གངས་སྦལ།
དེང་སྐབས་ལས་ཀའི་ཆེད་ཉིན་རྟག་པར་བཙན་བྱོལ་ཁྲོད་ཀྱི་བོད་ཡིག་གི་དྲ་བ་ཁག་ལ་སྒོ་ཉུལ་བྱས་ཏེ་སྡད་ཡོད་ལ། བོད་ཕྱི་ནང་གི་གནས་ཚུལ་ཆེ་མ་ཆུང་གསུམ་མཐའ་དག་ལ་རྒྱུས་ལོན་རེ་བྱེད་ཁུལ་དུ་ཀློག་གིན་ཡོད། དེ་རིང་བོད་ཀྱི་བང་ཆེན་དྲ་བའི་གསར་འགྱུར་རྙིང་པ་ཁག་བསྐྱར་ཀློག་བྱས་སྐབས་གཤམ་གྱི་གསར་འགྱུར་དེར་ཐུག་སོང་ལ། གསར་འགྱུར་དེ་ཀློག་མཇུག་གྲུབ་དུས་སྐད་ཡིག་གི་གནས་བབ་དང་། རིན་ཐང་། མྱུར་སྐྱོབ་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་བའི་གནས་འཕྲིན་འདིས་སྐད་ཡིག་གི་རིན་ཐང་དངོས་དེ་རྡོག་བརྫིས་བཏང་འདུག་སྙམ་ནས་བང་ཆེན་དྲ་བའི་ནང་གི་གསར་འགྱུར་འདིའི་ལག་བསྟར་རྩོམ་སྒྲིག་པ་ལའང་ཁེངས་ར་བྱེད་རྒྱུ་བྱུང་། མ་གཞི་གནས་ཚུལ་གཏོང་མཁན་གྱིས་གནས་ཚུལ་ག་འདྲ་བཏང་ཡང་རྩོམ་སྒྲིག་པས་ཨང་དང་པོ་ནང་དོན་ལ་ཞིབ་འཇུག་བྱེད་རྒྱུ་དང་། གཉིས་པར་ཚིག་གི་སྡེབ་སྦྱོར་དང་། ཡི་གེའི་དག་ཆ་སོགས་ལ་རྩོམ་སྒྲིག་པས་བཅོས་སྒྲིག་སྣོན་འཁྲི་བྱེད་དགོས་ངེས་དག་བཅོས་སྒྲིག་བྱས་ནས་ད་གཟོད་དྲ་ལམ་དུ་ཤར་གཏོང་བྱས་ན་འགྲོ་སྟངས་དང་། ལས་ཀའི་གྲུབ་འབྲས་གང་གི་ཆ་ནས་ཧ་ཅང་ལེགས་པའི་ཕྱོགས་ཡིན་མོད། གསར་འགྱུར་འདི་ས་གནས་གསར་འགོད་པས་ཤར་མར་བྲིས་ཏེ་ཐད་ཀར་དྲ་ལམ་དུ་བཅུག་པ་ཞིག་གི་བཟོ་ལྟ་མ་གཏོགས། རྩོམ་སྒྲིག་པས་དག་བཅོས་ཕར་ཞོགས། ས་གནས་གསར་འགོད་པ་ཁོ་རང་གིས་བྲིས་ཚར་རྗེས་ཚར་གཅིག་ཀྱང་བསྐྱར་ཀློག་མ་བྱས་པ་ལྟ་བུའི་ངང་གསར་འགྱུར་ཐུང་ཐུང་འདིའི་ནང་ལ་ཡི་གེའི་དག་ཆ་ནོར་བའམ། བཏེགས་ནོར་སོང་བ་ཧ་ཅང་མང་པོ་ཞིག་ཡོད་པ་གཤམ་དུ་གསལ་པོ་བྱས་ཏེ་བཀོད་ཡོད་པ་འདི་ལྟར་ལགས་པས། རྗེས་སུ་དྲ་བའི་རྩོམ་སྒྲིག་པ་དག་གིས་ཐུགས་སྣང་ཅུང་ཙམ་ཡོང་བའི་རེ་བ་དང་། དྲ་བ་ནི་ཡིག་ནོར་དང་། ཡི་གེ་བཏེགས་ནོར་སོང་ཆོག་བའི་བྲི་དེབ་ཅིག་གི་མཐོང་ཕྱོགས་མི་ལེགས་པ་ཞིག་འཇོག་རྒྱུའི་རེ་བའང་སྙིང་ནས་ཞུ་ཀི་ཡོད། གཤམ་གསལ་དམར་རྟགས་ཅན་རྣམས་ནོར་བ་ཁག་དང་། གོར་རྟགས་ནང་གི་ལྗང་ཁུ་རྟགས་ཅན་རྣམས་བཅོས་པ་ཁག་ཡིན་པས་དེ་དོན་དགོངས་འཇགས་ཞུ།
ཨོ་གླིང་སི་ཌི་ས་ཁུལ་བོད་ཀྱི་སྐད་ཡིག་བགྲོ་གླེང་།
ཟླ་འདིའི་༢༡ ཉིན་གྱི་ཞོགས་པ་ཆུ་ཚོད་༩ ནས་ཉིན་རྒྱབ་ཆུ་ཚོད་༣ པ་བར་དུ་ཨོ་གླིང་སི་ཌི་ས་ཁུལ་བོད་ཀྱི་སྐད་ཡིག་གནས་བབས་དང་། རིན་ཐང་། མྱུར་སྐྱོབ་ཅེས་པའི་བརྗོད་གཞི་གསུམ་གྱི་ཐོག་ལ་བགྲོ་གླེག་(གླེང་)ཞིག་འཚོགས་ཡོད་པ་རེད།
ད་ཐེངས་ཀྱི་སྐད་ཡིག་བགྲོ་གླེང་འདི་ད་ལྟ་བར་དུ་ཨོ་སུ་ཁྲུ་ལི་ཡ་སི་ཌི་ནེས་ས་ཁུལ་དུ་ཐེངས་གཉིས་པ་ཡིན་པ་དང་། བོད་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་དང་། དྲུང་ཆེ་དངོས་གྲུབ་རྒྱལ་མཚན་གཉིས་ཀྱིས་བརྗོད་གཞིའི་ཐོག་གཏམ་བཤད་བྱས་ཡོད་པ་རེད། སྐབས་དེར་བོད་ཀྱི་སྐད་ཡིག་འདི་བོད་པ་ཙམ་མ་ཡིན་པར་དེང་སང་འཛམ་གླིང་ཧྲིལ་པོའི་ཐོག་ལ་གལ་ཆེན་ཆགས་ཡོད་སྐོར་དང་། བོད་མི་རིགས་ཀྱི་འགྲན་ཟླ་བྲལ་བའི་རིག་གཞུང་འདི་དང་སྐད་ཡིག་འདིར་དོ་སྣང་བྱེད་མཁན་མང་དུ་ཡོང་གི་ཡོད་སྐོར། འདི་ང་ཚོས་ངོས་ནས་གཅེས་འཛིན་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུང་ཡོད་པ་རེད།
དེ་བཞིན་ཨ་ཅརྱ་ཟླ་བ་དོན་གྲུབ་ཀྱིས། བོད་ཀྱི་སྐད་ཡིག་གི་དགོས་པ་དང་གལ་ཆེན་གཅེས་འཛིན་བྱེད་ཕྱོགས་སོགས་གྱི་སྐོར་ལ་གསུང་བཤད་གནང་བ་དང་འབྲེལ་བའི་རྩོམ་ཡིག་ཤོག་ངོས་༩ ཅན་ཞིག་སྒྲོགས་སྦྱང་བྱས་ཡོད་པ་རེད། དེ་བཞིན་ནེ་ཡོའུ་ཁའ་སལ་བོད་རིགས་ཚོགས་པའི་རིག་གཞུང་འགན་འཛིན་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་སྐད་ཡིག་མྱུར་སྐྱོབ་དང་བེད་སྤྱོད་བྱེད་ཕྱོགས་སོགས་ཀྱི་ཐད་ལ་བསམ་ཚུལ་བཤད་པ་དང་། རྩོམ་ཡིག་ཀློག་འདོན་བྱས་པ་མ་ཟད། ཕྲུ་གུ་ཚོར་བོད་ཡིག་སྦྱང་འཇུག་དགོས་སྐོར་དང་། ཁོང་གི་བུ་ཆུང་རང་ལོ་ལྔ་ཅན་ཞིག་ལ་མི་མང་ཁྲོད་བོད་དོན་འཐབ་རྩོད་སྐོར་གྱི་རྩོམ་ཡིག་ཀློག་འདོན་བྱེད་བཅུག་ཡོད་པ་རེད། དེས་མི་ཚང་མར་སེམས་ཤུགས་གསར་པ་ཞིག་སྐྱེ་རུ་བཅུག་ཡོད་པ་རེད།
དེ་བཞིན་གྲགས་པ་ཚེ་རིང་གིས་བོད་ཀྱི་སྐད་ཡིག་གི་གནས་བབས་དང་དེའི་རིན་ཐང་། དེ་མྱུར་སྐྱོབ་ཇི་ལྟར་བྱེད་དགོས་སྐོར་གྱི་རྩོམ་ཡིག་བསྒྲགས་ཡོད་པ་རེད། དེ་བཞིན་བཞིན་བསྟན་འཛིན་ཆོས་རྒྱལ་དང་བུ་ཚེ་ལྷ། འཇིགས་མེད་རྡོ་རྗེ། དཀོན་མཆོག་དང་དོན་གྲུབ་བཀྲ་ཤིས་སོགས་ཀྱིས་བརྗོད་དོན་གཅིག་མཚུངས་ཀྱིས་བཤད་དོན་ལ་བགྲོ་གནང་གོ་སྒྲིག་པ་དང་(དང་སྒྲ་འདི་ལྷག་མ་ཡིན་པར་སྙམ།)་རྣམས་(རྣམ་)གཉིས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ད་དུང་མུ་མཐུད་ནས་འདི་ལྟང་བྱེད་རྒྱུར་རེ་འདུན་ཞུ་བཞིན་ཡོད། ང་ཚོས་ལོ་རེ་གཉིས་མཚམས་ནས་འདི་འདྲའི་བགྲོ་གླེང་རེ་བྱས་ན་ཡག་པོ་ཡིན་པ་རེད་དེ་གཙོ་པོ་དུས་རྒྱུན་དུ་ནས་དང་པོ་དེ་ལ་ས་གནས་མང་ཚོགས་རང་གི་ངོས་ནས་བོད་ཀྱི་སྐད་ཡིག་རིག་གཞུང་སོགས་ཇི་ལྟར་འཛིན་སྐྱོང་དམ་འཛིན་བྱེད་དགོས་མིན་སོགས་སྐོར་དང་། ལྷག་པར་དུས་(དུ་)ས་གནས་ས་ཐོག་གི་བོད་ཕྲུག་ཚོར་རང་གི་རིག་གཞུང་སྐད་ཡིག་ཇི་ལྟར་སློབ་འཁྲིད་བྱེད་དགོས་མིན་སོགས་ཀྱིས་སྐོར་བགྲོ་གླེང་དང་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་ལྟ་དགོས་(པ་)ཞིག་རེད། དེ་མིན་རང་ཉིད་གནས་སའི་སྤྱི་ཚོགས་བརྒལ་ཏེ་རྒྱ་ཆེ་བའི་སྐད་ཆ་བཤད་ན་ས་གནས་མི་མང་གི་ཤེས་ཚོད་དང་གནས་སྟངས་ལས་བརྒལ་ཡོང་གི་ཡོད་པས་ཕན་པ་ངེས་ཅན་གང་ཡང་མེད་པ་རེད། དེ་ལའི་(ལས་)ས་གནས་ས་ཐོག་གི་བོད་མི་ཚོས་བློ་ཡུལ་ལ་ཤོངས་ཐུབ་པའི་ལས་འགུལ་ལག་ལེན་དུ་སྨིན་ཐུབ་པ་ཞིག་དགོས་ཀྱི་འདུག གནད་དོན་འདིའི་ཐོག་ལ་རང་གཞུང་ལ་རེ་བ་ཇི་ལྟར་རྒྱག་དགོས་རྒྱུ་འདུག སྐུ་ཚབ་དོན་གཅོད་ལས་ཁུངས་(ལ་)རེ་བ་ག་རེ་རྒྱག་དགོས་ཀྱི་འདུག དེ་བཞིན་དོན་གཅོད་ལས་ཁུངས་བརྒྱུད་དེ་རང་གཞུང་ལ་ས་གནས་འདིེར་ཕན་ངེས་ལྡན་པའི་བོད་ཡིག་དགེ་རྒན་ཚད་ལྡན་གཞུང་འབྲེལ་ཐོག་ནས་གཏོང་རོགས་ལབ་རོགས་གྱིས་ཞུ་དགོས་ཀྱི་འདུག་ལ་རང་གཞུང་གིས་ཆེད་བཏང་བྱས་པའོ་(པའི་)རྒན་ཞིག་ཡོད་ལ་(ན་)ས་གནས་མི་མང་གིས་དངུལ་བསྡུས་ཏེ་ཟླ་ཕོགས་རྒྱབ་པ་ཡིན་ན་ཁོ་རང་ལ་མགན་(འགན་)གང་ཡོད་པ་དེ་ཡག་པོ་སྒྲུབ་(བསྒྲུབ་)ཡོང་གི་རེད་ཅེས་བསམ་ཚུལ་ཤུགས་ཆེ་བཤད་ཡོད་པ་རེད།
མཐར་ཐེངས་འདིའི་བོད་ཀྱི་སྐད་ཡིག་སྐོར་ལ་བགྲོ་གླེང་གོད་སྒྲིཙ་(གོ་སྒྲིག་)པ་བློ་བཟང་སྦྱིན་པ་དང་མགོན་པོ་བསོད་ནམས་གཉིས་ཀྱི་ངོས་ནས་ད་ཐེངས་ཀྱི་བོད་ཀྱི་སྐད་བགྲོ་གླེང་འདི་གལ་ཆེལ་(ཆེན་)ཡིན་སྐོར་སོགས་ཀྱི་ཐད་བསམ་ཚུལ་ཞུས་ཞུས་གོད་པ་དང་མ་འོངས་པར་འདི་ལས་ལྷག་གཅིག་བྱེད་ཋུབ་(ཐུབ་)པའི་རེ་བ་བྱེད་རྒྱུ་ཡིན་ལ་ས་གནས་མི་མང་དང་བོད་(རིགས་)ཚོགས་པ་དང་སྐུ་ཚབ་དོན་གཅོད་མཆོག་སོགས་འབྲེལ་ཡོད་སོ་སོར་འབོད་བསྐུལ་ཞུ་ངེས་ཡིན་ལ་ས་གནས་འདིར་(འདི་)ཕྱོགས་སུ་སྐད་ཡིག་ཇི་ལྟར་སློབ་ཁྲིད་བྱེཛ་(བྱེད་)པ་དང་ས་གནས་བུ་ཕྲུག་ཚོས་ཤེས་རྟོགས་ཡོང་བ་ཞིག་ངེ་(ངེས་)པར་དུ་བྱེད་དགོས་ཀྱི་ཡོད་སྐོར་སོགས་བཤད་དེ་ཉིན་དེའི་སྐད་ཡིག་བགྲོ་གླིང་(གླེང་)གི་མཇུག་སྡོམ་དང་འབྲེལ་ཚོགས་ཞུགས་པ་མང་པོ་མེད་ཀྱང་དེར་ཡོད་ཚང་མར་ཐུགས་རྗེ་(ཆེ་)ཞུས་ཏེ་བགྲོ་གླེང་གྲོལ་ཡོད་པ་རེད །
གསར་འགོད་པ་སེར་ཤུལ དཀོན་མཆོག་གིས་སུ་ཌི་ནེས་བོད་མིའི་སྡོད་གནས་ཌི་ཝའ་ཡེ་ནས། ཕྱ་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༧ ལ།།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༢, ༠༣, ༢༨’ )
གཤམ་གསལ་དྲ་ཐག་བརྒྱུད་ནས་གོང་གསལ་གསར་འགྱུར་འདི་ལྟ་ཐུབ།
http://www.tibetexpress.net/bo/home/2010-02-04-05-35-27/7847-2012-03-28-10-21-52
ཁྱོད་ཀྱིས་ཀྱང་ཡིག་སྐྱོན་ཡག་པོ་ཞིག་བཙག་ཐུབ་མི་འདུག ད་དུང་ཧ་ཅང་མང་པོ་ལྷག་འདུག
ངས་ནོར་བ་དག་ལ་དམར་རྟགས་དང་། བཅོས་པ་དག་ལ་གོར་ཐིག་ནང་དུ་ལྗང་ཁུའི་རྟགས་བཏབ་ཡོད་ཀྱང་ཁ་བརྡ་ཚང་གིས་ཇི་བཞིན་བཀོད་མི་འདུག་པས། ཀློག་པ་པོ་རྣམས་པས་དེ་དོན་དགོངས་འཇགས་འཚལ།
དྲ་བ་ནི་ངོ་མ་ཡིག་ནོར་འབྲི་སའི་ཤོག་བུ་ཞིག་རེད། ང་དང་འདྲ་བའི་དྲ་འབུ་དག་གིས་སྣང་མེད་དགོས་ཚོད་མེད་དུ་ཡིག་སྐྱོན་གྱི་གད་སྙིགས་རི་ལྟར་སྤུངས་འདུག ངོ་མ་དྲ་བའི་རྩོམ་སྒྲིག་པ་ལའང་ཁག་མེད། བཅོས་ཚོད་ཡོད་རྒྱུ་མ་རེད། གནམ་ས་ཚང་མ་གད་སྙིགས་ཀྱིས་ཁེངས་ན་ད་ཅི་བྱེད། གཙོ་བོ་གད་སྙིགས་གད་སྙིགས་ཡིན་པ་ངོས་ཟིན་དགོས་པ་དེ་རེད། གད་སྙིགས་གད་སྙིགས་ཡིན་པ་ངོས་མ་ཟིན་ན་གད་སྙིགས་གཙང་བཤག་ཇི་ལྟར་བྱེད།
གོ་སྐབས་འདི་འདྲ་དང་བསྟུན་ནས་ང་ཚོས་ངེས་པར་དུ་དྲྭ་ངོས་དག་ལ་གཤགས་བཅོས་བྱེད་པའི་ལས་འགུལ་ཞིག་མགོ་བརྩམས་ནས་གང་ན་ཡིག་ནོར་དང་སྡེབ་སྐྱོན་མངོན་གསལ་དུ་མཆིས་ན་དེ་ལ་གཤགས་བཅོས་དང་རེ་བསྐུལ་གནང་སྟེ་རྗེས་ཕྱོགས་འདི་ལྟར་མི་ཡོང་བའི་སྔོན་འགོག་གི་ཐབས་ལམ་འདྲ་བཙལ་ན་ཏན་ཏན་དྲ་ངོས་གྱི་དྲ་འབུ་དག་ལ་ཕན་ཐོགས་པ་མ་ཟད་བོད་རང་གི་སྐད་ཡིག་ལ་དག་བཅོས་ཀྱང་ཞོར་དུ་ཐེབས་འགྲོ་བར་སྙམ།
ཁྱེད་རང་གི་ཁ་བྱང་བཏེགས་ནོར་ཟེར་བ་དེ་ཡང་ནོར་བ་འདྲ། བཏགས་ནོར་མ་རེད་པས།
མ་འོངས་གློག་ཀླད་ནང་བོད་ཡིག་བརྒྱག་སྐབས་་དག་ཆར་དོགས་གཞི་ཡོད་པ་རྣམས་གསལ་སྟོན་དང། ཡི་གེའི་འགྲོ་སྟངས་ནོར་བ་རྣམས་ལ་རྟགས་འཐེན་ཐུབ་མཁན་གྱི་གཉན་ཆས་software ཞིག་བཟོ་གི་ཡིན་ཏ། ཧ་ཧ་ཧ།
དྲྭ་རྒྱ་ཁག་ཏུ་ཡིག་ནོར་བཏགས་པ་ལ་སྐྱག་ལངས་ཤོར་བའི་ཐད་ཁྱེད་ཀྱིས་གསར་འགྱུར་ལེ་ཚན་གཅིག་དཔེ་མཚོན་དུ་དྲངས་ཏེ་ཡིག་ནོར་དག་བཅོས་བྱས་པར་རྒྱབ་སྐྱོར་ཡོད། འོན་ཀྱང་ཉིད་ཀྱིས་གསལ་བཤད་བྱས་པའི་ཚན་པ་དེ་གཅིག་པུར་༡(བཏེགས་པ)ལ་བཏགས་པ་དང་། ༢(སྡད་པ)ལ་བསྡད་པ་ ༣(ཁེངས་ར)ལ་འཁང་ར་ ༤(སྣོན་འཁྲི)་ལ་སྣོན་འཕྲི་ ༥(ཕར་ཞོགས) ལ་ཕར་ཞོག ༦(ཞུ་ཀི་ཡོད) ལ་ཞུ་ཡི་ཡོད་ཅེས་པར་བཅོས་དགོས་པ་འདུག
གཉིས་མེད་སེངྒེས་ངའི་ཡིག་ནོར་དག་བཅོས་པར་ཐུགས་རྗེ་ཆེ་ཞུ། རྗེས་སུ་ཡི་གེ་དེ་དག་འབྲི་སྐབས་གཉིས་མེད་སེངྒེ་ཁྱོད་དྲན་བཞིན་ཡིག་ནོར་མ་ཤོར་བར་འབད་ངེས་ཡིན།
གཞན་དྲ་འབུ་དག་གིས་ཚོད་མེད་དུ་མཆན་འབྲི་སྐབས་ཡིག་ནོར་ཤོར་བ་དང་། དྲ་བའི་གཙོ་ངོས་སུ་བཀོད་པའི་གསར་འགྱུར་དང་རྩོམ་ཡིག་ནང་ཡིག་ནོར་ཤོར་བ་གཉིས་ཀར་ཚབས་ཆེ་ཆུང་ཡོད་པས། ད་ཐེངས་ངས་དྲ་བའི་གཙོ་ངོས་སུ་བཀོད་པའི་གསར་འགྱུར་ཞིག་དཔེར་བརྗོད་དུ་བཀོད་པ་ངེས་པར་བྱོས།
ཁྱོད་ཀྱིས་བསམ་བློ་འདི་འདྲ་བཏང་བར་རྗེས་སུ་ཡི་རང་ཡོད། ཡིན་ནའང་ཁྱོད་ཀྱིས་ཀྱང་ཡིག་ནོར་བྲིས་འདུག་པས། འོ་ན་དྲ་ལམ་དུ་ཁྱོད་ཀྱིས་ཡིག་ནོར་བྲིས་ཆོག་གམ། སྒོ་ཉུལ་བྱས་ཏེ་༼སྡད་༽ཡོད་ལ།_བསྡད། ༼ཁེངས་ར་༽བྱེད་རྒྱུ་བྱུང་།_འཁང་ར། བཅོས་སྒྲིག་སྣོན་༼འཁྲི་༽_འཕྲི། ༼བཏེགས་༽ནོར་སོང་བ_གཏགས།
ཁ་ཏྭས་མི་གཙང་ཟོས་པའི་མཆུ།།
གཙང་སར་དྲུད་པའི་དཔེ་བཞིན་ནོ་་་་་
མཁས་པར་རློམ་མཁན་ཁྱེད་ཀྱིས་ཀྱང་ཡིག་ནོར་ཚང་མ་ཤེས་མི་འདུག ང་རྒྱལ་མ་སྐྱེ
༦(ཞུ་ཀི་ཡོད) ལ་ཞུ་ཡི་ཡོད་ཅེས་པར་བཅོས་དགོས་པ་འདུག ཅེས་གསུངས་དགོས་དོན་གང་ཡིན་ནམ། འབྲེལ་སྒྲ་ཡིན་ནམ། འབྲེལ་སྒྲ་མ་ཡིན་ཡང་། ཕྲད་གཞན་གཞན་དབང་ཅན་རེད་སྙམ་མམ། འདི་རིང་འདི་ཙམ་མོ།
ད་ཡིག་ནོར་སྐོར་གླེང་གིན་གླེང་གིན། ཡིག་ནོར་ཇེ་ཉུང་ཇེ་ཉུང་དུ་གཏོང་ཐབས་ཤིག་མེད་པ་ལྟ་བུར་གྱུར་འདུག།
ཡིན་ནའང་དྲ་ངོས་སོགས་སུ་ཡིག་ནོར་བསམ་བཞིན་དུ་འབྲི་མཁན་མེད་པ་ནི་དངོས་བདེན་རེད།
ཡིག་ནོར་ཐེར་འདོན་བྱེད་སྟངས་དེ་ལྷག་བསམ་རྣམ་དག་དང་། གཅིག་ཕན་གཅིག་གྲོགས་སུ་འགྱུར་བ་བྱེད་དགོས་པ་ཞིག་རེད། དེ་སྔོན་ནས་ཁོ་བོས་ཀྱང་ཡིག་ནོར་སྐོར་ལ་ཇུས་གཏོགས་མང་པོ་བྱས་པ་ཡིན་ལ། མང་པོ་ཞིག་ལ་ཐུགས་ཕན་ཡང་གསོས་ཡོད་ངེས་རེད། བར་སྐབས་ཤིག་ནས་ཁོ་བོ་ཡང་ལས་བྲེལ་དབང་གིས་སམ། ཡང་ན་ལེ་ལོ་དང་སྒྱིད་ལུག་གི་གཞན་དུ་ཤོར་ཏེ་འདི་ལྟའི་ལས་ལ་འཇུག་མ་ཐུབ་པར་གྱུར།
ཡིན་ནའང་ཡིག་ནོར་སྐོར་གྱི་ཟིན་བྲིས་དང་མཆན་བུའི་རིགས་ནམ་ཐོན་ལ་ཀློག་བཞིན་ཡོད།
འབྱུང་འགྱུར་ཡང་དྲ་ངོས་ནས་ཡིག་ནོར་བཅོས་མཁན་གྱི་རིགས་དང་། ཡིག་ནོར་ཤོར་མཁན་གྱི་རིགས་གཉིས་ཀས་ཕན་ཚུན་བསམ་ཤེས་གུ་ཡངས་ཀྱི་ལམ་ནས་གཅིག་བཤད་གཅིག་ཉན་གྱི་ལམ་ནས་བོད་མི་རིགས་ཀྱི་སྐད་ཡིག་གི་ཚེ་སྲོག་རྒྱུན་གནས་ཀྱི་ཆེད་ཕྱར་གྲུ་མཉམ་འདེགས་ཞུ་་རོགས་ཞེས་ཞུ་བར་ཐལ་ལོ།།