མགར་རྡོར།
ཀཿ
དགའ་ལུགས་པའི་དགེ་བཤེས་ཤིག་ལ་བཀའ་འགྱུར་སྤྱི་བཤད་རྒྱབ་པ།
༡
བཀའ་འགྱུར་གྱི་མང་ཆེ་བ་མདོ་རེད། མདོ་མང་ཆེ་བ་སྒྲུང་རེད། སྒྲུང་མང་ཆེ་བ་རྫུན་རེད་དོ།།
༢
རྒྱལ་བའི་བཀའ་ལ་བོད་ཡིག་ཏུ་འགྱུར་བའི་བཀའ་འགྱུར་འདི་འཐུས་ཚང་ཤོས་ཡིན། ལྷོ་རྒྱུད་དང་བྱང་རྒྱུད་དེ་ཐེ་ལན་དང་འབར་མ། སོག་པོ་དང་རྒྱ་ནག་སོགས་ཀྱང་ཡིག་རིགས་མ་འདྲ་བ་ཙམ་ལས་བརྗོད་དོན་འདིའི་ཁོངས་སུ་ཕལ་ཆེར་ཡོད། འོན་ཏེ་སྤྱིར་ན་རྒྱལ་བའི་བཀའ་རུ་གྲགས་པའི་བཀའ་པོད་འདི་ཚོའང་། དཀྱུས་གཅིག་ཏུ་སངས་རྒྱས་ཀྱི་བཀའ་དངོས་ཡིན་པར་ཁ་ཚོད་མི་ཆོད། མ་ཟད་མིན་པའི་སྒྲུབ་བྱེད་བདག་གིས་མང་པོ་མཐོང་བཞིན་ཡོད།
༣
དེ་ནས་སྔགས་བཀའ་ལ་འདོད་མཁན་ནི་ཀླུ་སྒྲུབ་སོགས་གཞུག་གི་ཐེག་ཆེན་པ་ཚོ་ཡིན་པ་ལས་ཡོངས་གྲགས་མིན། ལྷག་ཏུ་བོད་རྒྱུད་ནང་བསྟན་པ་ཚོས་སྔགས་བཀའ་ལ་ཤུགས་ཆེར་བསྒྲུབ་ཁུལ་བྱས་ཀྱང་དངོས་ཡོད་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་མེད། གུ་རུ། ཏཱེ་ལོ། ནཱ་རོ། མར་པ། རྭ་ལོ་སོགས་གྲུབ་པའི་རྣལ་འབྱོར་བ་ཚོ་སྔགས་སྒྲུང་ལ་མགོ་འཁོར་ཏེ་སྔགས་སྒྲུང་གིས་བཟི། མི་རྣམས་ལ་སྔགས་སྒྲུང་བཤད་དེ་བཟི་རུ་བཅུག མཐར་མུ་མེད་པའི་སྔགས་སྒྲུང་གི་དབྱིངས་ཞུགས་ཏེ་སྔགས་ལམ་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་བསྟན།
༤
དེ་ནས་སངས་རྒྱས་པའི་ལུགས་ལ་ཐེག་ཆེན་དང་ཐེག་དམན་ཞེས་བཟང་ངན་ལྟ་བུའི་དབྱེ་བ་གཉིས་སུ་བཀར་བ་ནི་ཕྱིས་བྱུང་ཀླུ་སྒྲུབ་སོགས་ཀྱིས་རང་རྩོམ་བཀའ་རུ་སྒྲུབ་བྱེད་རེད། མ་གཏོགས་རྒྱལ་བའི་བཀའ་དངོས་ལ་མཆོག་དམན་གྱི་དབྱེ་བ་མེད། མ་ཟད་དབྱེ་སྲོལ་དེ་སངས་རྒྱས་ཀྱི་བཀའ་མདོ་དངོས་ཀྱིས་ཟིན་ཡང་མེད།
༥
དེ་ནས་དྲང་དོན་དང་ངེས་དོན། ཀུན་རྫོབ་དང་དོན་དམ། གདུལ་བྱ་ཐུན་མོང་དང་ཐུན་མིན། ཉན་ཐོས་དང་བྱང་སེམས།ཐེག་ཆེན་དང་ཐེག་དམན། བདག་མེད་གཉིས་ཟེར་བ་ལྟ་བུ་འདི་ཚོ། ཕྱིས་བྱུང་མཁས་པ་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་སངས་རྒྱས་གོ་དམ་ལ་གླེང་བཀལ་བ་རེད་མ་གཏོགས། སངས་རྒྱས་ཀྱིས་བདེན་པ་གཅིག དོན་གཅིག ངེས་པ་གཅིག རིམ་པ་གཅིག་བཅས་གཅིག་ཅན་མ་གཏོགས། མཆོག་དམན་ལྟ་བུའི་དབྱེ་བ་བཀར་རྒྱུ་ཅན་ཞིག་ལར་ནས་གསུང་མེད།
༦
དེ་ནས་སྡེ་སྣོད་གསུམ་ལ་ཐེག་པ་ཆེ་ཆུང་གིས་དབྱེ་བ་ཡོད་པ་ངས་མ་མཐོང་། ཕལ་ཆེར་མེད་ཚོད་འདྲ། རྒྱུ་མཚན་ཐེག་པས་དབྱེ་བྱ་ནི་ལྟ་བ་སྟོང་ཉིད་དང་བསམ་པ་བྱང་སེམས་སོགས་རེད། མ་ཟད་འདུལ་བ་ནི་དགེ་སློང་ཚོའི་སྤྱོད་པའི་བཅས་ཁྲིམས་ཡིན་པས་ཐེག་མ་ཐེག་གི་སྐད་ཆ་ཡོང་ས་ཁོ་རང་མེད་རེད།
༧
དེ་ནས་ཡུམ་མམ་ཤེར་ཕྱིན་གྱི་རྩོམ་དེ་ཚོ་ནི་སྤྱིར་ན་རྒྱལ་བའི་བཀའ་མིན་པར་ཀླུ་ཡི་རང་རྩོམ་རང་འགྲེལ་རྐྱང་རེད། བརྗོན་དོན་སྟོང་ཉིད་དང་ཐེག་ཆེན་གྱི་བསམ་བློ་ཡིན་པ་ངོ་མ་རེད། ཡིན་ཡང་སྒྲུང་གི་རང་བཞིན་ཧ་ཅང་ཤུགས་ཆེ།
༨
དེ་ནས་རྒྱུད་སྡེ་བཞི་སོགས་སྔགས་སྡེའི་རིགས་ཚང་མ་སྒྲུང་དང་དབྱེ་མི་གཏིབས། ལྷག་ཏུ་རྒྱ་གར་གནའ་བོའི་ཧུན་དྷི་ཆོས་ལུགས་ཀྱི་ཕྱི་ཕྲུག་ཁ་ཚར་ཅན་ཞིག་ཡིན་པ་སྙོན་མེད་རེད། ཡིན་ཡང་མཚན་ཉིད་རིག་པའི་བྲོ་བ་ཅུང་ཙམ་ཡོད་པས་ང་ཚོས་སྒྲུང་ཡིན་པ་ངོ་མ་ཆོད་པ་རེད་མ་གཏོགས་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་སྡོམ་པ། རྣལ་འབྱོར་བླ་ཡོད་མེད་སོགས་ཚང་མ་རིག་བྱེད་ཀྱི་སྒྲུང་རང་རེད་སྙམ། མདོར་ན་བཀའ་འགྱུར་དུམ་པ་བརྒྱ་ལས་བརྒྱད་ཅུ་སྒྲུང་རང་རེད་འདོད།
ཁཿ
ལྷ་རམས་པ་ཞིག་ལ་ཁྱབ་འགྲིག་ཅིག་བཀོད་པ།
༡
ཀུ་རེའི་ཚུལ་དུ་ཁྱབ་འགྲིག་ཅིག་བཀོད་ན། ཁྱོད་ལྟར་ན་ཀླུ་ཐོགས་གཉིས་ཆོས་ཅན། དྲང་ངེས་ཀྱི་སྲོལ་འབྱེད་པ་མ་ཡིན་པར་ཐལ། ཁོ་གཉིས་མ་བྱོན་པའི་སྔོན་ནས་སངས་རྒྱས་ཀྱིས་དྲང་ངེས་གཉིས་ཀྱི་མདོ་གསུང་ཚར་བའི་ཕྱིར། རྟགས་གྲུབ་སྟེ་ཁོང་གིས་བཀའ་འཁོར་གསུམ་བསྐོར་ཟིན་པའི་ཕྱིར་རོ།།
༢
ཡང་གཅིག་བཤད་ན། ཐོགས་མེད་མ་བྱོན་པའི་སྔ་རོལ་ཏུ་སེམས་ཙམ་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དཔེར་ན་བདག་མེད་གཉིས་གསུང་མཁན་སངས་རྒྱས་ཤཱཀ་ཐུབ་མ་བྱོན་སྔོན་ནས་དེ་གཉིས་ཡོད་དེ། ཆོས་དང་གང་ཟག་གཉིས་གྲུབ་པ་དང་དེའི་བདག་མེད་གྲུབ་པ་དུས་མཉམ་ཡིན་པའི་ཕྱིར། དེ་བཞིན་གོང་དང་རིགས་འདྲ། སྤྱིར་ན་ཆོས་ཀྱི་བདག་མེད་ཟེར་བ་དེ་རྗེས་ཀྱི་སྐད་ཆ་སྣོམ་པ་ཞིག་ཀྱང་རེད་དོ།།
༣
ཡང་གཅིག་བཤད་ན། སངས་རྒྱས་ཀྱི་དུས་སུ་གྲུབ་མཐའ་སྨྲ་བ་བཞི་བྱུང་བ་ཕར་ཕྱིན་མཐའ་དཔྱོད་དུ་གསལ་ཟེར་བ་དེའང་མ་ཁྱབ་སྟེ། སྐབས་དེར་གྲུབ་མཐའ་སྨྲ་བ་བཞི་བྱུང་བ་བདེན་དུ་ཆུགས་ཀྱང་དེ་ནི་ད་ལྟའི་ཁྱོད་ཀྱི་འདོད་པའི་བྱེ་མདོ་གཉིས་དང་། དབུ་སེམས་གཉིས། དེ་བཞི་བོ་ཡིན་པའི་ངེས་པ་ཕར་ཕྱིན་མཐའ་དཔྱོད་དུ་གསལ་ལམ།
༤
ད་རུང་གཞན་ཞིག་ནི། སྲོལ་བཏོད་སྔོན་དུ་དབུ་མ་ཉིད།། ཟེར་བའི་དོན་ནི་སངས་རྒྱས་བསྐྱངས་དང་ཟླ་གྲགས་སོགས་ཀྱིས་དབུ་མ་ལ་ཐལ་འགྱུར་དང་རང་རྒྱུད་གཉིས་སུ་དབྱེ་སྲོལ་མ་བཏོད་སྔོན་དུ་ཀླུ་སྒྲུབ་རང་གི་དབུ་མ་ཉིད་ལས་མེད་ཟེར་བའི་དོན་དུ་མི་འགྱུར་རམ། དེ་མ་གཏོགས་གྲུབ་མཐའ་བཞི་ལས་རྙིང་ཤོས་ནི་བྱེ་བྲག་སྨྲ་བ་ཡིན་ནོ།།
གཿ
རྙིང་མའི་བན་ཕྲུག་ཅིག་ལ་སེམས་གཏམ་འགའ་མོལ་བ།
༡
བསམ་བརྗོད་བྲལ་ལ་མཐོང་བ་གང་ཡང་མེད།། མ་མཐོང་ལྷག་མར་གྱུར་བ་ཡོད་མ་ཡིན།། རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན།། མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཞོག།
༢
སྤྱིར་ན་ང་རང་ཀ་དག་སྤྲོས་པ་དང་བྲལ་བའི་རྫོགས་པ་ཆེན་པོའི་ལྟ་བར་ཧ་ཅང་འཐད། རྒྱུ་མཚན། ཆོས་རྣམས་ཀྱི་མཐར་གྱི་དེ་ཉིད་ནི་ཡོད་པ་མ་ཡིན་མེད་པའང་མ་ཡིན། ཡོད་མེད་གཉིས་ཀ་མ་ཡིན་ལ་ཡོད་མེད་གཉིས་ཀ་མ་ཡིན་པའང་མ་ཡིན་པས་སོ།།
༣
ལྟ་བའི་ཆ་ནས་བཤད་ན་ཡོད་མིན་མེད་མིན་གྱི་ལྟ་བ་འདི་ལ་དེང་སང་ཕྱི་གླིང་གི་མཁས་པ་མང་པོས་དགའ་མོས་ཆེན་པོ་བྱེད་ཀྱིན་གདའ། རྒྱུ་མཚན་ལྟ་བ་འདི་ཁོ་ཚོའི་བློ་ངོར་མ་ཤོང་བས་རེད། ཡང་ན་ཤོང་རྒྱུའི་ལྟ་བ་འདི་འདྲ་ཟིག་ལར་ནས་མེད་པས་རེད། དེ་མིན་དགེ་ལུགས་ཕྱོགས་ཀྱི་ལྟ་བ་རྟེན་འབྱུང་ཟེར་བ་དེ་གོ་སླ་དྲགས་ནས་ཉིན་ཤས་ལས་མ་འགོར་བར་སྟོང་ཉིད་རྟོགས་སོང་ཟེར་མཁན་གྱི་ནུབ་གླིང་བར་ང་རང་ཐུག་མྱོང་། དེ་མིན་ས་སྐྱ་དང་ཇོ་ནང་བཀའ་བརྒྱུད་སོགས་ནི་མདོར་དེད་ན་ཞལ་འདོན་ཙམ་ལ་མ་མཐུན་པ་ལས་གཞན་ལྟ་བའི་ཕྱོགས་ནས་དམིགས་བསལ་ཅང་མེད་པར་སེམས།
༤
དེ་ནས་རྙིང་མ་བས་དག་སྣང་སྦྱངས་དྲགས་པས་བླ་ངན་རྣམས་སྐྱག་ལངས་ལ་ཤོར་ཏེ་སྤྱོད་པ་འཆལ་བའི་ལས་བཙོག་དག་བྱུང་བ་རེད། མ་ཟད་རྙིང་མ་བའི་ལོ་རྒྱུས་ལ་ད་དུང་ནག་ཐིག་ཕབ་མས་རེད། དགེ་ལུགས་ཕྱོགས་ནས་ཕྱིའི་རྣམ་རྟོག་གི་འཕྲོ་འདུ་རྩོད་དྲགས་པས་ཆོས་རྭའི་ནང་ནའང་ཉོན་མོངས་ཀྱི་དགྲ་བོ་ལྡིངས། དེ་བས་གྲྭ་ས་ཁག་ན་ད་དུང་གྲྭ་དམག་གསོག་གིན་པ་རེད།
༥
དེ་ནས་དགེ་ཆོས་ནི་ང་རང་ཆེས་དགའ་སའི་བོད་པའི་མཚན་ཉིད་རིག་པ་བ་དེ་ཡིན། རྒྱུ་མཚན་ཁོང་ལ་ཀུན་རྫོབ་དང་དོན་དམ་ལ་མཆོག་དམན་མེད་ལ་དྲང་དོན་དང་ངེས་དོན་ལ་བཟང་ངན་མེད། ཐེག་ཆེན་དང་ཐེག་དམན་ལ་མཐོ་དམན་ཡང་མེད། ཁྱད་པར་དུ་”དཔྱད་པ་མཐའ་ལ་ཐུག་ནས་མེད་དམ་སྙམ་”ནའང་། “ལག་པ་ཁབ་ལ་འཕྲད་ནས་ཡོད་དམ་སྙམ”་ཕོད་མཁན་ཞིག་རེད། ནང་པའི་ལོ་རྒྱུས་ཁྲོད་ན་ཁོང་ལས་གཞན་ཚང་མ་”དཔྱད་པ་མཐའ་ལ་ཐུག་ནས་མེད་”འདོད་མཁན་རྐྱང་རྐྱང་རེད་དོ།།
༦
དེ་ནས་ཁྱེད་ཀྱིས་བཤད་པ་མང་ཆེ་བར་ང་འཐད་པ་ཡིན། བཤད་སྟངས་དམིགས་བསལ་རེད་ལ་བསམ་བློའང་ཁྱད་འཕགས་རེད།
༧
བསོད་དར་དང་རྫོང་གསར་གཉིས་དམིགས་བསལ་གང་ཡང་མ་རེད། ཁྱོད་ཀྱིས་སྙིང་རུས་བསྐྱེད་དང་དེ་ལས་ལྷག་པའི་ཕྱི་ནང་གི་ཡོན་ཏན་ཁྱོད་ལ་རྒྱས་སྲིད། གོ་སྐབས་ཀྱང་འདུག ནམ་རྒྱུན་ཆོས་ལུགས་ཁོ་ནའི་རོལ་རྩེད་ལ་གཡེང་བསྡད་ན་རང་བྱུང་ཆོས་ཉིད་ཀྱི་རྒྱལ་ས་ཐོབ་དཀའ་བར་སེམས། སྤྱིར་གནས་ལུགས་ལ་མཚོན་ན་ཆོས་ལུགས་ནི་བྱེ་བྲག་ཅིག་ཡིན་ལ་ནང་ཆོས་ནི་དེའི་བྱེ་བྲག་ཅིག་རེད། རྫོགས་པ་ཆེན་པོ་ནི་དེའི་ཀྱང་བྱེ་བྲག་ཅིག་རེད། ལར་ནས་བྱེ་བྲག་ཅིག་གིས་སྤྱི་ལ་འགྲེལ་བཤད་རྒྱག་པ་ནི་མིག་མེད་ཁ་ཤས་ཀྱིས་གླང་ཆེན་གྱི་ཡན་ལག་ལ་རེག་སྟེ་གླང་ཆེན་ནི་འདིའོ་ཟེར་བ་དང་ཧ་ཅང་མི་འདྲའམ།
ངཿ
དད་མོས་ཀྱིས་ཚད་མ་ཚད་མིན་དུ་གཏོང་ལ་ཚད་མིན་ཚད་མར་ཡང་བསྒྱུར་ཐུབ།
༡
ཕྲུ་གུ་ཆུང་ཆུང་སྙིང་རྗེ་བོའི་པར་འདི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མར་འཁྲུལ་ནས་དྲ་སྒང་ལ་ཁྱབ་འདུག་མོད། ཕྲུ་གུ་འདི་ཁོང་མ་ཡིན་པ་ལས་སླ་བོས་ཤེས་ཐུབ་ནའང་བོད་འབངས་ཡོངས་ཀྱིས་དད་པའི་སྤུ་ལོང་ཕྲུ་གུ་འདིར་གཡོ་བཞིན་འདུག དེ་ནི་དད་པའི་སྟོབས་ཀྱིས་མི་སེམས་འཁྲུལ་ཏུ་བཅུག་པ་མ་ཡིན་ནམ།
༢
མི་སེམས་ཀྱི་འཁོར་ཕྱོགས་རིག་གནས་བག་ཆགས་ཀྱིས་བསྐྲུན་པ་ཡིན་ལ་རིག་གནས་བག་ཆགས་ཀྱང་མི་སེམས་འཁོར་ཕྱོགས་ཀྱིས་བསྐྲུན་པ་ཡིན་ཟེར་ན་ཅིས་མི་བདེན་ཨང་།
༣
རིག་གནས་གང་དེའི་གཙོ་རྒྱུགས་སུ་དད་པ་དང་དག་སྣང་ཤུགས་ཆེ་ན་དད་ཡུལ་དངོས་དེ་དོན་དངོས་ཅི་ཡིན་ལ་ཁྱད་པར་མེད་པར་དོན་དངོས་ཀྱི་དད་ཡུལ་ལ་བསྒྱུར་ཐུབ་སྲིད་པ་ནི་དེ་རིང་གི་འདྲ་པར་འདིར་འཛིན་པའི་དད་མོས་ཀྱིས་གསལ་བོར་སྟོན་མི་ཡོང་ངམ།
༤
དེ་རིང་དྲ་ལམ་ཁག་ཏུ་བོད་མི་ཁྲི་སྟོང་མང་པོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ལ་དགའ་སྐྱོ་མཉམ་འདྲེས་ཀྱིས་ཡིག་ཚོགས་དང་མིག་ཆུ་འཛད་མེད་གཏོར་བཞིན་འདུག འདིར་ཁོ་བོས་ཀྱང་ཁོང་གི་མི་ཚེའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་གང་ལ་སྒེར་གཅོད་བྱེད་པའི་མ་རུང་པའི་ལས་ལ་འཁང་ར་ཤུགས་ཆེན་བྱེད་བཞིན། ཡིན་ཡང་ཞོར་དུ་བོད་མི་རྣམས་རིག་གནས་ཀྱི་བག་ཆགས་ཁོ་ནས་རྗེས་སུ་འགྲོ་ལྡོག་བྱེད་ཀྱིན་པར་འཁང་ར་ཞིག་བྱས་པ་ཡིན་ནོ།།
༄༅། དྲ་གྲོགས་ལགས།
དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འདི་སོགས་གསུངས་པས།
དལ་བ་བརྒྱད་དང་འབྱོར་བ་བཅུ་པོ་དེ་གང་དང་གང་ཡིན་རེ་རེ་བཞིན་འདྲི་གནང་ཡོད་པ་ཞུ།
༄༅། འདིར་གལ་ཆེན་པོ་ཞིག་དྲི་འདོད་བྱུང་། ད་བར་ལན་གསལ་པོ་ཞིག་རག་མ་བྱུང།
རིགས་རུས་གཙོ་མི་ཆེ། སྒྲུབ་པ་གཙོ་བ་ཡིན་གསུངས་པ་འདི་སངས་རྒྱས་ཀྱི་གསུང་ཡིན་པ་རེད།
ཡང་། དགེ་འདུན་ཐོག་མ་གསར་ཞུགས་སྐབས།
སློབ་དཔོན་གྱིས།
ཁྱོད་མགར་བའི་བུ་མ་ཡིན་ནམ། གཤེན་པའི་བུ་མ་ཡིན་ནམ།
སྐྲ་སེར་པོའི་བུ་མ་ཡིན་ནམ། དྲེག་མཁན་གྱི་རིགས་མ་ཡིན་ནམ། གསུངས་པ་འདི་སངས་རྒྱས་ཀྱི་
གསུངས་པ་ཡིན་ནམ་མིན། གོང་གསལ་གཉིས་པོའི་སྐོར་ལ་འགྲེལ་བཤད་གཅིག་གནང་རོགས།
ཝ་ཡེ། མགར་རྡོར། ད་ལས་ངན་བསགས་ནས་ཉི་མ་མ་བསྐྱལ། མདོ་ཡི་བརྒྱ་ཆ་བརྒྱད་ཅུ་སྒྲུང་རེད་ཟེར་བ་ཁྱོད་ལས་མ་དག་པ་དང་། མདོ་ཕྱོགས་ལ་རྒྱུས་མངའ་མ་ེད་པའི་རྟགས་རེད། འདུལ་བའི་ནང་གླེང་གཞི་སོགས་ལོ་རྒྱུས་ཀྱི་བྱུང་བ་དང་། མདོ་སྡེ་བསྐལ་བཟང་སོགས་སུ་བྱུང་བའི་ལུང་བསྟན་གྱི་རིགས་མ་གཏོགས་དེ་མིན་སྒྲུང་གང་དུ་ཡོད། ཀླུ་ཐོགས་གཉིས་དྲང་ངེས་ཀྱི་སྲོལ་འབྱེད་མཁན་རེད་ཅེས་བོད་ཀྱི་མཁས་པའི་གསུང་གང་དུ་འདུག་སྟོན་དང་། རྒྱུས་མངའ་མེད་པར་ཧམ་པ་མ་ཤོད། བོད་ཀྱི་ཡིག་ཆ་ཁག་ཏུ་ཀླུ་ཐོགས་གཉིས་དབུ་སེམས་ཀྱི་ཤིང་རྟའི་སྲོལ་འབྱེད་དུ་ཞལ་གྱིས་བཞེས་པ་མ་གཏོགས་དྲང་ངེས་ཀྱི་སྲོལ་འབྱེད་དུ་གསུངས་པ་ད་བར་མ་མཐོང་། ཁྱོད་ཀྱིས་སངས་ཀྱིས་ཐེག་པ་གོང་འོག་དང་ལྟ་བ་མཆོག་དམན་གསུངས་མེད་ཅེས་སངས་རྒྱས་ཀྱི་གསུང་ལ་བསྙོང་འདིང་ཞིང་། རྒྱན་དྲུག་མཆོག་གཉིས་དང་བོད་ཀྱི་མཁས་པ་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ནི་རང་ཉིད་ཀྱི་དེ་ཁོ་ཉིད་གསལ་པོར་བསྟན་པ་མ་ཡིན་ནམ། ཁྱོད་ཀྱི་ལྟ་ངན་དེ་ཚོར་དགག་ལན་རེ་རེ་བཞིན་བརྒྱབ་ན་ཡི་གེ་པོད་ཁ་ཤས་ལོང་བ་བྲི་དགོས་པ་འདུག་ཀྱང་། དོན་མེད་ལས་ངན་གསོག་པ་དང་སྐྱག་པ་ལ་ལག་པ་འཇུས་ན་དྲི་ངན་བྲོ་བ་དང་དུས་ཚོད་ཆུད་ཟོས་རང་རེད་དོ། །
ཀཿ
དགའ་ལུགས་པའི་དགེ་བཤེས་ཤིག་ལ་བཀའ་འགྱུར་སྤྱི་བཤད་རྒྱབ་པ།
༡
བཀའ་འགྱུར་གྱི་མང་ཆེ་བ་མདོ་རེད། མདོ་མང་ཆེ་བ་སྒྲུང་རེད། སྒྲུང་མང་ཆེ་བ་རྫུན་རེད་དོ།། ་་་་་་ ཟེར།
དགག་ལན་གསེར་གྱི་རལ་གྲི།
༡
བཀའ་འགྱུར་གྱི་མང་ཆེ་བ་མདོ་རེད། མདོ་མང་ཆེ་བ་སྒྲུང་རེད། སྒྲུང་མང་ཆེ་བ་རྫུན་རེད་ཅེས་པ་འདི་བདེན་པ་མ་རེད།
༢
འོན་ཏེ་སྤྱིར་ན་རྒྱལ་བའི་བཀའ་རུ་གྲགས་པའི་བཀའ་པོད་འདི་ཚོའང་། དཀྱུས་གཅིག་ཏུ་སངས་རྒྱས་ཀྱི་བཀའ་དངོས་ཡིན་པར་ཁ་ཚོད་མི་ཆོད། མ་ཟད་མིན་པའི་སྒྲུབ་བྱེད་བདག་གིས་མང་པོ་མཐོང་བ་སྟོན་རྒྱ་མེད་པ་དེ་ཨེ།
༣
དེ་ནས་སྔགས་བཀའ་ལ་འདོད་མཁན་ནི་ཀླུ་སྒྲུབ་སོགས་གཞུག་གི་ཐེག་ཆེན་པ་ཚོ་ཡིན་པ་ལས་ཡོངས་གྲགས་མིན། ལྷག་ཏུ་བོད་རྒྱུད་ནང་བསྟན་པ་ཚོས་སྔགས་བཀའ་ལ་ཤུགས་ཆེར་བསྒྲུབ་ཁུལ་བྱས་ཀྱང་དངོས་ཡོད་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ་མེད། འདི་ཡང་བདེན་པ་མ་རེད།
༤
དེ་ནས་སངས་རྒྱས་པའི་ལུགས་ལ་ཐེག་ཆེན་དང་ཐེག་དམན་ཞེས་བཟང་ངན་ལྟ་བུའི་དབྱེ་བ་གཉིས་སུ་བཀར་བ་ནི་ཕྱིས་བྱུང་ཀླུ་སྒྲུབ་སོགས་ཀྱིས་རང་རྩོམ་བཀའ་རུ་སྒྲུབ་བྱེད་རེད། མ་གཏོགས་རྒྱལ་བའི་བཀའ་དངོས་ལ་མཆོག་དམན་གྱི་དབྱེ་བ་མེད། མ་ཟད་དབྱེ་སྲོལ་དེ་སངས་རྒྱས་ཀྱི་བཀའ་མདོ་དངོས་ཀྱིས་ཟིན་ཡང་མེད།
འདི་ཡང་མི་བདེན་ཏེ། ཤེར་སྙིང་ཡུམ་སྔོན་ལ་གྲུབ། དེ་ནས་འགྲེལ་པ་གྲུབ་ལ་ཁྱོད་རྨོངས་པས་ངལ་འདུག
༥
དེ་ནས་དྲང་དོན་དང་ངེས་དོན། ཀུན་རྫོབ་དང་དོན་དམ། གདུལ་བྱ་ཐུན་མོང་དང་ཐུན་མིན། ཉན་ཐོས་དང་བྱང་སེམས།ཐེག་ཆེན་དང་ཐེག་དམན། བདག་མེད་གཉིས་ཟེར་བ་ལྟ་བུ་འདི་ཚོ། ཕྱིས་བྱུང་མཁས་པ་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་སངས་རྒྱས་གོ་དམ་ལ་གླེང་བཀལ་བ་རེད་མ་གཏོགས། སངས་རྒྱས་ཀྱིས་བདེན་པ་གཅིག དོན་གཅིག ངེས་པ་གཅིག རིམ་པ་གཅིག་བཅས་གཅིག་ཅན་མ་གཏོགས། མཆོག་དམན་ལྟ་བུའི་དབྱེ་བ་བཀར་རྒྱུ་ཅན་ཞིག་ལར་ནས་གསུང་མེད།
ཁྱོ་ཀྱི་མིག་དེ་གཡག་ཞ་རས་གཟིགས་དང་མཚུངས་པས་སྐྱོན་ནོ།
༦
དེ་ནས་སྡེ་སྣོད་གསུམ་ལ་ཐེག་པ་ཆེ་ཆུང་གིས་དབྱེ་བ་ཡོད་པ་ངས་མ་མཐོང་། ཕལ་ཆེར་མེད་ཚོད་འདྲ། རྒྱུ་མཚན་ཐེག་པས་དབྱེ་བྱ་ནི་ལྟ་བ་སྟོང་ཉིད་དང་བསམ་པ་བྱང་སེམས་སོགས་རེད། མ་ཟད་འདུལ་བ་ནི་དགེ་སློང་ཚོའི་སྤྱོད་པའི་བཅས་ཁྲིམས་ཡིན་པས་ཐེག་མ་ཐེག་གི་སྐད་ཆ་ཡོང་ས་ཁོ་རང་མེད་རེད།
འདི་ཡི་སྐོར་ལ་མི་ཤེས་ཁ་བཙུམ་ནས། ཕལ་ཆེར་་་་ཕལ་ཆར་གྱིས་ང་ཚོར་མི་གནོད།
༧
དེ་ནས་ཡུམ་མམ་ཤེར་ཕྱིན་གྱི་རྩོམ་དེ་ཚོ་ནི་སྤྱིར་ན་རྒྱལ་བའི་བཀའ་མིན་པར་ཀླུ་ཡི་རང་རྩོམ་རང་འགྲེལ་རྐྱང་རེད། བརྗོན་དོན་སྟོང་ཉིད་དང་ཐེག་ཆེན་གྱི་བསམ་བློ་ཡིན་པ་ངོ་མ་རེད། ཡིན་ཡང་སྒྲུང་གི་རང་བཞིན་ཧ་ཅང་ཤུགས་ཆེ།
སྒྲུང་དང་སྒྲུང་མིན་གཉིས་འདབོད་པས་རང་འཚང་བསྟན་པ་རེད།
༨
དེ་ནས་རྒྱུད་སྡེ་བཞི་སོགས་སྔགས་སྡེའི་རིགས་ཚང་མ་སྒྲུང་དང་དབྱེ་མི་གཏིབས། ལྷག་ཏུ་རྒྱ་གར་གནའ་བོའི་ཧུན་དྷི་ཆོས་ལུགས་ཀྱི་ཕྱི་ཕྲུག་ཁ་ཚར་ཅན་ཞིག་ཡིན་པ་སྙོན་མེད་རེད། ཡིན་ཡང་མཚན་ཉིད་རིག་པའི་བྲོ་བ་ཅུང་ཙམ་ཡོད་པས་ང་ཚོས་སྒྲུང་ཡིན་པ་ངོ་མ་ཆོད་པ་རེད་མ་གཏོགས་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་སྡོམ་པ། རྣལ་འབྱོར་བླ་ཡོད་མེད་སོགས་ཚང་མ་རིག་བྱེད་ཀྱི་སྒྲུང་རང་རེད་སྙམ། མདོར་ན་བཀའ་འགྱུར་དུམ་པ་བརྒྱ་ལས་བརྒྱད་ཅུ་སྒྲུང་རང་རེད་འདོད།
ང་ཚོ་མུ་སྟེགས་ཡུལ་དུ་བསྡ་ནས་ལོ་སྔ་བཅུ་ལྷག་ཕྱིནས། ནང་ཆོས་དང་ཧི་དུ་མུ་སྟེགས་ཁ་ཁག་ཤེས་བཞིན་བཞིན་དུ། ཁྱོད་ཕྲག་གི་མིག་གིས་མཐོང་མི་ཐུབ་པར་བྱས་པ་རེད།
ཁཿ
ལྷ་རམས་པ་ཞིག་ལ་ཁྱབ་འགྲིག་ཅིག་བཀོད་པ།
༡
ཀུ་རེའི་ཚུལ་དུ་ཁྱབ་འགྲིག་ཅིག་བཀོད་ན། ཁྱོད་ལྟར་ན་ཀླུ་ཐོགས་གཉིས་ཆོས་ཅན། དྲང་ངེས་ཀྱི་སྲོལ་འབྱེད་པ་མ་ཡིན་པར་ཐལ། ཁོ་གཉིས་མ་བྱོན་པའི་སྔོན་ནས་སངས་རྒྱས་ཀྱིས་དྲང་ངེས་གཉིས་ཀྱི་མདོ་གསུང་ཚར་བའི་ཕྱིར། རྟགས་གྲུབ་སྟེ་ཁོང་གིས་བཀའ་འཁོར་གསུམ་བསྐོར་ཟིན་པའི་ཕྱིར་རོ།།
རང་གིས་རང་འཁོར་གསུམ་སྐོར། ཚ་ཚ་ཞེས་རང་ལ་རྒྱོབས།
༢
ཡང་གཅིག་བཤད་ན། ཐོགས་མེད་མ་བྱོན་པའི་སྔ་རོལ་ཏུ་སེམས་ཙམ་པ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། དཔེར་ན་བདག་མེད་གཉིས་གསུང་མཁན་སངས་རྒྱས་ཤཱཀ་ཐུབ་མ་བྱོན་སྔོན་ནས་དེ་གཉིས་ཡོད་དེ། ཆོས་དང་གང་ཟག་གཉིས་གྲུབ་པ་དང་དེའི་བདག་མེད་གྲུབ་པ་དུས་མཉམ་ཡིན་པའི་ཕྱིར། དེ་བཞིན་གོང་དང་རིགས་འདྲ། སྤྱིར་ན་ཆོས་ཀྱི་བདག་མེད་ཟེར་བ་དེ་རྗེས་ཀྱི་སྐད་ཆ་སྣོམ་པ་ཞིག་ཀྱང་རེད་དོ།།
ཧ་ཧ། དེའི་སྐོར་ལ། ཁྱོ་བློ་ཆུང་བུ་གར་ཤོངས་མི་འོངས། དེ་ཁ་བཙུམ་ནས་བསྡད་ན་མི་མཛེས་སམ།
༣
ཡང་གཅིག་བཤད་ན། སངས་རྒྱས་ཀྱི་དུས་སུ་གྲུབ་མཐའ་སྨྲ་བ་བཞི་བྱུང་བ་ཕར་ཕྱིན་མཐའ་དཔྱོད་དུ་གསལ་ཟེར་བ་དེའང་མ་ཁྱབ་སྟེ། སྐབས་དེར་གྲུབ་མཐའ་སྨྲ་བ་བཞི་བྱུང་བ་བདེན་དུ་ཆུགས་ཀྱང་དེ་ནི་ད་ལྟའི་ཁྱོད་ཀྱི་འདོད་པའི་བྱེ་མདོ་གཉིས་དང་། དབུ་སེམས་གཉིས། དེ་བཞི་བོ་ཡིན་པའི་ངེས་པ་ཕར་ཕྱིན་མཐའ་དཔྱོད་དུ་གསལ་ལམ།
འདི་ལ་ཁྱེད་རང་གཉིས་རྩད་ངས་བྱུས་གཏོགས་མི་བྱེད།
༤
ད་རུང་གཞན་ཞིག་ནི། སྲོལ་བཏོད་སྔོན་དུ་དབུ་མ་ཉིད།། ཟེར་བའི་དོན་ནི་སངས་རྒྱས་བསྐྱངས་དང་ཟླ་གྲགས་སོགས་ཀྱིས་དབུ་མ་ལ་ཐལ་འགྱུར་དང་རང་རྒྱུད་གཉིས་སུ་དབྱེ་སྲོལ་མ་བཏོད་སྔོན་དུ་ཀླུ་སྒྲུབ་རང་གི་དབུ་མ་ཉིད་ལས་མེད་ཟེར་བའི་དོན་དུ་མི་འགྱུར་རམ། དེ་མ་གཏོགས་གྲུབ་མཐའ་བཞི་ལས་རྙིང་ཤོས་ནི་བྱེ་བྲག་སྨྲ་བ་ཡིན་ནོ།།
དེ་ནི་ཁྱེད་ཀྱི་རང་ལུགས་བཤད་པ་ཙམ་མོ།།
གཿ
རྙིང་མའི་བན་ཕྲུག་ཅིག་ལ་སེམས་གཏམ་འགའ་མོལ་བ།
༡
བསམ་བརྗོད་བྲལ་ལ་མཐོང་བ་གང་ཡང་མེད།། མ་མཐོང་ལྷག་མར་གྱུར་བ་ཡོད་མ་ཡིན།། རང་སེམས་ཁོ་ཐག་ཆོད་པ་ཟབ་མོའི་དོན།། མཚོན་པར་དཀའ་བའི་དེ་ཉིད་རྟོགས་པར་ཞོག།
བསླབ་བྱ་འདི་རང་ལ་གྱིས།
༢
སྤྱིར་ན་ང་རང་ཀ་དག་སྤྲོས་པ་དང་བྲལ་བའི་རྫོགས་པ་ཆེན་པོའི་ལྟ་བར་ཧ་ཅང་འཐད། རྒྱུ་མཚན། ཆོས་རྣམས་ཀྱི་མཐར་གྱི་དེ་ཉིད་ནི་ཡོད་པ་མ་ཡིན་མེད་པའང་མ་ཡིན། ཡོད་མེད་གཉིས་ཀ་མ་ཡིན་ལ་ཡོད་མེད་གཉིས་ཀ་མ་ཡིན་པའང་མ་ཡིན་པས་སོ།།
འདི་ལ་བོན་དྲི་ཁ་བགྱིད།
༣
ལྟ་བའི་ཆ་ནས་བཤད་ན་ཡོད་མིན་མེད་མིན་གྱི་ལྟ་བ་འདི་ལ་དེང་སང་ཕྱི་གླིང་གི་མཁས་པ་མང་པོས་དགའ་མོས་ཆེན་པོ་བྱེད་ཀྱིན་གདའ། རྒྱུ་མཚན་ལྟ་བ་འདི་ཁོ་ཚོའི་བློ་ངོར་མ་ཤོང་བས་རེད། ཡང་ན་ཤོང་རྒྱུའི་ལྟ་བ་འདི་འདྲ་ཟིག་ལར་ནས་མེད་པས་རེད། དེ་མིན་དགེ་ལུགས་ཕྱོགས་ཀྱི་ལྟ་བ་རྟེན་འབྱུང་ཟེར་བ་དེ་གོ་སླ་དྲགས་ནས་ཉིན་ཤས་ལས་མ་འགོར་བར་སྟོང་ཉིད་རྟོགས་སོང་ཟེར་མཁན་གྱི་ནུབ་གླིང་བར་ང་རང་ཐུག་མྱོང་། དེ་མིན་ས་སྐྱ་དང་ཇོ་ནང་བཀའ་བརྒྱུད་སོགས་ནི་མདོར་དེད་ན་ཞལ་འདོན་ཙམ་ལ་མ་མཐུན་པ་ལས་གཞན་ལྟ་བའི་ཕྱོགས་ནས་དམིགས་བསལ་ཅང་མེད་པར་སེམས།
ཁྱོད་རང་སྡིག་གྲོགས་དང་འགྲོགས་འདྲིས་ཆེ་དྲགས་པས་རྟགས་རེད།
༤
དེ་ནས་རྙིང་མ་བས་དག་སྣང་སྦྱངས་དྲགས་པས་བླ་ངན་རྣམས་སྐྱག་ལངས་ལ་ཤོར་ཏེ་སྤྱོད་པ་འཆལ་བའི་ལས་བཙོག་དག་བྱུང་བ་རེད། མ་ཟད་རྙིང་མ་བའི་ལོ་རྒྱུས་ལ་ད་དུང་ནག་ཐིག་ཕབ་མས་རེད། དགེ་ལུགས་ཕྱོགས་ནས་ཕྱིའི་རྣམ་རྟོག་གི་འཕྲོ་འདུ་རྩོད་དྲགས་པས་ཆོས་རྭའི་ནང་ནའང་ཉོན་མོངས་ཀྱི་དགྲ་བོ་ལྡིངས། དེ་བས་གྲྭ་ས་ཁག་ན་ད་དུང་གྲྭ་དམག་གསོག་གིན་པ་རེད།
ཁྱོད་མོས་པ་དང་། དག་སྣང་གིས་ཕོངས་འདུག
༥
དེ་ནས་དགེ་ཆོས་ནི་ང་རང་ཆེས་དགའ་སའི་བོད་པའི་མཚན་ཉིད་རིག་པ་བ་དེ་ཡིན། རྒྱུ་མཚན་ཁོང་ལ་ཀུན་རྫོབ་དང་དོན་དམ་ལ་མཆོག་དམན་མེད་ལ་དྲང་དོན་དང་ངེས་དོན་ལ་བཟང་ངན་མེད། ཐེག་ཆེན་དང་ཐེག་དམན་ལ་མཐོ་དམན་ཡང་མེད། ཁྱད་པར་དུ་”དཔྱད་པ་མཐའ་ལ་ཐུག་ནས་མེད་དམ་སྙམ་”ནའང་། “ལག་པ་ཁབ་ལ་འཕྲད་ནས་ཡོད་དམ་སྙམ”་ཕོད་མཁན་ཞིག་རེད། ནང་པའི་ལོ་རྒྱུས་ཁྲོད་ན་ཁོང་ལས་གཞན་ཚང་མ་”དཔྱད་པ་མཐའ་ལ་ཐུག་ནས་མེད་”འདོད་མཁན་རྐྱང་རྐྱང་རེད་དོ།།
ཁྱོད་ཀྱི་མཚན་ཉིད་དགེ་རྒན་ལ། དགེ་ཆོས་མ་རྙེད་པ་ཁྱོད་བསོད་ནམས་དམན་པའི་རྟགས་རེད།
༦
དེ་ནས་ཁྱེད་ཀྱིས་བཤད་པ་མང་ཆེ་བར་ང་འཐད་པ་ཡིན། བཤད་སྟངས་དམིགས་བསལ་རེད་ལ་བསམ་བློའང་ཁྱད་འཕགས་རེད།
ཧཧ། སོ་སོའི་དུས་ཚོ་འཕྲོ་བརླག་བཏང་། ངའི་དུས་ཚོད་ཀྱང་་་་་་
༧
བསོད་དར་དང་རྫོང་གསར་གཉིས་དམིགས་བསལ་གང་ཡང་མ་རེད། ཁྱོད་ཀྱིས་སྙིང་རུས་བསྐྱེད་དང་དེ་ལས་ལྷག་པའི་ཕྱི་ནང་གི་ཡོན་ཏན་ཁྱོད་ལ་རྒྱས་སྲིད། གོ་སྐབས་ཀྱང་འདུག ནམ་རྒྱུན་ཆོས་ལུགས་ཁོ་ནའི་རོལ་རྩེད་ལ་གཡེང་བསྡད་ན་རང་བྱུང་ཆོས་ཉིད་ཀྱི་རྒྱལ་ས་ཐོབ་དཀའ་བར་སེམས། སྤྱིར་གནས་ལུགས་ལ་མཚོན་ན་ཆོས་ལུགས་ནི་བྱེ་བྲག་ཅིག་ཡིན་ལ་ནང་ཆོས་ནི་དེའི་བྱེ་བྲག་ཅིག་རེད། རྫོགས་པ་ཆེན་པོ་ནི་དེའི་ཀྱང་བྱེ་བྲག་ཅིག་རེད། ལར་ནས་བྱེ་བྲག་ཅིག་གིས་སྤྱི་ལ་འགྲེལ་བཤད་རྒྱག་པ་ནི་མིག་མེད་ཁ་ཤས་ཀྱིས་གླང་ཆེན་གྱི་ཡན་ལག་ལ་རེག་སྟེ་གླང་ཆེན་ནི་འདིའོ་ཟེར་བ་དང་ཧ་ཅང་མི་འདྲའམ།
འདི་ནི། ང་ལ་ནི། སྨྱོ་ལབ་ཙམ་དུ་ཟད།
ངཿ
དད་མོས་ཀྱིས་ཚད་མ་ཚད་མིན་དུ་གཏོང་ལ་ཚད་མིན་ཚད་མར་ཡང་བསྒྱུར་ཐུབ།
ཁྱོད་ངའི་སར། ཚད་མ་སྦྱོང་དུ་འོངས་དགོས་འདུག
༡
ཕྲུ་གུ་ཆུང་ཆུང་སྙིང་རྗེ་བོའི་པར་འདི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མར་འཁྲུལ་ནས་དྲ་སྒང་ལ་ཁྱབ་འདུག་མོད། ཕྲུ་གུ་འདི་ཁོང་མ་ཡིན་པ་ལས་སླ་བོས་ཤེས་ཐུབ་ནའང་བོད་འབངས་ཡོངས་ཀྱིས་དད་པའི་སྤུ་ལོང་ཕྲུ་གུ་འདིར་གཡོ་བཞིན་འདུག དེ་ནི་དད་པའི་སྟོབས་ཀྱིས་མི་སེམས་འཁྲུལ་ཏུ་བཅུག་པ་མ་ཡིན་ནམ།
འདི་ནི། ཁྱོ་རང་དགེ་ལྡན་དག་སྣང་ཞེན་པ་དང་གཅིག བོད་དང་བོད་མིར་ལ་རྒྱ་མེད་པ་གཉིས་ཀྱིན་ལན་པ་རེད།
༢
མི་སེམས་ཀྱི་འཁོར་ཕྱོགས་རིག་གནས་བག་ཆགས་ཀྱིས་བསྐྲུན་པ་ཡིན་ལ་རིག་གནས་བག་ཆགས་ཀྱང་མི་སེམས་འཁོར་ཕྱོགས་ཀྱིས་བསྐྲུན་པ་ཡིན་ཟེར་ན་ཅིས་མི་བདེན་ཨང་།
ཁྱོད་ཆང་རག་བཟི་དུས་ཀྱི། ཆོས་སྐད་ཅིག་ཡིན་པ་འདྲ།
༣
རིག་གནས་གང་དེའི་གཙོ་རྒྱུགས་སུ་དད་པ་དང་དག་སྣང་ཤུགས་ཆེ་ན་དད་ཡུལ་དངོས་དེ་དོན་དངོས་ཅི་ཡིན་ལ་ཁྱད་པར་མེད་པར་དོན་དངོས་ཀྱི་དད་ཡུལ་ལ་བསྒྱུར་ཐུབ་སྲིད་པ་ནི་དེ་རིང་གི་འདྲ་པར་འདིར་འཛིན་པའི་དད་མོས་ཀྱིས་གསལ་བོར་སྟོན་མི་ཡོང་ངམ།
འདྲ་པར་ཙམ་ལ་དད་ནས་བསྡད་ན། རྨོངས་གྲལ་ད་ཚུད་སྲིད་པས་་་་
༤
དེ་རིང་དྲ་ལམ་ཁག་ཏུ་བོད་མི་ཁྲི་སྟོང་མང་པོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ལ་དགའ་སྐྱོ་མཉམ་འདྲེས་ཀྱིས་ཡིག་ཚོགས་དང་མིག་ཆུ་འཛད་མེད་གཏོར་བཞིན་འདུག འདིར་ཁོ་བོས་ཀྱང་ཁོང་གི་མི་ཚེའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་གང་ལ་སྒེར་གཅོད་བྱེད་པའི་མ་རུང་པའི་ལས་ལ་འཁང་ར་ཤུགས་ཆེན་བྱེད་བཞིན། ཡིན་ཡང་ཞོར་དུ་བོད་མི་རྣམས་རིག་གནས་ཀྱི་བག་ཆགས་ཁོ་ནས་རྗེས་སུ་འགྲོ་ལྡོག་བྱེད་ཀྱིན་པར་འཁང་ར་ཞིག་བྱས་པ་ཡིན་ནོ།།
འཁང་ར་བྱས་ནས། རང་གཞན་གཉིས་ཀ་གནོད་པས། བཟོ་སེམས་དང་བྱམས་བརྩེར་བརྩོནད་དང་། ཨ་མའི་བུ་ལགས།
མགར་རྡོར་རང་།
བསྟན་པ་རྒྱན་བཙུགས་ནས་དངོས་ནས་རྩོད་འདོད་ཡོད་ན། དིང་སང་དྲ་ལམ་ལ་དངུལ་སྤྲད་མི་དགོ་པར་རྩོད་ས་འདུག་གོ དེ་མིན། གཞན་སེམས་མ་དཀྲུགས། རང་ཆོས་དད་ནས་བསྡད་ན་མི་ལེགས་སམ། ལགས། ད་ནས་ཁ་བརྡར་འདིའི་རིགས་འཁྱེར་མ་ཡོང་ན་མི་ལེགས་སམ། ལགས།། །།
མགར་རྡོར་གྱིས་གསུངས་པ་བདེན་པ་འདྲ་བོ་འདུག བོད་ཀྱི་བཀའ་འགྱུར་སྟོན་པའི་གསུང་ཡིན་མིན་ཐེ་ཚོམ་དུ་སྣང་ངོ་། གང་ཡིན་ཞེ་ན་བོད་མ་ཡིན་པའི་ནང་པའི་རྒྱལ་ཁབ་གང་ནའང་བོད་ཀྱི་བཀའ་འགྱུར་ནང་བཞིན་མེད་པས་ཤེས་སླའོ། དེས་ན་བོད་ཀྱི་བཀའ་འགྱུར་དེ་གང་ནས་བྱུང་ཟེར་ན། མང་པོ་ཞིག་གདོན་མའི་བོན་ཆོས་ནས་བྱུང་བ་ཕལ་ཆེར་བདེན་པ་ར་སྤྲོད་ཐུབ་པ་ལགས། རྒྱུ་མཚན་ནི་བོན་ཆོས་གཉིས་ལ་ཁྱད་པར་མེད་པས་སོ། མདོ་ཕལ་ཆེར་སྒྲུང་དང་འདྲ་ཟེར་བ་དེའང་བདེན་པ་རེད། བརྒྱད་སྟོང་པ་གཅིག་པོ་ཀློགས་དང་ཤེས་སླ། ཚིག་མང་པོ་ཞིག་ཡང་དང་བསྐྱར་དུ་གེ་སར་སྒྲུང་ནང་བཞིན་ཡོད། །
དྲ་སྒང་གི་ཆོས་བཤད།
མགར་རྡོར།
དང་།
#10 རང་བྱུང་རིག་པའི་རྡོ་རྗེ ་ལགས་ཀྱིས་སྤེལ་དོན།: ད་ནས་བོད་ནང་གི་ཆོས་ལུགས་མཐུན་ལམ་གྱི་ཆེད་དུ་
དུས་ནམ་ཡང་མི་རྩོད་པའི་དམ་བཅའ་བཞག་པ་ཡིན། ད་ང་ཕམ་པ་རེད་ཅེས་ཟེར་ནའང་ཟེར་དུ་བཅུག་གོ། །།
དྲ་གྲོགས་རྣམས་བདེ་མོ་ཡིན་པའི་འཚམས་ཞུ། བཀྲ་ཤིས་བདེ་ལེགས། དེ་ནས་ཨ་འབར་འཇིགས་དབང་ལགས་ལ་ཞུ་གསོལ། དྲི་བ་དང་པོའི་ལན་ནི་ཆོས་ཀྱི་རྣམ་གྲངས་སུ་གསལ་བ་ལྟར་རེད། དལ་བརྒྱད་ནི། དམྱལ་བ་དང་། ཡི་དྭགས། དུད་འགྲོ། ཀླ་ཀློ། ལྷ་ཚེ་རིང་བ། ལོག་ལྟ་ཅན། སངས་རྒྱས་མ་བྱོན་པ། ལྐུགས་པ་བཅས་མི་ཁོམ་པའི་གནས་བརྒྱད་ལས་ཐར་བས་ན་དལ་བ་བརྒྱད་ཅེས་པ་དང་། འབྱོར་བ་བཅུ་ནི། མི་ཡིན་པ་དང་། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་མཐའ་མ་ལོག་པ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་སྟེ་རང་འབྱོར་ལྔ་པ་དང་། སངས་རྒྱས་བྱོན་པ་དང་། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པའི་རྗེས་སུ་འཇུག་པ། མཐུན་རྐྱེན་དགེ་བའི་བཤེས་གཉེན་ཡོད་པ་བཅས་གཞན་འབྱོར་ལྔ་སྟེ་བསྡོམས་པས་བཅུའོ། །
དེ་ནས་དྲི་བ་གཉིས་པར་ངས་ཀྱང་ལན་གསལ་བོ་ཞིག་ཐེབས་ཀྱིན་མི་འདུག དགོངས་དག སངས་རྒྱས་གོའུ་ཏམ་སྐབས་ཀྱི་རྒྱ་གར་ནི་ཧ་ཅང་རིགས་རུས་དབྱེ་འབྱེད་ཤུགས་ཆེན་ཡིན་པ་ཧ་གོ་སླ། དེ་བས་གོའུ་ཏ་མས་དེ་ལ་དགག་གཞག་བྱས་ཡོད་པའང་བདེན་དུ་སེམས། མ་ཟད་སངས་རྒྱས་ཀྱིས་ཐབས་ལ་མཁས་པའི་སྒོ་ནས་གོ་སྐབས་དེ་འཇུས་པས་ཁོང་གི་ཆོས་ལུགས་གསར་བ་དེའང་གུ་དོག་པའི་ཁོར་ཡུག་དེར་རྐང་ཚུགས་ཐུབ་སོང་བ་རེད་འདོད། དཔེར་ན་འཁོར་ལྔ་སྡེ་ཚང་མ་རིགས་དམན་པ་རྐྱང་རྐྱང་ཡིན་པས་ཤེས་སླ། དེ་ནས་དེང་སང་དགེ་ཚུལ་སློང་གི་སྡོམ་པ་བཞེས་དུས་རིགས་རུས་ཀྱི་དབྱེ་འབྱེད་འདྲ་ཟིག་བྱེད་གི་ཡོད་པ་དེ་ངོ་མ་ཁེན་ཙ་ཟིག་རེད། དཔེར་ན་མགར་བའི་བུ་མ་ཡིན་ནམ། གདོལ་བའི་བུ་མ་ཡིན་ནམ། བཤན་པའི་བུ་མ་ཡིན་ནམ་ཟེར་བ་ལྟ་བུ་རེད། འོ་དེ་འདྲ་ཟིག་ལགས་སོ།།
དྲ་གྲོགས་ཤངས་སྟོན་ལགས་ལ་ཞུ་གསོལ། སློབ་གསོ་བརྒྱབ་པར་ཐུགས་རྗེ་ཆེ། འོན་ཀྱང་གུས་པ་འཁོར་བ་ཐོག་མེད་ནས་ལས་ངན་པ་བསག་ནས་ཡོང་མཁན་ཞིག་ཡིན་དུས་དེ་རིང་འདིར་བསམ་ཚུལ་འགའ་ཡི་གེར་བསྟར་བའི་ལས་ངན་པ་ཆུང་ཚག་འདི་ལ་ང་སྐྲག་གི་འདུག དྲང་མོ་བཤད་ན་ངས་སངས་ཆོས་ནང་གི་ལས་ཟེར་བ་དེ་ཁྱོན་ནས་བདེན་པར་ཁས་མི་ལེན།
དེ་ནས་མདོ་མང་ཆེ་བ་སྒྲུང་རེད་ཟེར་བ་དེ་ངས་བཀའ་འགྱུར་ཀློག་པའི་མྱོང་ཚོར་དངོས་ཡིན་པས་དེ་ལ་རིག་ལམ་སོགས་དགོས་པ་མེད། དེ་ངའི་མྱོང་བས་ང་ལ་གྲུབ་ཡོད། གཞན་ལ་ནི་མ་ངེས་སོ།།
དེ་ནས་དྲང་ངེས་ཀྱི་སྲོལ་འབྱེད་པ་ཀླུ་ཐོགས་གཉིས་རེད་ཅེས་བོད་ཀྱི་མཁས་རྩོམ་གང་དུའང་མེད་པ་ཁྱེད་བདེན་པ་རེད། འོན་ཀྱང་ངས་ནི་ཁོང་གཉིས་དྲང་ངེས་ཀྱི་སྲོལ་འབྱེད་པ་རེད་ཅེས་པའི་ཡིག་ཆ་ཞིག་བོད་ཀྱི་མཁས་རྩོམ་གང་རུང་དུ་ཡོད་གི་གཏན་ནས་ཟེར་མེད། ངས་སངས་རྒྱས་ཀྱི་བཀའ་མདོ་ལ་དྲང་ངེས་ཀྱི་དབྱེ་བ་བཀར་མཁན་ཐོག་མ་ཀླུ་ཐོགས་གཉིས་རེད་ཟེར་བ་ཡིན། ཁོང་གཉིས་ཀྱི་སྔོན་ལ་སངས་རྒྱས་ཆོས་ལུགས་ལ་དྲང་ངེས་ཟེར་བའི་ཐ་སྙད་ཙམ་ཡང་མེད་པ་ཉན་ཐོས་པའི་མདོ་རྣམས་ཀྱིས་ར་འཕྲོད་ཐུབ་པས་དེ་ཡིས་འཐུས་སོ།།
སྤྱིར་ན་སངས་རྒྱས་པའི་ལུགས་དངོས་གནས་ལ་ཐེག་པ་གོང་འོག་ཟེར་བ་ཞིག་གཏན་ནས་ཡོད་པ་མ་རེད། རིག་པ་ཡོད་ན། དེ་ཐེག་ཆེན་མ་དར་སྔོན་གྱི་ཉན་ཐོས་སྡེ་བ་རྣམས་ཀྱི་ལུགས་ཀྱིས་བདེན་དཔང་བྱེད་ཐུབ་རེད། སངས་རྒྱས་འདས་ནས་ལོ་ངོ་ལྔ་བརྒྱ་ལྷག་འགོར་རྗེས་ཀླུ་སྒྲུབ་སོགས་མཁས་པ་རྣམས་རིམ་པར་འོང་ནས་སངས་ཆོས་ལ་ཐེག་པ་གོང་འོག་གི་དབྱེ་བ་བཀར་བ་རེད། ཁོང་ཚོའི་རང་རྩོམ་དང་མ་མཐུན་པའི་བཀའ་མདོ་རྣམས་ལ་དྲང་དོན་དང་ངེས་དོན་བྱས་པ་རེད། དེང་སང་གི་བཤད་སྟངས་བྱས་ན་སྔོན་གྱི་སངས་རྒྱས་ཆོས་ལུགས་ལ་སུན་འབྱིན་བྱས་པ་རེད།
མདོར་ན་ངའི་ལྟ་ངན་དེ་ཚོ་ལ་སྐྱག་དྲི་བྲོ་ན་འདྲ། བཟང་དྲི་བྲོ་ན་འདྲ་ཁྱེད་ཀྱིས་དགག་པ་བརྒྱབ་པར་དངོས་ནས་ཐུགས་རྗེ་ཆེ་ཞུ།
དེ་ནས་ཀརྡོ་རབ་འབྱམས་པ་ལགས་ལ་ཞུ་གསོལ། ཁྱེད་ཀྱིས་གུས་པའི་རྩོམ་གྱི་དོན་ཚན་རེ་རེར་རང་གི་འདོད་པ་ལྟར་མི་འཐད་པའི་རྣམ་འགྱུར་བསྟན་པར་ཐུགས་རྗེ་ཆེ། ངེད་གཉིས་ལྟ་ཚུལ་མ་མཐུན་པ་ཙམ་ལས་གཞན་ཅང་མེད་པར་སེམས་མོད། ཉིད་ཀྱིས་མུ་ནས་བཀའ་མོལ་གནོངས་དང་རྣ་བ་བླགས་ཏེ་ཉན་ངེས་ཡིན། བོད་ནང་གི་ཆོས་ལུགས་མཐུན་ལམ་ལ་གནོད་ཟེར་ན་གསལ་བོ་ཧ་མི་གོ་མོད། མཐུན་ལམ་ནི་ལྟ་བ་མཉམ་གནས་དང་བགྲོ་གླེང་མཉམ་གནས། བསམ་ཚུལ་མཉམ་གནས་སོགས་ཀྱི་ཁོར་ཡུག་ནས་ཡོང་དགོས་དུས། རྩོད་སྒྲུབ་མང་ན་ཡག་པར་སེམས། ཉིད་ཀྱིས་དམ་བཅའ་མ་འཇོག་རོགས་ཞུ།
དེ་ནས་རང་བྱུང་རིག་པའི་རྡོ་རྗེ་ལགས་ལ་ཞུ་གསོལ། ངེད་གཉིས་ཁྱི་རྐུན་འོ་ཟང་ཁ་ནས་མཐུན་པ་རེད། ཧ་ཧ་ཧ། ནམ་ཞིག་དངོས་ཡོད་ལོ་རྒྱུས་ཀྱིས་ངེད་གཉིས་ལ་རྒྱབ་སྐྱོར་བྱེད་རྒྱུར་ཡིད་ཆེས་ཡོད། བདེ་མོ།
[དེང་སང་གི་བཤད་སྟངས་བྱས་ན་སྔོན་གྱི་སངས་རྒྱས་ཆོས་ལུགས་ལ་སུན་འབྱིན་བྱས་པ་རེད།] ཞེས་པ་དེ་ལ་ཁས་ལེན་རྩ་བ་ནས་མེད། རྒྱན་དྲུག་མཆོག་གཉིས་སོགས་མཁས་པ་སུས་ཀྱང་བཅོམ་ལྡན་འདས་ཀྱི་དགོངས་པ་བཀྲལ་བ་མ་གཏོགས་སུན་འབྱིན་པ་ནི་གཅིག་ཀྱང་མེད། སྟོན་པ་རང་གི་ཐེག་པ་གོང་འོག་ཞེས་ཐ་སྙད་རྩལ་འདོན་གནང་མེད་པ་བདེན་ཀྱང། དོན་དུ་ཐེག་པ་གོང་འོག་གི་ཆོས། ཆོས་འཁོར་རིམ་པ་གསུམ་གྱི་ཚུལ་དུ་རིམ་པས་གསུངས་ཡོད་པས་སོ།
སྒྲུང་ཟེར་བ་དེ་ཅི་ཡིན་ནམ། ལོ་རྒྱུས། གཞི་ཡོད། སྒྲོ་འདོགས། སྐུར་འདེབས། རྟོག་བཟོ་སོགས་དག་པོ་སྒྲུང་གཏམ་ཟེར་བ་ཅི་འདྲ་ཞིག་ཡིན་ཚུལ་གསལ་བོར་བཤད་དགོས། ལོ་རྒྱུས་ཐོག་མ་སྒྲུང་གཏམ་ཡིན་པར་གཞིར་བཞག་བྱས་ནས་བཤད་ན། ལོ་རྒྱུས་དང་སྒྲུང་གཅིག་ཏུ་གྲུབ། རྟོགས་བརྗོད་དང་བསྟོད་པ་མཐུན་ས་མང་ཞིང་། བྱུང་རབས་དང་ལོ་རྒྱུས། སྐྱེས་རབས་དང་ལོ་རྒྱུས་གཅིག་ཡིན་ན་གླེང་གཞི་ཕལ་ཆེར་ལོ་རྒྱུས་ཡིན་ལ། འཁྲུངས་རབས་ཕལ་ཆེར་ཀྱང་དེ་བཞིན་ནོ། །བཀའ་འགྱུར་ཏུ། ཤེར་ཕྱིན་དང་སྔགས་གཉིས་མ་གཏོགས་ཕལ་ཆེ་བར་སངས་རྒྱས་བྱང་ཆུབ་སེམས་དཔའི་མཛད་པ་རྒྱས་བསྡུས། མདོར་བསྟན་སོགས་ཡོད་པ་ནི་བདེན་པའོ། །
རྙིང་མ་ཡིན་ན་བུད་མེད་འཆལ་སྦྱོད་ཅན་དང་། དགེ་ལྡན་ཡིན་ན་རྟོག་གེ་བ་ཞེ་སྡང་ཅན་ཡིན་པའི་ངེས་པ་མེད། བོད་ཀྱི་མི་གྲངས་མང་ཤོས་རྙིང་མ་དང་། གྲྭ་གྲངས་མ་ཤོས་དགེ་ལུགས་རེད། དེ་གཉིས་ཀའི་ནང་ན་བརྒྱ་ཆའི་གཉིས་གསུམ་ཞིག་ལས་གཞན་ཐམས་ཅད་ཡག་པོ་ཡིན་པར་འདོད་དོ། །ས་སྐྱ་དང་ཇོ་ནང་བཀའ་བརྒྱུད་སོགས་ནི་མདོར་དེད་ན་ཞལ་འདོན་ཙམ་ལ་མ་མཐུན་པ་ལས་གཞན་ལྟ་བའི་ཕྱོགས་ནས་དམིགས་བསལ་ཅང་མེད་པར་སེམས། ཟེར་བ། སེམས་ནི་དེ་འདྲ་བསམ་བློ་འཁོར་སོང་ཟེར་བ་ཡིན་པས་བསམ་བློ་ལ་ཚད་དབང་བྱེད་མི་ཐུབ་པོ། །
#14 མགར་རྡོར། ་ལགས།
དུས་ད་ལྟའི་བར། ནང་པ་སངས་རྒྱས་པ་ས་དགེ་བཀའ་རྙིང་ཇོ་ནང་ཞི་གཅོད་སོགས་ཀྱིས་ནང་ཕན་ཚུན་བརྩད་ནས། མཐུན་ལམ་ལ། གནོད་པ་ལས། མཐུན་ལམ་ལ་ཕན་མ་ཐོགས་པ་ལྟར། དེས་ན་བན་བོན་རྩོད་ནས། མཐུན་ལམ་དང་ལྟ་སྤྱོད་འདྲ་མཉམ་ཞིག་ག་འདྲ་ཟེ་འོངས་ཐུབ་བམ། ལགས།
བཀྲ་ཤིས་ལགས་ལ་ཞུ་གསོལ། མཁས་པ་ཀླུ་སྒྲུབ་གཙོར་བྱས་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་སངས་རྒྱས་ཀྱི་མདོ་ལ་ཐད་ཀར་སུན་འབྱིན་ཞེས་པའི་ཚིག་འདི་བེད་སྤྱོད་བཏང་མེད་པ་བདེན་མོད། དོན་གྱིས་དགོངས་པ་བཀྲལ་ཞེས་པ་འདི་སུན་འབྱིན་ལ་སོང་ཡོད་རེད། རྒྱུ་མཚན་སངས་རྒྱས་ཀྱི་བཀའ་དངོས་ལ་དགོངས་པ་གཅིག་མ་གཏོགས་ཟུར་དུ་གཞན་ཞིག་བཀྲལ་རྒྱུ་ཡོད་པ་ལྟ་བུ་གཏན་ནས་བསྟན་མེད་འདོད། དགོངས་པ་གཅིག་པོ་ནི་ཉན་ཐོས་ལུགས་ཀྱིས་སངས་རྒྱས་ཀྱི་བཀའི་དགོངས་པར་འདོད་དེ་རང་རེད་དོ།།
སྤྱིར་ན་སངས་རྒྱས་ཀྱི་བཀའ་ལ་འགྲེལ་བཤད་རྒྱབ་ན་ཆེར་མི་འགྲིག་པ་མེད་མོད། འོན་ཀྱང་དགོངས་པ་གཅིག་ཁོ་ན་ལས་མེད་པ་ཞིག་ལ་རང་འདོད་ལྟར་དགོངས་པ་གཞན་ཞིག་བཀྲལ་བ་དེ་ལ་སུན་འབྱིན་ནམ་སྐུར་འདེབས། ཡང་ན་བཀའ་ལ་བཟོ་བཅོས་བཏང་བ། དེ་མིན་ན་ལྷད་རྒྱབ་པ་མི་ཟེར་ཅི་ཟེར། དཔེར་ན་ཆོས་ལུགས་གཞན་ཏེ་ཁ་ཆེ་དང་ཡི་ཤུའི་ཆོས་ལ་དགོངས་པ་གཅིག་ལས་གཉིས་མེད་པར་རྒྱུ་མཚན་ཅི་ལ་མེད།
དོན་ལ་ཐེག་པ་གོང་འོག་གི་ཆོས། ཆོས་འཁོར་རིམ་པ་གསུམ་གྱི་ཚུལ་དུ་གསུང་ཡོད་ཟེར་བ་འདི་མི་བདེན་ཏེ། སྤྱིར་ན་ཉན་ཐོས་པའི་ལུགས་ལ་འཁོར་ལོ་དང་པོ་གཅིག་ཁ་ན་ལས་གཞན་གཉིས་སྐོར་བ་མི་འདོད་དོ།།
བཀའ་བར་བ་མཚན་ཉིད་མེད་པའི་འཁོར་ལོ་སྤྱིར་ན་ཉན་ཐོས་པས་ཁས་མི་ལེན། དེ་ནི་སངས་རྒྱས་ཀྱི་ཞལ་ཟིན་པའི་ཉན་ཐོས་ཀུན་དགའ་བོ་དང་ཤཱ་རིའི་བུ། མོད་གལ་གྱི་བུ་སོགས་ཀྱི་མི་ཚེའི་ལོ་རྒྱུས་ཀྱིས་དངོས་ཡོད་བདེན་དཔང་བྱས་ཚར་རེད།
བཀའ་ཐ་མ། ཡངས་པ་ཅན་ནས་སངས་རྒྱས་ཀྱིས་ཆོས་ཅི་ཞིག་གསུང་ཡོད་མེད་ང་གསལ་ཆ་མེད་མོད། ཐེག་ཆེན་པས་འདོད་པའི་ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་ཟེར་བ་དེ་མིན་པ་གཏན་ཁེལ་རེད། རྒྱུ་མཚན་མང་ཡང་བྲིས་ན་མང་འགྲོ་བས་འདི་ཙམ་གྱིས་འཐུས་པར་བྱ།
་་་་་་་་ ཐེག་ཆེན་པས་འདོད་པའི་ལེགས་པར་རྣམ་པར་འབྱེད་པའི་ཆོས་འཁོར་ཟེར་བ་དེ་མིན་པ་གཏན་ཁེལ་རེད། ་་་་་་་་་་ ཟེར།
དྲི་མེད་ལྷག་བསམ་ལགས་ལ་ཞུ་གསོལ། སྒྲུང་ཟེར་བ་དེ་གཞི་འཛིན་ས་ཅུང་ཙམ་ལས་མེད་པ་ཞིག་ལ་སྒྲོ་འདོགས་དང་རྟོག་བཟོ། ཡང་ན་སྐུར་འདེབས་དང་རྫུན་བཟོ་བྱས་པའི་ཡིག་ངག་གཉིས་ཀྱི་བྱེད་ལས་ཅན་ཞིག་ལ་ཟེར་རེད། དཔེར་ན་ཐེག་ཆེན་པའི་ལུགས་ཀྱི་སངས་རྒྱས་ཀྱི་བཀའ་དང་ལོ་རྒྱུས། མཛད་པ་བཅུ་གཉིས། སྐྱེས་རབས། རྟོག་བརྗོད་སོགས་ལྟ་བུ་རེད། མདོར་ན་དངོས་ཡོད་མ་ཡིན་པའི་ཡིག་ངག་ཅི་རིགས་ཀྱི་རྩོམ་ཐམས་ཅད་སྒྲུང་གི་ཁུངས་སུ་གཏོགས་པ་རེད།
མགར་རྡོར་ལགས་ལ་ཞུ་རྒྱུ། དོན་གྱི་དགོངས་པ་བཀྲལ་ཞེས་པ་སུན་འབྱིན་ལ་སོང་ཡོད་རེད་ཅེས་པ་འདི་མི་འཐད་དེ། རྒྱ་བོད་མཁས་པ་[ནངཔ]ཚོས་སངས་རྒྱས་ཀྱི་དགོངས་པ་ཟབ་མོའི་དོན་ཕྱིན་ཅི་མ་ལོག་པ་དེ་ལུང་དང་རིགས་པས་དྲང་ངེས་དོན་དང་མདོ་བསྔགས་གང་རུང་གི་ཐོག་ནས་གཏན་འབེབས་གནང་ཟིན་པའི་བསྟན་བཅོས་ལ་སུན་འབྱིན་དང་སྐུར་འདེབས། བཟོ་བཅོས་དང་ལྷདརྒྱབ་པ་རེད་བརྗོད་ན་ཧ་ཅང་ཐལ་ཆེ་བའམ་རང་འདོད་ཙམ་དུ་ཟད་དོ། ཉན་ཐོས་པས་ཁས་མི་ལེན་ན་ཐེག་པ་ཆེན་པོའི་ཆོས་མེད་པ་ག་ལ་འགྱུར། ཐེག་ཆེན་བློ་ཡུལ་དུ་མ་གྱུར་པའམ་བློ་དམན་པའི་ཕྱིར། དཔེར་ན་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་བསམ་ཞིང་སྲིད་པར་བཟུང་བ་ཐུན་མོང་དུ་མ་གྱུར་པའི་ཆོས་སྐུ་མངོན་དུ་བྱས་ཟིན་པའི་དོན་ལ་རྨོངས་ཤིང། ཐུན་མོང་དུ་གྱུར་པའི་གཟུགས་ཀྱི་སྐུ་ཁོ་ན་ངེས་དོན་དུ་འཛིན་པ་བཞིན་ནོ། དགོངས་པ་གཅིག་ཡིན་པ་ལ་གཞན་ཞིག་བཀྲལ་རེད་ཅེས་པ་དེ་ཡང་མི་འཐད་དེ། སངས་རྒྱས་ཉིད་ནས་ཀྱང་དགོངས་པ་གཅིག་ལས་མེད་བཞིན་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པས་སོ། དེ་བཞིན་བཀའ་དགོངས་ཟབ་མོ་གཅིག་ཡིན་ཀྱང་བསྲེགས་བཅད་བརྡར་བའི་གསེར་བཞིན་ལུང་རིགས་ཀྱི་སྒོ་ནས་སྒྲུབ་ཞིང་ངེས་པར་བྱ་བ་དེ་དགོངས་པ་ལ་སུན་འབྱིན་པ་ནི་ཅིས་ཀྱང་མིན་ཏེ་ཆེས་རིགས་ཤིང་འཐད་པ་ཡིན་ནོ།།།
མཛད་པ་བཅུ་གཉིས་དང་། སྐྱེས་རབས། རྟོག་བརྗོད་སོགས་ལ་དངོས་འབྱུང་ལོ་རྒྱུས་དང་། དཔེར་བརྗོད་ཀྱི་ཕྱིར་བཅོས་སྒྲུང་གཉིས་ཀ་ཡོད་ཆོག་ཀྱང་། མཛད་པ་བཅུ་གཉིས། སྐྱེས་རབས། རྟོག་བརྗོད་སོགས་ནི། གང་ཟག་འགའ་ཤས་ཤིག་གི་སྐྱེ་བ་སྔ་ཕྱིའི་དངོས་འབྱུང་ལོ་རྒྱུས་ཀྱི་གྲལ་དུ་དད་མོས་བྱེད་དགོས་ངེས་ཤིག་རེད་དོ།།
བཀྲ་ཤིས་ལགས་ལ་ཞུ་གསོལ། བོད་ཀྱི་ནང་བའི་མཁས་པ་རྣམས་ནི་སྤྱིར་ན་ཐེག་ཆེན་ཁོ་ན་ཁས་ལེན་མཁན་རྐྱང་ཡིན་པས་སངས་རྒྱས་ཀྱི་དགོངས་པ་དངོས་དང་ཐག་ཧ་ཅང་རིང་། རྒྱུ་མཚན་ན་ལེནྡྲ་ཟེར་བའི་ཐེག་ཆེན་པའི་དགོན་པ་ཞིག་གིས་བར་བཅད་ནས་ཡོད་པས་མང་པོ་ཅང་གླེང་རྒྱུ་མེད།
སངས་རྒྱས་ཀྱི་དགོངས་པ་ཟབ་མོའི་དོན་ཕྱིན་ཅི་མ་ལོག་པ་ནི་བདེན་པ་བཞི་སྟེ་སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བཞི་ཡིས་ཆོས་རྣམས་ཀྱི་དོན་དམ་པའི་བདེན་པ་གསལ་འགྲེལ་བརྒྱབས་པ་དེ་རེད། གཙོ་བོ་སེམས་དང་གང་ཟག་གི་སྐོར་རེད། ཕྱོགས་གཞན་ཞིག་ནས་ལབ་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་གང་ཟག་རྣམས་ལུགས་འབྱུང་ངང་འཁོར་བར་འཁོར་ཚུལ་དང་དེའི་ལུགས་ལྡོག་གིས་འཁོར་རྒྱུན་གཅོད་ཚུལ་བསྟན་པའི་དོན་དེ་ཁོ་ན་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་རེད། མ་གཏོགས་དེ་ལ་དྲང་ངེས་དང་གོང་འོག ཀུན་རྫོབ་དང་དོན་དམ། མདོ་དང་སྔགས་ཞེས་དབྱེ་འབྱེད་བྱས་པ་ནི་སངས་རྒྱས་ཀྱི་དགོངས་པ་དངོས་ལ་ལྷད་རྒྱབ་པ་རེད་ཅེས་ཁོ་བོས་སྨྲ་བཞིན་ཡོད་དོ།།
སྤྱིར་ན་དྲང་ངེས་དང་བདེན་གཉིས། ཉན་ཐོས་དང་ཐེག་ཆེན་སོགས་གཉིས་ཅན་དེ་ཚོ་སངས་རྒྱས་ཀྱི་དགོངས་པར་ལྷད་རྒྱག་བྱེད་ཀྱི་ལག་ཆ་རེད་ལ་བརྒྱབས་ཟིན་པའི་བདེན་དཔང་ཡང་རེད། རྒྱག་མཁན་ནི་ན་ལེནྡྲའི་རང་ལུགས་འཛིན་པའི་ཐེག་ཆེན་པ་ཡོངས་རེད་དོ།།
དེ་ནས་བདག་གིས་ཉན་ཐོས་མ་གཏོགས་ཐེག་ཆེན་པའི་ཆོས་ཡོད་པ་མ་རེད་ཅེས་ནམ་ཡང་ལབ་གི་མེད། དེ་ནི་ཡོད་ད་ཡོད། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བརྒྱ་ཆའི་བརྒྱད་ཅུ་ཙམ་ཐེག་ཆེན་པའི་མདོ་གསར་གྱིས་ཟིན་ཡོད་པ་མིག་མཐོང་ལག་ཟིན་མ་ཡིན་ནམ།
ཐེག་ཆེན་པའི་ལུགས་ཀྱི་སངས་རྒྱས་ནི་ཁ་ཤས་ཀྱིས་མཐོང་ཐུབ་པ་དང་ཁ་ཤས་ཀྱིས་མཐོང་མི་ཐུབ་པ་ལྟ་བུ་ཞིག་ཡིན་པས་ད་ལྟའི་འཛམ་གླིང་ཡོངས་གྲགས་སམ་ཉན་ཐོས་ལུགས་ཀྱི་སྟོན་པ་དང་ཆེས་མ་འདྲ་བ་ཆགས་པ་རེད། ང་ནི་ཕྱི་མར་འཐད།
ཐུན་མོང་དང་ཐུན་མིན་ཟེར་བ་འདི་ཚོ་ཡང་དྲང་ངེས་དང་བདེན་གཉིས་ཟེར་བ་དང་འདྲ་བས་བསྐྱར་གླེང་མི་བྱེད།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཟེར་བ་འདི་ཧ་ཅང་མང་པོ་ཟེར་བའི་དོན་ཡིན་པ་ལས་དངོས་གནས་གྲངས་ཀ་བརྒྱད་ཁྲི་བཞི་སྟོང་ཏག་ཏག་ཡོད་པའི་དོན་མིན་ནོ།། དེ་ནི་ད་ལྟའི་བཀའ་འགྱུར་རོ་ཅོག་གི་གྲངས་ཀས་བདེན་དཔང་བྱས་ཟིན་པ་རེད། བྲིས་ན་ད་དུང་མང་ཡང་ད་འདི་ཡིས་འཐུས་པར་བྱེད།
ཀརྡོ་རབ་འབྱམས་པ་ལགས་ལ་ཞུ་གསོལ། མཛད་པ་བཅུ་གཉིས་དང་། སྐྱེས་རབས། རྟོག་བརྗོད་སོགས་ལ་དངོས་འབྱུང་ལོ་རྒྱུས་དང་། དཔེར་བརྗོད་ཀྱི་ཕྱིར་བཅོས་སྒྲུང་གཉིས་ཀ་ཡོད་ཆོག་ན། དེ་ནས་འགྲིག་འདུག ངས་ཀྱང་བཅོས་འདུག་ཟེར་བ་ཙམ་ལས་གཞན་ཐེག་ཆེན་ལ་དགག་པ་ནམ་ཡང་རྒྱག་གི་མེད།
དེ་ནས་མཛད་པ་བཅུ་གཉིས། སྐྱེས་རབས། རྟོག་བརྗོད་སོགས་ནི། གང་ཟག་འགའ་ཤས་ཤིག་གི་སྐྱེ་བ་སྔ་ཕྱིའི་དངོས་འབྱུང་ལོ་རྒྱུས་ཀྱི་གྲལ་དུ་དད་མོས་བྱེད་དགོས་ངེས་ཤིག་ཡིན་པ་བདག་གིས་ཚོར་གྱིན་མེད། འོན་ཀྱང་དད་མོས་བྱས་ན་དགག་པ་ནམ་ཡང་མེད།
གུས་པའི་དྲ་རྩོམ་འདིར་མཆན་སྤེལ་མཁན་དང་ཀློག་མཁན་ཧ་ཅང་མང་བས་གསལ་བྱེད་ཐུང་ངུ་ཞིག་འབྲི་སྙིང་འདོད། དེ་ནི་འདི་ཡིན། བདག་གིས་ཉན་ཐོས་ལུགས་ཀྱི་སངས་རྒྱས་དང་བཀའ་མདོ་དང་། ཐེག་ཆེན་ལུགས་ཀྱི་སངས་རྒྱས་དང་བཀའ་མདོ་གཉིས་ཀྱི་ལོ་རྒྱུས་ཀྱི་དངོས་ཡོད་ཅུང་ཙམ་གླེང་སྟེ་བདག་དང་པོར་འཐད་པའི་རྣམ་འགྱུར་ཙམ་བསྟན་པ་ལས། ཐེག་ཆེན་ལ་དགག་པ་རྒྱབ་པ་གཏན་ནས་མིན། ཀུན་སློང་གཙང་མ་ཡིན་ཞུས་པ་ཡིན།
མཁས་བརྒྱ་འགྲན་གླིང་འདིར་ལྟད་མོ་ལྟ་ནས་བསྡད་ཡོད། ད་ཡིན་ན་བུ་ང་ཡིན་ཟེར་མཁན་ཚོ་ཐོན་ཤོག་མ་གཏོགས། མགར་རྡོར་གྱིས་བདེ་མོ་རྩ་བ་ནས་འཇོག་ས་མ་རེད་ཀོ། གནམ་ཨར་སྔོན། །
་་་་་་་་་ དེ་ནས་མཛད་པ་བཅུ་གཉིས། སྐྱེས་རབས། རྟོག་བརྗོད་སོགས་ནི། གང་ཟག་འགའ་ཤས་ཤིག་གི་སྐྱེ་བ་སྔ་ཕྱིའི་དངོས་འབྱུང་ལོ་རྒྱུས་ཀྱི་གྲལ་དུ་དད་མོས་བྱེད་དགོས་ངེས་ཤིག་ཡིན་པ་བདག་གིས་ཚོར་གྱིན་མེད། ་་་་་་་་་་་་་་
ཁྱོད་སྐྱེ་བ་སྔ་ཕྱི་ཙམ་ཡང་ཁས་མི་ལེན་མཁན་ཞིག་དང་མཉམ་དུ་ང་མི་རྩོད་དོ།། །།
འཇིག་རྟེན་པ་རྣལ་འབྱོར་པ་དང་རྩོད། རྣལ་འབྱོར་པ་འཇིག་རྟེན་དང་མི་རྩོད་དོ། དེ་བཞིན་ཐེག་དམན་ཐེག་ཆེན་དང་རྩོད་ཀྱིས། ཐེག་ཆེན་པས་ཐེག་དམན་དང་ནི་མི་རྩོད་དོ། ཞེས་པའི་དོན་ལ་བསམ་ནས་བཏང་སྙོམས་ལ་རེ་ཞིག་འཇོག་ཀྱང་ཚིག་རེ་ཟུང་མ་བཤད་ན་གོ་བརྡ་འཕྲོད་མེད་པ་འདྲ། ཀུན་གྱི་མཐུན་སྣང་དུ་གྲུབ་པའི་བདེན་བཞིའི་ཆོས་འཁོར་དང་པོ་ལ་ཐེག་ཆེན་པས་འདོད་ཚུལ་ནི། ཀུན་བཟང་བླ་མའི་ཞལ་ལུང་དུ་བློ་ལྡོག་རྣམ་བཞི་སྔོན་འགྲོའི་ཆོས་སུ་གསུངས་པ་དེ་དངོས་གཞི་མ་ཡིན་པ་བཞིན། ལས་དང་པོ་པ་ལ་གསུངས་པའི་ཆོས་འཁོར་དང་པོ་དེ་སྟོན་པའི་བཀའ་ཚད་མ་དང། ཐར་ལམ་སྒྲུབ་པའི་ཐེམ་སྐད་སྔོན་འགྲོའི་ཆོས་སུ་འདོད་ཀྱང་དངོས་གཞི་དོན་དམ་གྱི་ཆོས་ནི་མ་ཡིན་ནོ། དངོས་གཞི་དོན་དམ་པའི་ཆོས་ནི་ཐེག་དམན་ཉན་ཐོས་པས་སྤྱོད་ཡུལ་དུ་མིན་པ་ཐེག་པ་ཆེན་པོས་མདོ་དང་བསྔགས། ཁྱད་པར་དུ་རྫོགས་པ་ཆེན་པོས་གསལ་བར་བཀྲལ་ཡོད་པར་འདོད། ངོ་སྤྲོད་ཙམ་ཞུས་པ་ཡིན། རྒྱས་ཞིང་རྒྱས་པ་ནི་བཤད་མཁན་དང་ཉན་མཁན་གཉིས་ཀས་རྣམ་དཔྱོད་ཀྱི་འདང་མི་ཡོང་ངོ།
ཀརྡོ་རབ་འབྱམས་པ་ལགས་ལ་ཞུ་གསོལ། སངས་རྒྱས་པའི་ལུགས་ལ་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ནི་ཆེས་བཟོད་དཀའ་བའི་ལོག་སྨྲ་བར་འདོད་རེད། དེ་ཐུགས་ཁག་ཁྱོན་ནས་མེད་རེད། གལ་སྲིད་སྐྱེ་བ་སྔ་ཕྱི་མེད་པའམ། ཡང་ན་ལས་ཀྱི་དབང་གིས་སྐྱེ་བ་ལེན་གྱིན་མེད་སོང་ན། རྩ་བའི་ཆ་ནས་སངས་རྒྱས་པའི་ལུགས་ཀྱི་བཀའ་རྒྱུད་མདོ་སྔགས་དང་བཅས་པ་ཚར་སོང་བ་རེད། འོན་ཀྱང་ཡོད་པ་ཙམ་གྱིས་སངས་རྒྱས་པ་རྒྱལ་སོང་བ་འདྲ་གང་ཡང་མ་རེད། དེ་ཤེས་པར་གྱིས།
སངས་རྒྱས་པའི་ལུགས་འདི་སྐྱེ་བ་སྔ་ཕྱི་ཡོད་པར་སྨྲ་མཁན་ཞིག་ཡིན་ནའང་། ཡོད་པ་རིག་པས་སྒྲུབ་མཁན་ཞིག་མ་རེད། རྒྱུ་མཚན་སངས་རྒྱས་གོའུ་ཏམ་ཁོང་སྐྱེ་བ་སྔ་ཕྱི་ཡོད་པ་གཞི་བཞག་གི་སྟེང་ནས་སྐྱེ་བ་སྔ་ཕྱི་གླེང་མཁན་ཞིག་ཡིན་པ་ལས་ཡོད་མེད་ལ་རིག་པ་གཏོང་མཁན་ཞིག་མིན་པས་སོ།། དཔེར་ན་ཁོང་གིས་མི་རྣམས་མ་སྒྲུང་བཤད་དེ་སྐྱེ་བ་སྔ་ཕྱི་ངོ་སྤྲོད་པ་ལྟར་རོ།།
སྤྱིར་ན་སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ནི་སངས་རྒྱས་བས་ཆེས་རྩོད་པ་རྒྱག་དགོ་སའི་ཡུལ་ཡིན་པར་ཐུགས་ལ་ཟུངས། རིག་པ་སྨྲ་བ་ནི་དེའི་ཁྲོད་ན་ཡོད་དོ།།
དེ་ནས་སངས་རྒྱས་པའི་ལུགས་ལ་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པའི་རིག་པ་ཕུག་ལོ་ཞིག་ལས་མེད་པས་རྣམ་པ་ཚོར་རིག་པ་ཕུག་རིང་གསར་བ་རེ་ཡོད་ན་བསྟན་དུ་གསོལ།
ཕུག་ལོ་ཟེར་ན་ག་རེ་རེད། ལགས།
ནང་ཆོས་ནང་གི་ཚད་མ་རྣམ་འགྲེལ་གོ་མྱོང་ངམ་། གོ་མྱོང་ཡོད་ན། ཚད་མས་གྲུབ་པའི་ལེའུ་ལྟ་མྱོངས་མ། བལྟས་མེད་ན་དང་པོ་དེར་ལྟ་ལ། དེ་ཡི་ནང་དོན་སྐྱེ་བ་སྔ་སྒྲུབ་ལུགས་རིགས་པ་ལ་གནོད་པ་མཐོང་སོང་ན། དེ་ནས་ང་དང་ཁ་བརྡར་རྩོད་དུ་ཤོག དེ་མིན་ང་ལ་ལན་འདེབས་པར་དུས་ཁོམ་མེད་དོ།།
དེང་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་སྟངས་གསལ་བའི་བརྙན་ཐུང་འདིར་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་མཉེས་གཟིགས་དང་དོ་གལ་གནང་བའི་རེ་བ་ཞུ།།
https://www.facebook.com/812339588864582/videos/1310607975704405/?hc_ref=ARSLqjdrqFFc1aFyC1nwThikDOb6gTrp7f4V-gfBI4mocszRUF-DZjJdQEoa5ll1TNc
བཀྲ་ཤིས་ལགས་ལ་ཞུ་གསོལ། ཁྱེད་ཀྱིས་དང་པོར་དྲངས་པའི་ལུང་འཁྱོག་དེའི་རིགས་ལ་ཕྲན་ཆུང་ང་གཏན་མི་དགའ།
འཇིག་རྟེན་པས་རྣལ་འབྱོར་བ་དང་རྩོད་ད་རྩོད། རྒྱུ་མཚན་རྣལ་འབྱོར་བ་སྨྱོ་ཤད་ཅན། ཧམ་སེམས་ཅན། སྤྱོད་པ་འཁྱལ་བོ་ཅན་དག་ལ་རྩོད་རྒོལ་བྱེད་པ་ནི་ལུགས་དང་མཐུན་པ་ཞིག་རེད། འོན་ཀྱང་རྣལ་འབྱོར་བ་ཆགས་རྒན་ཆང་རྐྱལ། རང་གནོང་རང་སྐྱོན་ལ་ངོ་ཚ་ཁྲེལ་ཅན། གཡོ་རྫུའི་སྤྱོད་ངན་འཁྲབ་པར་བག་མི་ཚ་བའི་ཁྲམ་པ་དག་གིས་ལུགས་མཐུན་གྱི་འཇིག་རྟེན་པ་ཚོར་ཅི་ཞིག་རྩོད་དེ་རྩོད་རྒྱུ་མེད་དོ།།
དེ་བཞིན་ཐེག་དམན་པས་ཀྱང་ཐེག་ཆེན་པར་རྩོད་ད་རྩོད། རྒྱུ་མཚན་སངས་རྒྱས་ཀྱི་ཞལ་ཟིན་པའི་དངོས་སློབ་ཐེག་དམན་པ་ཀུན་དགའ་བོ་དང་ཤཱ་རིའི་བུ། མོད་འགལ་གྱི་བུ་སོགས་ཀྱིས་རྣ་བས་ཟུར་ཙམ་ཡང་གོ་མ་མྱང་བའི་ཐེག་པ་ཆེན་མོ་ཟེར་བའི་ཆོས་གསར་ཞིག་བརྩམས་ཏེ་འདི་ནི་སངས་རྒྱས་ཀྱི་དགོངས་པ་དངོས་སོ་ཟེར་ན། ཐེག་དམན་པ་ཚོར་ཅི་ལ་ཁག འོན་ཀྱང་ཐེག་ཆེན་པ་ཚོས་རང་རྩོམ་དག་ཡང་དག་པའི་ཚད་མར་སྒྲུབ་ཆེད་ཉན་ཐོས་པ་ཚོར་ཤེས་བཞིན་གླེང་འགེལ་ཡིན་པས་ལུགས་དང་མཐུན་པའི་ཐེག་དམན་པ་ཚོར་ཅི་ཞིག་རྩོད་དེ་རྩོད་རྒྱུ་མེད་དོ།།
སྤྱིར་ན་སངས་རྒྱས་ཀྱི་བཀའ་ལ་དང་པོ་ལས་གཉིས་པ་དང་གསུམ་པ་སོགས་སུ་ཡོད་པ་བདག་གིས་མི་འདོད། དེ་བས་ཐེག་པས་དབྱེ་རྒྱུ་ཞིག་གང་ན་ཡོད། ཡོད་པར་སྨྲས་པ་ནི་བསམ་བཞིན་ཐེག་ཆེན་པས་སྣོག་བརྒྱབ་པ་རེད།
དེ་ནས་བདག་གིས་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་ལ་ཡང་དོགས་པ་བྱེད་ཀི་ཡོད་དུས་མི་ཕམ་བླ་མའི་ཀུན་བཟང་ཞལ་ལུང་གིས་ཅང་ཡོང་གི་མ་རེད། དགོངས་དག
ད་དི་བྱེད། གུས་པ་ཁྱེད་ཀྱི་རྩོད་ཟླ་མི་ཡོང་ན། གཞུག་ཕྱོགས་མཆན་མ་སྤེལ་ཡང་ཆོག
༼སྤྱིར་ན་དྲང་ངེས་དང་བདེན་གཉིས། ཉན་ཐོས་དང་ཐེག་ཆེན་སོགས་གཉིས་ཅན་དེ་ཚོ་་་་སངས་རྒྱས་ཀྱི་དགོངས་པར་ལྷད་རྒྱག་བྱེད་ཀྱི་ལག་ཆ་་་་རེད་ལ་་་བརྒྱབས་ཟིན་པའི་བདེན་དཔང་་་་ཡང་རེད། རྒྱག་མཁན་ནི་ན་ལེནྡྲའི་རང་ལུགས་འཛིན་པའི་ཐེག་ཆེན་པ་ཡོངས་རེད་དོ།།༽
འདི་འདྲ་ལྷད་མངས་པོ་རྒྱག་དགོས་པའི་རྒྱུ་མཚན་ངོ་མ་དེ་གང་ལ་ཐུག་ཡོད་པ་ཡིན་ནམ། ཤེས་འདོད་ནས་དྲིས་པ་ཡིན། བཀའ་དྲིན་ཆེ་ཞུ། །
#30 མགར་རྡོར། ་ལགས་དང་། ཆོས་གྲོགས་BONPOལགས་གཉིས་སུ་ངས་དུས་ཚོད་བཏོན་ནས་ལན་འདེབས་བྱས་ན། ཀློག་མཁན་གཞན་འགའ་ཤས་ལ་ཡང་ཕན་ཕྱིར་འབྲི་བར་བརྩོན་ནོ།།
བརྒྱ་ཕྲག་བདུན་བརྒྱད་ནས། དུས་ད་ལྟའི་བར་རྒྱ་གར། ཨ་རྒྱན། བལ་ཡུལ་དང་རྒྱ་ནག་ནས། བོད་ནང་དར་བའི་བོད་ཆོས་ ས་ དགེ་ བཀའ་ རྙིང་ ཇོ་ནང་ ཞི་གཅོད་སོགས་ཀྱིན་ནང་ལ། ནང་པ་སངས་རྒྱས་པའི་ཐེག་པ་པ་ཆེ་ཆུང་གསུམ་དང་། གྲུབ་མཐའ་བཞི་ཀའི་ལྟ་གྲུབ་དར་ཡོད་པ་དང་། ཐེག་འབྲིང་རང་རྒྱལ་དགྲ་བཅོམ་ནི། རྒྱལ་སྲས་དོན་གྲུབ་འཚང་རྒྱ་བའི་མཛད་པ་མ་བསྟན་པའི་སྔོན་ཀྱང་ཡོད་པ་ལོ་རྒྱུས་ཀྱིས་བསྒྲུབས་པ་རེད།
ཐེག་ཆུང་ཉན་ཐོས་ནི། ཤ་རིའི་བུ་དང་། མོའུ་གལ་གྱི་བུ། འོད་སྲུང་དང་ཀུན་དགའ་བོ་སོགས་ཀྱིས། ངས་ཁྱེད་གཉིས་ལ་སྒྲུབ་མི་དགོས། འདོད་མི་འདོད་རང་རང་ཆོས་ལུགས་མི་འདྲ་བའི་ཞེན་ཁོགས་ཀྱིས་དག་རྡོས་བཀག་ནས་ལན་པ་རེད། དེ་ལ་ང་ལ་བྱ་ཐབས་ཅི་ཡང་མེད།
དེ་ནས་ཐེག་ཆེན་ནི། ཁྱེད་ཆོས་མེད་དང་། བོན་པོས་མི་འདོད་པ་ལྟ་ཅི་སྨྲོས། ནང་པ་རང་ལ་ཡང་། ཐེག་དམན་ཀྱང་དད་པ་ཙམ་སྐྱེ་མི་ཐུབ་པར། གལ་སྲིད་གོ་བ་ཡིན་ན་ཡང་། དད་ལོག་བྱས་ནས། སྔར་ནང་ཆོས་ཉི་མ་ལྟར་དར་དུས་ཀྱང་། ཐེག་ཆེན་བཀའ་སྒྲུབ་གསུངས་དགོས་ཐུག་ཡོད་པ་རེད།
ཐེག་ཆེན་ཤེས་འདོད་དང་། དད་འདོད་ཡོད་ན། འཇམ་དབྱངས། ཕྱག་རྡོར་སྤྱན་རས་གཟིགས་སོགས་ཉེ་བའི་སྲས་ཆེན་བརྒྱད་དང་། རྗེ་བཙུན་སྒྲོལ་མ་ལ་སོགས་ཀྱི་འབྱུངཁུངས་ལོ་རྒྱུས་ལ་སྦྱངས་པ་བྱས་ན། སྦྱོང་མཁན་རང་ཉིད་ལ་ཐེག་ཆེན་གྱི་རིགས་ཅུང་ཟད་ཅིག་ཡོད་ན་ཡང་། དེ་དག་བཀླགས་པ་ཙམ་གྱིས། ཐེག་ཆེན་བྱང་སེམས་ལ་དད་པ་མི་སྐྱེ་ཀ་མེད་རེད་དོ། །འདི་ནི་ང་རང་གི་མི་ཚེའི་ཉམས་མྱོང་གི་ཐོག་ནས་ཤོད་བགྱིན་ཡོད་དོ།།
དེ་ནས་དེ་བས་ཀྱང་ཆེས་ཡིད་ཆེས་དཀའ་བ་ནི། འབྲས་བུའི་ཐེག་ཆེན་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ་ནི། རྒྱ་གར་གྲུབ་ཆེན་གྱ་བཞིའི་རྣམ་ཐར་དང་། བོད་ཀྱི་རྙིང་ཆོས་པ་རྗེ་འབངས་ཉེ་ལྔ་དང་། བཀའ་བརྒྱུད་ཡབ་སྲས་ལྔ་། ས་སྐྱའི་ཡབ་སྲས་ལྔ། དགེ་ལྡན་པའི་ཡབ་སྲས་ལྔའི་ལོ་རྒྱུས་རྣམ་ཐར་འབྱུང་རབས་རྣམས་ཀློག་ན། སྔགས་ལ་དད་པའི་དགེ་བའི་ས་བོན་ཞིག་རང་བརྒྱུད་ལ། ཐེག་ཆེན་གསང་སྔགས་ཀྱི་དད་པ་མི་སྐྱེ་བ་མི་སྲིད་པ་ལྟ་བུར་ཆགས་འདུག་ཀྱང་།
རང་ཉིད་ཆོས་དད་བྱེད་འདོད་མེད་པ་དང་། ཆོས་ལུགས་གཞན་པར་དད་མཁན་ཡིན་ན། བོད་ཡིག་ཡག་པོ་བྲིས་ཐུབ་པ་ཙམ་གྱིས། ནང་ཚོས་གཙོ་བོར་དད་མཁན་ཁ་བརྡར་རྩོམ་འཆལ་དང་། མཆན་བུ་ཕན་མེད་དེ་འདྲ་སྤེལ་ན། བོད་རིགས་ཆོས་བརྒྱུད་རྣམས་ཀྱི་མཐུན་ལམ་ལ་གནོད་སྲིད་པས། ལག་གཉིས་ཐལ་མོ་སྦྱར་ནས་མ་སྤེལ་རོགས་ཞེས་རེ་བསྐུལ་ལན་བརྒྱར་ཞུའོ།།
ཁ་རྡའི་མཆན་གྲོགས་དང་། ཆོས་གྲོགས་སུ་ཞིག་གིས། ངའི་རྩར་ནས་ཤེས་འདོད་དང་། ང་ལ་དྲི་བ་འདྲ་དྲི་འདོད་ཡོད་ན། ངོ་དེབ་བམ། face-book.ནང་ལ། karma Dorje Nyerchhagpa མིང་གི་བརྒྱུད་ནས་རང་ལ་བརྒྱུད་ལམ་ཡོད་ན། ཁ་པར་རིན་མེད་ཐོག་ལ་ཆོས་ཀྱི་བགྲོ་གླེང་བྱེད་འདོད་ཡོད་ན། དགའ་བསུ་ཡོད་དོ།། །།སརྦ་མངྒ་ལམ། དགེ་བོ། དགེ་བོ། དགེ་བར་འགྱུར་ཅིག། །།
རྣམ་པ་ཚོར་ཞུ་རྒྱུར། བགྲོ་གླེང་དང་དགག་སྒྲུབ་དབར་ནས་ལེགས་ཆ་ཡོན་ཏན་གྱི་ཆ་ཡང་འབྱུང་སྲིད་སྙམ་ནས་མཆན་འགའ་ཞིག་སྤེལ་ཤོར་ཐལ། ཡིན་ནའང་ཆགས་སྡང་གི་རྩོད་པ་ཞིག་ལས་གཞན་གང་ཡང་མེད་པ་ནི་མངོན་གསལ་རེད་འདུག་། མཆན་མ་སྤེལ་ཡང་ཆོག་ཞེས་པ་དེས་མཆན་རྒྱབ་མ་ཡོང་ཟེར་བའི་ཟུར་ཟ་ཡིན་པ་འདྲ། ཆོག་དང་མི་ཆོག་གི་ཐོབ་ཐང་དེ་ཁ་བརྡ་དྲ་འཛིན་པ་ལ་མ་གཏོགས་སུ་ལ་ཡང་ཡོད་མ་རེད་ཞུ་རྒྱུ་ཡིན། སྤྱིར་རྒྱན་དྲུག་མཆོག་གཉིས་གཙོས་རྒྱ་བོད་ཀྱི་མཁས་པ་དང་བོད་རྒྱུད་ནང་བསྟན་ཡོངས་རྫོགས་རྫུན་རེད། བཀའ་ལ་བཟོ་བཅོས་དང་ལྷད་རྒྱབ་པ་རེད་ཅེས་སྒྲུབ་བྱེད་ཡང་དག་གང་ཡང་མེད་པར་ཧམ་པ་དང་ཨུ་ཚུགས་རྐྱང་པས་དགག་ཆོག་སར་ཐེག་པ་ཆེན་པོའི་ཆོས་ལ་མོས་པའི་གང་ཟག་གམ་རྗེས་འཇུག་པ་ཞིག་གིས་ཚུལ་མཐུན་གྱི་དགག་ལན་བྲིས་མི་ཆོག་པའི་རྒྱུ་མཚན་ཅི། གོང་དུ་ ༼འཇིག་རྟེན་པས་རྣལ་འབྱོར་བ་དང་རྩོད་ད་རྩོད། རྒྱུ་མཚན་རྣལ་འབྱོར་བ་སྨྱོ་ཤད་ཅན། ཧམ་སེམས་ཅན། སྤྱོད་པ་འཁྱལ་བོ་ཅན་དག་ལ་རྩོད་རྒོལ་བྱེད་པ་ནི་ལུགས་དང་མཐུན་པ་ཞིག་རེད། འོན་ཀྱང་རྣལ་འབྱོར་བ་ཆགས་རྒན་ཆང་རྐྱལ། རང་གནོང་རང་སྐྱོན་ལ་ངོ་ཚ་ཁྲེལ་ཅན། གཡོ་རྫུའི་སྤྱོད་ངན་འཁྲབ་པར་བག་མི་ཚ་བའི་ཁྲམ་པ་དག་གིས་ལུགས་མཐུན་གྱི་འཇིག་རྟེན་པ་ཚོར་ཅི་ཞིག་རྩོད་དེ་རྩོད་རྒྱུ་མེད་དོ།།༽ཞེས་འགོད་པའི་དོན་ལ་བལྟས་ན་རྣལ་འབྱོར་པའི་གོ་དོན་དང་རྩོད་གཞི་གང་ཡིན་ངོས་ཟིན་མིན་འདུག་། འདི་ལྟར་ཆོས་ཉིད་རྣལ་མའི་དོན་ལ་བློ་འབྱོར་བས་ན་རྣལ་འབྱོར་ཞེས་ས་ལམ་གྱི་ཡོན་ཏན་རྒྱུད་ལ་ལྡན་པ་ཞིག་ལ་གོ་དགོས། ཁྱོད་རང་ལྟར་ན་འཆལ་པོ་སྔགས་ཆས་གྱོན་མཁན་ཞིག་རེད་འདུག་པས་རྩོད་གཞིའི་དོན་ཇི་ལྟར་རྟོགས། ཐ་ཤལ་ཅན་གྱི་ཆོས་པ་རེ་ཟུང་ནི་གཅིག་ལ་མི་ཚད་ཆོས་ལུགས་ཀུན་ལ་ཡོད། ཡང༼དེ་ནས་བདག་གིས་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་ལ་ཡང་དོགས་པ་བྱེད་ཀི་ཡོད་དུས་མི་ཕམ་བླ་མའི་ཀུན་བཟང་ཞལ་ལུང་གིས་ཅང་ཡོང་གི་མ་རེད། དགོངས་དག༽ཞེས་པའི་ལན་དུ། དང་པོ་ཀུན་བཟང་བླ་མའི་ཞལ་ལུང་གསུངས་མཁན་བླ་མ་མི་ཕམ་མ་རེད་རྫ་དཔལ་སྤྲུལ་རེད་དོ། གང་ལྟར་དཔེ་དང་དོན་གཉིས་ཀྱི་འགྲེལ་བ་ཡོད་མེད་ལ་མ་ལྟོས་པར་ཐད་ཀར་གང་ཟག་ལ་སྐྱོན་བརྗོད་ཟུར་ཟ་བྱས་པ་འདི་ཆགས་སྡང་སྨྲ་བ་ཞིག་ལས་རིགས་པ་སྨྲ་བ་ཞིག་མཚོན་ག་ལ་ཐུབ། ༼སངས་རྒྱས་པའི་ལུགས་འདི་སྐྱེ་བ་སྔ་ཕྱི་ཡོད་པར་སྨྲ་མཁན་ཞིག་ཡིན་ནའང་། ཡོད་པ་རིག་པས་སྒྲུབ་མཁན་ཞིག་མ་རེད། རྒྱུ་མཚན་སངས་རྒྱས་གོའུ་ཏམ་ཁོང་སྐྱེ་བ་སྔ་ཕྱི་ཡོད་པ་གཞི་བཞག་གི་སྟེང་ནས་སྐྱེ་བ་སྔ་ཕྱི་གླེང་མཁན་ཞིག་ཡིན་པ་ལས་ཡོད་མེད་ལ་རིག་པ་གཏོང་མཁན་ཞིག་མིན་པས་སོ།། དཔེར་ན་ཁོང་གིས་མི་རྣམས་མ་སྒྲུང་བཤད་དེ་སྐྱེ་བ་སྔ་ཕྱི་ངོ་སྤྲོད་པ་ལྟར་རོ།།༽ཞེས་འཁོད་པ་ལ་དཔྱད་ན་ཁྱོད་རང་བོད་རྒྱུད་ནང་བསྟན་དང་ཐེག་ཆེན་ལ་དགག་པའི་ཆེད་དུ་རང་ཉིད་ཐེག་དམན་པ་ཞིག་ཡིན་ཁུལ་བྱས་པ་ལས་སངས་རྒྱས་ཆོས་ལུགས་པ་མིན་པ་གསལ་པོ་རེད་འདུག་། ཐེག་དམན་དག་ཐེག་ཆེན་དང་འདོད་ཚུལ་མི་མཐུན་ཀྱང་བཅོམ་ལྡན་འདས་སྟོན་པ་ཚད་མ་དང་སྐྱབས་ཡུལ་ཚད་མ་འདོད་པའི་ཕྱིར། ཁྱོད་རང་ལྟར་ན་སྟོན་པ་ཁོང་སྒྲུང་བཤད་མཁན་ཞིག་ལས་སྐྱབས་ཡུལ་ཚད་མ་མིན་པས་སོ། ཡང་༼སྤྱིར་ན་དྲང་ངེས་དང་བདེན་གཉིས། ཉན་ཐོས་དང་ཐེག་ཆེན་སོགས་གཉིས་ཅན་དེ་ཚོ་་་་སངས་རྒྱས་ཀྱི་དགོངས་པར་ལྷད་རྒྱག་བྱེད་ཀྱི་ལག་ཆ་་་་རེད་ལ་་་བརྒྱབས་ཟིན་པའི་བདེན་དཔང་་་་ཡང་རེད། རྒྱག་མཁན་ནི་ན་ལེནྡྲའི་རང་ལུགས་འཛིན་པའི་ཐེག་ཆེན་པ་ཡོངས་རེད་དོ།།འདི་འདྲ་ལྷད་མངས་པོ་རྒྱག་དགོས་པའི་རྒྱུ་མཚན་ངོ་མ་དེ་གང་ལ་ཐུག་ཡོད་པ་ཡིན་ནམ། ཤེས་འདོད་ནས་དྲིས་པ་ཡིན། བཀའ་དྲིན་ཆེ་ཞུ། །༽ ཞེས་པའི་ལན། ཁྱོད་རང་ཚོའི་བོན་པོའི་ལུགས་ལ་ཡང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དང་མདོ་དང་བསྔགས་རྫོགས་ཆེན། བཀའ་འགྱུར་དང་བསྟན་འགྱུར་ཡོད་འདུག་པས་མཐར་ཐུག་དགོངས་པ་གཅིག་ལས་མེད་བཞིན་དུ་ལྷད་རྒྱབ་པ་འདོད་དམ་ཅི།།། མཐའ་སྡོམ་ཆགས་སྡང་གི་བློ་སྤོང་ལ་ས་ཡོམ་གོད་ཆགས་ཀྱི་ཐེབས་པའི་སེམས་ཅན་རྣམ་ལ་མ་ཎི་མང་ཙམ་འདོན་ཐུབ་ན་ཕན་ཐོགས་ཆེར་མཐོང།།།
#38 བཀྲ་ཤིས། ་ལགས་ཀྱིས་སྤེལ་དོན།:
August 12th, 2017 at 4:46 pm
རྣམ་པ་ཚོར་ཞུ་རྒྱུར། ་་་་་་་་་། སྤྱིར་རྒྱན་དྲུག་མཆོག་གཉིས་གཙོས་རྒྱ་བོད་ཀྱི་མཁས་པ་དང་བོད་རྒྱུད་ནང་བསྟན་ཡོངས་རྫོགས་རྫུན་རེད། ་་་་་་་་་་ ཟེར།
འདི་ནས་མར་མི་ཀློག་ཐག་ཅོད་ཡིན།
དཔྱད་བརྗོད་གནད་འགག་མང་པོ་གནང་འདུག
མགར་རྡོར་ལ་བདེན་པ་ཆ་རེ་བ་འགའ་འདུག
རྙིང་མ་པ་ལྟ་བུར་མཚོན་ན། རྙིང་བསྟན་རྩ་འགོག་གཏོང་མཁན་ནི་ཀ་དག་ལྷུན་གྲུབ་ཀྱི་དུང་རྒྱ་མོའི་རྐུབ་ལ་འབུད་ནས་རྙིང་བསྟན་ནི་ད་ལྟ་རྩ་མ་ཐང་བའི་མགོ་ལོག་སྔགས་རྫུན་པ་དག་དང་། བོད་ཡུལ་མཐའ་ཁོབས་ཀྱི་སློབ་འགྲིམ་མ་མྱོང་བའི་རྨོངས་རྒན་དེ་དག དེ་བཞིན་རྒྱ་མོ་སེམས་མ་ཐང་བ་ཚོའི་དཔང་ལ་བཞག་སོང་། རྙིང་བསྟན་ཡང་དག་སྒྲུབ་མཁན་མི་དེ་དག་རེད། ནུབ་ཕྱོགས་ལ་རྫོགས་ཆེན་ཉམས་ལེན་པ་ཡིན་ཞེས་ཆས་ཡ་མ་གཟུགས་དང་ཆོས་ཡ་མ་གཟུགས་ཤོད་མཁན་རྣམས་རིམ་བཞིན་ཇེ་ཉུང་འགྲོ་གི་འདུག རྒྱུ་མཚན་ནི་ཆོས་རྫོགས་པ་ཆེན་པོ་ཡང་དག་པ་ཡིན་རུང་། མི་རྫོགས་ཆེན་པ་སྨྱོན་པ་ཤ་སྟག་གིས་ཆོས་དེ་ལ་ཁ་ལོ་བསྒྱུར་བས་རིམ་བཞིན་ཆོས་ཡང་དག་པ་དེ་གནོད་འཛོར་པོ་དེ་དག་གིས་བསླུས་བཞིན་འདུག
སྔོན་མ་ཁ་བརྡའི་ནང་ལ་འཆལ་རྩོམ་ཤ་སྟག་སྤེལ་མཁན་གྱི་མི་འཇིགས་སུ་རུང་བ་དེ་ད་ལྟ་རྙིང་བསྟན་ཡེ་ནས་གཏོར་ཤིག་གཏོང་མཁན་ཞིག་ལ་གྱུར་སོང་ན། འདིར་གཟིགས་དང་།
https://www.facebook.com/khenchen.lama.rinpoche
His Holiness Khenchen Lama Rinpoche ཟེར་མཁན་འདི་ཚོ་རྙིང་བསྟན་ལ་གནོད་སྐྱོན་ཆེ་ཤོས་གཏོང་མཁན་དེ་རེད། ད་རྙིང་མའི་གྲུབ་ཐོག་དང་། སྲུང་མ་རྣམས་ལ་མཐུ་ཡོད་ན། འདི་དག་མི་བསྒྲལ་བ་ཅི་ལགས།