དྲང་བདེན་གྱི་སློང་མོ་བ། Posted on 2011-12-05 By ཁ་བརྡ་ 19 Comments on དྲང་བདེན་གྱི་སློང་མོ་བ། གླུ་གཞས།
བལྟས་ཀྱིན་བལྟས་ཀྱིན་སེམས་པ་སྐྱོ་ཐལ། ཉན་གྱིན་ཉན་གྱིན་རྣ་བར་སྙན་ཐལ། བོད་ཁམས་ན་དྲང་བདེན་གྱི་སློང་མོ་བ་འདི་འདྲ་མང་ནི་རེད། ད་བཀོད་པ་མེད་ཁ
ཁ་བརྡ་ཚང་མི་འདིའི་བདེ་འཇགས་དང་ཚེ་སྲོག་ལ་བསམ་བློ་འཁོར་མྱོང་ངམ། བོད་ནང་གི་གནས་ཚུལ་ཤ་ཚ་བོ་འདི་རིགས་བཙན་བྱོལ་སྤྱི་ཚོགས་ནང་བསྒྲགས་ནས་བོད་ནང་ལ་སུས་ཕན་ཐོགས་ཀི་རེད་དམ། སུ་ཞིག་གིས་མི་འདི་དག་ལ་སེམས་ཁུར་བྱེད་སྲིད་དམ། དེ་ལས་བོད་ནང་གི་བོད་མི་རེ་རེ་ལའང་མནར་གཅོད་ལྷག་མ་མ་ཕོག་ཆེད། ཁྱེད་ཚོས་གནས་ཚུལ་འདི་རིགས་ལ་ལག་མ་འཆང་ན་དགེ་མཚན་མི་ཆེའམ། གཅན་གཟན་གྱི་ཁ་ལ་ཕྲུ་གུ་དམར་འབྱར་ཞིག་གཡུག་པ་ནང་བཞིན་ང་ལ་ཤ་རྩེ་ཡོང་གི་དུག
བོད་རིགས་ དཔའ་བོ་ སློང་མོ་བའི་ གཟུགས་སུ་ སྤྲུལ་ནས་ གཞས་ གཏོང་བགྱིན་ སྡད་ མི་འདུག་གམ། ཡང་སྐྱར་ཅིག ཉོན་དང་། དྲ་གྲོགས་ཆོས།
ཨ་མའི་བུ་གངས་ཅན་པ། གཞིས་སྡོད་སྤུན་ཟླ་ཚོ་འདི་འདྲ་རེད་འཚོ་བ་སློང་མོ་བ་ཞིག་ཡིན་རུང་གླུ་ཚིག་ཉོན་དང་། ང་ཚོ་རང་དབང་ལུང་པའི་གླུ་བ་མཚོས་གཞེས་ཚིག་གང་འདྲ་ཡོད་ངོ་ཚ་ས་རེད། ང་ནི་དའི་ལ་ལྟས་ནས་མིག་ཕྱི་ཚོད་རེད་ཡ། ངོ་མ་གངས་ཅན་པ་སྙིང་རྗེ་ང་ཚོ་འདིར་ཆོལ་ཁ། ཆོས་ལུགས། ལུང་ཚན་སོགས་ལ་རྩོད་བཞིན་ཡོད།
ཁ་རྡ་ཚང་འདི་ལྟ་བུ་བརྙན་པར་མཁོ་འདོན་གནང་ཧ་ཅང་དགའ་བོ་བྱུང་ཐུགས་རྗེ་ཆེ་བཙན་བྱོལ་གླུ་བ་ཚོས་གཟིགས་ཐུབ་པའི་རེ་བ་ཡོད། འོན་ཀྱང་སློང་མོ་བ་སྒྱུ་རྩལ་མཁས་པ་བྱིའུ་ཕྲུག་ཐང་ཁྱར་འདི་ལ་བདེ་སྲུང་གི་ཆ་ལའང་དགོངས་པ་བཞེས་དགོས་པར་མཐོང་། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཁྱེད་ལ་བློ་གཏད་བཅོལ་བའི་སློང་མོ་བ་ཉམས་ཐག་འདི་ལ་མི་མངོན་དབྱིངས་ནས་གཟིགས་ཏེ་ཁོ་བའི་གཉིད་ལམ་ནང་དུ་ཞལ་མཇལ་གསུང་ཐོས་ཡོང་བ་མཁྱེན།
ངས་མི་འདི་ཁ་སྔོན་སྤྱི་ཟླ་དགུ་བའི་ནང་དུ་དངོས་སུ་མཐོང་སོང་། ཁོང་ཟི་ལིང་བོད་ཀྱི་ཟ་ཁང་མང་པོ་ཡོད་པའི་འགྲམ་དེར་སྡད་ནས་གླུ་འདི་དང་འདི་འདྲ་ཁོ་ནར་གཏོང་གིན་འདུག ངས་དང་པོ་ཁོས་བཞད་འདི་ལྟར་གཏོང་བ་མཐོང་སྐབས། ངོ་མཚར་ཞིག་སྐྱེས་སོང་ལ། སེམས་གཏིང་དུ་སྤྲོ་བ་ཞིག་སྐྱེས་སོང་། དེ་ནས་ཞིབ་ཏུ་ཉན་པས་ཁོང་དངོས་གནས་སྒྱུ་རྩལ་མཁན་ཞིག་རེད་འདུག་ལ། བོད་ཀྱི་སྤྲང་གཟུགས་དཔའ་བོ་ཞིག་ཀྱང་རེད་འདུག
ང་དང་ངའི་བཟའ་ཟླ་གཉིས་ཀྱིས་མིག་ཆུ་ཤོར་དགོས་པ་ཞིག་གླུ་བ་ཁྱེད་ཀྱིས་བཟོས་སོང་། དེང་སྐབས་འདི་འདྲ་ཞིག་ལ། ཁྱེད་ཀྱིས་གནས་སྟངས། ང་ཚོའི་བར་ཐག མི་རིགས་ཀྱི་ལ་རྒྱ། རང་རིགས་ཀྱི་དུང་བ། ཅི་ཡིན་ཆ་མ་ངེས་ཀྱང་ལུས་ཀྱི་བ་སྤུ་ལངས་ཤིང་མིག་ནས་མཆི་མ་ལ་རང་དབང་མི་འདུག འདི་ཅི་རེད་དམ། ངས་ཁྱེད་ལ་གཅིག་ཞུ། ང་འཇིག་རྟེན་བྱེད་པ་པོ་ཞིག་ཡིན་ན་ངས་ཁྱེད་ལ་དགོས་པ་དེ་ངས་སྤྲོད་ཆོག ང་ལ་དམར་ཡག་སྟག་གི་དཔའ་རྩལ་ཞིག་ཡོད་ན་ཁྱེད་ཀྱི་དགྲ་ཟླ་ངས་གསོད་ཆོག ང་ལ་ཐང་དཀར་རྒོད་པོའི་ཤོག་པ་ཞིག་ཡོད་ན་ང་ད་ལྟ་ཉིད་དུ་ཁྱེད་ལ་བལྟ་མཁན་ཡོང་ཆོག ཡིན་ནའང་ང་ལ་ཅི་ཡང་མི་འདུག སེམས་བསམ་པའི་རི་མོ་དྲ་ཐོག་ཏུ་བྲིས་ཙམ་ལས། ནང་སེམས་ཀྱི་དུང་བ་སྟོན་པ་ཙམ་ལས། ཐབས་ཤེས་མི་འདུག ཡིན་ཀྱང་། ཉིན་གཅིག་ང་ཚོང་བོད་པ་ཚང་ལ་ཉི་མ་ཞིག་ཤར་ངེས་པ་ཡིན་པར་ཡིད་ཆེས་ཡོད།
ཁྱེད་རང་སྲིད་སྐྱོང་བློ་བཟང་མིན་ན་ཡང་། དཔའ་བོ་སེང་གེ་ལ་རྒྱའི་གཡུ་རལ་ངོམས་མཁན་གྱི་གཞས་པ་གྲགས་ཅན་ཅིག་རེད་འདུག་པས། རྒྱ་གཞུང་གིས་བསྐྲུན་པའི་ཟས་དུག་དང་ཐག་རིང་ཙམ་བསྡད་ནས་གཞས་གཏོང་དགོས་ཞེས་སེམས་ཀྱིས་མ་བཟོད་ནས་ལབ་པ་ཡིན་ལགས། བདེ་ལེགས་སུ་གྱུར་ཅིག །
གཞས་འདིར་བལྟས་པས་མིག་ཆུ་རང་དབང་མེདཔར་ཤོར་བྱུང། ངོ་མ་བོད་མི་རིགས་ཀྱི་སེམས་ཁོང་གི་གླུ་སྒྲ་ཟེར་ན་འདི་འདྲ་ཞིག་ཡིན་དགོས། ད་དུང་འདིའི་སྐད་གདངས་ལ་བལྟས་ན་ང་དང་ཕ་ཡུལ་གཅིག་པ་ཞིག་ཀྱང་མིན་འགྲོ་བསམ་གྱི་འདུག བོད་རྒྱལ་ལོ།
འདི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞིག་ཡིན་ནམ་། ཡང་ན་མ་བསླུས་པའི་སློང་མོ་བ་ཞིག་ཡིན་ནམ།། མདོར་བསྡུས་ན་དྲང་བདེན་གྱི་བསླུ་འམ་མི་བསླུ་དྲཱ་བདག་གིས་དཔྱད་པ་རགས་ཙམ་ཞིག་མཛོད་དང་།།
སློང་མོ་བ་ཡི་གླུ་ཚིག་འདིས་ངའི་སེམས་ནང་དགའ་སྡུག་གཉིས་ཀྱི་ཚོར་བ་རྣོན་པོ་ཞིག་སྤྲད་སོང་། དངོས་གནས་དཔེ་རེད་ཡ།
སྤྱི་བཏང་སྙན་ངག་འབྲི་སྐབས་བརྗོད་ཚུལ་ལ་ས་མཚམ་མེད་མོད་འོན་ཀྱང་དྲང་བདེན་གྱིས་བསླུས་པ་ཞེས་པ་དེ་ནི་ཧ་ཅང་མ་འོས་པ་ཞིག་མཐོང་ གང་ཡིན་ཞེ་ན་དྲང་བདེན་གྱིས་ཀྱང་བསླུ་ན་མི་བསླུ་བའི་དངོས་པོ་གང་གཞག་སོམ་དང།
སྤྱི་དོན་ཡིན་མདོག་གིས། ཁྱེད་ཀྱི་གཞས་ཚིག་དང་ངའི་སྨྱུག་རྩེ་གཉིས་ལ་ཉིན་གཅིག་ཉོ་ཆ་གཟེད་རྒྱུ་ཐག་ཆོད་པ་རེད་འདུག འོན་ཀྱང་དེ་དུས་ང་གཉིས་ཀྱི་སེམས་ལ་འགྱོད་པ་མེད་པ་ཅིག་ཡོང་བར་ད་ལྟ་ནས་གྲ་སྒྲིག་གྱིས། ང་ཡང་་་་
གོང་གི་སློང་བ་འདིས་བཤད་རྒྱུར། ཁོང་སྐྱེས་དུས་ནས་ཡན་ལག་སྐྱོན་ཅན་ཡིན་པས་ངལ་རྩོལ་གྱི་ལས་འཇུག་ཐབས་བྲལ་བར་བརྟེན་འདི་ལྟར་གཞས་བཏང་ནས་རང་ཁ་གསོ་ཡི་ཡོད་ཟེར། ཁོང་གི་གཞས་འདི་ལ་ཉན་གྱིན་ཉན་གྱིན་བཤད་མི་ཤེས་པའི་ཚོར་བ་ཞིག་སྤྲོད་ཀྱི་འདུག དེ་ནས་གོང་གི་མཆན་སྣྲོན་ངག་ཁྲི་ཟེར་བ་དག་གངས་ཕྲུག་ཟེར་བ་གཉིས་ཀྱིས་ཅི་བཤད་ཀྱི་ཡོད་རེད། འདི་ན་དྲང་བདེན་གྱིས་བསླུས་སོང་ཟེར་མཁན་ཞིག་མི་འདུག་གཱ སྔོན་མ་ཞིག་ལ་ཧོར་གཙང་འཇིགས་མེད་ཀྱིས་དེབ་ཅིག་གི་མིང་ལ་དྲང་བདེན་གྱིས་བསླུས་བའི་སློང་མོ་བ་ཞེས་བཏགས་ཡོད་པ་ཞིག་དྲན་གྱི་འདུག དེ་ལ་ཟེར་གྱི་ཡོད་ན་ནི་ཟེར་ས་ནོར་བ་རེད། དེ་མིན་ན་ཞེ་དྲག་ཐང་ཐང་ཡོད་ས་མ་རེད། ཧ་ཧ་ཧཧ་
བལྟས་ཀྱིན་བལྟས་ཀྱིན་སེམས་པ་སྐྱོ་ཐལ། ཉན་གྱིན་ཉན་གྱིན་རྣ་བར་སྙན་ཐལ། བོད་ཁམས་ན་དྲང་བདེན་གྱི་སློང་མོ་བ་འདི་འདྲ་མང་ནི་རེད། ད་བཀོད་པ་མེད་ཁ
ཨཨཨཨཨཨཨཨཨཨཨཨ་་་་་་་་་་་་
ངས་བལྟས་ན་འདི་སློང་མོ་བ་མ་རེད་སྒྱུ་རྩལ་བ་རེད།
ཁ་བརྡ་ཚང་གིས་འདི་འདིར་བཀོད་ནས་དགྱས་དྲང་བདེན་གྱི་སློང་མོ་བའི་ཕོར་བོ་བཅག་ཡོང་།
ཁ་བརྡ་ཚང་མི་འདིའི་བདེ་འཇགས་དང་ཚེ་སྲོག་ལ་བསམ་བློ་འཁོར་མྱོང་ངམ། བོད་ནང་གི་གནས་ཚུལ་ཤ་ཚ་བོ་འདི་རིགས་བཙན་བྱོལ་སྤྱི་ཚོགས་ནང་བསྒྲགས་ནས་བོད་ནང་ལ་སུས་ཕན་ཐོགས་ཀི་རེད་དམ། སུ་ཞིག་གིས་མི་འདི་དག་ལ་སེམས་ཁུར་བྱེད་སྲིད་དམ། དེ་ལས་བོད་ནང་གི་བོད་མི་རེ་རེ་ལའང་མནར་གཅོད་ལྷག་མ་མ་ཕོག་ཆེད། ཁྱེད་ཚོས་གནས་ཚུལ་འདི་རིགས་ལ་ལག་མ་འཆང་ན་དགེ་མཚན་མི་ཆེའམ། གཅན་གཟན་གྱི་ཁ་ལ་ཕྲུ་གུ་དམར་འབྱར་ཞིག་གཡུག་པ་ནང་བཞིན་ང་ལ་ཤ་རྩེ་ཡོང་གི་དུག
བོད་རིགས་ དཔའ་བོ་ སློང་མོ་བའི་ གཟུགས་སུ་ སྤྲུལ་ནས་ གཞས་ གཏོང་བགྱིན་ སྡད་ མི་འདུག་གམ། ཡང་སྐྱར་ཅིག ཉོན་དང་། དྲ་གྲོགས་ཆོས།
ཨ་མའི་བུ་གངས་ཅན་པ། གཞིས་སྡོད་སྤུན་ཟླ་ཚོ་འདི་འདྲ་རེད་འཚོ་བ་སློང་མོ་བ་ཞིག་ཡིན་རུང་གླུ་ཚིག་ཉོན་དང་། ང་ཚོ་རང་དབང་ལུང་པའི་གླུ་བ་མཚོས་གཞེས་ཚིག་གང་འདྲ་ཡོད་ངོ་ཚ་ས་རེད། ང་ནི་དའི་ལ་ལྟས་ནས་མིག་ཕྱི་ཚོད་རེད་ཡ། ངོ་མ་གངས་ཅན་པ་སྙིང་རྗེ་ང་ཚོ་འདིར་ཆོལ་ཁ། ཆོས་ལུགས། ལུང་ཚན་སོགས་ལ་རྩོད་བཞིན་ཡོད།
ཁ་རྡ་ཚང་འདི་ལྟ་བུ་བརྙན་པར་མཁོ་འདོན་གནང་ཧ་ཅང་དགའ་བོ་བྱུང་ཐུགས་རྗེ་ཆེ་བཙན་བྱོལ་གླུ་བ་ཚོས་གཟིགས་ཐུབ་པའི་རེ་བ་ཡོད། འོན་ཀྱང་སློང་མོ་བ་སྒྱུ་རྩལ་མཁས་པ་བྱིའུ་ཕྲུག་ཐང་ཁྱར་འདི་ལ་བདེ་སྲུང་གི་ཆ་ལའང་དགོངས་པ་བཞེས་དགོས་པར་མཐོང་། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཁྱེད་ལ་བློ་གཏད་བཅོལ་བའི་སློང་མོ་བ་ཉམས་ཐག་འདི་ལ་མི་མངོན་དབྱིངས་ནས་གཟིགས་ཏེ་ཁོ་བའི་གཉིད་ལམ་ནང་དུ་ཞལ་མཇལ་གསུང་ཐོས་ཡོང་བ་མཁྱེན།
ངས་མི་འདི་ཁ་སྔོན་སྤྱི་ཟླ་དགུ་བའི་ནང་དུ་དངོས་སུ་མཐོང་སོང་། ཁོང་ཟི་ལིང་བོད་ཀྱི་ཟ་ཁང་མང་པོ་ཡོད་པའི་འགྲམ་དེར་སྡད་ནས་གླུ་འདི་དང་འདི་འདྲ་ཁོ་ནར་གཏོང་གིན་འདུག ངས་དང་པོ་ཁོས་བཞད་འདི་ལྟར་གཏོང་བ་མཐོང་སྐབས། ངོ་མཚར་ཞིག་སྐྱེས་སོང་ལ། སེམས་གཏིང་དུ་སྤྲོ་བ་ཞིག་སྐྱེས་སོང་། དེ་ནས་ཞིབ་ཏུ་ཉན་པས་ཁོང་དངོས་གནས་སྒྱུ་རྩལ་མཁན་ཞིག་རེད་འདུག་ལ། བོད་ཀྱི་སྤྲང་གཟུགས་དཔའ་བོ་ཞིག་ཀྱང་རེད་འདུག
ང་དང་ངའི་བཟའ་ཟླ་གཉིས་ཀྱིས་མིག་ཆུ་ཤོར་དགོས་པ་ཞིག་གླུ་བ་ཁྱེད་ཀྱིས་བཟོས་སོང་།
དེང་སྐབས་འདི་འདྲ་ཞིག་ལ།
ཁྱེད་ཀྱིས་གནས་སྟངས།
ང་ཚོའི་བར་ཐག
མི་རིགས་ཀྱི་ལ་རྒྱ།
རང་རིགས་ཀྱི་དུང་བ།
ཅི་ཡིན་ཆ་མ་ངེས་ཀྱང་ལུས་ཀྱི་བ་སྤུ་ལངས་ཤིང་མིག་ནས་མཆི་མ་ལ་རང་དབང་མི་འདུག
འདི་ཅི་རེད་དམ།
ངས་ཁྱེད་ལ་གཅིག་ཞུ།
ང་འཇིག་རྟེན་བྱེད་པ་པོ་ཞིག་ཡིན་ན་ངས་ཁྱེད་ལ་དགོས་པ་དེ་ངས་སྤྲོད་ཆོག
ང་ལ་དམར་ཡག་སྟག་གི་དཔའ་རྩལ་ཞིག་ཡོད་ན་ཁྱེད་ཀྱི་དགྲ་ཟླ་ངས་གསོད་ཆོག
ང་ལ་ཐང་དཀར་རྒོད་པོའི་ཤོག་པ་ཞིག་ཡོད་ན་ང་ད་ལྟ་ཉིད་དུ་ཁྱེད་ལ་བལྟ་མཁན་ཡོང་ཆོག
ཡིན་ནའང་ང་ལ་ཅི་ཡང་མི་འདུག
སེམས་བསམ་པའི་རི་མོ་དྲ་ཐོག་ཏུ་བྲིས་ཙམ་ལས།
ནང་སེམས་ཀྱི་དུང་བ་སྟོན་པ་ཙམ་ལས།
ཐབས་ཤེས་མི་འདུག
ཡིན་ཀྱང་།
ཉིན་གཅིག་ང་ཚོང་བོད་པ་ཚང་ལ་ཉི་མ་ཞིག་ཤར་ངེས་པ་ཡིན་པར་ཡིད་ཆེས་ཡོད།
ཁྱེད་རང་སྲིད་སྐྱོང་བློ་བཟང་མིན་ན་ཡང་། དཔའ་བོ་སེང་གེ་ལ་རྒྱའི་གཡུ་རལ་ངོམས་མཁན་གྱི་གཞས་པ་གྲགས་ཅན་ཅིག་རེད་འདུག་པས། རྒྱ་གཞུང་གིས་བསྐྲུན་པའི་ཟས་དུག་དང་ཐག་རིང་ཙམ་བསྡད་ནས་གཞས་གཏོང་དགོས་ཞེས་སེམས་ཀྱིས་མ་བཟོད་ནས་ལབ་པ་ཡིན་ལགས། བདེ་ལེགས་སུ་གྱུར་ཅིག །
གཞས་འདིར་བལྟས་པས་མིག་ཆུ་རང་དབང་མེདཔར་ཤོར་བྱུང། ངོ་མ་བོད་མི་རིགས་ཀྱི་སེམས་ཁོང་གི་གླུ་སྒྲ་ཟེར་ན་འདི་འདྲ་ཞིག་ཡིན་དགོས། ད་དུང་འདིའི་སྐད་གདངས་ལ་བལྟས་ན་ང་དང་ཕ་ཡུལ་གཅིག་པ་ཞིག་ཀྱང་མིན་འགྲོ་བསམ་གྱི་འདུག བོད་རྒྱལ་ལོ།
འདི་དྲང་བདེན་གྱིས་བསླུས་པའི་སློང་མོ་བ་ཞིག་ཡིན་ནམ་།
ཡང་ན་མ་བསླུས་པའི་སློང་མོ་བ་ཞིག་ཡིན་ནམ།།
མདོར་བསྡུས་ན་དྲང་བདེན་གྱི་བསླུ་འམ་མི་བསླུ་དྲཱ་བདག་གིས་དཔྱད་པ་རགས་ཙམ་ཞིག་མཛོད་དང་།།
སློང་མོ་བ་ཡི་གླུ་ཚིག་འདིས་ངའི་སེམས་ནང་དགའ་སྡུག་གཉིས་ཀྱི་ཚོར་བ་རྣོན་པོ་ཞིག་སྤྲད་སོང་། དངོས་གནས་དཔེ་རེད་ཡ།
མིག་ཆུ་བཏང་བཞིན་བལྟས་པ་ཡིན
མྱི་རྫིགས་པོ་ཞིག་འདུག་འོན་ཀྱང་ཁོང་གཏོང་གི་ཟུར་ཉམས་ཞིག་ལས་སློང་བ་དངོས་གནས་པ་ཞིག་ཡིན་པ་མཐོང་གིན་འདུག
སྤྱི་བཏང་སྙན་ངག་འབྲི་སྐབས་བརྗོད་ཚུལ་ལ་ས་མཚམ་མེད་མོད་འོན་ཀྱང་དྲང་བདེན་གྱིས་བསླུས་པ་ཞེས་པ་དེ་ནི་ཧ་ཅང་མ་འོས་པ་ཞིག་མཐོང་ གང་ཡིན་ཞེ་ན་དྲང་བདེན་གྱིས་ཀྱང་བསླུ་ན་མི་བསླུ་བའི་དངོས་པོ་གང་གཞག་སོམ་དང།
སྤྱི་དོན་ཡིན་མདོག་གིས། ཁྱེད་ཀྱི་གཞས་ཚིག་དང་ངའི་སྨྱུག་རྩེ་གཉིས་ལ་ཉིན་གཅིག་ཉོ་ཆ་གཟེད་རྒྱུ་ཐག་ཆོད་པ་རེད་འདུག འོན་ཀྱང་དེ་དུས་ང་གཉིས་ཀྱི་སེམས་ལ་འགྱོད་པ་མེད་པ་ཅིག་ཡོང་བར་ད་ལྟ་ནས་གྲ་སྒྲིག་གྱིས། ང་ཡང་་་་
གོང་གི་སློང་བ་འདིས་བཤད་རྒྱུར། ཁོང་སྐྱེས་དུས་ནས་ཡན་ལག་སྐྱོན་ཅན་ཡིན་པས་ངལ་རྩོལ་གྱི་ལས་འཇུག་ཐབས་བྲལ་བར་བརྟེན་འདི་ལྟར་གཞས་བཏང་ནས་རང་ཁ་གསོ་ཡི་ཡོད་ཟེར།
ཁོང་གི་གཞས་འདི་ལ་ཉན་གྱིན་ཉན་གྱིན་བཤད་མི་ཤེས་པའི་ཚོར་བ་ཞིག་སྤྲོད་ཀྱི་འདུག
དེ་ནས་གོང་གི་མཆན་སྣྲོན་ངག་ཁྲི་ཟེར་བ་དག་གངས་ཕྲུག་ཟེར་བ་གཉིས་ཀྱིས་ཅི་བཤད་ཀྱི་ཡོད་རེད། འདི་ན་དྲང་བདེན་གྱིས་བསླུས་སོང་ཟེར་མཁན་ཞིག་མི་འདུག་གཱ སྔོན་མ་ཞིག་ལ་ཧོར་གཙང་འཇིགས་མེད་ཀྱིས་དེབ་ཅིག་གི་མིང་ལ་དྲང་བདེན་གྱིས་བསླུས་བའི་སློང་མོ་བ་ཞེས་བཏགས་ཡོད་པ་ཞིག་དྲན་གྱི་འདུག དེ་ལ་ཟེར་གྱི་ཡོད་ན་ནི་ཟེར་ས་ནོར་བ་རེད། དེ་མིན་ན་ཞེ་དྲག་ཐང་ཐང་ཡོད་ས་མ་རེད། ཧ་ཧ་ཧཧ་