ཨ་རིག་འགྱུར་མེད་།
ཉེ་ཆར་ངས་དྲ་འབུ་ཞིག་རྙེད། དྲ་འབུ་འདི་ང་དང་ཐག་ཉེ་ས་ཉེ་ས་ཞིག་ན་འདུག ཁ་གསལ་ནས་བཤད་ན་ངའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་རེད།
ཟླ་སྔོན་མའི་ཕྱི་ཚེས་ ༡༩ ཉིན་ངས་ཁ་བྱང་ལ་ “ཨ་རིའི་རླུང་འཕྲིན་ཁང་དང་ཟུར་ཟའི་འདྲ་པར་གཉིས།” ཞེས་པའི་རྩོམ་ཡིག་ཅིག་ཁ་བརྡ་དང་དུས་བབ་ཟིན་བྲིས་སུ་སྤེལ། རྩོམ་ཡིག་དེ་ནི་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ལ་གཞི་མེད་སྐྱོན་བརྗོད་དང་དགའ་མིན་དགའ་མདོག་གང་ཡང་མིན་པར་ཁོང་རྣམས་ཀྱིས་ཀུན་གླེང་ལེ་ཚན་གཙོ་སྐྱོང་སྐབས་བོད་ལྭ་གྱོན་རྒྱུ་མིན་པའི་སྐོར་གྱི་གསལ་བརྡ་དང་། དེ་བཞིན་སུ་ཡིན་མ་ངེས་མོད། སྔ་ཕྱིར་སྒྲིག་བཟོ་བྱས་པའི་ཟུར་ཟའི་འདྲ་པར་གཉིས་བྱུང་བ་བརྗོད་སྙིང་དུ་བཟུང་སྟེ། བོད་ལྭ་གྱོན་རྒྱུར་སྐུལ་འདེད་ཐེངས་ཤིག་བྱས་པ་ཡིན་ལ། དེ་ནི་ངས་སེམས་བསམ་པའི་སྟེང་གི་རེ་འདུན་ཞིག་ནན་བརྗོད་བྱས་པའང་ཡིན།
ཡིན་ནའང་། རྩོམ་ཡིག་དེར་དགག་སྒྲུབ་སྣ་ཚོགས་བྱུང་ཞིང་། དྲ་འབུ་འགས་གཞི་མེད་སྐྱོན་བརྗོད་གང་མང་བྱས། ང་ལ་མཚོན་ན་ལས་ཀ་ཡག་བཙོག་ཅི་ཞིག་བྱས་པ་དང་། རྩོམ་ཡིག་བཟང་ངན་གང་འདྲ་ཞིག་བྲིས་རུང་། དྲ་འབུ་ཚོས་རང་གི་ངོ་གདོང་ངོ་མ་བཀབ་སྟེ་གཞི་མེད་སྐྱོན་བརྗོད་བྱེད་རྐྱང་བྱེད་ཀྱིན་འདུག་པས་གོམས་ལོབས་སུ་སོང་འདུག་ལ། རྩད་གཅོད་ཀྱང་བྱེད་མ་མྱོང་། ཐ་ན་ངའི་ཉེ་འཁོར་གྱི་གྲོགས་པོ་ཚོས་ཁྱོད་ལ་སྐད་ཆ་ཅིག་བཤད་མཁན་གྱི་དྲ་འབུ་དེ་གན་རེད། ཁྱོད་ལ་སྡིག་དམོད་ཉིག་གཏོང་མཁན་གྱི་དྲ་འབུ་ནི་འདི་རེད་ཅེས་བརྗོད་ཀྱང་སྣང་མེད་དུ་བསྐྱུར་གྱིན་ཡོད།
དྲ་འབུ་ཞིག་ཡིན་ན་དེའི་སྐད་ཆའང་གད་སྙིགས་དང་གཅིག་མཚུངས་རེད། དེ་ལ་ཉན་ཚོད་ཡོད་རྒྱུ་མ་རེད། དཔེར་ན། འགན་ཁུར་མེད་པ་དང་གུས་ཞབས་མེད་པ། གཞི་མེད་སྐྱོན་བརྗོད་དང་སྙད་བརྐོ་གསེག་འབྲིའི་རིགས་རེད།
རེབ་དེར་ཁ་བརྡ་དྲ་བའི་སྟེང་དབྱིན་ཡིག་གིས་ Kawa འབོད་པའི་དྲ་འབུ་ཞིག་མངོན་བྱུང་། ཁོའི་མཆན་དང་པོ་འདི་ལྟ་སྟེ། “ཧ་ཧ་ ཧ་་་་་་་་་་་་་་་་་་ཨ་རིག་འགྱིར་མེ་ཟེར་བ་འདི སྐབས་འཚོལ་བ་རང་རེད་འདུག ཁོ་རང་གི་བྲིས་པའི་གཤམ་དུ་ཁོ་རང་གིས་བསྟོད་སྔགས་ཀྱིས་མཅན་བུ་མང་པོ་བཏབས་ སྟངས་དེས། ཁོ་རང་གི་ནང་སྙིང་ཕྱི་རུ་བསྟན་སོང་ང་།” རྒྱུས་མེད་པའི་མི་ཞིག་གིས་བལྟས་ན་འདི་ཡང་མི་ཞིག་གི་སྐད་ཆ་རེད་ལ། དེ་ཡང་མ་མཐར་ཡང་ Kawa འབོད་པའི་མི་དེའི་སྐད་ཆ་རེད། ཨོ་ན་ Kawa སུ་རེད། ཁོས་བཤད་པའི་སྐད་ཆའི་ཁུངས་གང་རེད། དཔང་པོར་སུ་ཡོད། ང་ཚོས་རེ་རེ་བཞིན་རྩད་གཅོད་དགོས་པའི་དབང་དུ་བཏང་ན་གང་ཡང་རེག་གི་མ་རེད། རྒྱུ་མཚན་ཁ་བ་ནི་དྲ་འབུ་ཞིག་རེད། ཨ་རིག་གི་འགྲམ་ན་ཡོད་པའི་དྲ་འབུ་ཞིག་རེད། ཨ་རིག་གིས་བློས་འགེལ་བྱས་ཡོད་པའི་གྲོགས་པོ་ཞིག་རེད། ད་དུང་ Kawa བས་ཨ་རིག་འགྱུར་མེད་ཀྱི་ (འགྱིར་མེ་) མིང་ཡང་ནོར་ནས་བྲིས་ཡོད་པས་དེ་ནི་ཨ་རིག་འགྱུར་མེད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་པ་སེམས་སུའང་འཁོར་ཐུབ་ཀྱི་མ་རེད།
ནམ་རྒྱུན་ངས་དྲ་འབུའི་རིགས་ལ་ལན་རྒྱག་གི་མེད་མོད། རེབ་དེར་རང་གི་རྩོམ་ཡིག་གི་ཐད་ནས་དོན་དག་རེ་འགའ་བསྐྱར་དུ་ཁ་ཇེ་གསལ་དུ་བཏང་བའི་ཞོར་དུ། དྲ་འབུ་འདིར་ཡང་འགྲོ་ཞོར་དུ་ལན་ཐུང་ངུ་ཞིག་བཏབས་ཡོད་དེ། (ངས་གོང་གི་མཆན་འདི་བྲིས་ནས་བཏང་མ་ཐག ཁ་བ་འབོད་པས་ངས་བྲིས་པའི་རྩོམ་ཡིག་ལ་ངས་བསྟོད་བསྔགས་བཏང་ལུགས་ཤིག་བཤད་འདུག རང་སེམས་ན་སྡུག་པ་མེད་ན་ཕྱི་ན་འཇིགས་སྐྲག་མེད་པའི་དཔེ་ལྟར། ང་ནི་བསམ་ཕོད་པ་བཤད་ཀྱང་ཕོད་པ་དང་། ཁྱོད་ཚོ་དྲ་འབུ་དག་དང་འདྲ་བར་རང་གི་དངོས་མིང་ཙམ་པོ་ཡང་སྨྲ་མི་ཐུབ་པར་ད་དུང་སྨྲ་བརྗོད་རང་དབང་བེད་སྤྱོད་གཏོང་རྒྱུ་དང་གཞན་ལ་སྡུག་མཆུ་བསྲིངས་རྒྱུ་ཟེར་མཁན་ཞིག་མིན་པས། དེའི་རིགས་ཀྱིས་རང་སེམས་དགའ་བྱེད་དུ་ཅི་ཞིག་བཤད་འདོད་ཀྱང་འདོད་པ་ལྟར་བྱོས་ལ། དེ་དང་དེ་ལྟ་བུས་དུས་ནམ་ཡང་མི་ཞིག་དྲུད་ནས་དོང་དུ་འཕེན་ས་མེད་པས་དེ་བཞིན་གྱིས་ཤིག
ཨ་རིག་གིས།) ཞེས་ལན་བཏབས་པ་ན། Kawa དགའ་ཐག་ཆོད་དེ། སླར་ཡང་ང་དང་ཤར་ཁུག་གཉིས་ལ་ངོ་ཚ་རྒྱུ་མེད་ཚུལ། གཡོ་སྒྱུ་ལ་མཁས་ཚུལ་སྐྱོན་བརྗོད་མང་དུ་བྱས་འདུག་པར་མ་ཟད། ཧཧཧཧཧཧ ཧོ་ཧོ་ཧོ་ཧོ་ སོགས་ཀྱི་ཀི་སྒྲའང་མང་དུ་བསྒྲགས་འདུག་པས། ད་གཟོད་ཁ་བརྡ་རྩོམ་སྒྲིག་པས་མཆན་བུ་དེ་གསུབ་དགོས་བྱུང་འདུག་ལ། དེའི་རྗེས་མཆན་བུའི་སྒོ་གཏད་འདུག
སྐབས་དེར་ངས་ཀྱང་དྲ་འབུ་ནི་དྲ་འབུ་རང་རེད། ཅི་བཤད་འདི་ཟེར་མི་འདུག་ལ། ཁུངས་དང་ལུང་མི་འདུག་བསམ་སྟེ་རྒྱུན་ལྡན་ལྟར་བློ་བདེ་བག་ཕེབས་ཀྱིས་བསྡད་པ་ཡིན། ངོ་མ་ཡིན། རང་ཉིད་རང་ལ་གསལ་བ་དང་མིས་ཅི་ཟེར་ལ་བལྟས་ཏེ་བགྲོད་དགོས་ན་ད་ལྟའི་བོད་ཀྱི་སྤྱི་ཚོགས་འདིར་གོམ་པ་སྤོ་སའི་གནས་ཀྱང་ཡོད་ཚོད་མི་འདུག་པས། འདིའི་རིགས་ལ་ནམ་རྒྱུན་ནས་སྣང་མེད་གཏོང་རྐྱང་བྱེད་ཀྱིན་ཡོད།
ཡིན་ནའང་། ཐེངས་ཤིག་ལས་དོན་ཞིག་གི་ཆེད་དུ་གྲོགས་པོ་ཞིག་གི་ནང་དུ་སོང་། ལས་དོན་དེ་ག་རང་གི་ཆེད་དུ་གྲོགས་པོའི་གློག་ཀླད་ལས་དྲ་རྒྱ་བསྔོགས་དགོས་བྱུང་། བར་སྐབས་ཞིག་ལ་ལྷོད་ལྷོད་ཅིག་བྱུང་བས་ཁ་བརྡ་དྲ་བར་འཛུལ་བ་ན། མིག་མདུན་དུ་ Kawa ཞེས་པའི་མིང་འདི་མངོན་བྱུང་། ད་དུང་གློག་འཕྲིན་ཨང་གྲངས་ཤིག་ཀྱང་འདུག་མོད། དེ་ནི་རྒྱུས་མངའ་མེད་པའི་མི་ཞིག་གི་མིང་ཐོག་ནས་བཟོས་འདུག་ལ། གཅིག་བྱས་ན་དེ་ཡང་རྫུན་མ་ཞིག་རེད།
ང་རང་ཉིད་ལའང་ཡིད་མི་ཆེས་པར་གྱུར། རེ་ཞིག་གློག་ཀླད་ངོར་ཧད་དེ་ལུས། ཚོར་སྣང་ཞིག་ལ་མགོའི་སྐྲ་ཡང་ཞོགས་སོང་བ་དང་ལུས་ཀྱི་བ་སྤུའང་གཟེངས་ཡོང་བ། སྙིང་གི་འཕར་ཚད་ཀྱང་ཇེ་མགྱོགས་སུ་སོང་བའི་སྣང་བ་ཞིག་བྱུང་། ངོ་མ་དེ་ལྟར་བྱུང་། བཟང་བཟང་ལ་གྲོགས་པོ་ཁོང་ཕྱི་རུ་འཐུང་ཆུ་ཞིག་ལེན་པར་ཕྱིན་ཏེ་མེད་སྟབས། ངའི་རྣམ་འགྱུར་དག་མཐོང་ཡོད་རྒྱུ་མ་རེད་ལ། ངས་ཀྱང་ཁོང་ཁ་སྐྱེངས་པོ་བཟོ་འདོད་མ་བྱུང་། ཡིན་ནའང་། ངོ་མ་བློ་ཡུལ་ལས་འདས་སོང་། གང་ཡིན་ན་ཟེར་རང་གིས་གྲོགས་པོའང་དྲ་འབུ་ཞིག་རེད་ལ། གྲོགས་པོས་ད་དུང་མི་མངོན་པའི་དབྱིངས་ནས་རང་ཉིད་ལ་གཞི་མེད་སྐྱོན་བརྗོད་དང་སྙད་བརྐོ་གསེག་འབྲི་བྱས་ཡོད་པ་འདི་རེད་ཨང་།
མི་ཞིག་ཡིན་ན་མི་གཞི་ཞིག་དགོས་རྒྱུ་རེད། མངོན་ལྐོག་རྒྱབ་མདུན་མེད་པ་ཞིག མ་མཐར་ཡང་རང་ཉིད་ཀྱིས་བཤད་ཐུབ་ན་འགན་ཡང་འཁུར་ཐུབ་དགོས་པ་དང་། གལ་སྲིད་འགན་ཐེག་གི་མེད་ན་མི་བཤད་རྒྱུའི་འདུ་ཤེས་ཤིག་དགོས་པ་རེད། ལྷག་པར་དུ་དྲ་འབུའི་སྐྱེས་པ་བླངས་ཏེ་རང་གི་གྲོགས་པོ་ཚུན་ལ་གཞི་མེད་སྐྱོན་བརྗོད་བྱེད་པ་ལས་ངོ་གདོང་ལ་བུད་དེ་རང་གི་ལྟ་ཚུལ་ལྷུག་བརྗོད་དང་། ཚོགས་གཏམ་བཏང་ནའང་། མ་མཐར་ཡང་འགན་ཞིག་ཁུར་ཡོད་པ་རེད། མི་ཞིག་གི་བཅའ་སྟངས་ངོ་མ་ཡང་རེད། Kawa མིང་ཐོག་ནས་ད་དུང་གྲོགས་པོ་དང་གྲོགས་པོ་མ་ཡིན་པའི་མི་ཅི་འདྲའི་མང་བོ་ཞིག་ལ་སྙད་བརྐོ་གསེག་འབྲི་བྱས་ཡོད་ཨང་བསམ་ན། ང་ངོ་མ་སྐྲག་གི ཁ་དཔེར་ཡང་། མིའི་ཁྲ་ཁྲ་ནང་དང་ཕྱུགས་ཀྱི་ཁྲ་ཁྲ་ཕྱི་རེད།
ད་དུང་ངས་རང་གི་ཉེ་འཁོར་འགར་སྒྲུང་འདི་བཤད་སྐབས་ཡུལ་གྲོགས་ཤིག་གིས་ཟླ་ངོ་འགའི་གོང་ནས་བཟུང་། ངའི་གྲོགས་པོའི་གློག་ཀླད་ནང་དུ་ Kawa ཞེས་པའི་མིང་འདི་ཡོད་པ་རིག་འདུག་ལ། ཁོས་བཤད་ན། གོང་གི་མཆན་བུ་དེ་མཐོང་མ་ཐག་ནས་སེམས་ཤིག་ལ་ Kawa འདི་གང་ཞིག་ནས་རིག་མྱོང་ཟིག་བསམ་མོད། གློ་རྡེག་ཏུ་མ་དྲན་ཐལ་ཟེར།
ད་གང་ལྟར། སྒྲུང་འདི་ཀློག་མཁན་ཚོར་འབྲེལ་བ་ཆེན་པོ་མེད་ཀྱང་། ང་ལ་མཚོན་ན་རང་གི་བློས་ཐུབ་ཀྱི་གྲོགས་པོ་ཞིག་དྲ་འབུའི་མིང་ཐོག་ནས་ཡོང་སྟེ། རང་ཉིད་ལ་མི་གཤིས་དང་མི་རྩིས་མེད་པའི་གཞི་མེད་སྐྱོན་བརྗོད་བྱས་པར་བློ་ཕམ་བྱུང་བས་འདི་ལྟར་བྲིས་ཤོར་སོང་ལ། མཇུག་མཐའི་རེ་བ་ཉག་གཅིག་ནི། Kawa ངོ་མ་ནི་ངའི་གྲོགས་པོ་ཁོང་མིན་པར་ཁོང་གི་གློག་ཀླད་བེད་སྤྱོད་གཏོང་མཁན་གྱི་ཁོང་གི་ཉེ་འཁོར་ཙམ་པོ་ཞིག་ཡིན་པར་སྨོན་ཟེར་རྒྱུ་དེའོ། །
འགྱུར་མེད་ཀྱི་རྩོམ་འདི་ལ་བྱ་དགའ་ཡོད་། ཁྱོད་ངར་གི་ཟེར་རྒྱུ་དེ་ཡིན། འགྲོ་ཞོར་ནས་དྲ་འབུ་འཛིན་ཐུབ་པ་དེ་ངར་གི་ཟེར་རྒྱུ་ཡིན། དྲ་འབུ་ལ་ང་ཡང་གོམས་ནས་ཡོད་། གོམས་ནས་ལོ་འགའ་ཕྱིན་སོང་།
ཉེ་ཆར་། དྲ་འབུ་འགས་ངའི་མིང་ཡང་རྫུན་བརྐུ་བྱས་བའི་རྐྱེན་གྱིས། ལས་ཀ་མེད་ས་ཞིག་ནས། ལྗང་བུ་དང་ལྗང་བུ་ལས་འཕྲོས་བའི་གཏམ་ཟེར་བ་ཞིག་མ་བྲིས་རང་བྲིས་ཆགས།
ཁྱོད་ཀྱིས་བརྗོད་བཞིན་པའི་ཁ་བ་འདི་ལ་ང་ཡང་དོ་སྣང་བྱུང་།
ན་ནིང་དེ་བ་ཞིག་ཡིན་དྲན། ངས་གྲོགས་པོའི་རྩོམ་ཞིག་ལ་དྲ་འབུ་མང་པོས་སྡུག་སོང་། ངེད་གཉིས་ཀྱིས་དྲ་འབུ་དེ་དག་བརྩར་བཅད་པ་ཡིན། དྲ་འབུ་ཁ་ཤས་ཀྱི་སྒོ་ནང་བར་དུ་འགྲོ་ཐུབ་པ་འདུག ངའི་གྲོགས་པོས་ང་ལ་འདི་འདྲ་ཟེར་། དྲ་འབུ་དེ་ཚོ་ཁོའི་ནང་ནས་འཐེན་ཐུག་འཐུང་མཁན་འགའ་རེད་ཟེར།
གང་ལྟར་། བུ་ངར་ཁྱོས་། ལག་གི་སྨྱུ་གུ་དེ་ཐང་ལ་མ་འཇོག
དེ་ཙམ་ཞུ།
དེ་ནི་ཡ་མཚན་གྱི་གནད་དོན་ཞིག་དེ་ཙམ་མིན་པ་རྒྱུན་ལྡན་གྱི་བྱ་བ་ཞིག་རེད། དེ་ནི་སྐུ་ཉིད་ཀྱི་རྣམ་དཔྱོད་ཞན་དྲགས་པའམ་མཐའ་འཁོར་གྱི་མི་ལ་ཡིད་ཆེས་མང་དྲགས་པས་རང་གི་གྲོགས་པོའམ་མཐའ་འཁོར་གྱི་མིའི་དེ་ཉིད་མ་རྟོགས་པ་རེད། དེ་ལ་ལས་བརྡ་བྱེད་རིན་མེད། འཇིག་རྟེན་ཐོག་གི་གཡོ་ཚོང་བྱེད་མཁན་མང་ཤོས་ནི་ཐག་རིང་ནས་སླེབས་པ་མིན་པ་ཉེར་འཁོར་གྱི་མིའམ་ཆ་རྒྱུས་ཡོད་པའི་མི་ཤ་སྟག་ཡིན། རྐུན་མའང་དེ་ལྟར་ཡིན། ཕྱི་ཁ་ནང་འདྲེན་བྱེད་པས་ཡིན། དེ་ནི་ཕྲན་གྱི་བསམ་ཚུལ་ཙམ་ཡིན།
སོ་སོས་རྩོམ་ཞིག་བྲིས་ཙ་ན་དེ་ལ་བསྟོད་སྨད་བྱ་མཁན་གཉིས་ཀ་ཡོད་པས། རྩོམ་དེ་ཡག་སྡུག་དཔྱད་རྒྱུ་ནི་གློག་པ་པོའི་ལག་པར་ཡོད་པས་ཡིན། དེ་བས་རྩོམ་དེ་གཞན་གྱིས་བསྟོད་རེ་ཁོ་ནའི་ཆེད་དུ་བྲིས་ན་ཁྱོད་ལ་ད་ལྟའི་ཚོར་སྣང་དེ་བྱུང་ངེས།
མི་མང་བོ་ཞིག་གིས་ག་དུས་ཡིན་ན་ཡང་གཞན་ལ་སྐྱོན་བརྗོད་ཀྱི་མཛུབ་མོ་གཅིག་ཕར་ལ་བཙུགས་ན་མཛུབ་མོ་བཞི་ཚུར་ལ་འཁོར་བ་དེ་བློ་ལ་ཤར་གི་མེད་ཙང་ནོངས་འགྱོད་ཀྱི་ནོར་འཁྲུལ་རྟག་པར་བཟོ་གི་ཡོད་པ་རེད།
མ་གཞི་དྲ་ཐོག་གི་ཁ་རྩོད་ཆུང་ཆུང་དེ་ཚོ་ཡིད་ལ་སེམས་ནད་འཛིན་རྒྱུ་དང་། སྙིང་རླུང་སྟོད་ལ་ཚངས་རྒྱུའི་ཚོར་བ་ཞིག་ཡོང་རིན་ཡོད་ཚོད་མི་འདུག་མོད།
ལ་ལ་ཞིག་ནི་རྒྱུན་གཏན་ནས་གོམས་གཤིས་དང་དགའ་ཕྱོགས་མ་འདྲ་བའི་དབང་གིས་གཞན་དག་ལ་མཛུབ་མོ་བཙུགས་ན་སེམས་སྐྱིད་པ་འབྱུང་ཞིང་། རང་ཉིད་ལ་མཛུབ་མོ་བཙུགས་ན་རང་སེམས་མི་སྐྱིད་པ་ངོ་མ་འབྱུང་གི་ཡོད་པ་རེད།
དྲ་ཐོག་གི་སྐད་ཆ་ཚང་མ་ནི་ངས་བལྟས་ན་བློ་སྐྱེད་ལེན་ས་ཞིག་དང་།སློང་སྦྱོང་བྱེད་ས་ཞིག ཉམས་མྱོང་ལེན་ས་ཞིག་ཡིན་པ་ལས་སེམས་ཚོར་དྲག་པོས་ཕན་ཚུན་དགྲ་གཉེན་འཛིན་ས་ཞིག་མ་རེད།
རྩོམ་གང་ཞིག་ལ་སྐྱོན་བརྗོད་དང་ནང་དོན་ལ་སྐྱོན་བརྗོད། ལྟ་བ་ལ་སྐྱོན་བརྗོད་བྱེད་པ་སོགས་ནི་ཡོང་འོས་པ་དང་ཡོང་སྲིད་པ་ཞིག་རེད། དེ་ང་ཚོའི་མི་རེ་ངོ་རེ་ནས་དགའ་བསུ་ཞུ་དགོས་པ་ཞིག་རེད། གཞན་དགོས་མེད་ཀྱི་སྡིགས་དམོད། མཚང་འདྲི། ངན་སྨྲས། ཅོ་འདྲི། འཇིགས་སྐུལ། གཤེ་སྐུར་སོགས་བྱེད་པ་རྣམས་ལ་ཡ་ལན་རྩ་ནས་མ་བྱས་ན་ཡག་ཤོས་རེད། དེ་ཚོ་ངོ་མ་དྲ་འབུ་རེད། དྲ་འབུ་ལ་ལན་སློག། དྲ་འབུ་ལ་རྩོད་གླེང་བྱས། དྲ་འབུ་རྩད་གཅོད་བྱས་བསྡད་པ་ཡིན་ན་རང་ཉིད་ཀྱང་དྲ་འབུའི་ནང་ཞུགས་པ་དང་གཅིག་པ་རེད། ཆུ་ཚོད་ཀྱང་འཕྲོ་བརླག་རེད།
དྲ་འབུའི་སྐད་ཆ་ལ་ཡ་ལན་མ་བྱས་ན་དྲ་འབུའི་སྐད་ཆ་བདག་མེད་ཆགས་པ་རེད། ཁོ་རང་གི་སྐད་ཆའི་བདག་པོ་ཁོ་རང་ལས་ཡོད་པ་མ་རེད། དྲ་འབུའི་སྐད་ཆར་ཡ་ལན་བྱས་པ་ཡིན་ན། དེའི་སྐད་ཆའི་བདག་པོ་ཁྱེད་རང་ཆགས་པ་རེད། རབ་ཡིན་ན། དྲ་འབུའི་སྐད་ཆ་ལ་བདག་པོ་མ་རྒྱག
ཨ་རིག་ལགས། དྲ་འབུ་ཁ་བ་རྙེད་པའི་སྒྲུང་དེ་སྙན་པོ་བྱུང་། ངའི་ཉེ་འཁོར་དུའང་དྲ་འབུ་མང་པོ་ཞིག་ཡོད་སྲིད་པས་དོ་སྣང་བྱེད་དགོས་པ་ཆགས་སོང་། མ་གཞི་གསང་མིང་འོག་ནས་གཞན་སྐྱོན་བརྗོད་པ་ལ་དེ་ཙམ་གྱིས་ཡ་མཚར་ཆེན་པོ་མེད། དེ་ནི་བོད་ཀྱི་གསར་འཕྲིན་དང་དྲ་གནས་གཅིག་པུ་མ་ཡིན་པར་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཡོད་པ་གཅིག་གྱུར་རེད། ཡིན་ན་ཡང། རང་གི་བློས་ཐུབ་ཀྱི་གྲོགས་པོ་ཞིག་གིས་དྲ་འབུའི་མིང་ཁུར་ནས་རང་ལ་སྐྱོན་བརྗོད་བྱེད་པ་ནི་མི་གཤིས་ངན་པའི་བྱ་སྤྱོད་དུ་མཐོང་།
ཨ་རིག་གི་རྩོམ་ཡིག་འདི་ཁ་བརྡའི་རྩ་དོན་གསུམ་ཞེས་པའི་རྩ་དོན་གཉིས་པ་དང་གསུམ་པར་འགལ་འདུག་རུང་། ཁ་བརྡ་ཚང་གིས་རྩོམ་ཡིག་གི་གྲས་སུ་བཀོད་འདུག འོག་ནས་ཁ་བརྡའི་རྩ་དོན་གསུམ་མར་ཕབ་ཀྱི་ཡིན།
ཁ་བརྡའི་རྩ་དོན་གསུམ།
དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།
གཉིས་པ། ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས། མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།
གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།
ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།
དྲྭ་ཐོག་ནས་རང་གཞན་སུ་ཡི་རྩོམ་ལ་ཡིན་ནའང་བསམ་ཚུལ་བཤད་པ་དང་དེ་ལ་སྐྱོན་བརྗོད་མཛད་པ་སོགས་ནི། དངོས་གནས་ཡིན་ན་ལམ་སྟོན་གནང་མཁན་དང་ང་ཚོའི་བསམ་ཚུལ་ལ་སྒྱུར་བཅོས་ཡག་རུ་གཏོང་མཁན་ཁ་ཕྱོགས་དང་ལམ་ཕྱོགས་ཇེ་བཟང་ལ་འགྲོ་འཇུག་མཁན་གྱི་ལམ་སྟོན་པ་ཞིག་ཏུ་མཐོང་གི་ཡོད། ད་དུང་ཁོ་རང་ཚོ་ལ་ཡང་ཉམས་མྱོང་དང་ཡི་གེ་ཡར་རྒྱས་ལ་འགྲོ་ཡ་སོགས་གང་ལྟར་ང་ཚོ་བོད་གངས་ཅན་པའི་བླ་སྲོག་མིག་གསུམ་ལྟ་བུའི་བོད་ཡིག་འདི་བཀོལ་སྤྱོད་བྱེད་བཞིན་ཡོད་ན་དགའ་འོས་པ་ཞིག་དང་ཡིད་དྭངས་བ་འདྲེན་དགོས་པའི་གནས་སུ་མཆིས། རང་ལ་མཚོན་ན་ནི་གཞན་གྱིས་བདག་ལ་སྐྱོན་བརྗོད་དང་བསམ་ཚུལ་བཤད་གནང་བ་སོགས་ནི་དགེ་རྒན་དམ་པ་དང་བླ་མ་བཟང་པོས་བཀའ་སློབ་ནང་བཞིན་དང་དུ་ལེན་བཞིན་ཡོད་ལ་གཞན་གྱི་སྐྱོན་ཞིག་མཐོང་ན་ཡང་བཤད་རྐྱང་བྱེད་བཞིན་ཡོད། དེ་མིན་རང་ཉིད་དྲྭ་བདག་ཆེན་མོ་ལྟ་བུ་དང་གཞན་མཆན་འདེབས་པ་ཚང་མ་དྲྭ་འབུ་ཉམ་ཆུང་ལྟ་བུ་ཞིག་ཏུ་ནམ་ཡང་མཐོང་ཆུང་བྱེད་མི་ཕོད་ལ་སྤུན་ཟླ་སྨྱུག་ཐོགས་པ་ཚང་མ་ལ་ཆེ་མཐོང་དང་རྗེས་སུ་ཡི་རང་གིས་སྒོ་ནས་བཀུར་བ་ལགས། སྐྱོན་ཟེར་བ་དེ་ནི་ཡོད་ན་བརྗོད་དགོས་པ་ཞིག་རེད་ལ། སྐྱོན་མེད་མཁན་ཞིག་ཡིན་ན་མ་ཉེས་ཁ་གཡོག་བྱས་ནས་སྐྱོན་བརྗོད་བྱས་ཡང་གནོད་སྐྱོན་ཐེབས་ཀྱི་མ་རེད། གལ་ཏེ་བློས་ཐུབ་གྱི་གྲོགས་པོ་ཞིག་གིས་རང་ལ་སྐྱོན་བརྗོད་དང་དམའ་འབེབས་བྱས་པ་ཡིན་ན་དེ་ནི་གྲོགས་པོ་དང་རང་གཉིས་ཀྱི་བར་ན་འགལ་བ་ཞིག་ཡོད་རྟགས་རེད་ན་དང་པོ་གྲོགས་པོའི་ཐུགས་སེམས་རྒྱ་མཚོའི་ནང་གི་མི་དགའ་བའི་རྡོ་དེ་ཕལ་བསལ་ཐབས་གནང་དགོས་གལ་ཆེན་པོར་མཐོང་།།
ཨ་རིག་གིས་རང་གི་གྲོགས་པོ་ཞིག་ལ་དྲ་འབུས་མིང་གིས་དམའ་འབེབས་བྱས་ཡོད་པར་མ་ཟད། དེ་ཅི་ལྟར་རྙེད་པ་དང་། ཅི་བྱས་སོགས་མང་པོ་ཞིག་བྲིས་ཡོད་པ་ནི་མི་སྒེར་གྱི་དགའ་མ་དགའ་མདོག་སྟོན་པ་ཞིག་རེད། གཅིག་བྱས་ན་ཁོང་གཉིས་ཀ་མི་འགྲིག་པ་ཞིག་ཀྱང་ཡིན་སྲིད། མ་ཟད་མི་སྒེར་བ་གཅིག་གི་མཚང་ནས་དྲིས་པ་མ་གཏོགས་གཞན་གང་ཡང་མི་འདུག་རུང་། ཁ་བརྡ་ཚང་དང་ཁ་བརྡའི་རྩོམ་སྒྲིག་པའི་ཁུངས་གཏོགས་མང་པོ་ཞིག་གིས། རྩོམ་ཡིག་གྲས་སུ་བཀོད་པར་མ་ཟད། བསྟོད་བསྔགས་གཏོང་བཞིན་པ་འདི་ནི། རང་རང་དྲ་འབུས་ཁུངས་སུ་ཞུགས་པར་མ་ཟད། ཁ་བརྡ་ཚང་གི་རྩ་དོན་གསུམ་རང་ངོས་ནས་གཤིག་པ་ཞིག་ཀྱང་རེད།
ཁ་བརྡ་ཚང་གི་སྒྲིག་གཞི་ཁ་བརྡ་ཚང་གིས་གཏོར་བཞིན་འདུག །མི་སྒེར་ལ་སྐྱོན་བརྗོད་མི་ཆོག་པ་ཁ་བརྡའི་སྒྲིག་གཞི་ཡིན་ཡང་། དེ་སྔོན་མི་ངན་ཞིག༧སྐྱབས་མགོན་ཀུན་གཟིགས་པན་ཆེན་རིན་པོ་ཆེར་དྲ་དགྲ་ཞིག་གིས་དོན་་མེད་མཚན་དམོད་མང་དུ་བྱས་ཀྱང་འདི་མུར་འདོན་ཀྱང་བྱས་ཤིང་དེ་རྗེས་ངས་ཁ་བརྡར་གནད་ལ་ཕིག་པའི་དོན་ལྡན་མཆན་བཏབ་པར་འཚང་ལ་ཕོག་ནས་ངའི་མཆན་༩༢ ཡིན་ཡང་མཆན་༨༤ རྗེས་ཚང་མ་ནག་བསུབས་བཏང་སོང་།
རྩོམ་འཆར་འདིའི་ཐོག་ནས་ཨ་རིག་གིས་ཁོ་རང་གི་གྲོགས་པོ་ཡིན་ཟེར་བ་དེར་ཐོག་དང་པོ་ནས་ཡིད་ཆེས་དང་བློ་གཏད་མེད་པ་ཤེས་ཀྱི་འདུག
གལ་སྲིད། དངོས་གནས་དེ་འདྲ་ཞིག་ཡིན་ན། གནད་དོན་དེ་ནང་ཁུལ་ནས་སེལ་ཐབས་མི་བྱེད་པ་ག་རེ་ཡིན་ནམ།
ད་དུང་། ཨ་རིག་ཁྱེད་རང་གི་རྣམ་རྟོག་སྐྱེན་དྲག་པས་ཉམས་ཞིབ་གནད་ལ་འཁེལ་བ་ཞིག་བྱས་མེད་ན་ཐང་།
ག་རེ་ཟེར་ན། གདོང་དེབ་དང་ཁ་བརྡ་སོགས་སུ་འདྲ་ཞིག་གིས་གློག་ཀླད་ནང་བེད་སྤྱོད་བཏང་ན། གློག་འཕྲིན་དང་བོད་མིང་དབྱིན་མིང་ཆ་ཚང་འདུག་པར་ཁྱེད་རང་གིས་ཤེས་རྒྱུ་རེད།
ཁྱེད་ཀྱི་གློག་ཀླད་ནང་དུ་ཁྱེད་ཀྱི་གྲོགས་པོ་ཚོས་བེད་སྤྱོད་གཏོང་སྤྱོད་ཀྱི་གློག་འཕྲིན་དང་མིང་སོགས་རྒྱུན་འདུག་བྱས་ཡོད་པ་རེད།
ཨ་རིག་ཁྱེད་ཀྱིས་Kawaཟེར་བའི་མིང་ཞིག་མཐོང་བ་ཙམ་ལས་ཁུངས་སྐྱེལ་གསལ་བོ་ག་རེ་ཡོད་དམ།
ཁྱེད་ཀྱིས་ཀྱང་”མཇུག་མཐའི་རེ་བ་ཉག་གཅིག་ནི། Kawa ངོ་མ་ནི་ངའི་གྲོགས་པོ་ཁོང་མིན་པར་ཁོང་གི་གློག་ཀླད་བེད་སྤྱོད་གཏོང་མཁན་གྱི་ཁོང་གི་ཉེ་འཁོར་ཙམ་པོ་ཞིག་ཡིན་པར་སྨོན་ཟེར་རྒྱུ་དེའོ། །”ཟེར་དགོས་དོན་མི་འདུག་གོ
ཡང་ཁྱེད་ཀྱིས་”རང་སྐྱ་ཐུབ་པའི་དཔྱོད་ལྡན་ཀློག་མཁན་གང་འདྲ་ཞིག་ཡིན་རུང་རང་གི་མིང་ཙམ་པོའང་སྨྲ་མི་སྤོབས་པའི་དྲ་འབུ་དག་གིས་སྐད་ཆར་ཉན་འཇོག་བྱེད་ཀི་མ་རེད་ལ། དྲ་འབུ་དག་གིས་བཤད་པའི་སྐད་ཆ་ཡིན་ན་ད་གཟོད་སྙད་བརྐོ་གསེག་འབྲི་དང་གཞི་མེད་སྐྱོན་བརྗོད། མ་རུང་ཁོག་བཅུགས་ཡིན་པ་ཤེས་ངེས་རེད།
གཙོ་བོ་རང་ཉིད་ལ་མྱི་གཞི་ཞིག་ཡོད་པར་གྱིས། རང་ཉིད་ཀྱི་ལག་པ་བྲང་ཁར་བཞག་ནས་འདང་ཞིག་རྒྱོབས། མ་མཐར་ཡང་ “ངོ་ཚ་” ཞེས་པའི་ཚིག་འབྲི་འདི་རང་གི་ངོ་གདོང་ན་འདུག་མིན་བསམ་རོགས། བརྟག་རོགས། ཚུར་གྲོགས་པོ་ཞིག་གི་འདུ་ཤེས་བརླགས་ཏེ་གཞི་མེད་སྐྱོན་བརྗོད་བྱས་ཡོད་པ་གསལ་གསལ་ཐང་ཐང་ཆགས་ཡོད་ཀྱང་། ངས་ད་དུང་བཟོད་པ་སྒོམས་ཡོད། གུ་ཡངས་བྱས་ཡོད། མ་མཐར་ཡང་ང་མི་ཞིག་གི་ཆེས་ཚད་དམའ་ས་ནས་བསྡད་དེ་རང་གི་གྲོགས་པོའི་མིང་ཕྱིར་བསྒྲགས་བྱ་གི་མ་རེད། དེ་ཤེས་པར་གྱིས་ལ་བག་ཡོད་པར་གྱིས་ཤིག”ཅེས་བྱས་ཡོད་པ་མ་ཟད། རང་ཆེ་གཞན་དམན་གྱི་འདུ་ཤེས་ཕྱོགས་རིས་ཅན་གྱིས་ཁྱེད་རང་གིས་ངོས་འཛིན་དེ་འགལ་བ་ཅན་དུ་བསྒྱུར་འདུག
ཟིན་བྲིས་འདིས་མི་གཤིས་ཤིག་ལ་བརྟག་དཔྱད་བྱས་འདུག་ལ། ང་ཚོའི་ཁ་བརྡའི་ཀློང་ནས་ཀྱང་དེང་སྟབས་མི་འདི་འདྲ་མང་པོ་ཡོད་ཚུལ་དང་། ལྷག་པར་དུ་ཡི་གེ་འབྲི་ལྐོག་ཤེས་མཁན་གྱི་ནང་དུ་འདི་འདྲ་བ་མང་པོ་འདུག་པ་ང་ཡང་ནམ་རྒྱུན་དྲ་རྒྱར་ཡོང་ནས་སྔོན་ལྟར་སྐད་ཆ་མང་པོ་བཤད་མི་འདོད་པར་གྱུར་ཡོད།
ཨ་རིག་གིས་བཤད་པའི་མི་འདི་འདྲ་ངའི་གྲོགས་པོ་དང་ངོ་ཤེས་འབྲེལ་འདྲིས་ཡག་པོ་ཡོད་ཟེར་མཁན་ཚོའི་ནང་དུའང་ཡོད་པར་སྙམ་ནས་དོག་པ་འདྲ་ཞིག་ལངས་ཀི་འདུག
གང་ལྟར་ང་ཚོའི་མི་གཤིས་ལ་ངན་ཤུགས་ཆེན་པོ་ཐེབས་བཞིན་འདུག་ཨང་སྙམ།
མི་འདི་འདྲ་མང་པོ་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིར་དགོས་ཀྱི་མི་འདུག
ཨ་རིག་འགྱུར་མེད། ཁྱོད་ཀྱིས་དུས་བབ་ཟིན་བྲིས་སུ་༼ཁ་བ་ལྷང་ལ་བུད་འདུག་༽ཅེས་བྲིས་འདུག ཡང་སྙིང་ཁ་བ་དེ་སུ་ཡིན་ནམ།
ད་ལྟ་གསར་འགྱུར་ཞིག་ནང་ཧི་མ་ཅལ་མན་ཌིའི་ས་གནས་སུ་རྒྱའི་སོ་པ་དྲུག་ཧི་མ་ཅལ་སྐོར་སྲུང་བས་འཇུས་འདུག ཁོང་ཚོ་ཁང་པ་རྫིག་པོ་ཞིག་ནང་སྡོད་འདུག་ལ་ཁང་བདག་དེ་བོད་པ་ཞིག་རེད་འདུག
ནམ་རྒྱུན་ཁྱོད་ཀྱི་རྩོམ་ཡིག་བཞག་སྟེ་ཁྱོད་ཀྱི་མི་གཤིས་ལ་སྡིག་གིན་ཡོད་དུས་ཁྱོའི་ཐག་ཉེ་དང་འབྲེལ་བ་ཡོད་མཁན་ཞིག་ཡིན་སྲིད། མི་ཚང་མས་རྦད་དེ་ཆ་མེད་རྒྱུས་མེད་ཀྱི་མི་ཞིག་ལ་ཞེ་དྲག་སྡིག་གི་མ་རེད། ད་དུང་སྡིག་དགོས་དོན་མི་འདུག་ཟེར་གི་རེད། མི་ཆ་མེད་ཅིག་གི་སེམས་ལ་སྡུག་བཞག་ནས་ཅི་བྱེད་ག་ཟེར་གི་རེད། དེར་བལྟས་ན། སེམས་ལ་སྡུག་འཇོག་དགོས་ས་དེ་རང་གི་ཉེ་འཁོར་གྱི་མི་དང་། འབྲེལ་བ་ཡོད་མཁན་ཚོ་ཡིན་ས་རེད།
ངའང་སྐྱུར་རྩིས་གསུངས་པ་ལ་མངོན་པར་བསྟོད་དོ།
དྲ་འབུ་ནི་ང་ཚོའི་གཅིག་སྒྲིག་གི་ནུས་པ་གཏོར་བཤིག་བཏང་མཁན་དང་། ད་ལྟའི་དུས་སྐབས་སུ་མང་ཆེ་བ་རྒྱ་ནག་གི་རྒྱུགས་འབུ་རེད་ཟེར་ནའང་འགྲིག དེས་ཕྱིར་ཁོ་ཚོ་ལ་ནམ་ཡང་སྙིང་རྗེས་དང་བཟོད་སྒོམ་གུ་ཡངས་བྱེད་མི་རུང་།
ཉེ་བའི་དྲུང་ནས་ཞུམ་ཞུམ་གྱིས་འགྲོ་ཞིང་འཕྲད་པའི་ཚེ་ན་མགོ་སྒུར་བ། ཁ་བརྡར་གློད་པའི་ཚེ་ནའང་དུངས་སེམས་དང་བརྩི་བཀུར་གྱི་རྣམ་འགྱུར་མ་ཡལ་བའི་ཆེས་ཉེ་ས་དག་གིས། ཡིད་ལ་མ་དགོས་རྐུབ་ལའང་མ་དྲན་པ་ཞིག་བྱས་ཡོང་དུས། འགྱུར་མེད་ལ་ཕྲག་དོག་དང་འགྲན་སེམས་ཀྱི་གཞི་རྩ་ཞིག་ཡོད་པ་དེ་གསལ་བོ་ཆགས་ཟིན་སྟབས། དྲ་འབུ་ཁ་བའང་ཉིན་ཞིག་མངོན་སུམ་གྱིས་རང་དང་ལོ་མཉམ་པའི་གྲོགས་པོ་ཕྲག་དོག་ལངས་ས་དག་གི་རྗེས་ཆོད་ཅིང་འདྲ་མཉམ་གྱིས་ལངས་པར་ཤོག།
དྲ་འབུ་འདི་རིགས་འཇུས་ནས་འདི་ལྟར་སལ་བསྒྲགས་སྤེལ་ཏེ་རང་ཐོག་ལ་བྲོ་བ་ཞིག་མྱོང་བཅུག་ན་ཏག་ཏག་རེད།
དེང་སྐབས་དྲ་འབུ་ཞེས་འབོད་ན་མི་འདོད་པར་པྲ་འབུ་ཞེས་འབོད་ན་འདོད། དེ་ཡང་འབུ་ངོ་མ་ཞིག་མིན་པར་གློག་པྲའི་ནང་སྐབས་རེར་འཆར་ཡོང་བའི་འབུ་ཞིག་ལའོ།། ཡང་ན་འབུ་པྲ་ཚགས་ཀྱི་རིགས་ཤིག་ཡིན་པས་སོ།།
སོ་པ་དེ་ཚོའི་ནང་བཅུ་གྲངས་ཤིག་བྲོས་ནས་སོང་འདུག ཁོང་ཚོའི་ནང་ནས་རྒྱ་དཀར་ནག་གི་དངུལ་འབུམ་སུམ་ཅུ་དང་ལག་ཁྱེར་ཁ་པར་བཅས་ལག་པར་ཐེབས་འདུག ཁང་བདག་གི་མིང་ལ་རིན་པོ་ཆེ་ཟེར་བ་ཞིག་འདུག་ཏེ་མིང་ངོ་མ་མི་ཤེས་འདུག་
ཕལ་ཆེར་ས་གནས་ཅོང་ཏ་ར་ཟེར་བ་མིན་ནམ་དྲན། ད་རེས་འདི་ཁ་སྔོན་༧ གོང་ས་མཆོག་གིས་སྐྱ་ཕྱྭར་ཉེན་ཁ་ཡོད་པར་གསུངས་པ་དང་འབྲེལ་ནས་རྒྱ་གར་གཞུང་གིས་འདྲི་རྩད་བྱེད་བཞིན་པ་རེད།
བརྙན་ཕྲིན་ནང་ཁང་པ་དེ་སྟོན་གྱི་འདུག དེ་ནི་བིན་ལ་དིན་སྡོད་ས་ལྟ་བུ་ཕུ་ཊི་ ༡༥ བྱས་པའི་ལྕགས་རིས་བསྐོར་བ་ཞིག་རེད། གང་ལྟར་ཉེས་ཅན་དེ་ཚོ་ཚར་གཅོད་དགོས།
དྲ་འབུ་འདི་ལྟ་བུ་འདི་ད་རུང་ངོ་དེབ་ནང་དུ་མང་གི། གཞན་གྱི་དཔར་གང་བྱུང་བེད་སྤྱོད་བྱས་ནས་གཞན་ལ་ཚིག་དམོད་བྱེད་པ། སོ་སོའི་མིང་ངོ་མ་མི་འབྲི་བ་དང་ངོ་དེབ་སོགས་ཀྱི་ནང་དུ་སོ་སོའི་དཔར་མི་འཇོག་པའི་རྒྱུ་མཚན་ནི་གཞན་ལ་སོ་སོར་འགན་འཁུར་མི་དགོས་པའི་ཚིག་དམོད་བྱེད་པའི་དམིགས་ཡུལ་རེད། དེ་རིགས་ནི་རེ་རེ་བཞིན་ཚར་གཅོད་བྱེད་དགོས
རིན་པོ་ཆེ་ཟེར་བ་དེ་འབྲས་ལྗོངས་ནས་རེད་འདུག
བྱ་བ་ཆེ་ཕྲ་ཆུང་གསུམ་གང་ཡིན་ནའང་། རང་གི་ཐག་ཉེ་བའི་མི་ལ་གཟབ་གཟབ་གང་ལེགས་བྱ་དགོས། དེ་ནི་ད་བར་དུ་སྤྱི་ཚོགས་ཟེར་ནའང་འདྲ། ཁོར་ཡུག་ཟེར་ནའང་འདྲ། མི་ཚེའི་ཉམས་མྱོང་སོགས་ཀྱིས་ཡིན།
Zeenews.com
Mandi, June 13: Eight Chinese spies were arrested from Mandi in Himachal Pradesh. Currency worth Rs 30 lakh, mobile phone, several SIMs and 4 lockers were recovered from their possession.
Posing as carpenters, the spies were living in a palatial house, worth atleast Rs 2 crore, for the past several years. The house belonged to a Tibetan spiritual leader, reports said.
The owner of the house is absconding and is suspected to be in Delhi. Himachal Police teams have been dispatched to Delhi to arrest him.
Meanwhile, police is investigating the nature of their activities during their stay.
མེ་དཀར་གྱིས་གསར་འགྱུར་བཀོད་པ་ཐུགས་རྗེ་ཆེ།
དྲ་འབུ་བཟང་རུང་ངན་རུང་ཁྱོད་ཀྱི་རྩོམ་ཡིག་ལ་དཔྱད་བརྗོད་སྤེལ་མཁན་དང་དེ་ཀློག་མཁན་རེད། རྩོམ་པོ་ཞིག་ལ་མཚོན་ན་དགའ་དགོས་བ་ཞིག་རེད་འདོད། དེ་ངོ་ཤེས་དང་མ་ཤེས་ནི་གནད་འགག་མ་རེད། དེའི་ཅི་ཞིག་བཤད་ཀྱི་ཡོད་པ་དེ་རེད། གྲོགས་པོ་ཞིག་གི་གྲོགས་པོ་ལ་ཀུ་རེ་ཞུས་པ་དེ་ཡང་གནད་འགག་ཞིག་མ་རེད། རང་གི་ཐག་ཉེ་བའི་མི་ལ་ནམ་ཡང་forgive and forget སྤྲད་ཐུབ་ན་དེ་ནི་གནད་དོན་ཞིག་རེད། དེ་ལ་གཟབ་པ་ཡིན་ན་རྣམ་རྟོག་དགྲ་ལང་ཁང་སྟོང་རྐུན་མ་ལྡིང་ཟེར་དེ་འདྲ་གོ་ཡོད་རྒྱུ་རེད། ཁྱོའི་ལུས་ཀྱི་ཚོར་སྣང་དང་ཡིད་ཀྱི་དྲན་སྣང་བརྗོད་པོའི་སྐབས་ཀྱི་སྐོར་དེ་ལ་བགད་མོ་ཤོར་ཤོར་ཡོད། སྙན་པོ་འདྲ་བྱུང་།
ཨ་རིག་གིས་བཤད་ནོ་བཟང་ཐལ། དྲ་འབུ་འདིའི་རིགས་ཀྱིས་སྐྱོན་འཛུག་བྱེད་ཀྱིན་པ་དང་དགག་བཞག་སྤྲོ་བཞིན་པ་ལ་མོས་མཐུན་ཡོད་ཀྱང་། ཁུངས་མེད་ཀུ་ཅོ་འདེབས་མཁན་རིགས་ནི་ཁྱོད་བཞིན་རྩད་ཆོད་ན་ངོ་མ་བཟང་གི།
མེ་ཏོག་དཀར་པོའི་གསར་འགྱུར། རྒྱ་ནག་གི་སོ་བ་བརྒྱད་འཛིན་བཟུང་བྱས་པའི་གནས་ཚུལ་དེ་འདིར་བཀོད་འདུག http://newindianexpress.com/nation/article541880.ece དྲ་ཐག་འདིར་མནོན་དང་གསར་འགྱུར་བཀོད་འདུག
དྲ་འབུའི་ཅི་བཤད་ལ་ཉན་དགོས་དོན་མེད་ཅིང་བློ་ཕམ་དགོས་དོན་དེ་བས་ཀྱང་མེད། འོན་ཀྱང་གྲོགས་པོ་ཞིག་གིས་གཞི་མེད་སྐྱོན་བརྗོད་བྱེད་པ་ནི་ཁྱི་དང་འདྲ་བའི་མི་གཞི་ལྷང་ལ་བུད་པ་ཡིན་པས་ཐབས་སྐྱོ་པོ་རེད།
ཨ་རིག་འགྱུར་མེད་ལགས་ཀྱི་གྲོགས་པོ་བློ་མེད་དེ་་་་་་་ཨ་ཁ་ཁ་་་དེང་སང་དྲྭ་འབུ་དག་སྡོད་ཐུབ་གི་མི་འདུག
ད་ཅི་བྱེད་་་
རྒྱ་ནག་གི་གསང་མྱུལ་བ་བརྒྱད་འཛིན་བཟུང་་་་་་
དོགས་ཡོད་རྒྱ་མི་ ༨ འཇུ་བཟུང་།
འདོན་སྤེལ། ༢༠༡༢/༠༦/༡༣
ཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་མན་ཌེ་(Mandi) རྫོང་ཁོངས་ཅཱོན་ཊི་རཱ་ནས། མངའ་སྡེ་ཉེན་རྟོག་པས་རྒྱ་མི་ ༨ གསང་ཉུལ་བའི་དོགས་གཞིའི་འོག་འཇུ་བཟུང་བྱས་འདུག
དེ་རིང་ཧི་མ་ཅཱལ་མངའ་སྡེ་ཉེན་རྟོག་ལས་ཁུངས་ནས་བརྗོད་པ་ལྟར་ན། རྒྱ་མི་དེ་དག་ཡུལ་སྐོར་སྤྲོ་འཆམ་པའི་མིང་ཐོག་ནས་རྒྱ་གར་ནང་འཛུལ་ཡོད་ཀྱང་། ད་ཆར་ཁོ་ཚོས་ཅཱོན་ཊི་རཱ་ས་གནས་སུ་ཤིང་བཟོ་དང་ལྷ་བྲིས། ཨར་ལས་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་ལས་ཀ་བྱས་ཏེ་དུས་ཡུན་གང་འཚམ་ཕྱིན་ཡོད་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་དུས་ཡུན་ཀྱང་རྫོགས་ཡོད་འདུག
རྒྱ་མི་དེ་དག་འཛིན་བཟུང་སྐབས་ཁོ་ཚོའི་ལག་ནས་རྒྱ་སྒོར་ཕུད་པའི་ཧིན་སྒོར་འབུམ་ ༣༠ ཙམ་དང་། རྒྱ་ནག་གི་ཁ་པར་བྱང་བུ་(Sim Card)། རྒྱལ་སྤྱིའི་དངུལ་འདོན་ལག་བྱང་(International ATM cards) བཅས་རྙེད་གསོན་བྱུང་ཡོད་འདུག
རྒྱ་མི་དེ་དག་༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་གཏོང་མཁན་གྱི་གསང་ཉུལ་བའི་དོགས་གཞིའི་འོག་འཇུ་བཟུང་བྱས་ཡོད་ཀྱང་། འབྲེལ་ཡོད་ཉེན་རྟོག་པས་ད་ལྟའི་ཆར་ཉེན་རྟོག་ལས་ཁུངས་དང་གསང་བའི་ལས་ཁུངས་གཉིས་ཀྱིས་རྒྱ་མི་ཚོར་འདྲི་གཅོད་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཞིབ་བཤེར་ཆ་ཚང་མ་ཚར་བར་དུ་ཁོ་ཚོའི་སྐོར་ལ་མཐའ་གཅིག་ཏུ་ཚིག་ཐག་བཅད་དེ་བཤད་རྒྱུ་སྔ་དྲག་ཡོད་ཚུལ་བརྗོད་འདུག
རྒྱ་གར་གསར་ལམ་ཁག་ཏུ་ཅཱོན་ཊི་རཱར་ཡོད་པའི་རྫོང་སར་བཤད་གྲྭ་ནས་འཇུ་བཟུང་བྱས་ཚུལ་ཐོན་པ་ལྟར། འདི་གའི་གསར་འགོད་པས་རྫོང་སར་བཤད་གྲྭའི་འབྲེལ་ཡོད་མི་སྣར་འབྲེལ་བ་བྱས་སྐབས། རྒྱ་མི་དེ་དག་རྫོང་སར་བཤད་གྲྭའི་ཉེ་འཁྲིས་ཤིག་ནས་འཇུ་བཟུང་བྱས་ཡོད་ཚུལ་གོ་ཐོས་བྱུང་ཡོད་སྐོར་ལས་རྫོང་སར་བཤད་གྲྭ་མིན་ཚུལ་བརྗོད་བྱུང་། དེ་བཞིན་ཅཱོན་ཊི་རཱ་བོད་མིའི་ས་གནས་མགོ་འཛིན་བསྟན་འཛིན་རབ་དགའ་ལགས་སུ་ཁ་པར་བརྒྱུད་འབྲེལ་བ་བྱས་སྐབས། རྒྱ་མི་ཁག་ཅིག་ཅཱོན་ཊི་རཱ་ནས་འཇུ་བཟུང་བྱས་ཡོད་པ་དངོས་ཡོད་ཡིན་ཡང་། འབྲེལ་ཡོད་ཉེན་རྟོག་པ་སོགས་ལ་འབྲེལ་བ་བྱས་ཀྱང་ད་སྔ་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།
དྲྭ་འབུའི་སྐད་ཆར་རིན་ཐང་རྒྱག་དགོས་བྱུང་ན་དྲྭ་ཐོག་ཏུ་རྩོམ་ཡིག་མ་སྤེལ་ན་ཡག་ཤོས་རེད། དྲྭ་ཐོག་ཏུ་རྩོམ་སྤེལ་ཕྱིན་ཆད་དྲྭ་འབུས་ཅི་ཡང་བརྗོད་སྲིད་པའི་སྔོན་དཔག་དང་གྲྭ་སྒྲིག་དགོས་པ་རེད། སེམས་ལ་མི་འགྲོ་བའི་མཆན་འདྲ་སྤེལ་དུས་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱས་ཏེ་དྲྭ་འབུ་སུ་ཡིན་བརྩད་གཅོད་བྱ་དགོས་མཁན་ཞིག་ཡིན་ན་དངོས་གནས་དཀའ་ངལ་རེད།
ང་ཚོའི་གྲོས་ཚོགས་ཀྱི་ཚོགས་གཙོས་ཀྱང་སྐབས་རེ་དྲྭ་འབུའི་སྐད་ཆར་རིན་ཐང་རྒྱག་མི་དགོས་པ་ཞིག་རྒྱག་གི་འདུག
དྲྭ་འབུས་ཅི་ཟེར་རྣ་རྒྱབ་ཀྱི་ལྷག་པར་བརྩི་མཁན་ཀླུ་སྨྱོན་ཁོང་དངོས་གནས་སྐྱིད་པོ་རེད། སུས་བསྟོད་སྨད་ཅི་བརྗོད་ཀྱང་ཁོའི་ཁོག་ལ་གཤོང་གི་རེད། ཁོས་དྲྭ་འབུ་ལ་སྡིག་གི་མ་རེད། དྲྭ་འབུ་ལ་རིན་ཐང་རྒྱག་གི་མ་རེད། ཕལ་ཆེར་དྲྭ་འབུའི་ཁུངས་ཀྱང་འཚོལ་གི་ཡོད་ཀྱི་མ་རེད།
དྲྭ་འབུ་ཁ་ནག་གི་ཁུངས་འཚོལ་དགོས་མཁན་ཚོས་ཡང་ན་མི་སེམས་ལ་ཕོག་ཐུག་གཏན་ནས་མི་འགྲོ་བའི་རྩོམ་ཡིག་སྤེལ་དགོས་ཀྱི་རེད། ཡང་ན་རྩོམ་ཡིག་སྤེལ་རྒྱུ་མཚམས་ཞོག ཡང་ན་དགའ་ཉེ་དང་དགྲ་གྲོགས་གང་གིས་ཀྱང་ཅི་ཡང་བརྗོད་སྲིད་པའི་ཚོད་དཔག་དང་། བསྟོད་སྨད་ཅི་བྱུང་ལ་དགའ་སྡུག་གི་ཆགས་སྡང་སྐྱེན་མ་དྲགས་པའི་ཁོག་ཡངས་ཤིག་དགོས་ཀྱི་རེད། དེ་མིན་དེང་སང་གི་དྲྭ་བའི་ནང་མ་འཛུལ་ན་ཡག་ཤོས་རེད་ཡ།
ད་ཅི་ལྟར་བཤད་དགོས་པ་རེད། དེང་སྐབས་ང་ཁ་བརྡ་དྲ་རྒྱ་ཀློག་མཁན་ཞིག་ལས་མཆན་རྒྱག་རྒྱུར་བསུན་གིན་ཡོད། དེར་བརྟེན་དགོས་དབང་ཆེན་པོ་མེད་ན་མཆན་རྒྱག་གི་མེད།
དེ་རིང་ཁ་བརྡ་རྩོམ་སྒྲིག་པས་གུས་པའི་རྩོམ་ཐུང་འདི་ཁ་བརྡ་དྲ་བར་བཀོད་འདུག་པར་བརྟེན། མཆན་ཞིག་མི་རྒྱག་ཐབས་མེད་བྱུང་། གཙོ་བོ་ཁ་བརྡའི་རྩ་དོན་གླེང་མཁན་ཚོའི་བསམ་ཚུལ་དང་འབྲེལ་ནས་གླེང་ན་བསམ།
ངས་བྲིས་པའི་རྩོམ་ཡིག་འདི་ང་མི་སྒེར་བ་ཞིག་གི་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཙམ་པོ་ལས། འདིའི་ནང་དུ་སྡེ་བ་གཞུང་དང་དོན་དག་ཆེན་པོ་ཞིག་ལ་ཆེ་བཤད་ཆུང་བཤད་གང་ཡང་བྱས་མེད་པས། གཅིག་བྱས་ན་ཁ་བརྡའི་རྩ་དོན་ལ་འགལ་ཡོད་ན་ཐང་། ཡིན་ནའང་། བསམ་བློ་ཞིབ་མོར་བཏང་ན་འདི་ཁ་བརྡ་དྲ་བར་འཕྲད་བཞིན་པའི་དཀའ་ངལ་ཞིག་དང་ཐད་ཀར་འབྲེལ་ཡོད་པས་རྩོམ་སྒྲིག་པས་འདི་ལྟར་གནང་བ་རེད་སྙམ།
ཁ་བརྡ་དྲ་བདག་གིས་ཡང་ཡང་རྩོམ་མཆན་ལ་སྒོ་རྒྱག་དགོས་པ་ཡོང་གི་ཡོད། དེ་ནི་ང་ཚོའི་མི་རྣམས་ཀྱིས་རྩོམ་ཡིག་གིས་བསྟན་དོན་བརྗོད་སྙིང་དུ་བཟུང་སྟེ་དགག་རྒྱག་སྐྱོན་སེལ་བྱེད་ཀྱི་མེད་པར། རྫུན་མིང་སྣ་ཚོགས་བེད་སྤྱོད་དེ་མི་སྒེར་བར་གཞི་མེད་སྐྱོན་བརྗོད་དང་སྙད་བརྐོ་གསེག་འབྲི། ཐ་ན་འཇིགས་སྐུལ་བཅས་བྱེད་ཀྱིན་ཡོད་པས་ད་གཟོད་རྩོམ་སྒྲིར་པར་དཀའ་ངལ་འཕྲད་ཀྱིན་པ་རེད།
དེ་མིན་ང་རང་སྟེང་ལ་མཚོན་ན་དྲ་འབུ་ལ་ཁ་ཡ་བྱེད་མཁན་ཞིག་མིན། ཁ་ཡ་བྱས་ན་བྱས་ཚོད་ཀྱང་ཡོད་རྒྱུ་མ་རེད། དེ་ངའི་རྩོམ་ཡིག་གཞན་དང་མཆན་བུ་གཞན་དག་ཏུ་ཡང་ཡང་གསལ་བས་འདིར་བསྐྱར་འགྲེལ་ཡང་འགྲེལ་ལ་དགོས་པ་མི་འདུག ཡིན་ནའང་། དྲ་འབུ་ཁ་བའི་སྐོར་འབྲི་དོན་ཁོང་ནི་ང་དང་ཐག་ཉེ་ས་ཞིག་ནས་ངས་བཟུང་བ་དང་། ང་ལ་མཚོན་ན་རང་གི་གྲོགས་པོས་ཀྱང་འདི་ལྟར་བྱེད་ཀྱིན་འདུག་ཨང་བསམ་སྟེ་བློ་ཕམ་བྱུང་བས། ད་གཟོད་བྲིས་པ་ཙམ་ཡིན། ཡང་གཅིག་བཤད་ན་ཁྱོད་ཚོར་ཡང་ཁྱོད་ཚོ་གླེང་མཁན་གྱི་དྲ་འབུ་ཐག་རིང་ན་མེད་པར་ཁྱོད་ཀྱི་ཐག་ཉེ་ན་ཡོད་སྲིད་ཅེས་བརྡ་ཞིག་བསྟན་པ་ཡིན།
དེ་མིན་ཁྱོད་ཚོས་དངོས་མིང་བྲིས་ཏེ་སྐྱོན་དང་ཡོན་ཏན་ཅི་ཞིག་གླེང་རུང་ང་ནི་དུས་ནམ་ཡང་སྔར་གྱི་ང་རང་དུ་གནས་སྲིད་པས་གང་དགའ་ཅི་བདེར་གྱིས་ཤིག
ཨ་རིག་གིས།
ལ་ལས་རང་ལ་ལྷག་པར་སྡང་མཁན་དགྲ།།
མཐའ་དག་བྱམས་པས་ཉན་ནས་བླང་བྱར་བཞག།།
ཐ་མལ་བདག་འདྲས་ཐད་ཀར་ལན་བཏབ་ནས།།།།
རང་གཞན་གཡངས་ལ་དྲངས་སླད་ངལ་བ་བླངས།།