ཤར་ཕྱོགས་ཁུག་རྟ།
གངས་ཅན་ལྗོངས་ལ་བཀའ་དྲིན་ཆེ་བའི་མགོན།།
གངས་ཅན་ལྗོངས་ཀྱི་ལྷ་མི་ཀུན་གྱི་མགོན།།
རྒྱལ་བ་དོན་གྱི་བདག་པོའི་སྲས་གཅིག་པུ།།
མ་ཧཱ་པཎ་ཆེན་ཟམ་གདོང་སྤྲུལ་སྐུར་འདུད།།
སྙིགས་མའི་རང་མདངས་ཆེས་ཆེར་བདོ་བའི་དུས།།
གངས་ཅན་ལྗོངས་ལ་༧རྒྱལ་བློན་ཚུལ་དུ་བྱོན།།
བསྟན་སྲིད་ཉག་ཕྲའི་སྲི་ཞུ་རླབས་ཆེན་པོ།།
སྒྲུབ་པའི་ཐོན་མི་གཉིས་པ་ཁྱེད་ལ་འདུད།།
རྒྱ་དམར་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ།།
གངས་ལྗོངས་ཡོངས་རྫོགས་ཁྱུར་མུད་གཏོང་བའི་སྐབས།།
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
སྐུ་ཚེ་གང་བོར་དགུང་དུ་འདེགས་ལ་འདུད།།
ལྟ་ངན་མུན་པའི་ཚོགས་རྣམས་མཐར་བྱེད་ཅིང།།
ལོག་མཐོང་བྱིས་པའི་ཚོགས་རྣམས་སྐྲག་བྱེད་པ།།
བསམ་སྦྱོར་ངན་པར་བྱམས་བརྩེའི་ལམ་སྟོན་པ།།
རིག་པའི་དཔའ་བོ་ཟམ་གདོང་བླ་མར་འདུད།།
༧རྒྱལ་བ་དོན་གྱི་བདག་པོའི་ཕྱག་གཡས་བཞིན།།
བཙན་བྱོལ་གཞུང་མང་མང་གཙོའི་ལམ་དུ་བསྒྱུར།།
བསྒྱུར་བའི་གཞི་ལྡན་ཁྲིམས་ཀྱི་སྲོག་ཤིང་བཙུགས།།
དྲང་བདེན་རྣམ་པར་སྐྱོང་ལ་སྙིང་ནས་འདུད།།
བསྟན་པའི་གཞི་རྩ་འདུལ་བའི་བསླབ་ཁྲིམས་བཙུན།།
བཟང་པོའི་སྤྱོད་པའི་འདོད་ཆུང་ཆོག་ཤེས་བརྟན།།
དྲང་བདེན་ཐབས་ཀྱིས་སྐྱོང་བའི་མི་དབང་ཞེས།།
ས་གསུམ་དབང་དུ་བསྒྱུར་བ་ཁྱེད་ལ་འདུད།།
འཇིག་རྟེན་གཏམ་གྲགས་བདུད་ཀྱི་གཡབ་མོར་བརྩི།།
མི་རྣམས་དགའ་བའི་པེད་ཤག་བཙོག་པར་གཟིགས།།
གཞན་དོན་ཉམས་ལེན་མཐའ་འཁྱོངས་མཛད་པ་ཡི།།
མ་ཧཱ་མཁས་པའི་དབང་བོ་ཁྱེད་ལས་སུ།།
དེ་ལྟ་ནའང་རེ་ཤོས་ལོག་སྒྲིབ་ཀྱིས།།
མ་རིག་མུན་པའི་གཡང་དུ་འཆོང་འགྲོ་བ།།
བསམས་ཚེ་བོད་ཀྱི་བསོད་བདེ་སྐམ་པ་ལ།།
སྙིང་གི་སྐྱོ་བ་མ་ཁོག་ཤེད་ཀྱིས་བཞུར།།
ཡིན་ཡང་བདེན་པ་རིན་བྲལ་སྲོག་གི་ཀ།
ས་ཡི་གོ་ལའི་སྙིང་དུ་ཟུགས་ཡོད་པས།།
ནམ་ཞིག་མ་རིག་མུན་པའི་ཚོགས་རྣམས་ཀྱིས།།
དྲི་བྲལ་ཟེར་མ་མཐོང་བའི་སྨོན་ལམ་འདེབས།།
༧རྒྱལ་མཆོག་སྐུ་ཚེ་ཞལ་བཞེས་ལྟར་བརྟན་ཅིང།།
མ་ཧཱ་མཁས་མཆོག་རྡོ་རྗེ་ཁམས་སུ་བརྟན།།
དཀར་ཕྱོགས་གཟུགས་མེད་ཚོགས་ཀྱི་གྲོགས་དང་བཅས།།
གངས་ཅན་སྐྱེ་དགུའི་མགོན་དུ་བརྟན་བཞུགས་གསོལ།།
འདི་ཙམ་འབྲི་འདོད་ཡིད་ལ་འཆར་བ་དེས།།
སེམས་ཅན་རྒྱུད་ཀྱི་མ་རིག་རབ་གསལ་སྟེ།།
བདེན་པར་འབྲངས་པའི་རིག་པའི་རྣམ་དཔྱོད་ལ།།
རྟག་ཏུ་མ་ཉམས་སྤྱོད་པའི་སྨོན་ལམ་འདེབས།།
ཚེ་སྲོག་ལས་ཀྱང་བདེན་པ་གལ་ཆེར་ཡིན་པའི་སྐོར་གྱི་བསམ་གཞིགས་ཤིག་ལ་གཞི་བྱས་ཏེ་སློབ་དཔོན་ཁོང་གི་བཀའ་དྲིན་དྲིན་དུ་ཤེས་པ་དེས ༢༠༡༣ ། ༣། ༤། ཉིན་ཤར་མར་བྲིས།
རྩོམ་ཡིག་འདྲི་འདྲ་ཕྲིས་དང་། མུ་མཐུད་དགའ་ལྡན་ཕོ་བྲང་གིས་ཁྱེད་ལ་བྱམས་སྐྱོང་བྱེད་རྒྱུ་དང་། གཟིམ་ཆུང་མཇལ་ཁ་གནང་གི་རེད། མི་ཆེན་ལ་ངོ་བསྟོད་ཤེས་ན་རང་དོན་ཁབ་རྩེ་ཙམ་ཡང་ཤོར་མི་སྲིད་ལ། གཞུང་དོན་ཁབ་མིག་ཙམ་ཡང་སྒྲུབ་མི་དགོས་པར་སྐྱིད་པོ་སྡོད་ཆོག་གི་རེད།
བོད་ལ་བསྟོད་པའི་སྙན་ངག་མང་ན་ཡང། དོན་ལྡན་བསྔགས་འོས་བསྔགས་པ་འདི་འདྲ་ཉུང།
དྲིན་ཤེས་ཡི་རང་བསྟོད་པ་ཡ་རབས་རྒྱན། རྒྱན་འདི་ཀུན་ལ་ཡོད་ན་ཅི་འདྲ་མཛེས།།
ཤར་ཁུག་ཞེས་པས་བཀའ་བློན་ཁྲི་ཟུར་ཟམ་གདོང་ལ་བསྟོད་པ་འདི་དངོས་གནས་ཟབ་གདོང་གི་ཡོན་ཏན་མཐོང་བ་མ་རེད་ལ། སྲིད་སྐྱོང་བློ་སེང་ལ་ཁ་རྡུང་བཏང་བ་དེ་ཡང་དངོས་གནས་བློ་སེང་གི་སྐྱོན་མཐོང་བ་མ་རེད། དགའ་ལྡན་ཕོ་བྲང་དུ་འབྲེལ་བ་ཡོང་ཆེད་དང་། བཙན་བྱོལ་བོད་གཞུང་ལ་དམའ་འབེབས་བྱེད་ཆེད་དུ་རེད། བཙན་བྱོལ་ནང་ལ་དཀྲུག་ཤིང་རྒྱག་ཆེད་དུ་རེད། ཤར་ཁུག་གི་སྔ་གཞུག་གི་ལས་ཀ་བྱེད་སྟངས་ཚང་མ་ལ་བལྟས་ན་ཤེས་ཐུབ། བཀའ་ཁྲི་ཟམ་གདོང་སྐབས་ཁོང་ལ་བཀའ་ཤག་ངེས་མེད་ནང་ལས་ཀ་ཞིག་སྤྲད་པ་དང་། ལས་དུས་རྫོགས་པ་དང་བཀའ་ཤག་གསར་པས་ཁོང་གི་ལས་ཀ་འཕར་འགྱང་བྱས་མེད། ད་དུང་ཤར་ཁུག་དང་ཁ་ཉིན་ཁ་བརྡ་དྲ་ཐོག་ཏུ་ཁ་རྡུང་གཏོང་སའི་སུད་སིར་གནས་སྡོད་རྟ་སྲས་ཚུལ་ཁྲིམས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
ཧ་ཧ། ཚེ་བརྟན་སྒྲོལ་མས་ཏང་ལ་བསྟོད་གླུ་ལེན་སྟངས་འདྲ་ཞིག་འདུག། དགུང་སྔོན་དབྱིངས་སུ་བཏེགས་དྲག་ན་ས་ལ་ཟག་རྒྱུའི་ཉེན་ཁ་ཡོད་པ་རེད། བལྟོས་ཨ།
དོན་ཡོད་ཅན་གསེར་འབྲུག་སྡེར་ཅན་གཉིས་རང་དོན་གང་ཡང་མ་སྒྲུབ་པར་བོད་མི་མང་གི་མགོ་སྐྱག་གཅིན་གཏོང་བཞིན་འདུག་པས་གུང་ཁྲན་གྱིས་གསོལ་རས་ཆུང་ཆུང་ཡིན་མི་སྲིད། མཁས་དབང་ཟམ་གདོང་རིན་པ་ཆེར་ཤེས་ནས་ཐུགས་རྗེ་ཆེའོ་ཞུ། །ཁྱེད་ནི་ང་ཚོ་བོད་ཀྱི་གཟི་བརྗིད་ཡིན་ལགས། གསེར་གྱི་ཉི་མ་ཤར་བ་ན་སྲིན་བྱ་འུག་པས་སྐད་རྒྱག་པ་ཆོས་ཉིད་དོ། །དོན་ཡོད་ཅན་གསེར་འབྲུག་ཅན་སོགས་མི་གཅིག་ལ་གབ་མིང་དུ་མ་བྲིས་པ་འདི་དག་བསོད་སྐམ་ནང་དཀྲུག་གི་དུག་སྦྲུལ།
བླ་མར་བསྟོད་ན་མ་འགྲིག་མེད་མོ་ཀྱང་།།
འདྲེ་ཡིས་ལྷ་ལ་བསྟོད་དུས་ཅུང་མ་བདེ།
ལྟོ་ཕོགས་མང་པོ་སྦྱིན་པའི་དྲིན་ཆེན་ལ།།
སྔ་མ་འདི་ལྟར་དབྱུག་དུས་དོགས་མ་བདེ།
བླ་མ་བླ་མའི་གནས་སུ་བཞག་ན་ཡག་གི་རེད། ཤར་ཁུག་གིས་ཟམ་གདོང་བླར་རྒན་ཆབ་སྲིད་ཀྱི་ཕྱིས་རས་བྱས་བྱས་ཀྱིས་བླར་རྒན་ལ་ནག་རྩིམ་བྱུགས་ཀྱི་ཡོད་པ་རེད། མ་གཞི་བོད་མི་རིགས་འདི་བླ་མར་དད་ཞེན་ཡོད་པ་གང་ཞིག་ལ་བླ་མ་བསྟན་དང་འགྲོ་བའི་དོན་དུ་ལུང་སྡེ་སྣོད་གསུམ་འཆད་འཁྲིད་བྱེད་མ་བཅུགས་པར་ཆབ་སྲིད་སྡིང་ཆའི་སྟེང་དུ་འབུད་རྒྱུར་དགའ་བ་འདིས་བླ་མ་ཆབ་སྲིད་ལག་ཆ་བཟོ་ཡི་ཡོད་པ་རེད་ལ། ལ་མོ་ཕར་ནང་གི་གུང་ཁྲན་གྱིས་ཀྱང་བོད་དང་བོད་མི་རིགས་ཀྱི་རྩ་དོན་ལ་བླ་མ་ཆབ་སྲིད་ཀྱི་ལག་ཆ་བེད་སྤྱོད་བྱེད་རྒྱུའི་འགྲོ་ཁུངས་ཞིག་ཡོད་པ་ཤེས་ནས་པཎ་ཆེན་རྫུན་མའི་ཡང་སྲིད་བོད་ཕྲུག་རྒྱལ་མཚན་ནོར་བུ་འཁྱེར་ཡོང་བ་རེད་ལ། ད་དུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ཀྱི་ཁྲིམས་ལུགས་གསར་པ་ཞིག་གཏན་འབེབས་བྱས་ཡོད་སྐད་ལ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ལ་ཐེ་བྱུས་བྱེད་རྒྱུའི་འཆར་གཞི་དང་ལག་བསྟར་རང་བཞིན་དོན་འཁྱོལ་ཡོང་བའི་བྱུས་ངན་བཤམས་བཞིན་ཡོད་པ་དེ་བོད་པ་རང་གིས་བཟོས་པ་ཞིག་རེད། བོད་པས་བླ་མ་ཆབ་སྲིད་སྡིང་ཆའི་སྟེང་དུ་བུད་བཀྱགས་མ་བརྒྱབས་ན་དེ་འདྲ་ཡོང་ཡ་ཁོ་རང་ཡོད་པ་མ་རེད།
རྒྱལ་བ་ཞ་སེར་བསྟན་པ་ལ། །
ནམ་ཡང་སྤོབས་པ་གཟེངས་སུ་མཐོ། །
མཉེན་འགྱུར་ལྕེ་ཡི་འཁྲུལ་འཁོར་གྱིས། །
ཆོས་ཞེན་ཅན་རྣམས་ལྷག་ཏུ་དགའ། །
བློ་གྲགས་མིང་ཅན་ལགས། ངར་ངར་བྱེད་དགོས་མ་རེད། ག་ལེར་བགྱིས།
དོན་ཡོད་ཅན་གསེར་འབྲུག་སྡེར་ལྔར་གུང་ཁྲན་ཏང་གིས་གསོལ་རས་ཅིག་ག་པར་ག་པར། ཤར་ཁུག་གིས་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་གྱིན་ལེན་གྱིན་བོད་མི་རིགས་ཀྱི་མགོ་ཐོག་ཏུ་ཕ་བསད་མ་བསད་ཀྱི་ཁྲག་ཚོས་རྒྱབས་པའི་དར་དམར་དེ་དམར་ལིང་ལིང་ཕྱར་ནས་བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཇི་ཙམ་བཟོས་ཀྱང་གུང་ཁྲན་ཏང་གིས་གསོལ་རས་ཅིག་རག་ཨེ་ཡོད།
ད་དུང་ཟམ་གདོང་བླར་རྒན་གྱིས་མི་ལོ་བཅུའི་རིང་གུང་ཁྲན་ཏང་ལ་མགོ་འབུལ་ལུས་འབུལ་གྱིས་ཕྱག་འཚལ་འཚལ་བྱས་པ་མ་ཟད། བོད་ཀྱི་བྱུང་རབས་ལོ་རྒྱུས་དེ་དངོས་ཡོད་ཅིག་མིན་ཚུལ་བཤད་ནས་ཀྲུང་ནན་ཧེའེ་ཡི་ཆ་རྐྱེན་ཨང་དང་པོ་དེ་བསྐྲུན་ཡོད་ཀྱང་གུང་ཁྲན་ཏང་གིས་གསོལ་རས་ཅིག་རག་ཨེ་ཡོད། ཧ་ཧ་ཧི་ཧི།
བླ་མའི་ལག་རྡོ་ཅན་གྱི་ཤེར་ཁུག་གིས།།
ཏང་གི་དགོངས་དོན་མ་ལུས་སྒྲུབ་པ་ལ།།
ཉིན་རེར་ལྷ་ཡི་སྡེ་ན་ལྷ་ཚུགས་འཛིན།
སྐབས་རེར་དགྲ་ཡི་ཕྱོགས་ན་ཀ་ལང་ལང་།།
འདི་མིན་འདི་རེད་མེད་པའི་གཡོ་སྒྱུ་བ།།
ས་སྟེང་འདི་ཡི་ཁྲམ་པ་ངར་ཆེན་ཅིག།
འགྲོ་མགོན་འཕགས་པ་མེད་གྱུར་ན། བོད་འདི་སོག་པོས་མིད་ཚར་ཡོད།
རྒྱལ་བ་པཎ་ཆེན་མེད་གྱུར་ན། བོད་འདི་རྒྱ་ཡིས་ཟོས་ཚར་ཡོད།
གྲྭ་བ་ཨ་ནེ་མེད་གྱུར་ན། རྗེས་འཇུག་དཔའ་བོའི་རྒྱུན་ཆད་ཡོད།
མདོར་ན་བླ་མ་མེད་གྱུར་ན། བོད་འདི་སྔར་ནས་ཤི་ཚར་ཡོད།
ཤར་ཁུག་སོགས་མི་ཁག་ཅིག་གིས་ཟམ་གདོང་བླ་རྒན་དེ་(Google)དྲ་རྒྱ་ནང་བཞིན་ཤེས་བྱ་རིག་པའི་གནས་ཚང་མ་ཤེས་མཁན་ཞིག་ཏུ་བསམ་ཡོད་པ་འདྲ། གལ་སྲིད། བླ་རྒན་དེ་བླ་དང་སྤྲུལ་སྐུ་ཅིག་ཅིག་ཡིན་རབས་དང་ཡང་ན་ཆོས་གཞུང་གི་ཐམས་ཅད་མཁྱེན་པ་སོགས་ཀྱི་ཚིག་སྐམ་མི་སྐད་མི་བྲོ་བ་དག་ཁུར་ཡོང་ན་ངས་ལན་རྒྱག་མི་འདོད། གཞན་ངས་ནི་ཁོ་རང་ཅི་ཡང་ཤེས་མདོག་སྟོན་མོད་ཞིབ་ཚགས་པོར་ཅི་ཡང་མི་ཤེས་མཁན་ཞིག་རེད་འདོད།
གཞན་ཁྱེད་ཚོར་ཁོང་གི་ཁྱད་དུ་འཕགས་པའི་བརྩམས་ཆོས་འདྲ་སྟོན་རྒྱུ་ཡོད་ན་ཁུར་ཤོག་ནས་བདེན་དཔང་བྱེད་རོགས། དེ་མིན་གཞན་ཁོང་གི་གྲོས་ཚོགས་སོགས་སུ་ཉོག་བཤད་ལུང་གང་གང་བྱས་པའི་དེབ་རྒན་ཆོས་དང་ཆབ་སྲིད་གཉིས་སུ་མི་གཏོགས་པའི་ཕུང་གསུམ་པ་དེ་ཚོར་རིན་ཐང་ཅི་ཡང་སྟེར་མི་འདོད།
ཁྱེད་ཀྱིས་མ་མཐར་ཟམ་གདོང་བླ་མའི་མི་ལོ་བཅུའི་རིང་གི་བཀའ་ཤག་ཁྲོད་དུ་དབུ་མའི་ལམ་ཟེར་བ་དེའི་རིན་གོང་ཇེ་ཆུང་དང་ངོ་བོ་ཇེ་གཉོམ་དུ་བཏང་ཚུལ་ལ་ཅིག་ལྟོས་དང་ཤེས་ཡོང་། ངས་ནི་ཁོ་འདྲ་བ་དག་ལོ་རྒྱུས་ཀྱི་ཉེས་ཅན་པ་རེད་ཟེར་རྒྱུ་ལས་གཞན་ཅང་མེད་དོ།།
དྲང་པོར་བཤད་ན། རང་རེའི་སྤྱི་ཚོགས་ནང་མཁྱེན་ཡོན་དང་། འཇོན་ཐང་། དྲང་ཚུགས་སོགས་ཕྱོགས་གང་ལ་གཞིགས་ཀྱང་ཕུལ་བྱུང་གི་མིན་སྣ་ཞིག་ཡིན་ལ་ཁོང་ལས་ལྷག་པའི་བོད་མི་ཞིག་ངས་ནི་ད་ལྟའི་ཆར་མཐོང་མ་སོང་། དེར་བརྟེན་ཁོང་ལ་བསྟོད་བསྔགས་ཕུལ་བ་ནི་འགྲིག་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།
གསེར་འབྲུག་གིས་རྒྱུ་སྤྱོད་ཞལ་འདོན་ཁག་གཅིག། ཏང་གི་གསོས་ཕྲུག་་་་་་་་་་་་་་་་་་ཚེ་རྟེན་སྒྲོལ་མའི་རྐུབ་གཡོག་་་་་་་་ཀྲུང་ནན་ཧེན་་་་་་་འཐབ་ཕྱོགས་གཅིག་འགྱུར་པུའི་་་མི་སྣ་་་་་་རྒྱ་དམར་རྒྱུག་ཁྱི་་་་་་་ཧི་ཧི་ཧི་་་་་་ད་དུང་ཟམ་གདོང་བླ་རྒན་་་་་་་འདི་ཚོ་རེད་་་་་་
གང་གིས་རང་གི་བླ་མར་དད་མོས་ཀྱིས་བསྟོད་པ་ལས་ཆོས་ཀྱི་བྱིན་རླབས་འཇུག་པར་ངེས།
་
ཡི་གེ་འགའ་ཞིག་གི་ནོར་འཁྲུལ་འབྱུང་སྟངས་ལ་དཔྱད་པ་ནི།
གང་བོར་ དང་། དབང་བོ་ ཞེས་པ་དག་མཐོང་བ་ན། ཆོས་སྐད་ལས་ཁ་སྐད་གཙོ་བར་འཛིན་པ་ཞིག་ཏུ་རྗེས་སུ་དཔག རིག་པའི་དཔའ་བོ་དང་། རིག་པའི་རྣམ་དཔྱོད། ཅེས་པ་ནི། རིག་པ་དང་། རིགས་པ་གཉིས་བརྗོད་སྟངས་སོ་སོར་མེད་པ། བོད་མཐའ་ཁོབ་ཀྱི་ཡུལ་འགའ་རེ་ན་མ་གཏོགས་བོད་ཡུལ་ཀུན་ན་ཁྱད་མེད་དུ་འབོད་པ་བྱུང་། ཁྱུར་མུད། ཅེས་པ་ནི་སི་ཏུ་པཎ་ཆེན་གྱིས། བོད་ཤར་ཕྱོགས་ཀྱི་ཡུལ་འགའ་ཞིག་ན་ཀི་གུ་དང་ཞབས་ཀྱུ་ཁྱད་མེད་དུ་འབོད། ཅེས་གསུངས་པ་དེ་དངོས་མར་མཐོང་། འཆོང་། ཞེས་པ་ནི། ས་པཎ་གྱིས་གཙང་པས་མ་ཡི་སྔོན་འཇུག་འ་རུ་འབོད། གསུངས་པ་དེ་བོད་ཡུལ་གཞན་ན་ཡང་ཡོད་པ་མི་སྟོན་ནམ། ཞེས་སོ།
http://www.youtube.com/embed/6keZdizLzb8?feature=player_embedded
གུང་ཁྲན་མེད་ན་གངས་ལྗོངས་སྡུག་བསྔལ་མེད།།
ཟམ་གདོང་མེད་ན་ཤར་ཁུག་ལྟོ་གོས་མེད།།
ཁ་བརྡ་མེད་ན་སྐྱག་འབུ་འཇམ་གཅེས་མེད།།
མེད་པ་གསུམ་ལྡན་དྲ་བའི་ཀློངས་སུ་འཁྱམས།།
རང་བཙན་མེད་ན་རང་དབང་མེད་མོད་ཀྱང་།།
རང་བསྟོད་དགའ་བའི་ཐན་བྱ་ཁུག་རྟ་ཡིས།།
རང་དོན་ཁོག་སྦས་རང་དབང་གླེང་ཁུལ་འདིས་།།
རང་སྲོག་ཤོར་བ་དག་ལ་སྙིང་རེ་རྗེ།།
ཟམ་གདོང་བླ་མའི་རྫུན་རྐུབ་རྡོལ་སྟངས།
སྤྱིར་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་པ་དེ་ནི་༡༩༧༤ལོ་ནས་ཐུགས་གཏན་ཁེལ་བའི་ང་ཚོས་རྒྱུན་ཡུན་རིང་བོར་འཛིན་སྐྱོང་གནང་བའི་སྲིད་བྱུས་ཤིག་ཏུ་ཆགས་ཡོད།དབུ་མའི་ལམ་གྱི་ཐོག་མའི་ལྟ་གྲུབ་ཀྱི་རྒྱབ་རྟེན་ནི།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་སྙིང་རྗེ་སྙིང་བོ་ཅན་གྱི་ལྷག་སེམས་དེ་འཛམ་གླིང་ཡོངས་རྫོགས་ལ་གནང་དང་གནང་བཞིན་པ་དང་།སྒོས་སུ་འཇིག་རྟེན་འདིའི་ནང་དཀའ་རྙོག་ཅི་ཞིག་བྱུང་ཡང་གཉིས་མོས་མཛའ་མཐུན་གྱི་ངོས་ནས་སེལ་དགོས་པ་ལས་གདོང་ཐུག་དང་འགལ་ཟླའི་ལམ་ནས་སེལ་ཕྱོགས་དེ་ཕན་ཐོགས་ཅན་ཞིག་མིན་ཞེས་གསུངས་དང་གསུང་བཞིན་པ་རེད།འདས་པའི་དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་དང་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་གྱུར་བ་རེད།དུས་རབས་ཉེར་གཅིག་པ་འདི་ནི་དཀའ་རྙོག་གི་ཆེད་དུ་དམག་འཁྲུག་སྤང་ནས་བགྲོ་གླེང་གི་ལམ་ནས་སེལ་དགོས་པའི་དུས་རབས་ཤིག་ཡིན་པ་བཀའ་གནང་གིན་ཡོད་པ་བཞིན།རྒྱུ་མཚན་དེའི་དབང་གིས།ང་ཚོའི་བོད་ཀྱི་རྕ་དོན་སྒྲུབ་ཕྱོགས་ཀྱི་ཐད་དུའང་གཉིས་མོས་དང་གཉིས་སྨན་གྱི་ལམ་ཞིག་ལ་མ་བསྟུན་ཚེ་སྒྲུབ་ཐབས་མེད་པ་ཞིག་ཡིན་པས།བགྲོ་གླེང་དང་གུ་ཡངས་ཀྱིས་རྩ་དོན་བསྒྲུབ་དགོས་ན་གཉིས་སྨན་གྱི་ལངས་ཕྱོགས་ཤིག་འཛིན་དགོས་པ་དང།ལྷག་པར་དུ་ནང་པའི་རྟེན་འབྱུང་གི་ལྟ་བར་བསྟེན་ནས་འཚེ་བ་མེད་པའི་སྤྱོད་པ་ཞིག་འཛིན་དགོས་ཚེ་གཉིས་མོས་གཉིས་སྨན་ཅན་དེ་གལ་འགངས་ཅན་དུ་གྱུར་ཡོད་ལ།ལྟ་གྲུབ་རྒྱབ་རྟེན་དེ་འདི་འདྲ་ཞིག་གི་འོག་ཏུ་བྱུང་པ་རེད།༽
༼༧གོང་ས་མཆོག་གི་༡༩༧༧ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་ཕྲིན།
ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས། རང་ཅག་བོད་མི་རྣམས་ཀྱི་ཁྲོད་དུ་དྲང་བདེན་ལ་བརྩི་བཀུར་དང༌། རྒན་རབས་ལ་ཞེ་ས། དཀའ་སྡུག་ལ་བཟོད་བསྲན། གཞན་ལ་ཕན་སེམས། སྙོམ་ཆུང་དམན་ས་འཛིན་པ། ངོ་ཚ་ཁྲེལ་ཡོད་སོགས་རང་རེའི་ཕ་མེས་ཡ་རབས་སྤྱོད་བཟང་གི་མིག་ལྟོས་གོམས་གཤིས་བཟང་པོ་ཇི་སྙེད་ཡོད་པ་འདི་དག་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་ཡུལ་དུས་གང་འདྲ་ཞིག་ལའང་ཉམས་བརླག་མ་བཏང་བར་གཅེས་སྐྱོང་ལག་ལེན་ཚུལ་བཞིན་དུ་བྱེད་དགོས། གལ་ཏེ་འཕྲལ་སྒང་ཁེ་གྲགས་ཕྲ་མོའི་སླད་གཡོ་ཁྲམ་མ་རབས་ཚུལ་མིན་གྱི་ལམ་དུ་ཞུགས་ན༑ རང་ཉིད་ཀུན་གྱིས་འཕྱ་དམོད་ཀྱི་ཡུལ་དུ་འགྱུར་བ་སྨོས་ཅི། སྨྲ་ཤེས་དོན་གོ་མི་ཡི་རིགས་སུ་སྐྱེས་པའི་དགོས་དོན་མ་ཚང་བ་ཡིན་པས། ཚང་མས་ཡ་རབས་བག་ཡོད་སྤྱོད་བཟང་ལ་དུས་རྟག་ཏུ་ཚུལ་བཞིན་གཞོལ་བ་གལ་ཆེ།། །།ཞེས་གསུང་འདུག༽
ཟམ་གདོང་གིས་དབུ་མ་༡༩༧༤ལོར་ལོ་ནས་ཡོད་ཚུལ་གསུངས་ཀྱང་དོན་༡༩༧༩ལོར་ད་དུང་སྐུ་མདུན་གྱིས་འབད་པ་རང་བཙན་ཡིན་པ་གོང་ནས་གསལ། རང་གི་ཞེན་འདིད་སྒྲུབ་ཆེད་སྐྱག་རྫུན་བསྒྲིགས་པ་ནི་རྒྱལ་ཚོང་བའི་སྤྱོད་ཚུལ་ཉིད་དུ་ཁུམས།
དྲ་འབུ་རིག་པའི་བུ་ཡིན་ན་འདིའི་སྡུག་སྐད་འདིའི་ལན་་་མཁས་ཧོར་འཇིག་ལགས་ཀྱིས་དཔྱད་རྩོམ་ནང་གསལ་གསལ་ཐིང་ཐིང་འདུག་པས་་་་་འདིར་གསལ་བཤད་མི་འདོད་་་་་་
གང་ལྟར་ཟམ་གདོང་ནི་དགེ་སྐྱོན་གཉིས་ཀ་ལྡན་པའི་མི་ཞིག་ཡིན་པ་ལས་དྲང་མོ་མདའ་འདྲ་བ་ཞིག་མཐོང་མ་སོང་ལ། གཡོ་ཅན་ཝ་འདྲ་བོ་མཐོང་མ་སོང་། ཁོང་ནི་རང་ཚུགས་ཆེ་ཞིང་གཤིས་རྒྱུད་གྱོང་བ། རིག་པ་སྤྱང་ཞིང་ཆོས་ཞེན་ཆེ་བ། རྒྱ་བོད་ཀྱི་གནའ་བོའི་རིག་གཞུང་ལ་གོམས་འདྲིས་ཆེ་ཞིང་ཞེན་ཁོག་རྒོད་པ། བོད་ཡིག་གི་གནས་ཚད་མཐོ་ཞིང་བོད་གནའ་རབས་པ་དང་བསྡུར་ན་ལེགས་བཅོས་ཀྱི་བསམ་བློས་ཕྱུགས་པ།་དེང་རབས་པ་དང་བསྡུར་ན་མཁྲེགས་འཛིན་ཆེ་ཞིང་། རང་གི་ཞེན་འདོད་བཞིན་མ་འོངས་ན་ཡོང་བ་ཐབས་ཤེས་ཡོད་དགུ་སྟོན་ཞིང་། ཐ་ན་གནའ་བོད་ལྟར་དགེ་ཕྲུག་ལ་ཉེས་རྡུང་མཁན་ཞིག དེང་རབས་དང་ནུབ་ཕྱོགས་ཀྱི་རིག་གཞུང་ལ་དེ་ཙམ་དགའ་མོས་མེད་ཅིང་རྒྱ་གར་གྱི་རྒན་རབས་པ་བཞིན་ནུབ་ཕྱོགས་་ལ་དགྲ་འཛིན་གྱི་བསམ་བློ་ཡོད་མཁན། རྩོམ་པ་པོ་ལྟར་རང་ལྟ་མཆོག་འཛིན་གྱི་འདུ་ཤེས་རྒོད་ཅིང་ཆབ་སྲིད་ཀྱི་ཐབས་ལམ་ཞན་པ། བླ་མ་ལྟར་ཁྱིམ་པའི་སྤྱི་ཚོགས་ཀྱི་ཤེས་བྱ་དབུལ་ཞིང་། སྙན་ངག་པ་ལྟར་ཁ་གཡང་སྒྲོགས་རྒྱུ་མོས་པ་སོགས་སློན་དཔོན་ཟམ་གདོང་གི་མཛད་སྤྱོད་ཉིད་དུ་མཐོང་། མ་དག་པ་དང་བདེན་པ་མེད་ན་ཡོད་ན་ཐོལ་ལོ་གཤེགས་སོ།
ནོར་བཅོས།
ཟམ་གདོང་གིས་དབུ་མ་༡༩༧༤ལོར་ལོ་ནས་ཡོད་ཚུལ་གསུངས་ཀྱང་དོན་དངོས༡༩༧༧ལོར་ད་དུང་སྐུ་མདུན་གྱིས་འབད་པ་རང་བཙན་ཡིན་པ་གོང་གི་སུམ་ཅུ་དུས་དྲན་གྱིས་གསལ་བཤད་གནང་འདུག རང་གི་ཞེན་འསྒྲུབ་ཆེད་སྐྱག་རྫུན་བསྒྲིགས་པ་ནི་སྔ་ཕྱི་མ་གཏོགས་ཐང་ལ་འབུད་ངེས་རེད་ལ། དེ་ནི་རྒྱལ་ཚོང་བའི་སྤྱོད་ཚུལ་ཉིད་དུ་ཁུམས།
མཆན་འདི་དག་གི་ནང་ནས་རིག་པའི་བུའི་མཆན་གྲངས་༢༠དེ་གཟུར་གནས་ཀྱི་རྣམ་དཔྱོད་བཀོལ་བའི་འབྲས་བུ་རེད་སྙམ། མཆན་དེ་ལ་ལྟ་དུས། རིག་པའི་བུས་གཟམ་གདོང་རིན་པོ་ཆེ་ལ་རྒྱུས་མངའ་ཆེ་བ་མ་ཟད། རྣམ་དཔྱོད་གཙོ་བོར་བཀོལ་ཞིང་། སྒྲོ་སྐུར་མཐའ་ལ་འབུད་པ་ལྟ་བུ་འདུག
ཐུགས་རྗེ་ཆེ།
གང་ཁོང་གིས་རྒྱ་ནག་ལ་ལོ་ངོ་བཅུ་རིང་བཟོད་སྒོམ་བྱས་བ་དེས་ང་ཚོས་དམར་གཞུང་དོན་སུ་ཞིག་ཡིན་པ་ར་སྤྲོད་ཡག་པོ་བྱུང་བ་ནི་དགེ་ཚན་དུ་ཁུམས། དེ་མིན་རྒྱ་གཞུང་གིས་ཁ་འདོགས་སྣ་ཚོགས་བྱས་བས་འཇིག་རྟེན་གྱིས་རྒྱ་གཞུང་གི་སྲིན་གཟུགས་གསོན་པོ་མཐོང་འགོག་རྐྱེན་ཡོད། ད་སྲིན་པོ་ཡིན་པ་མཐོང་བཞིན་དུ་དེ་ལ་སྟབས་སྟུན་བྱས་ན་རང་ཉིད་བརླགས་པའི་གཞི་མ་རེད།
རིག་པའི་བུ་ལགས། ༧གོང་ས་མཆོག་རང་གི་ཞལ་ནས་ཀྱང་ ༡༩༧༤ ལོར་དབུ་མའི་ལམ་གྱི་ནང་དོན་གཏན་འབེབས་གནང་བ་གསལ་བོར་གསུངས་ཟིན་པ་རེད། གཏན་འབེབས་དེའི་བརྒྱུད་རིམ་དངོས་ ༡༩༦༧ ནས་ཚུགས་ཟིན་པ་སྐབས་དེའི་ལས་སྣེ་ཙམ་མིན་པར། མཁྱེན་ལྡན་བོད་མི་གནད་ཡོད་མང་པོར་བཀའ་བསྡུར་ཞུས་འདུག་པ་ལས་ཤེས་་སྟབས། ཡིད་ཆེས་བྱེད་མི་བྱེད་སྒེར་སོ་སོའི་འདོད་པ་རེད།
ཡིན་ནའང ༡༩༧༩ ནས་སྲིད་བྱུས་འདི་གཞུང་འབྲེལ་ལག་བསྟར་དངོས་སུ་མགོ་ཚུགས་ཟིན་ནའང། ལམ་སེང་སྲིད་བྱུས་དེའི་ས་མཚམས་གཙང་མ་བཟོ་རྒྱུ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཀླད་པའི་གནས་ཚུལ་དང་བསྟུན་དགོས་སྟབས། དཔེར་ན། གོ་གྲངས་ནང་གི་ཚོགས་པ་ཁག་གི་བོད་བསྐྱོད་ཞི་བའི་གོམ་བགྲོད་ཀྱི་དགོས་འདུན་ཁག་གི་ནང་དུའང་རང་བཙན་ཡོད་པ་རེད། ཁོང་རྣམ་པས་༧གོང་ས་མཆོག་གི་ཐག་གང་བཅད་ལ་ཡིད་ཆེས་ཡོད་ཅེས་ཨུ་ཚུགས་རྒྱབ་མེད་པའང་མ་རེད། ཡིན་ནའང་སྐབས་དེ་ཤེད་དུ་ལས་སྣེ་དང་མི་མང་གཉིས་ཀའི་གནས་བབ་དེ་འདྲ་ཞིག་རེད། དེ་ལ་༧གོང་ས་མཆོག་གི་ཞལ་ནས་རིམ་བཞིན་བདེ་སྐྱིད་ཅེས་པའི་བརྗོད་ཚིག་ནས་བོད་མི་ཚོར་རང་སྐྱོང་གི་དགོས་དོན་འགྲེལ་བཤད་མ་རྒྱབ་ན་ལམ་སེང་བློ་ཡིས་འཇུ་ཐུབ་མིན་ཐད་ཁག་པོ་ཡོད་པ་བཀའ་གསལ་ཕེབས་འདུག ཕྱིས་སུ་རིམ་བཞིན་ཡར་རྒྱས་ཕྱིན་ནས་དེང་སང་ཧ་ལས་པའི་གོ་རྟོགས་མཐོ་རུ་སླེབས་པའི་སྐད་ཆ་རེད། སོང་ཙང། སློབ་དཔོན་རིན་པོ་ཆེ་བཀའ་ཁྲིར་འཁོད་པ་ནས་གནད་དོན་དེ་རིགས་གཞུང་གཞན་གྱི་འགྲོ་སྲོལ་ལས་ཀྱང་ལྷག་པ་ཞིག་བཟོས་པའི་རྒྱུ་མཚན་དེ་འདྲ་རེད།། ཐུགས་རྗེ་ཆེ།།
ཤར་ཁུག་ནས་དབུ་ལམ་སྐོར་ཡར་བཤད་མར་བཤད་བྱས་བྱེད་ཉིད་ཀྱིས་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་སོགས་བོད་ལ་དྲིན་ཆེན་དག་གི་མགོ་བོར་ནག་ཐིག་ཐོན་བཞིན་པ་འདིས་ཡིད་སྐྱོ་ནས་སྐྱོ་རུ་སོང་བར་ཚོད་མེད་མི་འདུག།
ཆབ་བྲག་ལགས་ལ།
འགྲོ་མགོན་ཆོས་འཕགས་མེད་གྱུར་ན། སོག་པོའི་འདྲེ་ལག་བསྐྱངས་ཚོད་མེད།
སོག་དམག་ནང་འདྲེན་བྱས་མེད་ན། སྡེ་སྲིད་དབུ་དེ་ཤོར་མི་སྲིད།
མན་འཇུར་མཆོད་ཡོན་འབྲེལ་མེད་ན། བོད་ཀྱི་བྱུང་རབས་ཐང་ཐང་ཡིན།
རྒྱལ་བ་པཎ་ཆེན་ཡོད་གྱུར་ཀྱང་། བོད་འདི་རྒྱ་ཡིས་ཟོས་ཚར་འདུག།
གྲྭ་པ་ཨ་ནེ་མེད་གྱུར་ན། གྲངས་ཉུང་མི་རིགས་ཆགས་དོན་མེད།
བླ་མ་གྲྭ་པ་མང་མེད་ན། མཐའ་བསྲུང་དམག་མིས་ཕོངས་མི་སྲིད།
མདོར་ན་བླ་མ་མེད་གྱུར་ན། ལྷ་ཆོས་རིང་ལུགས་ཕོང་ངེས་རེད།
འཇམ་གཅེས།
ངའི་རྒྱུན་སྤྱོད་ཞལ་འདོན་ཁག་ཅིག་དེ་ཁྱོད་ཀྱིས་ང་ལ་བསླབ་པའི་ཞལ་འདོན་ཞིག་རེད་ལ། ད་དུང་ཁྱོད་ཀྱི་རྒྱུན་སྤྱོད་ཞལ་འདོན་ཁག་ཅིག་དེ། སྐྱག་པ། མི་ངན། ལོག་སྤྱོད། དམ་ཉམས། ལྟ་ལོག་སོགས་ལས་ངའི་སྐྱོར་འདོན་ཞལ་འདོན་དེ་ཚོ་ཏོག་ཙམ་སྙན་པ་ཡོད་ལ་འཇུག་ཡུལ་ཡང་བདེ་ལ་གུས་ཞབས་ཀྱང་མི་ཉུང་བ་ཞིག་ཡོད། ཧ་ཧ། དཔེན་ན་བླར་རྒན་བཞིན། བླར་རྒན་ཞེས་པ་དེ་བླ་མ་རྒན་པ་ལ་བླར་རྒན་ཞེས་འབོད་མི་ཆོག་ན། བླ་གཞོན་དང་། བླ་ཆུང། བླ་རྫུན་ལབ་དགོས་པ་ཨེ་རེད། ༧རྒྱལ་བ་རིན་པོ་ཆེས་ཀྱང་ཁོང་ལ་བཀའ་ཁྲི་ཐེངས་གཉིས་པའི་འོས་ཐོབ་སྐབས། ཡང་བླར་རྒན་མགོ་དཀར་དེ་ཡང་སྐྱར་འདམས་བཞག་འདུག་གསུངས་པ་མ་རེད་པས། བྱས་ན་༧རྒྱལ་བ་རིན་པོ་ཆེས་ཁོང་ལ་བརྙས་ཚིག་བརྗོད་པ་ཞིག་ཡིན་རྒྱུ་མ་རེད་པཱ། ཧ་ཧ། གང་ལྟར་ཁྱོད་ཀྱིས་བླར་རྒན་ལ་བསྟོད་གླུའི་རྩོམ་ཡིག་དེར་དོ་སྣང་བྱེད་མཁན་མེད་པ་མ་ཟད་བྱེད་རིན་ཡང་མེད་ཙང་ཁྱོད་རང་ཁེར་རྒྱུགས་བྱེད་རྒྱུ་མ་གཏོག་ལྷག་ཡོད་པ་མ་རེད། ཧ་ཧ་ཧིཧི།