དོལ་སྨྱོན།
༡༽
ཞོགས་པའི་མཚམས་སྤྲིན་ཀློང་ནས། །ཉི་མའི་ཟེགས་མ་ངོམ་དུས། །
བྱམས་ཤིང་བརྩེ་བས་སྐྱོང་བའི། །དྲིན་ཅན་ཨ་མ་དྲན་བྱུང་། །
༢༽
ས་འཛིན་མཐོན་པོའི་སྤོ་ནས། །ཆུ་འཛིན་དལ་གྱིས་རྒྱུ་དུས། །
ཞིམ་དགུའི་ཟས་ཀྱིས་བླུད་པའི། །དྲིན་ཅན་ཨ་མ་དྲན་བྱུང་། །
༣༽
རྐང་འཐུང་ལྗོན་པའི་རྩེ་ནས། །ཁུ་བྱུག་གསུང་སྙན་སྒྲོག་དུས། །
རེག་འཇམ་གོས་ཀྱིས་གཡོགས་པའི། །དྲིན་ཅན་ཨ་མ་དྲན་བྱུང་། །
༤༽
ཡངས་པའི་ཁྲོམ་གཞུང་དཀྱིལ་ནས། །ནང་མིའི་འཛུམ་མདངས་མཐོང་དུས། །
བཀའ་དྲིན་གཞལ་བར་དཀའ་བའི། །དྲིན་ཅན་ཨ་མ་དྲན་བྱུང་། །
༥༽
ལོ་རྒན་དྲུག་ཅུར་ལོན་པའི། །གྲོང་པའི་རྨོ་རྨོ་མཐོང་དུས། །
འཇིག་རྟེན་གཞན་ལ་འཆས་པའི། །དྲིན་ཅན་ཨ་མ་དྲན་བྱུང་། །
༦༽
དགུང་སྔོན་མཐོན་པོའི་དབྱིངས་ནས། །ཟླ་གཞོན་ལང་ཚོ་ངོམ་དུས། །
སེམས་ཀྱི་གཏིང་ན་བཞུར་བའི། །དྲིན་ཅན་ཨ་མ་དྲན་བྱུང་། །
༧༽
ཉི་མའི་བདེ་དྲོད་འཇམ་རུང་། །དཔྱིད་རླུང་རྒྱུ་ཕྱོགས་བསིལ་རུང་། །
ཨ་མ་དྲན་པའི་ན་ཟུག །གང་གིས་སེལ་ཐབས་མི་འདུག །
༨༽
མེ་ཏོག་མིག་ལ་མཛེས་རུང་། །དྲི་ངད་རྣ་བར་སིམས་རུང་། །
ཨ་མ་དྲན་པའི་ན་ཟུག །གང་གིས་སེལ་ཐབས་མི་འདུག །
༩༽
ནང་མིའི་མཛའ་བརྩེ་ཟབ་རུང་། །དགའ་མས་བརྩེ་བས་བསྐྱངས་རུང་། །
ཨ་མ་དྲན་པའི་ན་ཟུག །གང་གིས་སེལ་ཐབས་མི་འདུག །
༡༠༽
ཚེ་སྲོག་རིན་ཐང་ལྕི་རུང་། །རིག་གཞུང་དོན་སྙིང་ཟབ་རུང་། །
ཨ་མ་དྲན་པའི་ན་ཟུག །གང་གིས་སེལ་ཐབས་མི་འདུག །
༡༡༽
ལོ་ཟླ་ཕར་ཕར་བཞུད་རུང་། །འཆི་བདག་ཚུར་ཚུར་སླེབས་རུང་། །
ཨ་མ་དྲན་པའི་ན་ཟུག །གང་གིས་སེལ་ཐབས་མི་འདུག །
༡༢༽
གཞོན་ནུའི་སྣང་བ་སྐྱིད་རུང་། །སྣ་མང་ཤེས་བྱས་མཛེས་རུང་། །
ཨ་མ་དྲན་པའི་ན་ཟུག །གང་གིས་སེལ་ཐབས་མི་འདུག །
༡༣༽
བྱིས་པའི་ལང་ཚོ་ཟད་སོང་། །སློབ་གྲྭ་འཛིན་གྲྭ་ཚར་སོང་། །
ཨ་མ་དྲན་པའི་སེམས་ཁམས། །འགྱུར་བ་གཏན་ནས་མི་འདུག །
༡༤༽
བཀའ་དྲིན་ཅན་གྱི་ཨ་མ། །ད་ལྟ་ཡོད་ན་བསམ་བྱུང་། །
རྨི་ལམ་ནང་གི་ཨ་མ། །མངོན་སུམ་ཡིན་ན་བསམ་བྱུང་། །
༡༥༽
ཨ་མ་མེད་པའི་མི་ཚེ། །ནམ་ཡང་སྐྱོ་སྣང་རེད་འདུག །
ཨ་མ་མེད་པའི་འཇིག་རྟེན། །ནམ་ཡང་སྟོང་པ་རེད་འདུག །
མེ་ཏོག་མིག་ལ་མཛེས་རུང་། །དྲི་ངད་རྣ་བར་སིམས་རུང་། །་་་་ཟེར།
དྲི་མ་རྣ་བར་སིམས་ལུགས་ཤིག་ངོ་སྤྲོད་བྱོས་དང་།
བྱམས་བརྩེའི་ཕྱག་གིས་མ་བོར་ཞིང་། །
སྙན་མོའི་ཚིག་གིས་མ་བསླུས་ལ། །
ཐུག་ཁུར་འོ་མས་གསོས་པ་ཡི། །
དྲིན་ཅན་མ་ལོར་སུས་མི་དྲན། །
དབྱངས་ཅན་འབངས་ལགས།
སིམ་པ་ནི་བདེ་བའམ་སྐྱིད་པའི་དོན་ལ་གོ་དུས་མེ་ཏོག་གི་དྲི་ངད་རྣ་བར་འཇུག་དུས་ཚོར་བ་བདེ་བ་ཞིག་ཡོང་བ་དེ་ལ་བརྗོད་པའི་ཁུལ་ལགས།
རྣ་བར་མ་རེད། སྣ་བར་ཡིན་དགོས། རྣ་བ་ནི་ཨ་ཆོག སྣ་བ་ཁུང་ཡིན་པས། དྲི་སྣ་བའི་དབང་པོས་མྱང་དགོས་པས་སོ། །
ངའི་མཆན་དེས་ཁྱེད་ཉིད་ཀྱིས་ནོར་བ་མཐོང་ནས་ཡོ་སྲང་བྱེད་བཅུག་འདོད་ཀྱང་། ཁྱེད་ཀྱིས་བསྐྱར་དུ་ནོར་བའི་མུ་ནས་འགྲེལ་བཤད་སྣོན་མ་ཞིག་བརྒྱབ་སོང་། ཀརྡོ་གཉེར་པ་ལགས་ཐུགས་རྗེ་ཆེ།
ཨ་མ་དྲན་པ།
ཨ་མས་ནུ་ཞོ་བྱིན་པ་ངས་ནི་ཆུང་དྲགས་མི་དྲན་ཡང་། །
ཨ་མས་ཕན་ཐོགས་བྱས་ཚད་ང་ཡིས་དྲན་པ་མི་སྲིད་ཀྱང་། །
ཨ་མ་འདས་ནས་ལོ་ངོ་མང་དག་ཕྱིནད་ཀྱང་ད་དུང་དྲན། །
ཨ་མ་དྲན་ནས་སྡོད་རྒྱུར་མི་ཚེ་གང་པོ་ལྷག་འདུག་གོ །
དེང་སྐབས་མཛའ་མོ་དྲན་མཁན་མང་བ་ལས།།
ཨ་མ་དྲན་མཁན་ཧ་ཅང་ཉུང་ཉུང་རེད།།
ཨ་མ་སེམས་ན་དྲན་གི་ཡོད་ན་ཡང།།
མཛའ་མོ་དྲན་ཚུལ་མ་གཏོགས་མ་ལོ་ནི།།
གཉིས་པར་འཇོག་པའི་དེང་དུས་ན་ཆུང་ཁྲོད།།
ཁྱོད་ནི་ཡ་རབས་ཤིག་ལ་ངས་འདོད་དོ།།
གོང་གི་དབྱངས་ཅན་འབངས་དང་ཀརྡོ་གཉེར་ཕྱག་པ་།ད་དུང་དོལ་སྨྱོན་ལ་ཡང་སྒྲོག་གིན་ཡོད།
གོང་ན་སྙན་ངག་པས་ཇི་ལྟར་བྲིས་ཡོད་ཀྱང་།གང་ལྟར་”ཚོར་རྗེས་ཀྱི་འབྲི་ཐབས”་ཟེར་བཞིག་ཀྱང་ཡོད་་ཡོད་རེད་ད།།
དེ་བས་༼དྲི་ངད་རྣ་བར་སིམས་རུང་། །༽ཟེར་ན་ཡང་མ་འགྲིག་པ་མེད།
སྤྱིར་སྙན་ངག་གི་བྲོ་བ་དེ་བརྡ་སྤྲོད་རིག་པའི་ལག་ཆ་ཁྱེར་ཏེ་མྱོང་ན་ཅི་ཡང་མྱོང་ཐུབ་རྒྱུ་མ་རེད། དེ་མ་ཟད་སྙན་ངག་གི་བློ་སྲོག་ལ་གཞོག་གཏུབ་དང་རྨ་ཁ་བཟོ་བཞིན་ཡོད་།
སྙན་ངག་པ་ཁྱོད་ཚོས་འདི་ཤེས་ན་འགྲིག་གི། འདི་རྩ་བའི་སྙན་ངག་གི་རྨང་གཞི་ཡི་ཤེས་བྱ་ཞིག་ཀྱང་རེད།
དབྱངས་ཅན་འབངས་ལགས།
གུས་པས་དོ་སྣང་མ་བྱས་པར་ནོར་འདུག་པས་དགོངས་དག་ཞུ།
དེ་ནས་དྲ་གྲོགས་དག་གིས་བསམ་ཚུལ་གསུངས་པར་དགའ་ནས་ཡོད།
ལྷག་པར་ཀརྡོ་གཉེར་ཕྱག་པར་ཐུགས་རྗེ་ཞུ།
དོལ་སྨྱོན་ཁོ་རེ། ཁྱོད་དངོས་གནས་ཨ་མ་དྲན་གི་འདུག་གེ མ་སྐྱེས་ཨ་མ་དྲན་སྡད་མ་རེད་པ། ཧ་ཧ་ཧ་
ད་ལྟ་སློབ་གྲྭའི་འཁོར་ཡུག་ཁ་ཁུ་སིམ། སློབ་གྲོགས་དག་རང་སྦྱོང་ལ་བྲེལ་ནས་ཡོད་པ་འདྲ།
སྐྱར་སྦྱོང་གི་འུར་སྒྲ་ཁོ་ན་ལས་ཕྱི་ལོག་དག་ན་མཐོང་རྒྱུ་དཀོན།
ང་རང་གཅིག་པུར་སློབ་གྲྭའི་གྲུ་ཟུར་ཞིག་ཏུ་ཙོག་ནས་དགུང་སྔོན་ཅེར་ནས་ཡོད།
ནམ་མཁའ་ན་གསལ་མི་གསལ་བའི་ཟླ་བའི་འཛུམ་ཞལ་མཛེས་ཤིང་།
ས་སྲོད་ཀྱི་དཀྱིལ་ན་ཐོ་ཡོར་བཞིན་འགྲེང་བའི་ལྗོན་ཤིང་དག་ནག་ཡོར་ཡེར་འགྲེངས་ཤིང་།
མཐའ་སྐོར་ནས་གྲགས་འོང་བའི་བྱ་བྱེའུ་དང་འབུ་དག་གི་འབོད་སྒྲ་དེས་ཀྱང་སེམས་ལ་ཚོར་བ་ལྷག་མ་ཞིག་སྟེར་འོང་།
དུས་འདིར། ཚོར་བ་ཟབ་པོ་ཞིག་གི་ཀློང་དུ་འཐིམས་པའི་ང་ལ་མཚོན་ན། ཨ་དྲན་པ་ནི་ཅི་འདྲའི་བདེ་སྐྱིད་དང་ལྡན་ལ་ཅི་འདྲའི་དོན་སྙིང་དང་ལྡན་པ་ཞིག་རེད་ཨང་། ང་ལ་མཚོན་ན་ཨ་མ་དྲན་པ་ནི་སྙན་ངག་ཡག་པོ་ཞིག་འབྲི་བ་དང་མཚུངས་ལ།
ཨ་མ་དྲན་པ་ནི་དོན་དག་གལ་ཆེན་ཞིག་འགྲུབ་པ་དང་མཚུངས།
མེ་དཀར་ལགས།
ངས་ཨ་མ་དྲན་པས་མི་ཚད་དྲན་དྲག་ནས་མིག་ཆུ་ཤོར་བ་ཡང་ཉུང་ཉུང་མིན། སུ་ཞིག་གི་མཉམ་དུའང་རུང་སྟེ། ཨ་མ་དང་འབྲེལ་བའི་སྐད་བ་རེ་བཤད་ཚེ་ང་ངུ་འགྲོ་བ་ཡིན། མཚམས་ལན་རེ་ངུ་དྲག་མས་མིག་པ་རྣང་འགྲོ་བ་ཡིན། སྤྱིར་མི་ཚང་མས་ཨ་མ་དྲན་མོད། འོན་ཀྱང་ངས་ཨ་མ་དྲན་པ་ནི་གཞན་དང་མི་འདྲ། སྤྱིར་ངེད་ཚང་དང་ལྷག་པར་ང་དང་ཨ་མའི་མ་བུའི་བརྩེ་དུང་དམིགས་གསལ་ཞིག་ཡོད་པས་ཡིན། ང་དང་ཨ་མ་འཇིགས་རྟེན་འདིར་དུས་ཚོད་ཐུང་ཐུང་ཞིག་ལས་མཉམ་དུ་བཤིབས་ལོང་མ་བྱུང་མོད། ངས་མི་ཚེ་གཅིག་ལ་ཨ་མའི་བཀའ་དྲིན་དྲན་ངེས་ཡིན་ལ། ངས་དུས་དང་རྣམ་ཀུན་ཏུ་དྲིན་ཅན་ཨ་མ་དྲན་ངེས་ཡིན།
ལག་ཐོག་ཁ་པར་ནས་འབྲི་དུས་ཚིག་སྦྱོར་བདེ་མིན་དང་དག་ཆ་མང་པོ་ནོར་འདུག་པས་དྲ་དྲོགས་ཚོ་ལ་དགོངས་དག་ཞུ།
རེད་གྲོགས་པོ། གནམ་གཤིས་གྲང་མོ་དེའི་ནང་ལ་ཕྱི་ལ་བཞུགས་ན་འཕྲོག་རྟེན་ལ་ག་འདྲ་ཡིན་ན། ཡིན་ནའང་སྤྱན་རས་གཟིགས་ལ་མིཎིའི་ལུང་མི་དགོས་པ་བྱས།
ཁྱེད་ཨ་མ་དྲན་པ་ཡིན་ན་ཁག་མེད། དེ་ལ་བཀའ་དྲིན་རྗེས་དྲན་ཆེད་ཆོས་དང་འཇིག་རྟེན་ཕྱོགས་གཉིས་ཐོག་ནས་ལས་རྒྱུ་འདྲ་ཡོད་རེད་པ། ད་དེ་ཚོ་ལས་རྒྱུ་རེད། ངའི་ཕ་ང་ཆུང་དུས་ཤི་བྲལ་རེད་སོང་མོད། མ་རྒན་ད་ལྟ་ཡོད་པས་གང་ཐུབ་ཀྱིས་རྒན་མོ་སྐྱིད་པོ་བྱས་མི་ཚེ་ལྷག་མ་དེ་སྐྱེལ་རྒྱུའི་དམ་བཅའ་ཡིན་ལ་དེ་ལྟར་བྱེད་བཞིན་པ་ཡིན།
གང་ལྟར་ང་ཁྱོད་དང་ལྷན་དུ་མདུན་ཅོག་གཅིག་ནས་རྒུན་ཆང་འདོད་པ་ཚིམས་པ་ཞིག་འཐུང་སྙིང་འདོད་སོང་།
རེད་ཡ། ཉིན་གཅིག་ངེད་་གཉིས་དགའ་སྐྱོའི་སྐད་ཆས་དུས་འདའ་ཆོག་འ།
སེམས་ཁོང་གི་མ་ཡུམ།
ཨ་མ་ལགས།
ཁྱེད་ཀྱིས་མཁྱེན་ནམ།
ང་ནི་ཁྱེད་ཀྱི་སྐུ་དྲིན་ལས།
རྟག་བརྟན་མེད་པའི་དལ་འབྱོར་ལ།
ཕྱི་མར་ཕན་པའི་དམ་ཆོས་ཀྱི་སྙིང་པོ་ལེན།
ཨ་མ་ལགས།
ཁྱེད་ཀྱིས་ང་ལ་ལང་ཚོར་དང་སྤྱོད་ལམ་གྱི་བསླབ་བྱ་མ་ཟད།
ཞི་བའི་རང་བཞིན་ཐར་པའི་ལམ་སྣེ་ལ།
ཆུང་དུས་ནས་འཛིན་དགོས་པའི་བཀའ་སློབ་ཡང་བསྩལ་སྟེ།
ཁྱེད་ནི་ངའི་མི་ཚེའི་ནང་ཕྲད་དཀའ་བའི་གཤེས་གཉེན་དང་པོར་གྱུར།
ཨ་མ་ལགས།
ཁྱེད་ཀྱིས་ནམ་བཞིན་ལང་ཚོར་གྱི་ལོ་ན་སོན་ཚེ།
བླ་མ་དང་ཉེ་བའི་ཕུན་ཚོགས་ཀྱི་ལྟེ་གནས་ཞིག་ལ།
འདུ་འཛི་དང་བྲལ་བའི་བློ་རྩེ་བརྟན་པོ་གཅིག་གིས།
གཞུང་ལུགས་ལ་འབད་དགོས་པའི་བཀའ་སློབ་ཡང་ཡང་བསྩལ་སྟེ།
ཁྱེད་ནི་འཇིག་རྟེན་གྱི་སྐྱེད་མ་གཞན་ལས་མཆོག་ཏུ་གྱུར།
ཨ་མ་ལགས།
ཁྱེད་ལ་ནང་ཆོས་ཀྱི་གོ་རྟོགས་ཕྲ་ཡང་།
སེམས་ཁོང་གི་བསླབ་བྱ་རྣམས་ལ།
བསམ་གཞིག་རྣལ་མ་ཞིག་བྱེད་ཚེ།
འདི་ཕྱི་གཉིས་ཀ་ལ་ཕན་པའི་བླ་མའི་ཞལ་གདམས་དང་མཚུངས་པས།
ཁྱེད་ནི་ཐར་ལམ་སྟོན་པའི་བླ་མ་དང་རྗེས་སུ་མཐུན།
ཨ་མ་ལགས།
ས་མཐའ་གྱི་བུ་ཆུང་ང་ཡི།
དྲན་རྟོག་གི་ཡིད་ཁ་དང་རྨི་ལམ་ནང་།
ཁྱེད་ཀྱི་གངས་རི་ལྟར་དཀར་བའི་དབུ་སྐྲ་དང་།
བྱམས་དང་བརྩེ་བས་འཁྱུད་པའི་འཛུམ་ཞལ་དེ་མཇལ་ཚེ།
དྲན་པའི་མཆི་མ་དབང་མེད་དུ་མིག་མཐར་ཤོར།
རྩམ་ཕྲུགས།
ཁྱེད་ཀྱིས་ཕྲན་གྱི་འཇིག་རྟེན་ལ་ཐེངས་ཤིག་ཕེབས་ནས་མ་ཡུམ་ལ་དྲན་བརྙན་ལེགས་པོ་ཞིག་བཞེངས་པར་དགའ་བསུ་ཞུ།
ད་ལྟའི་འཇིག་རྟེན་འདིར་ཨ་མའི་བཀའ་དྲིན་ལས་ ཨ་ཕའི་བཀའ་དྲིན་གླེང་མཁན་ཉུང། ང་ནི་དྲིན་ཆེན་གྱི་ཨ་ཕར་བསྟོད་ཚིག་ཅིག་གི་ལམ་ལ་བཞུད་འགྲོ། དྲ་གྲོགས་ཚོ།
ནོར་ལོངས་ཚང་གིས་དངོས་ཡོད་ཀྱི་གཏམ་ཞིག་གླེང་འདུག
དགའ་བསུ་ཞུ།
ཨ་མ་མེད་པས་མི་ཚེ་འདི་ནི་སྙིང་པཀ་མི་འདུག་་