མཁན་པོ་བྱམས་པ་བློ་གྲོས།
གུས་རྟག་སྦྱོར་བའི་བསྐལ་བ་བརྒྱ་ཕྲག་མཐར།།
རྣམ་འདྲེན་དུ་མའི་ལེགས་བཤད་སྣང་བ་ཡི།།
མཁྱེན་གཉིས་ཡེ་ཤེས་འདབ་ཡངས་ཆེར་རྒྱས་ཏེ།།
རྒྱལ་བས་མི་ནུབ་སྐྱོང་བའི་སྐལ་བཟང་ཐོབ།།
ཅེས་ཚིགས་བཅད་སྔུན་བསུས་ནས་ཆོས་དང་འཇིག་རྟེན་གང་གིས་ཐད་ནས་ཀུན་མཁྱེན་བླ་མའམ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་ལ་ཨེ་མ་ཧོ། ནང་ཆོས་ཚིགས་བཅད།
ནང་ཆོས་སློབ་སྦྱོང་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ནང་ཆོས་དར་སྤེལ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ནང་ཆོས་དཀའ་གནད་ཨུ་ཤེས་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ནང་ཆོས་མི་ཉམས་གོང་འཕེལ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ནང་ཆོས་ཕྱོགས་རིས་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ནང་ཆོས་སྒྲུབ་ལྟང་ཨུ་ཤེས་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ནང་ཆོས་གྲུབ་མཐའ་ཕྱོགས་རིས་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ནང་ཆོས་སྒྲོ་འདོགས་ཨུ་ཆོད་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ནང་ཆོས་བསྟན་པ་ཡུན་དུ་ཨུ་གནས་དགོངས་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
འཇིག་རྟེན་སྒྲུབ་སྟངས་དང། ཚན་རིག་མཁས་པ་ཨུ་འོང་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
སྐད་དང་ཡི་གེ་དར་སྤེལ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ཆོལ་ཁ་ཕྱོགས་རིས་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
གྱོད་ཁ་ཁ་མཆུ་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ཡུལ་སྡེ་ནང་འཁྲུགས་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
དགེ་འདུན་ནང་འཁྲུགས་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
སྤྲུལ་སྐུའི་ཕྱོགས་འཛིན་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
བོད་མི་མཐུན་བསྒྲིལ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
སྐད་དང་ཡི་གེ་མི་ཉམས་གོང་འཕེལ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ཛམ་གླིང་ཞི་བདེ་ཡོང་བར་བསམ་ན་གོང་ས་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ཚན་རིག་མཁས་པ་འདོད་ན་གོང་ས་ཚུལ་ཁྲིམས་ཁྲིམས་བློ་གྲོས་རྗེས་ལ་ཤོག།
སྒོར་མོ་མང་པོ་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ཆེ་འདོད་གྲགས་འདོད་མེད་པ་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ཤེས་བྱ་བླང་དོར་ཨུ་ཤེས་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
མ་འོངས་མདུན་ལམ་ཡོང་བར་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
མཁས་པ་དགེ་རྒན་ཨུ་ཡོང་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
འདོད་ཆུང་ཆོག་ཤེས་ཨུ་ཡོང་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག།
ལྡོག་ཕྱོགས། ནང་ཆོས་སློབ་སྦྱོང་མི་བྱེད་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་མ་ཡོང་ཞེས་སོགས་མི་མཐུན་པའི་ལྡོག་ཕྱོགས་ལས་ཤེས་པར་བྱའོ།། ཡིག་ནོར་དང་དག་ཆ་ནོར་འཁྲུལ་སོང་ཡོད་ན་མཁྱེན་ལྡན་རྣམས་ཀྱི་མདུན་དུ་བཤགས་སོ།།
མཆོད་རྟེན་བྱ་རུང་ཁ་ཤོར་ནས་མཁན་པོ་བྱམས་པ་བློ་གྲོས་ནས་ཉིས་སྟོང་བཅུ་བཞིའི་ཟླ་བ་གསུམ་པའི་ཚེས་བཅུ་ལ་བྲིས་པ་དགེ་དགེ།།
བོན་པོ་ཕུད་ནས་མཐུན་སྒྲིལ་ཡོང་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།
ཤ་མེད་འབྲོག་པའི་འཚོ་བ་སྐྱིད་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།
རིག་ལམ་མེད་པའི་ཆོས་པ་འདོད་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།
འབྲོག་པའི་ཕལ་སྐད་སྤྱི་སྐད་འདོད་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།
ལག་རྩལ་མེད་པའི་ཚན་རིག་དགོས་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།
ཆོལ་ཁའི་བར་ལ་ས་རྩོད་དགོས་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།
མགོ་ལོག་གསེར་རྟ་མདོ་སྟོད་འདོད་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།
རྒྱ་མོ་མཛེས་མ་རྒྱུ་བདག་དགོས་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།
ཆོས་གྲྭ་ནང་དུ་རྒྱ་སྐད་དགོས་ན་མཁན་པོ་ཚུལ་བློའི་རྗེས་སུ་རྒྱུགས།།
ནང་ཆོས་ཕྱོགས་རིས་མེད་པར་བསམ་ན་ཚུལ་ཁྲིམས་བློ་གྲོས་རྗེས་ལ་ཤོག་་་་་་་ཧཧཧཧཧ
ཆོས་ལུགས་སྒེར་གཅོད་མེད་པ་དགོས་ན་ཚུལ་བློ་དམ་པའི་རྗེས་སུ་སོང་། །
གངས་ལྗོངས་བོད་མིར་ཤེས་ཡོན་དགོས་ན་ཚུལ་བློ་དམ་པའི་རྗེས་སུ་བསྙེག །གངས་ལྗོངས་བོད་མིར་སྔོན་ཐོན་དགོས་ན་ཚུལ་བློའི་དམ་པའི་རྗེས་སུ་སོང་། །བོད་མིར་མཐུན་ལམ་ཆིག་སྦྲེལ་དགོས་ན་ཀུན་མཁྱེན་ཚུལ་བློའི་རྗེས་སུ་སོང་། །
ཡག་པོ་འདུག་ཧ་ཅང་ཡག་པོ་འདུག
རྫ་མཁན་ཆེན་ཚེ་དབང་བཀྲ་ཤིས་ཀྱིས་བསྒྲིགས་གནང་བའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་((དུས་ཐོག་ཆར་པ))་ལ་རྣམ་ཚོས་གཅིག་གཟིགས་དང་༧གོང་ས་མཆོག་གིས་ཀྱང་རྒྱ་བོད་སོགས་ཡིག་རིགས་གཞན་ཐོག་ལ་པོ་ཏི་བརྒྱ་ཕྲག་ཡོད་ཀྱང་བོད་ཡུལ་དངོས་ལ་དུང་བའི་གསུང་བཤད་དང་ལག་ལེན་དུས་ལུག་རྫི་རྒན་པོ་དང་ཐོག་ཆར་པ་སོགས་ནང་བཞིན་གནང་ཐུབ་མི་འདུག་གོ།
ཚུལ་ཁྲིམས་བློ་གྲོས་སྐོར་གླེང་རྒྱུ་མང་དྲགས་ན་བཙན་བྱོལ་ནང་གི་ཕྱོགས་རིས་ཅན་གྱི་བླ་རྒན་ཚོ་ཉིན་མཚན་མི་འཁྱོལ་བའི་ཚད་དུ་འདུག དེས་ན་བཙན་བྱོལ་ནང་ཚུལ་བློའི་ཡོན་ཏན་སྒྲོག་མ་ཡོང་རོགས་སྐུ་མཁྱེན། ཡང་སྐྱར་ཚེ་ཐུང་རུ་འགྲོ་ན་སུས་འགན་ཁྱེར་ནུས་ས་རེད། དགོངས་པ་གཟབ་གཟབ་བཞེས་རོགས་ཞུ་རྒྱུ་ཡིན།
མཁན་པོ་ཚུལ་བློ་ལ་ཕྲག་དོག་བྱེད་མཁན་མང་ལས་རེད་ད་གཟབ་ཙམ་གནང་རོག
གངས་ལྗོངས་སྨྲ་བའི་དབང་ཕྱུགས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་སྙིང་ཐག་པ་ནས་གུས་ཞབས་ཡོད་། བོད་ཕྱི་ནང་གཉིས་ལ་ཁོང་ལྟ་བུ་མེད་པ་ཡོངས་གྲགས་རེད་་།