང་བར་བསྡད་པ་ཡིན། སངས་རྒྱས་གཅིག་གི་བསྟན་པ་ཡོངས་སུ་རྫོགས་པ་མ་ནུབ་བར་དུ་གཞན་པ་དེའི་བསྟན་པ་མི་དར་ཟེར་བ་ཞིག་མཐོང་བ་དྲན་གི་མི་འདུག
ངོ་མ་རེད་ཀི ངོ་མ་མེད་ཀི ཡིག་ནོར་འདིའི་ངོ་གཅིག་རྫོགས། མྱི་ལོ་ལོན་གི་གཅིན་པ་བཞིན་རང་དབང་མེད་པར་ཤོར་འགྲོ་གི
འ་འ་ང་སླེབས་སོང་ན་ཚེ་སྐྱིད་བརླགས་འགྲོ་གི བླ་མ་ཁྱེད་ཀ་ཡོད་ནོ་མ་གཏོགས་ང་ཟོ་ལ་སྐད་ཆ་ཟིག་བཤད་ས་རེག་ས་མ་རེད་ཡའ
དེ་ཨེ་ཡིན། དང་པོ་ཁྱོད་རྩད་གཅོད་ཀོ་ཁུ་མོ། འུ་གཉིས་ཀའི་བར་ནས་ཟོ་སྡེ་འདུག་ན་འདོད་ནི་མ་རེད། ཡང་མིན་ན་ང་ཅིག་ག་བུད་ལ་འགྱོ། དེ་མིན་ན་ཁྱོད་ཅིག་ག་བུད་ལ་སོངས། དེ་མིན་ན་ཞི་མོ་འདི་དེ་རིང་ངའི་བྱེད། སང་ཉིན་ཁྱོའི་བྱོས། དེ་མ་གཏོགས་ཟངས་ང་གཅིག་གི་ནང་ལ་གཡག་མགོ་གཉིས་ཚོས་ཀི་ཡོད་ས་མ་རེད་ཀོ
ཡུམ་སྡེ་ཞི་མོར་ཁག་ཡོད་ཁུ་ན། བླ་རྒན་ཟ་ལེ་ཟེ་ལེ་ཟིག་ར་སྔགས་རྒན་དྲ་ལུ་དྲུད་ལེ་ཟིག་གཉིས་ཀའི་བར་ར་ལྷུང་སོང་བས། ང་འདི་ཆིས་ཞི་མོ་ལས་ངན་ཟིག་རེད་བསམས་ནས་སྡེ་བྲོས་སོང་ཟིག་གོ
དེ་ད་མ་རེད། ངས་ལན་དེ་ཚད་མ་རིགས་པའི་ལུས་སུ་བྱས་ནས་ལན་དུ་མ་བཏབ་པར་བརྡ་སྤྲོད་པའི་ལུགས་ལྟར་ལན་བཏབ་པས་ཅུང་ཟད་ཐུགས་མ་དགྱེས་ཟིག་པ།
ཨོ་ད་བླ་རྒན་འདི་ར་དམར་ལྷབ་ལྷབ་གངས་ནང་ང་སྒྲེ་སེ་ཟིག་ག་བརྒྱུགས་སོང་ས་རེད། ངུ་ཟོ་ར་འགྱོ་རྒྱུ་མིན་ན་ཨ་མའི་ཤ
ཡང་ཡོང་ཡོད།
ཡང་བླ་རྒན་ཁྱོད་གཉིས་མཇེ་ངན་ལངས་ཀིན་ཡོད་ཀིན་པྰ།
ཚེ་སྐྱིད་ལོ་ལོ་ད་བླ་རྒན་ཁོང་གཉིས་ལ་ཐེངས་ཤིག་ཐུགས་རྗེ་གཟིགས་ཀིན་མིན་ན།
ཁྱོས་ར་དེ་སྦྱིན་པའི་ནང་ནས་སྦྱིན་པ་མཆོག་ཡིན་ནོ་ཤེས་ཀིན་རེད་ལགས།
ཨ་ལ་ལ་ལ། ངས་མདང་དགོང་རྒུན་ཆང་ཅུང་ཙམ་འཐུང་རྗེས་གཉིང་སོང་ཟིག་ཡ། ཁྱོད་ཚོ་ཡོང་ནས་བགྲོ་གླེང་ལྷུག་པོ་བྱས་འདུག་ག
ང་ཚོ་རྡ་སར་དེང་སང་ནང་དགོང་ལ་ཙག་ཅུང་ཙམ་ཆེ་གི མདང་དགོང་ཡང་ཙག་ཅུང་ཆེ་གི་རེད་དེ། ཕྱི་གླེང་མགོ་སེར་ཚོ་དང་མཉམ་དུ་ཡེ་ཤེས་འཁྲུངས་སྐར་ལ་རོལ་རྒྱུ་དེ་ང་ཐས་པའི་བོད་གཞོན་མང་པོ་ཞིག་གི་ལུགས་སྲོལ་དུ་གྱུར་འདུག སྲང་ལམ་ཁྲ་ཁྲ་རིག་རིག་རེད། མི་རྣམས་ར་རོ་ར་བཟི་རེད། མེག་ལོར་ཆང་ཁང་དང་X་ཆང་གཉིས་ཟེར་རང་ལ་སྨྱོས་དང་ནི་ཟིག་ག་རིག་གི་ཡ།
ཨ་་ཡ།
ཡང་རྩམ་དགར་ཐུག་དང་ཐལ། ངའི་མཆན་བུ་གཉིས་པ་དེ་རྡོར་དབང་ལ་ཁྱོད་ཧྲ་ཐལ་ཟེར་དགོས་བསམ་ཡོད་དེ། ཡང་འདིས་མཛེས་མར་ཅིག་བཤད་ཀིན་བསྡད་འདུག
དེང་སང་དི་མོ་དེ་སྦྱིན་པ་གཏོང་མཁན་ཟིག་ཡོད་ཀ དེ་ལས་ཧ་ར་བརྩེ་དུང་གི་སྐོར་ནས་སྐད་ཆ་འདྲ་ཨེ་ཤོད་བལྟ་ནི་མ་རེད། གླ་སེ་གློའུ་སེ་འདི།
ཧ་ཧ་ཧ།
ཁྱོད་ར་ཐང་དང་ང་
ཡང་ཁྱོས་ར་སྨྱོན་རྟགས་རེ་བསྟན་མེད་ན་ཧྲ་གི་ར།
ཨ་ཤུ་རེ་གོ་མདང་དགོང་ད་ང་དེ་ན་ཡོད་རྒྱུ་ན་ཞི་མོ་གསུམ་བཞི་ཞིག་ལ་ད་་་་་
རྩམ་དགའ་ལོ་ལོ། མེག་ལོར་ནས་ངས་མི་བ་ནི་ཟིག་ཁྱོད་གང་ང་བ་རྒྱུ། ཡིད་མི་ཆེ་ན་ཁྱོད་དོ་དགོང་ཤོག་དང་འུ་གཉིས་ཀ་མཉམ་གིས་མེག་ལོར་ཆང་ཁང་ནང་དུ་འགྲོ་ཡ། ངས་མདང་དགོང་སྨྱོ་རྟགས་འདྲ་ཅང་བསྟན་མེད། དོ་དགོང་དངོས་གནས་གའྲོ་རྩིས་བྱས་བསྡད་ཡོད། ཞི་མོ་ཤ་འདྲ་བ་ཞིག་ཨེ་རག་རག་ལ་བླཏ་ཡི་ཡིན། རག་མིན་གང་ཤེས། སྟོན་པ་ཡེ་ཤེས་ཀྱིས་ང་ལ་ཁྱེད་ཀྱི་ཞི་མོ་ཡག་མ་ཞིག་གནང་རོགས་ཞུ།
ངོ་མི་རིག་རྒྱོ་བླ་རྒན་དེ་གཉིས་མཛེས་མ་ཚེ་སྐྱིད་ཁྲིད་ནས་བྲོས་སོང་ཟིག་ད་ང་ཟོག་འགྲོ་གི་ཡིན་གོ
བཟོད་རྒྱམ་ཁྱོད་ར་ད་སོང་ནས་ལྷ་མོ་ལ་རྩེས་ནས་སྡོད་ར་དེས་དགའ་གི་རེད་ལགས།
ཨ་རོགས་ཞི་མོ་ཁ་ཤས་ཤིག་གིས་ང་བསྒུགས་ནས་བསྡད་ཡོད་ནི་རེད། ད་སོང་ནས་མཇེ་རྒོད་འདིས་ད་མི་ཉན་ནོ་ཁྱོས་ཤེས་ཀ་ཟེར།
ཆང་མ་འཐུང་ན་ཆང་ཁང་དུ་འགྲོ་དགོས་ཀི་རེད། ཆང་འཐུང་ན་མཇེ་ངན་ལང་རྒྱུ་མེད་ཀི མཇེ་ངན་མ་ལང་ན་སོང་མ་སོང་ར་མེད་ཀ ད་ཆི་ཡེད་ཀོ་ནེ་ར་མི་ཤེས་ཀི
༄༅།། ཀུན་གཟིགས་ལགས། ཁྱེད་བཞུད་པའི་ཉི་མོ་ནས་བཟུང་འུ་ཚང་ལ། སྨག་རུམ་གྱིས་ཀླུབས་པའི་འཇིག་རྟེན་རྐྱང་རྐྱང་ལས། གཞན་འོད་ཟེར་སྟོང་ལྡན་གྱི་བོད་ཡུལ་ཞིག་ནི་སྣང་མྱུང་མེད། ཀུན་གཟིགས་ལགས། གནས་འདི་ན་ཁྱེད་ཉིད་མ་བཞུགས་པས། འུ་ཅག་གི་དྲང་བདེན་ལ་རྨ་ཁ་འཆོར་ལ། རྒྱུན་དུ་མནར་གཅོད་ཀྱིས་ཆུ་བོ་བརྡོལ། སྡུག་བསྔལ་གྱིས་རྒྱ་མཚོ་འཁྱིལ་ནས་གདའ་འོ༌།། ཨ་ཙི་་ ཁྱེད་ཉིད་མ་བཞུགས་པའི་ཡིད་སྐྱོ་བ་ལའང༌།་ ཀུན་གཟིགས་ལགས། པན་ཆེན་ལགས། རིན་པོ་ཚེན་ལགས།།།།།།་
_÷
རྩམ་དགའ་ཞེས་པ་འོད་ཟེར་ཡིན་ནམ། ཁྱོད་ཀྱིས་སྐད་ཆ་རྫོབ་བོ་མང་པོ་བཤད་འདུག གལ་སྲིད་འཆི་མེད་གོ་ན་ཚོགས་གཏམ་རག་ཡོང་། བསོད་ནམས་ཆོས་སྒྲོན་དང་ངེད་གཉིས་ཀྱིས་ཁྱོད་དང་ནང་མི་ལ་ཡི་ཤུའི་འཁྲུངས་སྐར་ཉིན་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།
རྩམ་དགའ་ཞེས་པ་འོད་ཟེར་ཡིན་ནམ། ཁྱོད་ཀྱིས་སྐད་ཆ་རྫོབ་བོ་མང་པོ་བཤད་འདུག གལ་སྲིད་འཆི་མེད་གོ་ན་ཚོགས་གཏམ་རག་ཡོང་། བསོད་ནམས་ཆོས་སྒྲོན་དང་ངེད་གཉིས་ཀྱིས་ཁྱོད་དང་ནང་མི་ལ་ཡི་ཤུའི་འཁྲུངས་སྐར་ཉིན་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།
ཨ་རོད། གངས་རིའི་བུ་ལགས། འོད་ཟེར་ན་སུ་རེད། ཁྱོད་ཀྱིས་བཤད་པའི་འོད་ཟེར་ཟེར་བ་དེ་སུ་ལ་ཟེར་བཞིན་ཡོད། ང་ལ་གཅིག་བཤད་ན་ཨེ་ཆོག་གི འདིས་ད་རུང་སྐད་ཆ་རྫོར་བོ་ང་ནང་བཞིན་བཤད་མི་ཤེས་པར་བལྟས་ན། འདི་ལ་ད་དུང་ཨ་ཡེ་ར་ཞ་ཡེ་ཚོ་ཨེ་ཡོད་འདོད་ཀི་ཡ།
ཀླུ་སྨྱོན་ལགས་དངོས་གནས་སྨྱོ་རུ་ཇེ་སྡུག་ཕྱིན་ཤགས། བན་བོན་ལ་ཁྱད་པ་མེད་ལབ་ཀྱིན་འདུག སྟོན་པ་ཤེས་རབ་དང་སྟོན་པ་ཤཀྱ་ཐུབ་པ་གཉིས་ལ་ཡང་ཁྱད་པར་ཡོད་མ་རེད་མི་གཅིག་རེད་ལབ་བརྩིས་ཡིན་པ་འདྲ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་གཙན་གྱིས་བོན་བསྟན་བསྣུབ་པ་དེ་བན་བོན་ལ་ཁྱད་པར་ཆེན་པོ་ཡོད་ནས་བསྣུབ་པ་མ་རེད་པས། སྟོན་པ་ཐ་དད། བསྟན་པ་ཐ་དད། སྐྱབས་གནས་ཐ་དད་ལས་ལྷག་པའི་ཁྱད་པ་ཞིག་ཆོས་ལུགས་ཁྱད་པར་འཇོག་བྱེད་རག་འདུག་གམ
གངས་རིའི་བུ་ལགས།
ཧ་ཧ་ཧ་ཁྱོད་ནོར་མི་འདུག་དེ་རིང་ཉི་མ།
དེང་སང་ད་འདི་མོ་འདི་མ་བཤད་ན་མི་རྫ་མི་ཆོག་གི་ཨ་མའི་ཤ་།
ཨ་རོག་འདི་མོ་འདི་ཁྱོས་བཤད་མི་ཉན་གོ
ཨ་རོག་བཟོད་རྒྱམ་ཁྱོད་ར་ནོར་མེད་ཀི་ང་མི་རྐྱང་སྦྲང་བོ་ཞིག་ལ་ཨ་ཡེ་དང་ཞ་ཡེ་ཟོག་གང་ན་ཡོད།
འོ་འོ་ད་རུང་བཤད་རྒྱུ་ཞིག་ལ་ཁྱོས་ར་འདྲེ་མོ་དེ་བདག་པོར་བྱོས་མ་གཏོགས་རྩམ་དགའི་མཇེ་འོག་ལ་ཤོར་ཡོང་གོ
ཡ་རྩམ་དགའ་ལགས། ཁྱོད་ཀྱི་མནའ་སྐྱེལ་སྟངས་སོགས་ལ་བལྟས་ན་ངས་ནོར་མེད་ཀ་ཟིག་རེད། མི་རྣམས་ཨ་རི་ལ་སླེབས་པ་དེ་མི་ཁོམ་པའི་གནས་ལ་ལྷུང་བ་དང་གཅིག་མཚུངས་རེད་མོད། ཁྱོད་ནི་ཞོགས་སྔ་ལངས་ནས་གདོང་པ་མ་བཀྲུས་པར་དྲ་རྒྱ་འཐམས་བསྡད་ཡོད་ས་རེད། ཁྱོད་སྐྱིད་ཀི་ཡ་་་།
ད་ར་སྐད་ལུག་སྐད་འདི་དག་གོ་མི་ཐུབ་ངོ་མ་རེད། བོད་སྐད་བེད་སྤྱད་བྱས་ན་བོད་ཀྱི་དྲ་གྲོགས་ཡོངས་ཀྱིས་ཤེས་ཐུབ་རྒྱུ་རེད་ཡ
ཁ་རྩོད་ཚིག་རྩོད་རྐྱང་བྱས་འདུག་པ་ལས་ཁ་སྐད་རྣལ་མའི་ར་སྐད་ལུག་སྐད་རེ་བཤད་བསྡད་ན་སྐྱིད་པ།
སྟོན་པ་གཤེན་རབ་ཟེར་བ་མ་གཏོགས་སྟོན་པ་ཤེས་རབ་ཅེས་པ་ཞིག་མེད། རྒྱ་གར་གྱི་ནང་པ་ཚོས་ཀོ་ཏ་མར་ཤྰཀྱའི་མཆོག་དང་ཤྰཀྱའི་གཙོ་བོ་ཟེར་བ་བཞིན་བོད་ཀྱི་བོན་པོ་ཚོས་ཀྱང་ཁོང་ཅག་གི་སྟོན་པར་གཤེན་རབ་བམ་གཤེན་གྱི་རབ་ཅེས་བཏགས་པ་རེད།
ང་ཚོས་པཎ་ཆེན་རིན་པོ་ཆེའི་མཛད་རྗེས་གླེང་བ་དང་མཉམ་དུ་ཁོང་གི་སྐུ་གཤེགས་སྟངས་དེ་ལ་ཡང་ཞིབ་འཇུག་བྱ་དགོས་འདུག ཁོང་སྐུ་གཟུགས་ཧ་ཅང་ཐང་པོ་ཡིན་པའི་དགོང་མོ་དེར་གློ་བུར་དུ་སྐུ་གཤེགས་དོན་གང་ཡིན་ནམ། སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་དཔོན་པོ་མཐོ་ཤོས་དེ་ད་ལྟའི་སྲིད་འཛིན་ཧུ་ཅིན་ཐའོ་རེད། དེ་བྱས་དུས་ཧུ་དེ་བོད་མི་ལ་མཚོན་ན་སྔར་གྱི་ལས་སྟངས་དང་། ད་ལྟའི་བྱེད་སྟངས་སོགས་ལ་བལྟས་ན་ང་ཚོ་བོད་མིའི་ལག་དམར་ཆེ་ཤོས་དེ་གྱུར་འདུག དྲ་གྲོགས་རྣམ་པས་བོད་མི་ནང་ཁུལ་གྱི་དོན་དག་ཙག་ཙིག་རེ་རྩོད་བསྡད་པ་ལས་དེའི་ཐོག་བསམ་ཚུལ་དང་གང་ཤེས་རེ་འབྲི་རོགས།
པཎ་ཆེན་བླ་མའི་མཛད་འཕྲིན་ཉི་མའི་འོད། །ནུབ་མེད་སྙིང་གི་དབུས་སུ་རྟག་ཏུ་རྩེན། །
གང་གི་འཕྲིན་ལས་སྐྱོང་མཛད་སྲས་མོ་ཡང་། །ཞབས་བརྟན་གཞན་ཕན་ཐུགས་བཞེད་མཐར་ཕྱིན་ཤོག །