འཇམ་གཅེས།
བདག་ནི་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་དབུ་མའི་ལམ་གྱི་སྲིད་ཇུས་སམ་ལངས་ཕྱོགས་ལ་མོས་པ་དང་ཡིད་ཆེས། རེ་བ་དང་འདུན་པ་ཡོད་མཁན་ཞིག་ཡིན་ལ། དུས་ནམ་ཡང་ཁ་ཞེ་གཉིས་མེད་དང་། ལྷག་བསམ་རྣམ་དག་གི་ལམ་ནས་རང་བཙན་དོན་གཉེར་གནང་མཁན་ཚོ་ལ་དྲག་པོའི་ལམ་ནས་ངོ་རྒོལ་བྱས་མྱོང་མེད་ལ་འབྱུང་འགྱུར་ལའང་བྱ་མི་སྲིད། དེ་བཞིན་རང་བཙན་ཁ་ལ་འཁྱེར་བཞིན། ཁ་ཁོག་མི་མཚུངས་པའི་སྐབས་འཚོལ་རིང་ལུགས་པ་ཚོ་ལ་ནམ་ཡང་ཡི་རངས་ཞུས་མྱོང་མེད་ལ་མ་འོངས་པ་ལའང་ཞུ་མི་འདོད།
དང་པོར། རང་དབང་མང་གཙོ་ལུང་པ་ཞིག་གི་སྤྱི་ཚོགས་ནང་དུ་ལྟ་གྲུབ་འདྲ་མིན་ཡོད་ཆོག་ལ། ཡོད་དགོས་ངེས་ཞིག་ཀྱང་ཡིན། མང་གཙོའི་ལུང་པ་རམ་རྒྱལ་ཁབ། སྤྱི་ཚོགས། སྒྲིག་འཛུགས། སྡེ་ཚན་གང་ཞིག་གི་ནང་དུ་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་ནི་གཟི་བརྗིད་དང་རྒྱན་ཆ་ཞིག་ཡིན་པ་ལས། ནམ་ཡང་སྐྱོན་ཆ་མིན།
གཉིས་པར། སྐབས་འཚོལ་རིང་ལུགས་པ་དག་ནི་ཁ་ལག་དོ་མི་མཉམ་པས་སོ།
བརྗོད་གཞི་དངོས་ནི། ཆེས་སྙིང་བསྡུས་ཀྱི་ལམ་ནས་བཤད་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། གཞོན་ནུའི་ལངས་ཕྱོགས་ནི་རང་བཙན་ཡིན་པར་འཛམ་གླིང་ནང་སྔར་ནས་གྲགས་ཟིན་པ་ཞིག་ཡིན་པ་ལས། ད་ལོར་གསར་གཏོད་ཅིག་གང་ཡང་མིན་ལ་༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ནམ་ཡང་དགག་བྱ་འམ་མི་ཆོག་པའི་བཙན་བཀའ་གནང་མ་མྱོང་ལ་གནང་ཡང་མི་སྲིད། གནང་ཆོག་པའི་ཐོབ་ཐང་དང་དབང་ཚད་སོགས་གང་ཡང་མེད་དེ། མི་རིགས་ཀྱི་ཐོབ་ཐང་དང་། ལོ་རྒྱུས་ཀྱི་བདག་དབང་ཡིན་པས་སོ།
ཡིན་ཡང་འདི་ལོར་བྱང་ཨ་རིའི་ནེའུ་ཡོག་མཚོན་པའི་ས་གནས་རེ་ཟུང་ནས། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཅིག་གིས་རང་བཙན་ཞེས་འབོད་སྒྲ་སྒྲོག་མི་ཆོག་པ་དང་། དེ་བཞིན་འཕྲེད་དར་རུ་རང་བཙན་གསལ་བའི་ཡིག་རིགས་འབྲི་མི་ཆོག་པའི་བཙན་བཀའ་བཏང་ཡོད་པའི་གནས་སྟངས་འདིར་ཡ་མཚན་པ་ཞིག་མཐོང་།
ལྷག་པར་དུ་ཨ་རི་རང་དབང་ལུང་པའི་ཁྱད་ཡོན་དང་། ཁྲིམས་ལུགས་སོགས་གང་ཡང་མི་ཤེས་མཁན་ཚོགས་ཁག་སོ་སོའི་འགོ་ཁྲིད་དེ་འདྲ་ཡོད་པ་ནི་ངོ་མ་ཡ་མཚན་དགོས་པ་ཞིག་བྱུང་སོང་།
གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སོ་སོ་ལ་ལངས་ཕྱོགས་ཀྱང་སོ་སོ་ནས་ཡོད་པ་ཡིན་པས་ཅིའི་ཕྱིར་བཀོད་པ་འཐེན་པ་ཡིན་ནམ། ཅིའི་ཕྱིར་ཉེན་རྟོག་པ་སྐད་བཏང་བ་ཡིན་ནམ།
རྒྱལ་ཁབ་དང་། མི་རིགས་ཤིག་གི་ཐོབ་ཐང་རྩོད་པར་ཁས་འཆེ་བའི་ཚོགས་སྡེ་སོ་སོའི་འགོ་གཙོ་དག་ལ་ཆབ་སྲིད་ཀྱི་གོ་རྟོགས་དང་། ཁྲིམས་ལུགས་ཀྱི་ཤེས་ཚད། མི་གཞིའི་ཀུན་སྤྱོད་སོགས། ཕྱོགས་ཡོངས་ནས་དབུལ་ཕོངས་ཅན་འདི་འདྲ་ཡོད་པ་ནི་ངོ་མ་ཡིད་མུག་དགོས་པ་ཞིག་དང་། ཡ་ང་དགོས་པ་ཞིག་ཅིའི་ཕྱིར་མིན་ནམ། །
ལྐུག་པ་མགོ་འཐོར་ཞིག་ཡིན་པར་འདྲ་་་་་སྙིང་རྗེ་་་་་ཚང་མ་ཤེས་འོང་དུས་འགྱོད་པ་སྐྱེས་ཀྱང་ཚར་བ་རེད་ད།་་་་་་ཧཧ
འདི་ཡང་བཙན་བྱོལ་སྤྱི་ཚོགས་ནང་གི་ན་ཚ་ཞིག་མ་ཡིན་ནམ།
གད་མོ་རང་རེད་་་་་
འཇམ་གཅོས་མགོ་འཐོམ་ནས་ཡར་མར་ཟུར་གྱིས་མང་པོ་མང་པོ་གླེང་གི་རེད། ད་གཞི་ནསཧཧཧཧ
བོད་ཀྱི་འབོད་སྒྲ་ནི། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་། ཏིང་ཤའོ་ཕིན་གཉིས་ཀྱི་མཇལ་འཕྲད་མ་བྱུང་བར། རང་བཙན་སྐད་འབོད་བྱས་ཡོད་པ་དང་། དེའི་ཕྱི་ནས་ནས་བཟུང་༸གོང་ས་མཆོག་གིས། དབུས་མའི་ལམ་གསར་གཏོད་མཛད་པ་ནས་བཟུང་། གཉིས་སྨན་དབུས་མའི་ལམ་ལ་ཤར་བསྐྱོད་ཐུབ་ན། འགྱོད་པ་ཆུང་བ་འོངས་ངེས་སོ་སྙམ་ལགས།
འཇམ་གཅེས་འདི་སྔོན་མ་ཅོ་རིའི་རང་བཙན་ཤོད་དུས་ཡག་སེ་འཕག་ཡོད་ད་གང་ཤེས།
དབུ་མའི་དུས་རབས་རྫོགས་ནས་མི་རིགས་ས་གནས་རང་སྐྱོང་འཁྲུངས་པ་རེད་ ད་རང་བཙན་ལབ་མི་ཆོག་པའི་དུས་རབས་ཤར་བ་རེད་། དབུ་ལམ་གོང་མཆོག་གི་དགོང་གཞི་དང་མི་རིགས་ས་གནས་རང་སྐྱོང་ཟབ་
གདོང་རིན་པོ་ཆེའི་དགོང་གཞི་དང་རང་བཙན་འབོད་མི་ཆོག་པ་བློ་སེང་དགོང་གཞི་་ཧ་ཧ་ཧ་
ནོར་བཅོས་( གོང་ས་མཆོག་)
ངའི་ལྟ་དང་ལངས་ཕྱོགས་འགྱུར་སོང་བའི་སྐད་ཆ་གང་ཡང་མིན། མི་བུ་འདི་དག་གིས་བྱ་སྤྱོད་ངན་པ་དེ་ཚོ་མཐོང་བས་ཡིན།