ཤར་ཕྱོགས་ཁུག་རྟ།
ལུས་པོ་བྱང་ན་གནས་ཀྱང།།
མིག་གིས་ལྷོ་ལ་བལྟས་ཡོད།།
ལྷོ་ཕྱོགས་སྤྲིན་པའི་པང་ནས།།
སྙིང་སྡུག་མཐོང་ན་བསམས་བྱུང།།
In north is my body
Yet towards south are my eyes set,
Thinking I would see you my beloved
From amidst clouds in the south.
སེམས་པ་ཀློང་ལ་འདྲེས་དུས།།
འཇིག་རྟེན་མིག་ལ་ཆུང་ཡང།།
དྲན་གདུང་ནམ་མཁའ་མཐོ་བས།།
མཇལ་སྙིང་ད་ལྟ་སྤྲོ་བ།།
When the mind blends with sphere
It may appear small to the eyes of the world,
Yet the angst of fondness is high as the sky,
I feel wanting to see you now!
རང་བྱུང་དམ་ཚིག་ཤེལ་དཀར།།
བྱང་གི་གནམ་གཤིས་འདྲ་ལ།།
ཁྱེད་ལ་གཟས་པའི་སེམས་དེ།།
ལྷོ་ཡི་རྒྱ་མཚོར་བཅོལ་ཡོད།།
The white crystal of bondship naturally formed
Is akin to the northern weather;
To the southern ocean I have entrusted
The mind attracted to you.
སྙན་ལ་འཁྱོལ་བ་བྱུང་ན།།
བདེ་བའི་ལན་ཞིག་གནོང་དང།།
སེམས་ལ་ཟུགས་པ་བྱུང་ན།།
སྙིང་བོའི་གཏམ་ཞིག་སྐུར་ཤོག།
If this reaches your ears,
Do send a reply of wellbeing;
If this touches your heart,
Do send a message of heart.
ཤར་ཁུག་འདི་གྲུབ་ཆེན་ཆགས་ཀྱི་ཡོད་པ་རེད་དམ།
གཞིས་ཆགས་ལ་དགོས་པའི་སྙན་ཚིག་བྲིས་འདུག འཇམ་ལ་ཚངམས་གོ་བ་ཞིག་འདུག
སྙན་ལ་འཁྱོལ་བ་བྱུང་ན།།
བདེ་བའི་ལན་ཞིག་གནོང་དང།།
སེམས་ལ་ཟུགས་པ་བྱུང་ན།།
སྙིང་བོའི་གཏམ་ཞིག་སྐུར་ཤོག།
འདི།
སྙན་ལ་འཁྱོལ་བ་བྱུང་ན།།
བདེ་བའི་ལན་ཞིག་གནོངས་དང།།
སེམས་ལ་ཟུགས་པ་བྱུང་ན།།
སྙིང་པོའི་གཏམ་ཞིག་སྐུར་ཤོག།