མི་སྐྱོད་པ།
(དང་པོ།)
དྷ་ན་ཤྲཱིའི་གླིང་དུ་བསོད་ནམས་དཔལ།།
བྱམས་བརྩེའི་འོད་དུ་འཁྲུངས་པའི་རྟེན་གྱི་མཆོག །
འབྲས་དཀར་སྤུངས་པའི་བསིལ་ལ་མཉེན་བྱས་ནས།།
བདེན་པའི་གཏམ་གྱི་གླིང་བུ་འགྲོ་ཕྱིར་འབུད།།
ཞེས་པའི་ངག་གི་མཆོད་པ་དང་ལྷག་བསམ་པོ་མཚམས་སྦྱར་ནས་ཞུ་བར་བྱ་བ་ནི། ཉེ་སྔོན་དྲ་འབངས་སྲོང་བཙན་ལགས་ཀྱིས་<<དཔལ་ལྡན་ཚོགས་གཙོ་མཆོག་ལ་ངེས་པར་འདྲི་དགོས་པའི་དྲི་བ་ཉེར་ལྔ།”>> https://www.khabdha.org/?p=80513 བྱ་བ་ཞིག་དྲ་ལམ་དུ་བསྟར་འདུག་པ་བམ་ཀློགས་ཙམ་བྱས་པ་ཡིན། ཇི་སྐད་དུ། བལ་པོའི་སེའུ་མ་ཟོས་ཀྱང་། ཁ་དོག་ཉིད་ལས་བྲོ་བ་ཤེས། གསུངས་པ་ལྟར། ཁོང་གི་ཚིག་སྔ་སྙུག་རྩེར་མ་བཀོད་སྔོན་ལ་བསམ་ནག་བློ་སྙིང་གཏིང་ནས་འཕགས་འདུག་པའི་ཀུན་སློང་དག་ངང་ངམ་ཤུགས་སུ་མངོན་ནས་བྱུང་། དེ་བས། བྱ་བྲལ་རི་ལ་བདེ་རུང་རྒྱལ་ཁམས་རླུང་ལ་བསྐུར་དུས་མིག་བཙུམས་ནས་སྡོད་མ་བདེ་བས། གཤམ་གྱི་ཡིི་གེ་འཐོར་བུ་དག་གོ་བདེ་བའི་ཕྱིར་གྲོང་ཚིག་ཏུ་འགོད་པར་བྱའོ། །
(དྲ་འབངས་སྲོང་བཙན།:་བྱ་བའི་འོག་ཏུ་ཁོང་གིས་བཀོད་པའི་དྲི་བ་ཇི་བཞིན་བཤུས་ཡོད།
དྲ་འབངས་མི་སྐྱོད་པ། : བྱ་བའི་འོག་ཏུ་རང་ཉིད་ཀྱི་དྲན་འཆར་ལན་དུ་བཏབ་ཡོད།)
དྲ་འབངས་སྲོང་བཙན།: 1 སྲིད་སྐྱོང་གིས་༸གོང་ས་མཆོག་ལ་མཛད་དཀའ་བཟོ་ས་རེད་ཅེས་སྐུ་ཉིད་ཀྱིས་གསུངས་འདུག་ན། ཇི་ལྟར་མཛད་དཀའ་བཟོ་ལུགས་དང་། དེ་སྔར་མཛད་དཀའ་འདི་བཟོས་སོང་ཞེས་དཔེ་མཚོན་གང་དང་གང་ཡོད་དམ།
དྲ་འབངས་མི་སྐྱོད་པ།: གུས་པས་སྤེན་པ་ཚེ་རིང་གིས་དངོས་སུ་བཀའ་མོལ་དེ་འདྲ་གནང་ཡོད་མེད་དངོས་སུ་མ་མཐོང་། ཡིན་ན་ཡང་། ངས་རང་ངོས་ནས་སྲིད་སྐྱོང་བློ་བཟང་སེངྒེ་སྲིད་ཁྲིར་སླེབས་པ་ནས་བཟུང་༧གོང་ས་མཆོག་ལ་མཛད་དཀའ་མང་པོ་ཞུས་ཡོད།
(༡) ༧གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས། མི་མང་ཁྲི་ཕྲག་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་སྒྲུབ་སྒྲུབ་པ་དེ། བོད་ནི་ལོ་རྒྱུས་ཁྲོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དེ་རེད། ཡིན་ན་ཡང་། བློ་བཟང་སེངྒེས་༢༠༡༢ ལོར་ཡུ་རོབ་ནས་”ང་ཚོ་བོད་མི་ཚོར་རྒྱལ་ཁབ་ཅིག་དུས་ནམ་ཡང་ཡོད་མ་མྱོང་(We, Tibetans, never had a country)”ཞེས་རྒྱལ་སྤྱིའི་ཁྱོན་དུ་བསྒྲགས་ནས། ༧གོང་ས་མཆོག་དང་བོད་མི་མང་གིས་སྒྲུབ་སྒྲུབ་ཐམས་ཅད་ཆུ་ལ་གཡུགས་ཡོད། དེ་༧གོང་ས་མཆོག་ལ་མཛད་དཀའ་རེད་དམ་མ་རེད། (དཔང་རྟགས་འདིར་གཟིགས་རོགས།) https://www.youtube.com/watch?v=DKFCPV4VUMM
(༢) ༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་དགོས་ཞེས་རྒྱལ་སྤྱིའི་ཁྱོན་དང་། རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཐོག་ཏུ་འབད་འབུངས་ཆེན་པོས་བཤད་ཡོད། ཡིན་ན་ཡང་། ༢༠༡༣ ལོའི་ཟླ་༥ ཚེས་༨ཉིན་ནིའུ་ཡོག་ནས་”ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་མང་གཙོ་དགོས་ཟེར་གྱིན་མེད། ང་ཚོས་བཙན་བྱོལ་ནང་གི་མང་གཙོ་དེ་བོད་ནང་ལ་ལག་བསྟར་བྱེད་ཀྱི་ཡིན་ཟེར་གི་མེད་”ཅེས་ཟེར་ཡོད་པ་མ་ཟད། བཅར་འདྲི་གནང་མཁན་གྱིས་”བྱས་ན། ཏཱ་ལའི་བླ་མས་གསུང་པ་དེ་བདེན་པ་མ་རེད་དམ་” ཞེས་དྲིས་ཀྱང་། བློ་བཟང་སེངྒེས་མུ་མཐུད་ནས་”བོད་ལ་མང་གཙོ་མི་དགོས། ང་ཚོས་རྒྱ་ནག་གཞུང་གི་སྲིད་ཇུས་འགྲིག་མི་འདུག་ཟེར་གི་མེད་”གསུངས་པ་འདི་དག ༧གོང་ས་མཆོག་དང་བོད་མི་མང་ལ་མཛད་དཀའ་བཟོས་པ་མ་རེད་དམ། (དཔང་རྟགས་འདིར་གཟིགས། http://www.cfr.org/tibet/conversation-sikyong-lobsang-sangay/p35474)
(༣) དུས་འཁོར་དབང་ཆེན་དཔལ་འབྱོར་དང་། ཆབ་སྲིད། མདོར་ན་རང་དོན་སྒྲུབ་བྱེད་དུ་བཀོལ་ནས་༧གོང་ས་མཆོག་ལ་ཐུགས་ཕམ་དང་། བོད་མི་མང་གི་འཚོ་བ་ལ་རྡབ་བསིག་བཏང་བཞག་པ་དེ་ཚོ། ༧གོང་ས་མཆོག་ལ་མཛད་དཀའ་མ་རེད་དམ།
(༤) ༧གོང་ས་མཆོག་ནས་སྐུ་ངལ་ཁྱད་བསད་ཀྱིས། ལོ་ངོ་ཉི་ཤུའི་རིང་བཙུན་མ་ཚོར་དགེ་བཤེས་མའི་ཐོབ་ཐང་གནང་ཆེད་ཧུར་ཐག་གནང་། དེ་ཡང་། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པར་གོ་བསྐོན་བློ་འགུགས་གནང་ཐབས། གདན་ས་ཁག་གི་དགེ་བཤེས་རྣམས་ལ་སེམས་ཤུགས་སྤར་ནས་བཙུན་དགོན་ཁག་ཏུ་དཔེ་ཁྲིད་དགེ་རྒན་གནང་ཐབས། བཙུན་མ་ཚོར་འཚོ་བའི་མཐུན་རྐྱེན་དང་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་པ། སེམས་ཤུགས་སྤར་བ་སོགས་ལོ་ངོ་ཉི་ཤུར་སྐུ་ངལ་བསྐྱོན་པ་དེ། བློ་བཟང་སེངྒེས་ངོ་ཚ་ཁྲེལ་གཞུང་མེད་པར། དེ་ངའི་བྱས་རྗེས་ཡིན། ངའི་གསར་གཏོད་ཡིན་ཟེར་མི་མང་ནང་བསྒྲགས་པ་འདི། ༧གོང་ས་མཆོག་ལ་ཀྱག་ཀྱག་མེད་དམ། མཚན་སྨད་རེད་དམ། བརྙས་བཅོས་རེད་དམ། འདིས་མ་ཆོག་པ་ཞིག་ད་ག་རེ་གནང་རྒྱུ་ཡིན་ནམ།
དུས་ཚོད་ཀྱི་དབང་གིས་ཚང་མ་ཞུས་ཚོད་མི་འདུག དངོས་གཞིའི་འོས་བསྡུ་ཚར་བའི་རྗེས་སུ་ཡང་གུས་པས་འདིའི་རིགས་རེ་རེ་བཞིན་རྒྱ་ཆེའི་མི་མང་ཞུ་ངེས་ཡིན།
དྲ་འབངས་སྲོང་བཙན།: སྐུ་ཉིད་ཀྱིས་སྲིད་སྐྱོང་གིས་བཀའ་ཤག་ལ་འགན་མཉམ་ཁུར་མ་བྱེད་པར་ལས་དོན་རེ་འགའ་ཁོང་སྒེར་གྱིས་གནང་གི་ཡོད་ལུགས་གསུངས་པ་ལ་ཉེ་ཆར་སྲིད་སྐྱོང་གིས་ལན་འདེབས་བྱས་ཏེ། ཨ་རི་དང་རྒྱ་གར་གྱི་གནད་དོན་དེ་སྲིད་སྐྱོང་གིས་ཐད་ཀར་གཏོང་འཛིན་བྱེད་བཞིན་པ་ནི་ཟམ་གདོང་རིན་པོ་ཆེ་ནས་དེ་བཞིན་གནང་གི་ཡོད་ལུགས་གསུངས་འདུག་པས་སྐུ་ཉིད་ཀྱིས་གསལ་བཤད་ཁ་གསལ་གནང་རོགས།
དྲ་འབངས་མི་སྐྱོད་པ།: ཟམ་གདོང་རིན་པོ་ཆེས་གང་གནང་བ་དེ་བློ་བཟང་སེངྒེས་འཇོན་གྱི་རེད་དམ། གལ་སྲིད་འཇོན་གྱི་ཡོད་ན་འགྲིག་པ་རེད། འཇོན་མེད་ཙང་བཀའ་བློན་གཅིག་རྗེས་གཉིས་མཐུད་དགོངས་པ་ཞུ་རྒྱུའི་གནས་ཚུལ་བྱུང་བ་རེད། གཞུང་ཞབས་བརྒྱད་ཅུ་གྱ་གྲངས་དགོངས་པ་ཞུས་པའི་གནས་སྟངས་བྱུང་བ་རེད། སྟག་མཆོང་སར་ཝ་མཆོང་མ་གནང་།
དྲ་འབངས་སྲོང་བཙན།: 3 སྐུ་ཉིད་ཀྱིས་ད་ལྟའི་བཀའ་ཤག་གིས་བོད་རྒྱལ་འབྲེལ་མོལ་གནང་མ་ཐུབ་པ་དེ་འཐུས་ཤོར་ཡིན་ཚུལ་གསུངས་འདུག་པས། འདིའི་ཐད་རྒྱ་ནག་གིས་ཁ་ཡ་མ་བྱེད་ན་བཀའ་ཤག་ལ་ནུས་པ་གང་ཡང་མེད་པ་མ་རེད་དམ། འོ་ན་༸གོང་ས་མཆོག་གིས་ད་བར་རང་དབང་བསྐྱར་གསོ་གནང་མ་ཐུབ་པ་དེ་༧གོང་ས་མཆོག་གི་འཐུས་ཤོར་ལ་ངོས་འཛིན་བྱེད་དགོས་སམ།
དྲ་འབངས་མི་སྐྱོད་པ།: དྲི་བ་དེ་མཐོང་མ་ཐག་སེམས་ལ་ཨ་ཁ་ཁ་བསམ་པ་བྱུང་། ད་བྱས་དུས་བློ་སེང་རང་ཉིད་ཙམ་མ་ཡིན་པར། ཁོང་གི་རྒྱབ་སྐྱོར་བ་ཚོས་ཀྱང་༧གོང་ས་མཆོག་དང་ཁོ་གཉིས་མཚུངས་བསྡུར་བྱེད་ཀྱིན་འདུག
དྲ་འབངས་སྲོང་བཙན།: དུས་དབང་ཕར་འགྱངས་གནང་བ་དེ་སྐུ་ཉིད་ཀྱིས་གསལ་པོ་མཁྱེན་གྱི་ཡོད་ལུགས་གསུངས། ཡང་ཆ་ཚང་ཤེས་མི་འདུག་གསུངས། དེའི་རྗེས་སྲིད་སྐྱོང་གིས་ལན་འདེབས་གནང་སྟེ། ཚོགས་གཞོན་བརྩིས་པའི་མི་བཞི་དཔང་པོ་ཡོད། ཁོང་བཞི་པོའི་མདུན་ནས་ཁྱེད་ལ་ཁ་པར་ནས་གསལ་པོ་བཤད་ཡོད་ཅེས་གསུངས་འདུག་པས། སྐུ་ཉིད་ལ་ཆ་ཚང་གསུངས་མེད་པའི་དཔང་པོ་དང་ཁུངས་ཡོད་དམ།
དྲ་འབངས་མི་སྐྱོད་པ།: དཔལ་ལྡན་ཚོགས་གཙོ་མཆོག་གིས་ཨ་རི་ནས་གང་མ་གསུངས་པའི་སྔོན་དུ། སྲིད་སྐྱོང་བློ་བཟང་སེངྒེ་དང་། ཆོས་རིག་བཀའ་བློན་རྣམ་པ་གཉིས་ཀས་ “དུས་དབང་ཕར་འགྱངས་དེ་བཀའ་ཤག་རང་གི་ངོས་ནས་ཡར་ཞུས་ཏེ་ཕར་འགྱངས་གནང་ཡིན་གསུངས་ཡོད། ཚིག་དེ་ད་ག་རང་དཔལ་ལྡན་ཚོགས་གཙོ་མཆོག་ལ་ཞུས་སོང་ཟེར། ཕྱིས་སུ་དྲུང་ཆེ་གསུམ་ནས་གསལ་བསྒྲགས་གནང་དུས་དགའ་ལྡན་ཕོ་བྲང་ནས་མང་བཀའ་གནང་སོང་གསུངས་ཡོད། ད་རི་བོར་མཛུབ་མོ་བཙུགས་དགོས་པ་འདུག་གམ”
དྲ་འབངས་སྲོང་བཙན།: 5 དུས་དབང་ཕར་འགྱངས་སྐོར་ནས་ཁྱེད་ཀྱིས་༸གོང་ས་མཆོག་དགོངས་པ་འཚོམས་ཡོད་ལུགས་ཁ་གསལ་བཤད་འདུག་པས་འདི་བདེན་པ་ཡིན་དང་མིན། བདེན་ན་ཁ་གསལ་པོ་གསུངས་རོགས།
དྲ་འབངས་མི་སྐྱོད་པ།: ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་ཐུགས་ལ་ཁྲོ་བ་ཡོད་མི་ཆོག་ཟེར་འདོད་ན་དེ་གླེན་རྟགས་རེད། ས་བཅུའི་བྱང་ཆུབ་སེམས་དཔའ་སྐུ་དྲག་པོའི་སྣང་ངོར་བཞེངས་པའི་ཐང་ག་བརྒྱ་ཕྲག་མཇལ་ཏུ་ཡོད། བྱས་ཙང་། ང་ཚོ་དད་དམ་གཡོ་བ་མེད་པའི་མི་མང་གིས་༧གོང་ས་མཆོག་དགོངས་ཚོམས་དང་ཐུགས་ཕམ་གྱི་ཉམས་བཞེས་ངེས་པར་ཡིད་ཆེས་གནང་གི་ཡོད་ལ། ལོ་རེར་སྨན་ཁང་དུ་འཆར་ཅན་གྱི་སྐུ་གཟུགས་བརྟག་དཔྱད་ཆེད་ཕེབས་བཞིན་པའི་ཚུལ་ལ་གཞིགས་ན། ༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་གིས་ཀྱང་འགྲོ་བ་འདུལ་བའི་ཕྱིར་དུ་མིའི་རྣམ་པར་རོལ་བཞིན་པ་རྟོགས་ཐུབ།
https://www.youtube.com/watch?v=DKFCPV4VUMM
༼མུ་མཐུད་ནས་རྒྱུ་མ་ཕུ་འདེད་གནང་ངེས།༽
མི་སྐྱོད་པ་མཆོག་གིས་ཡག་པོ་ལན་སྐྱོན་ཤག་ཐུགས་རྗེ་ཆེ།།
སྐུ་ཉིད་ཀྱིས་ལན་གནང་བར་བཀའ་དྲིན་ཆེ། མ་མཐའ་ཡང་ངའི་དྲི་བ་ཁག་ལན་འདེབས་རིན་ཡོད་པ་ཞིག་ཆགས་འདུག་པ་ཧ་གོ་བ་རེད།
མི་སྐྱོད་པས་སྤེན་ཚེའི་ཚབ་བྱེད་མི་ཐུབ་ལ། དགོས་རྒྱུ་ལན་གཅིག་ཀྱང་མི་འདུག། བཤད་རྒྱུ་དང་གླེང་རྒྱུ་མི་ཤེས་ན་རང་སར་སྡོད་ན་ཆོག། གལ་སྲིད་སྤེན་ཚེས་ཁྱེད་ལ་རེ་སྐུལ་གྱི་ལན་འདེབས་ཡིན་ན་སྤེན་ཚེར་རྣམ་དཔྱོད་དང་བདེན་ཁ་མེད་པར་འདིས་ཤེས་ཡོང་གི་འདུག། མ་གཞི་ནི་སྤེན་ཚེ་རླུང་རྟ་ཆག་པའི་ལོ་རེད།
གོང་གསལ་ལན་ལ་ཁ་བསྣོན་ཕྲན་ཙམ་བརྒྱབས་ན།
༡ སྲིད་སྐྱོངས་ལས་ཐོག་པ་བློ་སེང་གི་སྐབས་སུ་དེ་སྔ་དང་མི་འདྲ་བར། རྒྱའི་རྒྱུག་ཁྱི་དོལ་ཚོགས་དང་བཀའ་དྲིན་ལ་བསམ་ཤེས་མེད་པ་དྲིན་ལན་ལ་ལོག་མཇལ་བྱེད་མཁན་རང་བཙན་ཁ་རུ་འཁྱེར་བའི་ནང་རུལ་བ་དག་གིས། འཛེམས་དོགས་སྤུ་ཙམ་མེད་པར་མངོན་གསལ་དོད་པོའི་༸གོང་ས་མཆོག་ལ་སྒྲོ་བསྐུར་མཚན་སྨད་སྤྱི་བརྟོལ་དུ་ཞུས་པས། མགོན་པོ་གང་ཉིད་ནས་ལ་དྭགས་དང་ཨི་ཊ་ལིའི་གྲོང་ཁྱེར་མི་ལཱན་སོགས་སུ། “ལོ་བཅུ་དྲུག་ནས་ད་བར་ཧུར་ཐག་བྱས་པ་ཡིན། དེ་ལ་ཡག་བྱུང་ཟེར་རྒྱུའི་ཚབ་ལ་ད་དུང་སྐད་ཆ་ཁྱད་མཚར་དེ་འདྲ་ཤོད་དུས་གཅིག་བྱས་ན་མ་ཤེས་པར་བཤད་པ་ཡིན་ན་ཁྱད་པར་མི་འདུག གཅིག་བྱས་ན་དགོས་པའི་དབང་གིས་གོ་སྐབས་བཟུང་སྟེ་ཆེད་མངགས་དཀྲོག་རྐྱེན་བཟོ་བ་ལྟ་བུ་འདུག དེ་འདྲ་ཤོད་བཞིན་པར་ངོས་རང་ཕྲན་བུ་བློ་ཕམ་ཡོང་གི་འདུག”སོགས་མཛད་དཀའ་སྔར་བྱུང་མེད་པ་དེ་འདྲ་བཟོས་ཀྱང་། བཀའ་ཤག་ནས་དོལ་ཚོགས་དང་སྐབས་འཚོལ་བའི་རིགས་ལ་ཆོད་སེམས་བརྟན་པོས་གདོང་ལེན་གང་ཡང་གནང་མེད་པ་མ་ཟད། ནེའུ་ཡོག་ཏུ་༸གོང་ས་མཆོག་གི་སྐུ་ཕྱ་ལའང་ཉེན་འཚབས་ཡོད་པའི་དོན་རྐྱེན་བྱུང་རུང་། དེ་དག་ལ་གྲོས་ཚོགས་སུ་སྤྱི་སྦོམ་སྦོམ་གྱི་ལན་ཙམ་ལས་རང་ཉེས་གཡོལ་ཐབས་ཁོ་ན་བྱས་སོང་ང་། དེ་ཚོ་༸གོང་ས་མཆོག་ལ་མཛད་དཀའ་མིན་ན་གང་རེད། འདས་པའི་ལོ་བཞི་དང་ལྔའི་ནང་༸གོང་ས་མཆོག་ཆབ་སྲིད་ཀྱི་མཛད་འགན་ལས་ཡོངས་སུ་བགྲེས་ཡུལ་དུ་ཕེབས་གྲུབ་ཀྱང་། ༸གོང་ས་མཆོག་ཐུགས་ལྷོད་ལྷོད་ཅིག་ཞུ་རྒྱུ་བྱུང་སོང་ངམ། ལོ་དེ་དག་ནང་ཕེབས་པའི་ཐུགས་ཕམ་འུ་ཐུག་གི་བཀའ་སློབ་རྣམས་ཞིབ་པར་གསན་དང་། གཞུང་དང་སྒྲིག་འཛུགས་ཀྱི་དོན་དུ་བཀའ་སློབ་དང་གསལ་བཤད་ག་ཚོད་གནང་དགོས་ཐུག་སོང་། དེ་ཚོ་མཛད་དཀའ་མིན་ན་གང་རེད།
༢ བློ་སེང་གི་འཛིན་སྐྱོངས་སྐབས་བཀའ་བློན་མཉམ་རུབ་ཅེས་པའང་། ཆབ་སྲིད་འཛིན་སྐྱོངས་ཀྱི་ཐོག་ལ་བཀའ་བློན་གཞན་ཚོར་དབང་ཚད་མེད་པ་དེ་རེད། དེ་ཡང་། ཚོགས་གཙོས་ཨ་རིར་”དཔལ་འབྱོར་དང་འཕྲོད་བསྟེན། བདེ་སྲུང་སོགས་ལ་རང་ཉིད་ཀྱི་སྡེ་ཚན་ཙམ་ལས་འཛིན་སྐྱོངས་བཀའ་ཤག་གི་ཆབ་སྲིད་ལ་རྒྱུས་མངའ་དང་ཇུས་ཏོག་མེད་པ་དེ་རེད། དཔེར་ན། དཔལ་འབྱོར་བཀའ་བློན་ལ་དབུ་མའི་ལམ་དང་བོད་རྒྱ་གྲོལས་མོལ་སྐོར་མི་མང་ལ་གཅིག་གསུང་རོགས་ལབ་ན། དེ་ངས་ཧ་གོ་ཡི་མེད། གོང་དྲིས་ཤེས་གསུངས་ཀྱི་ཡོད། སྤྱིར་བཏང་རང་ཉིད་ཀྱི་སྡེ་ཚན་དེ་ཧྲ་ཏག་ཏག་ཡོད་པ་མ་ཟད། གཞི་རིམ་བཀའ་ཤག་གི་ཆབ་སྲིད་ཡོད་ཚད་ལ་གོ་རྟོགས་དང་རྒྱུས་མངའ། འགྲེལ་བརྗོད་བྱེད་པའི་དབང་ཚད་སོགས་བཀའ་བློན་ཞིག་ལ་ངེས་པར་དགོས། དེ་མེད་པ་ནི། མཉམ་རུབ་ཀྱི་ལས་དོན་མེད་པས་རེད་”ཅེས་གསུངས་སོང་། སྐད་ཆ་དེ་དག་ལས་སྲིད་སྐྱོངས་ཀྱིས་ཕྱི་འབྲེལ་གཅིག་པུ་འཁྱེར་ནས་གསལ་བཤད་བྱས་ཁུལ་གནང་སོང་། མཉམ་རུབ་ཞེས་པ་ནི་མཉམ་དུ་རུབ་ནས་ཚོགས་འདུར་བཞུགས། བར་གསེང་ལ་ཇ་འཐུང་བྱས་པ་ཙམ་མིན་པར། བསམ་བློ་དང་ལྟ་ཚུལ། དབང་ཚད་དང་ཐག་གཅོད་སོགས་གཞི་གཅིག་ཏུ་ཕྱི་གསལ་ནང་གསལ་ངང་མཉམ་དུ་རུབ་ཅིང་སྤུངས་ནུས་པ་གོ་བ་ལས། སྲིད་སྐྱོངས་ཀྱིས་གསུངས་པ་ལྟར་གཟའ་དམིགས་དམར་དང་པ་སངས་ལ་ཉིན་གུང་ཞལ་ལག་མཉམ་དུ་མཆོད་པ་ཙམ་ལ་གོ་ན་ཧ་ཅང་གཏི་ཐུག་པའི་སྐད་ཆ་རེད།
༣ བོད་རྒྱ་གྲོས་མོལ་སྒང་ནས་བཤད་ནའང་། བློ་སེང་བཀའ་ཤག་ལ་སྔ་ཕྱི་བར་གསུམ་དུ་གྲོས་མོལ་དེ་བཞིན་༸གོང་ས་མཆོག་གི་སྐུ་སྟེང་དུ་ལག་པ་འཕྱི་རྒྱུ་ལས་ལྷག་པའི་ལམ་ཀ་གང་ཡང་མེད་པ་དེ་རེད། བློ་སེང་གི་ལོ་བཞི་དང་ལྔའི་ནང་དུ་དབང་ཆ་ཆ་ཚང་ང་རང་ལ་སྤྲད་སོང་། གྱུར་བ་ག་རེ་གཏང་ནའང་གཏོང་ཞེས་གསུངས་བྱུང་ཞེས་ངོམས་ངོམས་དང་འཕྱར་འཕྱར་བྱེད་ཀྱང་། བོད་རྒྱ་གྲོས་མོལ་ཀྱི་གནད་དོན་རང་ཉིད་དབང་ཆ་ཡོད་ཚད་དུ་རློམས་པའི་དག་སྣང་། དེ་ཡང་བརླགས་ནས་དཀོན་མཆོག་གོང་ཕུད་བྱེད་རྐྱང་བྱེད་པ་དེ་འཐུས་ཤོར། མདོར་ན། བློ་སེང་འཇོན་ཐང་ཡོད་ན་གྲོས་མོལ་སྲིད་སྐྱོངས་ཀྱི་གྲོས་མོལ་དུ་གྱུར་མ་ཐུབ་པ་ག་རེ་ཟ་བརྒྱབས་པ་ཡིན་ནམ། དེ་མིན་༸གོང་ས་མཆོག་གི་བོད་ཀྱི་རྩ་དོན་འཐུས་ཤོར་དུ་བཏང་ཞེས་པ་ནི་ཞྭ་དཔེ་ལྷམ་འགེབས་རང་རེད།
༤ དུས་དབང་སྐོར་ནས་བཤད་ན། རྫུན་གྱི་འགོ་བཙུགས་ས་བློ་སེང་རེད། ཁོ་པས་༸གོང་ས་མཆོག་རྫུན་གསུངས་སུ་བཅུག་སོང་། བཀའ་བློན་ཚོ་རྫུན་བསྒྲགས་སུ་བཅུག་སོང་། བཀའ་དྲུང་ཚོ་རྫུན་བཀབ་ཏུ་བཅུག་སོང་། རང་ཉིད་རྫུན་གྱི་སྟེང་དུ་རྫུན་ལྷན་པ་རྒྱབ་ཀྱིན་ནུབ་གླིང་དུ་བསྐྱོད་སོང་། ད་དུང་རྫུན་མང་དྲགས་ན་སྤེན་ཚེས་མེ་གཏང་སར་ས་འཚིགས་པ་ཞིག་བཟོ་ཉེན་འདུག་པས། ཁུངས་མེད་ཀྱི་རྫུན་བཤད་རྒྱུ་མ་མང་ལ་ལེགས།
གྲ་པས་སྦྱངས་ཡའི་ཆོས་མི་སྦྱོང་། རང་སེམས་གྱོང་པོའང་འདུལ་མི་ཐུབ། ཆགས་སྡང་དང་ལྐོག་གཡོ། ཐ་ན་བླ་མ་གསོད་པའི་དོགས་གཞི་ཅན་ཞིག་ལའང་རྒྱབ་འདེགས་བྱེད་པ་ནི་དགེ་འདུན་པ་ནས་སྡིག་འདུན་པར་གྱུར་ཟིན་པ་བསྟན་ཡོད། སྡིག་འདུན་པ་ཚོ་སྙིང་རྗེ། སྲིད་དོན་གཡོ་འཁྲབ་པ་ཚོའི་ལག་ཆར་གྱུར་འདུག་པ་དེའོ།
ཀརྨ་བློ་གསལ་ལགས། གྲྭ་པའི་གྲྭ་ལ་ཝ་ཟུར་ཡོད་རེད། དེ་མིན་དུད་འགྲོའི་སྤུའི་རྩེ་མོ་ལ་གོ་ཉེན་ཡོད་རེད། བླ་མ་བསད་པའི་དོགས་གཞི་ཅན་ཡིན་པ། ཁྲིམས་ཁང་དང་ཉེས་རྟོག་ཁང་གང་ཞིག་ནས་ཐག་གཅོད་དང་འདྲི་ཞིབ་བྱས་པ་རེད། དེ་མིན་ཁུངས་མེད་འཆལ་གཏམ་ལ་མ་སྤེལ། ཁུངས་ཡོད་ན་དཔང་རྟགས་དང་བཅས་ཁྱོད་ཀྱི་ཉེ་འཁྲིས་ཀྱི་ཉེས་རྟོག་ཁང་དང་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པར་རྒྱུག རོགས་པ་དགོས་ན། ངས་བྱས་ཆོག གཞན་དཔང་རྟགས་མེད་ན་སྡུག་སྐད་མ་རྒྱག ཁ་ན་མ་མཐོ་བའི་ཉེས་པ་བསགས་རོགས་རེད།
མི་བསོད་དང་ཉེས་ཆེན་པ་གང་ཡིན་ལ་ཁྲིམ་ཐོག་ནས་གཏན་འབེབ་མེད་ན་ཉེས་ཅན་པ་མིན་པ་རེད་དམ། མི་བསོད་དོན་རྐྱེན་ལ་དེས་པར་ཁྲིམ་ས་ནས་གཙང་མ་བཟོ་ཐུབ་པ་དང་མི་ཐུབ་པ་སྣ་ཚོགས་ཡོད། སྤེན་ཚེས་ཀ་རྟག་བླ་མ་བསོད་ཡོད་མེད་མི་ཤེས་ཡང་ཀ་རྟག་ཚང་གིས་དྲིན་ཆེན་ལ་ལས་རྒྱུ་འབྲས་ཀྱི་བསམ་བློ་སྤུ་རྩེ་ཙམ་ཡང་མེད་པར་སྤྱོད་ངན་འཁྲབས་འདུག། ངོ་ཚ་དང་ལས་འབྲས་མེད་མཁན་མི་ཞིག་རེད།
དེང་སྐབས་སྤེན་པ་ཚེ་རིང་གིས་གཏམ་བཤད་རྣོ་བ་དང་གསལ་བ་འདུག་པས་སྲིད་སྐྱོང་གི་བྱིས་པ་དགའ་བའི་གཏམ་དག་གིས་ཁུངས་འཁྱོལ་དཀའ་བས་ད་ནི་སྤེན་ཚེ་ལ་འོས་མི་ལྡུག་ཐབས་མེད་ཆགས་སོང་།
ཁང་གསར་རྡོ་རྗེས་དོགས་སློང་བྱས་པ།
༄༅།། ང་སྤྱི་འཐུས་སམ་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་སུ། ཕྱག་སྦྲེལ་སྤྱི་འཐུས་ཤིག་གིས་མི་གསོད་ལག་དམར་བ་རེད་ཟེར་ན། ཅི་བྱེད་དགོས་སམ། ངའི་བསམས་པར། ཨང་དང་པོ་ནི། བཟང་སྤྱོད་ཀྱི་ཐོག་ནས་གནས་ཚུལ་གཙང་མ་མ་ཆགས་བར་ང་རང་སྤྱི་འཐུས་སམ་ཚོགས་གཙོ་ནས་དགོངས་པ་ཞུ་རྒྱུ་དེ་རེད། གཉིས་པ་ནི་དབྱིན་བོད་ཀྱི་ཚགས་ཤོག་ཁག་ཏུ། རང་ཉིད་ལ་དོན་གནད་དེའི་ཐད་སྐྱོན་འཛུགས་བྱེད་མཁན་ཡོད་ན། ཟླ་ཚེས་འདིའི་གོང་དུ། ཁྲིམས་སར་སྐྱོན་འཛུགས་བྱེད་དགོས། དེ་མིན་ནུས་མེད་དཀྲོག་གཏམ་དུ་ངོས་འཛིན་བྱ་རྒྱུ་ཞེས་གསལ་བསྒྲགས་བྱེད་དགོས། དེ་མིན་ངས་ཚོགས་གཙོ་ནས་དགོངས་པ་ཞུས་པའི་སྐད་ཆའི་དྲོད་མ་ཡལ་གོང་ནས། ཡང་བསྐྱར་ཚོགས་གཙོར་ཡོང་ཆོག་ཆོག་གི་ལམ་ཡོད་པ་དང་། ལམ་དེ་ལ་འགྲོ་ཤག་ཤག་བྱས་བཞག་ན། རྙོག་གྲའི་གཞི་རྩ་མུ་མཐུད་གནས་ཡོད་པས། མ་འོངས་པར་སྐབས་དུས་གང་ལའང་རྐྱེན་དང་འཕྲད་ན་ངའི་གནད་དོན་དེ་བསྐྱར་གླེང་ཡོང་གི་རེད། མདོར་ན། དེ་འདྲའི་གླེང་རྙོག་གཙང་མ་མ་ཆགས་གོང་། ངས་ཆོལ་ཁ་གཅིག་གི་སྤྱི་འཐུས་དང་། གྲོས་ཚོགས་ཤིག་གི་ཚོགས་གཙོའི་མིང་ཁུར་ན། དེས་སྒྲིག་འཛུགས་ཡོངས་ལ་མིང་ཤས་ཆགས་ངེས་རེད། མ་རེད་དམ།
https://www.facebook.com/dorje.kangsar/posts/861007140624664